Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་པོའི་བསང་མཆོད།
   
   
   
   
   
   
   


 
previousརྒྱལ་པོའི་བསང་མཆོད།next

རྒྱལ་པོའི་བསང་མཆོད།


CMR036_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོའི་བསང་མཆོད་བཞུགས་སོ། །རྒྱལ་པོའི་བསང་མཆོད་བྱ་བ་ནི། ཀྱཻ། བསང་གི་རྒྱུད་བྱུང་གང་ནས་བྱུང་། །བསང་གི་རྒྱུད་བྱུང་གནམ་ནས་བྱུང་། །གནམ་ནས་འབྲུག་ཆེན་ལྡར་མ་ལྡིར། །ས་ནས་གློག་ཆེན་འགྱུར་མ་འགྱུར། །བར་ན་སྦྲང་ཆར་ཟམ་མ་ཟིམ། །གནམ་ས་གྲོད་བརླན་འཕྲོད་པ་ལས། །བདུད་རྩི་ཅན་གྱི་ཤིང་རྣམས་སྐྱེས།སྟག་པ་ཤུག་པ་ལ་སོགས་པ། །ཕོ་ཤིང་དགུ་ཡི་དུད་པ་འདིས། །དགྲ་ལྷའི་རྒྱལ་པོ་པེ་དཀར་བསང་། །ཁྲ་མ་རྐང་མ་ལ་སོགས་པའི། །མོ་ཤིང་དགུ་ཡི་དུད་པ་འདིས། །ཡུམ་ཆེན་ལྔ་ཡི་ལྷ་ཚོགས་བསང་། །བལ་བུ་མཁན་དཀར་ཨ་ག་རུ། །བུ་ཤིང་དགུ་ཡི་དུད་པ་འདིས། །རྒྱལ་པོའི་བློན་པོ་རྣམ་ལྔ་བསང་། །རྒྱ་སྤོས་སྤང་སྤོས་ཙནྡན་རྣམས།ཤིང་བདུད་རྩི་ཅན་གྱི་དུད་པ་འདིས། །རྒྱལ་པོའི་རུ་འདྲེན་སྡེ་བཞི་བསང་། ཀྱཻ། ངོ་མཚར་ལྷ་ཤིང་དུད་པ་དང་། །བྲག་སྤོས་སྤང་སྤོས་དུད་པ་འདིས། །བྷ་ཏ་ཧོར་གྱི་དཀོར་སྲུང་བསང་། །ཨ་ག་རུ་ཡི་དུད་པ་དང་། །དྲི་ཞིམ་སྤོས་ཀྱི་དུད་པ་འདིས། །ར་ཙའི་སྤྲུལ་པ་སྡེ་བཞི་བསང་། །དུ་རུ་ཀ་ཡི་དུད་པ་དང་། །སྦ་དཀར་སྨྱུག་དཀར་དུད་


CMR036_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདིས། །བློན་པོ་གནམ་གྱི་ཐོག་འབེབས་བསང་། །དུང་ཤིང་མཁན་དཀར་དུད་པ་དང་། །བུ་རམ་ཤིང་གི་དུད་པ་འདིས། །ཁྱུང་ཆེན་ཀླུ་དང་གཡུ་ཤུག་བསང་། །རྒུན་འབྲུམ་ཤིང་གི་དུད་པ་དང་། །ཤིང་ནག་བལ་བའི་དུད་པ་འདིས། །དགེ་བསྙེན་མ་ཧཱ་ཀཱ་ལ་བསང་། །སྨན་སྣ་ཤིང་གི་དུད་པ་དང་། །ཕྱེ་མར་ཟས་སྣའི་བྱེ་བྲག་གིས། མགོན་ནག་བྱ་རྒོད་ཐང་ནག་བསང་། །དུད་པ་སྔོ་དམར་ལ་སོགས་པའི། །ནམ་མཁའི་སྲོག་བདག་ཆེན་པོ་བསང་། །མེ་ལྕེ་འབར་བའི་དུད་པ་འཕྲོ། །བར་སྣང་དམག་དཔོན་ཆེན་པོ་བསང་། །མེ་སྟག་འབར་བ་ས་ལ་འཕྲོས། །རྒྱལ་མཚན་ཕྱར་བའི་ལྷ་ཚོགས་བསང་། །བྲན་གཡོག་གལ་ཆེ་གུར་ཚེ་བསང་། །གཡས་བྲན་མདའ་རའི་ཚོགས་རྣམས་བསང་། །གཡོན་བྲན་མདུང་རའི་ཚོགས་རྣམས་བསང་།།བྲན་གཡོག་སྤྲུལ་པ་ཡང་སྤྲུལ་བསང་། །སེང་གེ་སྟག་དང་རྟ་མཆོག་དང་། །སྟག་ལྟར་རྔམ་དང་ཁྱུང་ལྟར་ལྡིང་།སེང་ལྟར་མཆོང་དང་ཁྲ་ལྟར་འཇུམ། །སྤྱང་ལྟར་རྒྱུག་པའི་ཚོགས་བཅས་བསང་། །སྟོང་དཔོན་མཆེད་བདུན་འཁོར་བཅས་བསང་། ཀྱཻ། ལྷ་སྲུང་གཉན་པོ་ཁྱེད་རྣམས་


CMR036_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདུད་རྩི་བསང་མཆོད་འདི་ཕུལ་བས། །བདག་ཅག་རྒྱུ་སྦྱོར་ཡོན་བདག་ལ། །མི་ལ་ན་ཚ་མ་བཏང་ཞིག །ཕྱུགས་ལ་གོད་ཁ་མ་བཏང་ཞིག །ཚེ་བསྲིང་དཔལ་བསྐྱེད་ཟས་ནོར་སྤེལ། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོལ། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །རྒྱུ་སྦྱོར་ཡོན་བདག་ཐམས་ཅད་ལ། །སློབ་བུ་དམ་ལ་གནས་པ་དང་། །ལེ་གུ་ལྷ་ལ་འཁོར་བ་དང་། །དཀོན་མཆོག་དགེ་ལ་དད་པ་དང་། །དམ་པའི་ཆོས་ལ་མོས་པ་དང་། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ལ། །བསམ་པ་སྒྲུབས་ལ་རེ་བ་སྐོངས། །དགེ་ལེགས་བསམ་དོན་འགྲུབ་པ་དང་། །འཁོར་སྲུང་རྐྱེན་ཟློག་བར་ཆད་སོལ། །ཁ་འཛིན་རྒྱབ་རྟེན་སྡོང་གྲོགས་མཛོད། །དགྲ་ལྷའི་རྒྱལ་པོ་འཁོར་བཅས་རྣམས། །རྩི་ཡིས་བསངས་ན་ཤངས་མ་སུབ། །སྐྱེམས་ཀྱིས་གསོལ་ན་མགུལ་མ་འགགས། །མཆོད་ཅིང་བསྟེན་ན་རྒྱང་མ་རིང་། །བོས་པའི་ཚེ་ན་སྙན་མ་སྲ།།གཡབ་པའི་ཚེ་ན་སྤྱན་མ་བརྟུལ། །གཞི་ཡི་དུས་སུ་བྱ་ར་གྱིས། །བྱེས་སུ་འགྲོ་ན་དམག་ལྟར་ཆོས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །རྒྱུ་སྦྱོར་


previousརྒྱལ་པོའི་བསང་མཆོད།next