Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་ཆེན་ཐང་ལྷའི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་ཆེན་ཐང་ལྷའི་བསང་མཆོད།next

ལྷ་ཆེན་ཐང་ལྷའི་བསང་མཆོད།


CMR036_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་ཆེན་ཐང་ལྷའི་བསང་མཆོད་ནི། ཀྱཻ། དབུ་རུ་བྱང་ཕྱོགས་འདམ་ཤོད་ནས། །ཕྱི་ལྟར་གངས་རི་མཐོ་ལ་བརྗིད། །ནང་ལྟར་རིན་ཆེན་གཞལ་ཡས་ཁང་། །ལོངས་སྤྱོད་ཕུན་ཚོགས་ཁྲི་སྟེང་ནས། །དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ། །ཐང་ལྷ་བརྒྱ་བྱིན་སྲས་མོ་ཡུམ། །འཁོར་ཚོགས་དང་བཅས་སྐད་ཅིག་ལ། །འདིར་བྱོན་ནམ་མཁའ་བར་སྣང་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །དུང་མདོག་དར་དཀར་རལ་ག་གསོལ། །གཡས་ན་སྦ་ལྕག་གཡུ་འབྲས་ཅན། །གཡོན་ན་བ་དན་དཀར་པོ་ཕྱར།རིན་ཆེན་དབུ་བརྒྱན་སྙན་ཆ་དང་། །དོ་ཤལ་སྐ་རགས་རྒྱན་དང་ལྡན། །རྟ་ཕོ་ངང་ཞུར་གཡུ་རྔོག་ལ། །ཤེལ་སྒ་གཡུ་མཐུར་རིན་ཆེན་སྤྲས། །ཆུང་སྲི་འདུལ་ཞིང་སྲིའུ་གསོ།ནད་འདྲེ་ཕུད་ཅིང་ནད་པ་གསོ།།ཕྱུགས་ལུག་རྐང་ཕྲན་མཐའ་ནས་སྐྱོངས། །ཁྱད་པར་དགྲ་བགེགས་གནོད་བྱེད་འདུལ། །སློབ་དཔོན་པདྨའི་དམ་ཚིག་ཅན། །ཆོས་ཀྱི་དབང་ཕྱུག་ལ་སོགས་པའི། །བསྟན་པ་སྲུང་བར་ཞལ་བཞེས་པའི།།ཐང་ལྷ་གཉན་པོ་མཆོད་ཅིང་བསྟོད། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །མགུར་ལྷ་བཅུ་གསུམ་གཙོ་བོ་


CMR036_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །ཡབ་གཅིག་འོད་དེ་གུང་རྒྱལ་བསང་། །ཡུམ་གཅིག་གཡུ་བྱ་གཤོག་གཅིག་བསང་། །མདའ་ར་ཟ་རི་སྐྱེས་དྲུག་བསང་། །མདུང་འཛིན་ལྗིད་པ་ཕུང་པོ་བསང་།སྣ་འདྲེན་ཞལ་གཡག་དཀར་པོ་བསང་། །རྗེས་འབྲང་ནི་བྲ་གཡའ་དམར་བསང་། །གཅུང་པོ་ཐང་འབྲི་ནུ་དཀར་བསང་། །ཆེན་མ་ལྷ་མོ་མཚོ་དར་བསང་། །ཆུང་བ་ནམ་མཚོ་ཕྱུག་མོ་བསང་། །སྲས་པོ་ཐང་སྲས་འཕྱོ་བ་བསང་། །སྐུ་ཞང་འབྲོང་གཉེན་ཐང་པོ་བསང་། །ཕྱི་བློན་སྤོམ་ཆེན་སྤོམ་ར་བསང་། །ནང་བློན་མགུར་རིང་ཕྲག་ཐང་བསང་།སྒོ་དཔོན་རྩལ་ཆེན་ལྷ་སྒོང་བསང་། །སྒོ་སྲུང་བ་ཡུལ་གསེར་ལྡིང་བསང་། །ལྕམ་སྲི་ཐང་འབྲི་ངུར་པ་བསང་། །རྟ་རྫི་གྱང་ལྷ་བཙན་པོ་བསང་། །ལུག་རྫི་ཁུར་ཁྱིམ་ཞལ་དཀར་བསང་། །ར་རྫི་འཁྱོར་པ་རྩེ་གསུམ་བསང་། །འབྲི་རྫི་ལག་སོར་ཕྱུག་མོ་བསང་། །ནོར་སྐྱོང་གཡའ་མ་སྟག་ལག་བསང་། །ཤར་གྱི་ལ་བདུན་གནས་པ་བསང་། །ལྷོ་ཡི་ལུང་བདུན་གནས་པ་བསང་། །ནུབ་ཀྱི་རི་བདུན་གནས་པ་བསང་། །བྱང་གི་མཚོ་བདུན་གནས་པ་བསང་། །ལྷ་སྲིན་ཀླུ་སོགས་འབུམ་སྡེ་བསང་། །ཡང་འཁོར་བསམ་མི་ཁྱབ་


CMR036_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

པ་བསང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རྒྱལ་བསེན་དམ་སྲིའི་གནོད་པ་ཟློག །སྲུང་སྐྱོབ་སྡོང་གྲོགས་མ་གཡེལ་བར། །འདོད་པའི་དོན།། ཀུན་འགྲུབ་པར་མཛོད། །གཉན་ཆེན་ཐང་ལྷའི་བསང་ཡིག་ཞྭ་དམར་བཞི་པས་མཛད་པའི་དོན་བསྡུས་པ། ༧ ཨ་རཱ་གས་སོ། །སརྦ་མངྒ་ལཾ། ༈ ཀྱཻ། སྔོན་ཚེ་རྒྱལ་བའི་ཞལ་མཐོང་རྫུ་འཕྲུལ་ཅན། །གངས་ཅན་སྲུང་མ་ཐང་ལྷ་གཉན་པོ་ལ། །རྟག་ཏུ་གུས་པས་མཆོད་ཅིང་བསྟོད་ལགས་ན། །སྲུང་སྐྱོབ་སྡོང་གྲོགས་ཡིད་བཞིན་འགྲུབ་པར་མཛོད། །ཅེས་རཱ་གས་སོ།། །།


previousལྷ་ཆེན་ཐང་ལྷའི་བསང་མཆོད།next