Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་རྒྱལ་གྱི་བསང་མཆོད།
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་རྒྱལ་གྱི་བསང་མཆོད།next

སྐུ་རྒྱལ་གྱི་བསང་མཆོད།


CMR036_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྒྱལ་གྱི་བསང་མཆོད་ནི། ཀྱཻ། མདོ་ཁམས་ཟལ་མོ་སྒང་གི་ཡུལ། །ཟངས་རི་འབར་བ་རྩེ་དགུ་ནས། །སྲིད་པའི་བཙན་རིགས་ཡོངས་ཀྱི་རྗེ། །སྐུ་རྒྱལ་ཤེ་ནེ་འཁོར་དང་བཅས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱི་བསང་། །ཇ་ཆང་ཟས་སྣའི་ཕུད་ཀྱིས་མཆོད། །ཕྱི་ལྟར་ཡམ་ཤུད་བཙན་གྱི་རྗེ། །ནང་ལྟར་རྣམ་སྲས་ནོར་གྱི་ལྷ། །གསང་བ་གཟའ་རྒོད་མིག་དམར་རྗེ། །ཤན་པ་དམར་ནག་གཏེར་སྲུང་ཚོགས། །བཙན་གྱི་མགོན་པོ་བེག་རྩེ་དམར། །བཙན་རྒོད་དམར་པོ་དྲེགས་པའི་གཙོ། །བཙན་མགོན་བྱ་རོག་གདོང་ཅན་ནི། །སྐྱེས་བུ་དབང་གི་མདོག་ཁ་ཅན། །ཡུམ་ནི་སྲིན་མོ་གདོང་དམར་མ། །བཙན་ལ་རོལ་པའི་སྨན་གཅིག་མ། །ཡབ་ཡུམ་འཁོར་དང་བཅས་པ་ལ། །བསང་དང་མཆོད་པ་རྒྱ་ཆེན་འབུལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །རྨ་གཡང་ནམ་མཁའི་ཆར་བཞིན་ཕོབ། །སྲུང་སྐྱོབ་ཁ་འཛིན་སྡོང་གྲོགས་མཛོད། །འཛད་མེད་གཏེར་གྱི་དངོས་གྲུབ་སྩོལ། །ཕ་རོལ་དགྲ་དཔུང་རྡུལ་དུ་རློགས། །པདྨའི་བཀའ་བཞིན་ཕྲིན་ལས་མཛོད། །ཅེས་པ་རཱ་ག་ཨ་སྱས་སྦྱར་བའོ།།


previousསྐུ་རྒྱལ་གྱི་བསང་མཆོད།next