Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དྲང་སྲོང་གི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདྲང་སྲོང་གི་བསང་མཆོད།next

དྲང་སྲོང་གི་བསང་མཆོད།


CMR036_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

དྲང་སྲོང་གི་བསང་མཆོད། ཀ་ཡེ་གསོན་དང་གཟའ་བདུད་རཱ་ཧུ་ལ། །ཁ་བ་ཅན་གྱི་གཏེར་སྲུང་མཐུ་རྩལ་ཅན། །ག་ནས་བྱས་ཀྱང་པདྨའི་བཀའ་སྡོད་དེ། །ང་ཡིས་ཁྱོད་ལ་མཆོད་ཅིང་བསྟོད་པའི་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོའི་སྤྱན་འདྲེན་ནོ། །ཆ་ལུགས་དུད་ཁ་དབུ་དགུ་སྤྱན་སྟོང་འབར། །ཇ་ཆང་ཕུད་དང་དཀར་གསུམ་གཏོར་མ་དང་།ཉ་ཤ་ར་མཆིན་ཤ་རུལ་ཁྲག་རུལ་འབུལ། །ཏ་ཐཱ་ག་ཏ་བསང་བདག་པད་འབྱུང་དང་། །ཐ་ཚིག་དམ་བཅའ་མཛད་པ་དྲན་མཛོད་ལ། །ད་ནི་བདག་གི་ཁྱོད་མཆོད་ཁྱོད་བསྟེན་ནོ།ན་ཚ་དགྲ་གྱོད་སྐག་རིགས་ཐམས་ཅད་ཟློག །པ་ར་མི་ཏའི་དོན་ལ་མ་གཡོས་ཀྱང་། །ཕ་རོལ་གནོད་བྱེད་འཇོམས་ལ་དྲག་ཤུལ་ཅན། །བོ་གླང་གདོང་ཅན་ལ་སོགས་གདོང་མོ་བཞི། །མ་སྲིང་བརྟན་སྐྱོང་ཡ་མའི་ཚོགས་ཀྱིས་བསྐོར། །བཙའ་སད་སེར་གསུམ་མ་བཏང་སྡོང་གྲོགས་མཛོད། །ཚ་གྲང་འདུ་བའི་ནད་རིགས་དགྲ་ལ་ཐོངས། །ཛ་ཡིས་ལྕགས་ཀྱུས་ཟུང་ལ་རལ་གྲིས་གཏུབ། །ཝ་ལེར་སྲིད་གསུམ་གཟིགས་པའི་སྲུང་མ་ཁྱོད། །ཞྭ་ལྟར་པད་འབྱུང་བསྟན་ལ་བྱ་ར་མཛོད། །ཟ་བྱེད་ལྷ་སྲིན་སྡེ་བརྒྱད་འཁོར་དང་


CMR036_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །འ་རེ་འུ་རེའི་འབྲུག་སྒྲོག་ཐོག་སེར་འབེབས། །ཡ་མཚན་ཆེ་བའི་དངོས་གྲུབ་བདག་ལ་སྩོལ། །ར་དང་གཡག་ལུག་ནག་པོ་རྟེན་དུ་འབུལ། །ལ་ལུང་མེད་པར་མྱུར་མགྱོགས་རླུང་ལྟར་རྒྱུགས། །ཤ་ཚ་སྙིང་བརྩེའི་སྤྱན་དང་ཤ་རོགས་ལྟར། །ས་ཆ་གང་དུ་འདུག་ཀྱང་མེལ་ཚེ་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་ཏེ། །ཨ་ལ་ལ་ཞེས་ཕྲིན་ལས་རྣམ་བཞི་སྒྲུབས། །དྲང་སྲོང་ཆེན་པོའི་བསྟོད་པ་བསང་དང་དཀར་གཏོར་གང་ཡང་སྦྱར་རུང་བ། ༧ ཨ་རཱ་གས་སྦྱར་བའོ། །དགེའོ།། །།


previousདྲང་སྲོང་གི་བསང་མཆོད།next