Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་སྲུང་རྒྱལ་པོའི་བསང་མཆོད།
   
   
   
   
   
   
   
   
   


 
previousབསྟན་སྲུང་རྒྱལ་པོའི་བསང་མཆོད།next

བསྟན་སྲུང་རྒྱལ་པོའི་བསང་མཆོད།


CMR036_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་རྒྱལ་པོའི་བསང་མཆོད་ནི་རྒྱལ་གསོལ་སྐབས་སམ་སང་གི་སྐབས་སུ་སྦྱར་བདེ་བར་བཞུགས་སོ།ཀྱེ། དགུང་སྔོན་དབྱིངས་དང་ཟབ་ཡང་གཙུག་ལག་སོགས། །གར་བཞུགས་གནས་ནས་ཆོས་སྐྱོང་ཚངས་པ་ཆེ། །ཞི་ཞིང་བྱམས་པས་འདིར་བྱོན་བསང་མཆོད་བཞེས། །སྐྱེ་མེད་དབྱིངས་ལས་འགགས་མེད་སྒྱུ་འཕྲུལ་གར། །འབྱུང་ལྔའི་དྭངས་མ་བདུད་རྩི་ཅན་གྱི་ཤིང་།།སྨན་མཆོག་དྲི་སྤོས་ཞིབ་མར་འབྲུ་སྣ་དང་། །ཇ་ཆང་འོ་ཞོ་དཀར་མངར་བསྲེགས་པའི་དྲི། །བཛྲ་དྷུ་པེ་ཧཱུྃ་གིས་བྱིན་བརླབས་པས། །སྣང་སྲིད་ཕྱི་ནང་གསང་བ་དེ་ཁོ་ནའི། །མཆོད་སྤྲིན་གང་ལ་གང་དགྱེས་འདོད་རྒུའི་དཔྱིད། །དབང་པོའི་ཡུལ་ལ་ཟད་མེད་བེད་སྤྱོད་ཅིང་། །འཛད་མེད་ཕུན་ཚོགས་ངོ་མཚར་དྲི་བསུང་གིས།ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ། །གུ་རུ་ཞི་བ་དྲག་པོའི་ལྷ་ཚོགས་བསང་། །སྣང་སྲིད་དྲེགས་པ་ཀུན་གྱི་དབང་ཕྱུག་རྗེ། །དབང་ཆེན་རྟ་མཆོག་ཧེ་རུ་ཀ་དཔལ་བསང་། །གང་ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་དྲེགས་པའི་སྐུར་བསྟན་པ། །ཆོས་སྐྱོང་རྒྱལ་ཆེན་བེ་ཧར་འཁོར་བཅས་བསང་། །ཨོ་རྒྱན་


CMR036_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་གཉིས་པའི་དགེ་བསྙེན་ཆེ། །ལྷ་ཆེན་ཚངས་པ་དུང་གི་ཐོར་ཚུགས་བསང་། །བོ་དྷི་སཏྭ་ཁྲི་སྲོང་ལྡེའུ་བཙན་གྱིས། །དམ་མནོས་མཚན་བཏགས་མངའ་གསོལ་གཟིངས་བསྟོད་པའི། །བསྟན་སྲུང་ཆེན་པོ་གིང་གི་མགོན་པོ་བསང་། །རཏྣ་གླིང་སོགས་རིག་འཛིན་བླ་མ་ཡིས། །བཀའ་བསྒོས་དམ་བཞག་ཆོས་སྐྱོང་རྒྱལ་ཆེན་བསང་། །ཡུལ་ཕྱོགས་ཀུན་ཁྱབ་མཚན་ཀྱང་སྣ་ཚོགས་པ། །ངོ་བོ་དབྱེར་མེད་དགྲ་བླ་བེ་ཧར་བསང་། །ཕྱི་ནང་བློན་པོ་བཙུན་མོ་རུ་འདྲེན་བཞི། །བརྒྱ་ཕྲག་གྲངས་འདས་སྡེ་བརྒྱད་འཁོར་བཅས་བསང་། །སྐུ་ཡི་རྒྱལ་ཆེན་པུ་ཏྲ་ཡུམ་ཆེན་ནི། །སྲིན་མོ་ཁྲག་མིག་བློན་པོ་བྱ་ཁྲི་བསང་། །གསུང་གི་རྒྱལ་ཆེན་དགྲ་བླ་སྐྱེས་གཅིག་དང་། །ཡུམ་མཛེས་པདྨ་བློན་པོ་དྲག་ལྡན་བསང་། །ཐུགས་ཀྱི་རྒྱལ་ཆེན་བརྒྱ་བྱིན་ཡུམ་ཆེན་ནི། །ཤན་ཏི་བློན་པོ་བྱ་ཁྲི་མི་གཅིག་བསང་། །ཡོན་ཏན་རྒྱལ་ཆེན་གནོད་སྦྱིན་ཤིང་བྱ་ཅན། །ཡུམ་ཆེན་མོན་མོ་བློན་པོ་བྱ་རྒོད་བསང་། །ཕྲིན་ལས་རྒྱལ་ཆེན་བེ་ཧར་ཡུམ་ཆེན་ནི། །བདུད་མོ་རོ་ལངས་བློན་པོ་པུ་ཏྲ་བསང་། །སོ་སོའི་སྤྲུལ་པ་ཡང་འཁོར་བཅས་པ་བསང་། །སྲོག་བདག་ཚངས་པ་


CMR036_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཐེལ་དཀར་པོ་བསང་། །ཡམ་ཤུད་དམར་པོ་བཙན་འགོང་སྤུན་དགུ་བསང་། །ཤེལ་གིང་ཁུ་ལེ་གནམ་ས་བར་ཐེལ་བསང་། །བཀའ་སྡོད་གནོད་སྦྱིན་ཆེན་པོ་ཙི་དམར་བ། །ཡང་འཁོར་བྱེ་བ་དུང་ཕྱུར་གྲངས་འདས་བསང་། །དེ་ལྟར་བསང་བས་མཉེས་ཤིང་ཚིམས་གྱུར་ནས། །པདྨ་ཐོད་ཕྲེང་བཀའ་ལ་མ་འདའ་བར། །གངས་ཅན་བསྟན་འགྲོའི་བདེ་སྐྱིད་སྤེལ་བ་དང་། །རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་བཅས་ལ། །སྔོན་གྱི་ཐུགས་འཁོན་གནོད་པ་ཡོད་ན་སོལ། །འཁུ་ལྡོག་མ་མཛད་འཁོར་ལ་བཀའ་ནན་མཛོད། །ནད་གདོན་བར་ཆད་མི་མཐུན་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་རྒྱས་པའི་དངོས་གྲུབ་སྩོལ། །ཁམས་གསུམ་མོས་པ་རྣམ་བཞི་དབང་དུ་སྡུས། །དགྲ་བགེགས་གཉེར་གཏད་དྲག་པོའི་ཕྲིན་ལས་མཛོད། །བདག་སོགས་ལྟ་སྤྱོད་མངོན་ཤེས་མི་ལྡན་པས། །དགུང་སྔོན་བཞུགས་གནས་གཙུག་ལག་རྣམས་སུ་གཤེགས། །རྟག་ཏུ་བྱམས་པའི་སེམས་ཀྱིས་ཁ་འཛིན་མཛོད། །སྲིད་གསུམ་དཔལ་འབྱོར་ཕྱུ་དང་གཡང་དུ་ལེན། །རཱ་ཙ་གིང་ཀ་ར་སརྦ་བྷུ་ཏ་གཙཱ། ཅེས་པ་རྒྱལ་པོའི་མངའ་གསོལ་གོང་དུ་འདོན། བསང་དུས་ལོ་


previousབསྟན་སྲུང་རྒྱལ་པོའི་བསང་མཆོད།next