Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཟའ་མཆོག་རྒྱལ་པོ་དྲང་སྲོང་ཆེན་པོའི་བསང་གསོལ་ཀ་བསྟོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཟའ་མཆོག་རྒྱལ་པོ་དྲང་སྲོང་ཆེན་པོའི་བསང་གསོལ་ཀ་བསྟོད།next

གཟའ་མཆོག་རྒྱལ་པོ་དྲང་སྲོང་ཆེན་པོའི་བསང་གསོལ་ཀ་བསྟོད།


CMR036_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་མཆོག་རྒྱལ་པོ་དྲང་སྲོང་ཆེན་པོའི་བསང་གསོལ་ཀ་བསྟོད་བཞུགས་སོ།། ཨོཾ་ཨཱཿཧཱུྃ། ཀ་དག་ཀློང་གསལ་རྫོགས་ཆེན་ངང་༔ ཁ་ཆར་སྤྲིན་གཏུམ་གློག་འབྲུག་མེ་འོད་ཀློང་༔ ག་བཞུགས་སངས་རྒྱས་བསྟན་པའི་བྱ་ར་མཛད༔ ང་རྒྱལ་རབ་ཁྲོས་དབུ་དགུ་ཕྱག་བཞི་པ༔ ཅ་ཅོའི་བྱ་རོག་དབུ་གཙུག་དུད་ཁ་ཡི༔ ཆ་བྱད་སྟོད་མི་སྨད་སྦྲུལ་མིག་གིས་གང་༔ ཇ་རེ་དགྲ་བགེགས་འགྱེལ་སྟེང་རྔམ་ཞིང་འགྱིང་༔ ཉ་སྟོང་དུས་བརྒྱད་རྣལ་འབྱོར་ཚོགས་ཁང་འགྲིམ༔ ཏ་ལོག་ཚར་གཅོད་རལ་གྲི་ཆུ་སྲིན་གཡས༔ ཐ་མས་དགྲ་གཟིར་མདའ་གཞུ་སྦྲུལ་ཞགས་གཡོན༔ ད་དགྲོ་དངོས་སུ་བསྡོ་བའི་དགྲ་བགེགས་ལ༔ ན་ཚ་དུག་རླངས་སྨྱོ་འབོག་གཟའ་ནད་ཐོངས༔ པོ་དང་ཀ་ལས་བྱུང་བའི་སྡེ་བརྒྱད་གཙོ༔ ཕ་སྲིན་མ་ཀླུ་འཚོགས་སྲས་གཟའ་བདུད་ཆེ༔ བ་གླང་གདོང་སོགས་ལྕམ་དྲལ་གདོང་མོ་བཞི༔ མ་ཚོགས་རྒྱུ་སྐར་གཟའ་བརྒྱད་འཁོར་བཅས་ཀྱི་ཙ་ཤིང་དྲི་བཟང་དཀར་དམར་ཤ་ཁྲག་ཚོགས༔ ཚ་གྲང་བསྲེགས་གསུར་འདོད་ཡོན་མཆོད་སྦྱིན་བཞེས༔ ཛ་ཡི་ལྕགས་ཀྱུས་དགྲ་བོའི་སྙིང་ནས་ཟུངས༔ ཝ་ལེར་གཟིགས་པ་སྤྱན་གྱི་ཞགས་པས་འཆིང་༔ ཞ་ལྟར་མི་


CMR036_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་མཛེ་ནད་སྣ་ཚོགས་དགྲ་ལ་ཐོངས༔ ཟ་བྱེད་གཟའ་བདུད་འཁོར་བཅས་དགྲ་ལ་ཆོས༔ འ་འུར་ངུ་འབོད་བྱ་གཅན་སྣ་ཚོགས་ཆོས༔ ཡ་ངའི་ཆོ་འཕྲུལ་ལྟས་ངན་སྟོང་ཕྲག་ཐོངས༔ ར་བ་ཁང་ཁྱིམ་གཟའ་འགྱེད་ཐོག་གིས་ཤིག༔ ལ་དུས་མ་བསྒྲིག་ད་ལྟ་བླ་འཁྱམས་ཁུག༔ ཤ་ཁྲག་སེང་གེས་རྡུབ་ལྟར་ལྷག་མེད་བཞེས༔ ས་དང་བསྲེས་ལ་རྣམ་ཤེས་རྟེན་དང་ཕྲོལ༔ ཧ་ཧི་དགྱེས་པར་བཅོལ་བའི་ཕྲིན་ལས་མཛོད༔ ཨ་ཡིས་རྣམ་ཤེས་སྐྱེ་མེད་དབྱིངས་སུ་བསྟིམས༔ ཞེས་གཏོར་འབུལ་སྐབས་སུ་སྦྱར༔ རྩ་བ་དོན་སྙིང་ཤ་ཁྲག་གཏོར་མ་འདི༔ ཚ་གྲང་འཁྲུགས་པའི་བཅུ་གཅིག་ཞལ་དུ་བསྟབ༔ ཨཱཿ བསང་གསོལ་སྐབས་འདི་ཁོ་ནའོ༔ གཏོར་འབུལ་སྐབས་སུ་འདི་བཞིན་སྦྱར་ལ་གཏོར་མ་སོགས་འབུལ་བར་བྱའོ༔ ༧ རཱ་ག་ཨ་སྱས་སྦྱར་བའོ༔


previousགཟའ་མཆོག་རྒྱལ་པོ་དྲང་སྲོང་ཆེན་པོའི་བསང་གསོལ་ཀ་བསྟོད།next