Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྐུ་རྒྱལ་གྱི་བསང་།
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་རྒྱལ་གྱི་བསང་།next

སྐུ་རྒྱལ་གྱི་བསང་།


CMR036_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་རྒྱལ་གྱི་བསང་བཞུགས་སོ།། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ཀོང་ལྷ་དེ་ནི་དེ་ཕོ་དང་། །ཀོང་བཙུན་དེ་ནི་བཤོས་པའི་སྲས། །གིང་ཆེན་བཙན་གྱི་རྒྱལ་པོ་ནི། །སྐུ་རྒྱལ་ཤེ་ནེ་ཞེས་སུ་གྲགས། །ཆིབས་སུ་མཚལ་བུ་རྟིང་དཀར་ཆིབས། །སྐུ་ལ་ཟངས་ཀྱི་ཁྲབ་རྨོག་གསོལ། །མདུང་དར་ཕྱར་ཞིང་འཁོར་གསུམ་བསྐོར། །ནང་བློན་ཞང་བཙུན་རྡོ་རྗེ་འབར། །སེང་གེ་ཆིབས་ཤིང་རི་ཐུལ་གསོལ། །ཁྱུང་ལྡིང་སྟག་ཁྲི་རལ་གྲི་ཕྱར། །ཕྱི་བློན་བཙན་ཆེན་དམར་པོ་ནི། །རྒོད་ཐུལ་གྱོན་ཅིང་གཡུ་རྔོག་ཆིབས། །ཕྱག་ན་བ་དན་རྩེ་བརྒྱད་བསྣམས། །ཁར་བློན་བཙན་ཤོ་ངར་བ་ནི། །འཁོར་གསུམ་བསྐོར་ནས་མཚལ་བུ་ཆིབས། །དབུ་ལ་སྤྲིན་གྱི་གོ་ཆོག་ལ། །ཉི་མའི་འཕྲུ་ལ་ཟླ་བ་ཆགས་། །སྐར་ཕྲན་སྣ་དགུ་སྟབས་པ་སོགས། །གཞན་ཡང་ཡབ་ཡུམ་འཁོར་གྱི་ཚོགས། །བསམ་གྱིས་མི་ཁྱབ་གྲངས་ལས་འདས། །སྐུ་རྒྱལ་ཤེ་ན་འཁོར་བཅས་རྣམས། །འདིར་གཤེགས་བསང་དང་མཆོད་པ་བཞེས། །གཡུ་ཤུག་ཕྱེ་མར་གསུར་གྱིས་མཆོད། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་སེར་


CMR036_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མ་བཏང་ཞིག །ཁམས་གསུམ་དབང་དུ་འདུ་བ་དང་། །ཚེ་རིང་བསོད་ནམས་འཕེལ་བ་དང་། །དགྲ་བགེགས་གཞོམ་པའི་ཕྲིན་ལས་མཛོད། །ཅེས་རཱ་ག་ཨ་སྱས་སྦྱར་བའོ།།


previousསྐུ་རྒྱལ་གྱི་བསང་།next