Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལུག་བསང་བཀྲ་ཤིས་ཕུན་ཚོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལུག་བསང་བཀྲ་ཤིས་ཕུན་ཚོགས།next

ལུག་བསང་བཀྲ་ཤིས་ཕུན་ཚོགས།


CMR036_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

ལུག་བསང་བཀྲ་ཤིས་ཕུན་ཚོགས་ཞེས་བྱ་བ་བཞུགས་སོ།། ཀྱཻ། ཕུན་ཚོགས་བཀྲ་ཤིས་འཁྱིལ་པའི་གནས་མཆོག་འདིར། །འདོད་དགུའི་དཔལ་འབྱོར་དགེ་ལེགས་ལས་བྱུང་བའི། །མི་ཟད་བསང་མཆོད་གང་གཱའི་རྒྱུན་རབ་འདིས། །དཀར་མངར་ཟས་སོགས་རྩི་ཤིང་དུད་སྤྲིན་འདིས།།ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །རབ་ཟླའབྱམས་ནམ་མཁའི་མཐའ་ཀླས་གང་གྱུར་འདི། །རྒྱལ་བ་ཀུན་དངོས་པདྨ་འབྱུང་གནས་བསང་། །བྱིན་རླབས་ཀུན་འདུས་རྩ་བརྒྱུད་བླ་མ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ཞི་དང་ཁྲོ་བོ་སྲིད་གསུམ་ཟིལ་གྱིས་མནན། །ཁྲོ་རྒྱལ་ཡི་དམ་ལྷ་ཡི་ཚོགས་རྣམས་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །གནས་དང་ཡུལ་གྱི་ཡེ་ཤེས་མཁའ་འགྲོ་མ། །མི་ཟད་ཁྲོ་རྒྱལ་རྒྱ་མཚོའི་ཚོགས་རྣམས་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ཀྱཻ། ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས།རྒྱལ་ཆེན་མགོན་པོ་རྣམ་མང་ཐོས་སྲས་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ཤར་ཕྱོགས་ལུག་ལྷ་ཨརྱ་ཛཾ་བྷ་ལ། །རྐང་ཕྲན་ར་ལུག་སྲུང་ཞིང་


CMR036_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་མཛོད་ཅིག །ལྷོ་ཕྱོགས་ལུག་ལྷ་གང་བ་བཟང་པོ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ནུབ་ཕྱོགས་ལུག་ལྷ་ནོར་བུ་བཟང་པོ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །བྱང་ཕྱོགས་ལུག་ལྷ་གནོད་སྦྱིན་ཀུ་བེ་རས། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ཤར་ལྷོར་ལུག་ལྷ་ཡང་དག་ཤེས་ཆེན་བསང་།རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ལྷོ་ནུབ་ལུག་ལྷ་འབྲོག་གནས་ནག་པོ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ནུབ་བྱང་ལུག་ལྷ་རྔས་རྩེན་སེར་སྐྱ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །བྱང་ཤར་ལུག་ལྷ་ཛི་བྷི་ཀུཎཱ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ལུག་ལྷ་ཆེན་པོ་ཕྱུགས་ལྷ་ལྗང་ཁུ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ལུག་ལྷ་ཆེན་པོ་ཉེར་བཞི་ཕྱོགས་བཅུ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ལུག་ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །ལུག་ལྷ་ཆེན་པོ་ཨ་པར་ཙིཏྟ་བསང་། །རྐང་ཕྲན་ར་ལུག་སྲུང་ཞིང་སྐྱབས་མཛོད་ཅིག །


CMR036_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་གཟན་འཕར་སྤྱང་གནོད་པ་ཐམས་ཅད་ཟློག །འབུ་རུ་ལྟལ་ནག་མགོ་འཐོམ་གནོད་པ་ཟློག །རྐང་རིང་སྤྲུལ་ཏེལ་ལྗི་ཤིག་གནོད་པ་ཟློག །ར་མཆིན་གློ་བལ་འབུ་སྲིན་གནོད་པ་ཟློག །མདོར་ན་མི་མཐུན་ཕྱོགས་ཀུན་ཞི་བ་དང་། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་གྱུར་ཅིག །ཅེས་པ་ལུག་བསང་འདི་རཱ་ག་ཨ་སྱས་སོ། །བཀྲ་ཤིས་དཔལ་འབར་ལུག་གཡང་ཆར་འབེབས་ཤོག། །།


previousལུག་བསང་བཀྲ་ཤིས་ཕུན་ཚོགས།next