Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་པོ་སྐུ་ལྔའི་བསང་མཆོད།
   
   
   
   
   
   
   
   


 
previousརྒྱལ་པོ་སྐུ་ལྔའི་བསང་མཆོད།next

རྒྱལ་པོ་སྐུ་ལྔའི་བསང་མཆོད།


CMR036_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་སྐུ་ལྔའི་བསང་མཆོད་བཞུགས་སོ།། ཧྲཱི༔ ཆགས་མེད་སྐྱོན་བྲལ་པདྨ་རིགས་ཀྱི་ལྷ། །ཀླུ་དབང་གཙུག་གིས་གདུག་པ་འདུལ་མཛད་པ། །རབ་འཇིགས་བསྐལ་པའི་མེ་ལྟར་གཟི་བརྗིད་འབར། །ཁྲོ་རྒྱལ་རྟ་མཆོག་སྐུ་རུ་གསལ་བར་གྱུར། །ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲི་ཝ་ཧཱུྃ་ཕཊ༔ རྟ་མཆོག་ཐུགས་ལས་འོད་ཟེར་དཔག་མེད་འཕྲོས། །བསམ་ཡས་དབུ་རྩི་དཀོར་མཛོད་ཆེན་པོ་ནས། །ཆོས་རྒྱལ་ཡང་འཁོར་བཅས་པ་གཤེགས་སུ་གསོལ། །ཡིད་སྤྲུལ་གདན་བཞུགས་དགྱེས་པའི་མཆོད་རྫས་ནི། །ཤ་ཆེན་གསུར་དང་བདུད་རྩི་ལྷོ་གསེར་སྐྱེམས་དང་། །ཕྱེ་མར་འབྲུ་སྣ་ཇ་ཆང་འོ་སྐོལ་དང་། །ཤིང་སྣ་སྤོས་བསྲེགས་དུ་བས་སྟོང་གསུམ་ཁྱབ། །འདི་འདྲའི་བསང་མཆོད་ངོ་མཚར་ཁྱད་འཕགས་འདིས། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་བཅས་བསང་། །སྐུ་ཡི་རྒྱལ་ཆེན་པུ་ཏྲ་ནག་པོ་བསང་། །གསུང་གི་རྒྱལ་ཆེན་དགྲ་བླ་སྐྱེས་ཅིག་བསང་། །ཐུགས་ཀྱི་རྒྱལ་ཆེན་བརྒྱ་བྱིན་མཐིང་ནག་བསང་། །ཡོན་ཏན་རྒྱལ་ཆེན་གནོད་སྦྱིན་ཤིང་བྱ་བསང་། །ཕྲིན་ལས་རྒྱལ་ཆེན་བེ་དཀར་ཕྱག་དྲུག་བསང་། །རྒྱལ་ཆེན་འཁོར་དང་ཡང་འཁོར་བཅས་པ་བསང་། །རུ་འདྲེན་


CMR036_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

སྡེ་བཞི་ཕོ་ཉ་འབུམ་སྡེ་བསང་། །མཆོད་ཅིང་ཁྱེད་ལ་ཕྲིན་ལས་བཅོལ་བ་ནི། །སངས་རྒྱས་བསྟན་སྲུང་དཀོན་མཆོག་དབུ་འཕང་བསྟོད། །དགྱེས་པའི་ཞལ་སྟོན་སྒྲུབ་པའི་རྟགས་ཆེན་ཕྱུང་། །རྣལ་འབྱོར་ཚེ་བསྲིང་འགྲོ་དོན་འཕེལ་བ་དང་། །རྟག་ཏུ་སྙན་པའི་ས་ལམ་ཕྱོགས་བཅུར་བསྐྱོད། །ཚེ་བསོད་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་། །ཕྲིན་ལས་རྣམ་བཞི་གང་བརྩམས་བསྒྲུབ་པ་ཡི། །མཆོག་ཐུན་དངོས་གྲུབ་བདག་ལ་དེང་འདིར་སྩོལ། །སྡང་དགྲ་གནོད་བྱེད་མ་ལུས་མྱུར་དུ་སྒྲོལ། །ཅི་བསམ་དོན་ཀུན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པ་གུ་རུའི་གསུངས་ལྟར་ཨ་རཱ་གས་བྲིས། །སརྦ་མངྒ་ལཾ།


previousརྒྱལ་པོ་སྐུ་ལྔའི་བསང་མཆོད།next