Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཞི་བདག་སྤྱི་བསང་།
   
   
   
   
   


 
previousགཞི་བདག་སྤྱི་བསང་།next

གཞི་བདག་སྤྱི་བསང་།


CMR036_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་བདག་སྤྱི་བསང་བཞུགས་པའི་དབུ་ཕྱོགས་ལགས་སོ།


CMR036_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱཻ། གཞན་ཡང་བསང་ཞིང་མཆོད་པ་ནི། །སྟོང་གསུམ་སྟོང་གི་གཞི་བདག་བསང་། །རི་རྒྱལ་ལྷུན་པོ་ལ་སོགས་པའི།གླིང་བཞི་གླིང་ཕྲན་གཞི་བདག་བསང་། །འཁོར་ལོ་བརྩེགས་པ་ལ་སོགས་པའི། །ལུས་འཕགས་པོ་ཡི་གཞི་བདག་བསང་། །ནོར་བུ་འབར་བ་ལ་སོགས་པའི། །འཛམ་བུ་གླིང་གི་གཞི་བདག་བསང་། །པདྨ་སྤུངས་པ་ལ་སོགས་པའི། །བ་ལང་སྤྱོད་ཀྱི་གཞི་བདག་བསང་། །སྣ་ཚོགས་མཛེས་ལྡན་ལ་སོགས་པའི། །སྒྲ་མི་སྙན་གྱི་གཞི་བདག་བསང་། །ཟངས་མདོག་དཔལ་རི་ལ་སོགས་པའི། །རྔ་ཡབ་གླིང་གི་གཞི་བདག་


CMR036_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །མེ་ཏོག་སྤུངས་མཛེས་ལ་སོགས་པའི། །ཨོ་རྒྱན་ཡུལ་གྱི་གཞི་བདག་བསང་། །ཀེ་ལ་ཤ་རི་ལ་སོགས་པའི།ཤམྦྷ་ལ་ཡི་གཞི་བདག་བསང་། །བྱ་རྒོད་སྤུངས་རི་ལ་སོགས་པའི། །རྒྱ་གར་ཡུལ་གྱི་གཞི་བདག་བསང་། །སེངྒེ་སྒྲ་རི་ལ་སོགས་པའི།ཟ་ཧོར་ཡུལ་གྱི་གཞི་བདག་བསང་། །རི་བོ་ཏཱ་མ་ལ་སོགས་པའི། །རི་བོར་གནས་པའི་གཞི་བདག་བསང་། །རྡོ་རྗེ་གདན་ལ་སོགས་པ་ཡི། རྒྱ་གར་གཙུག་ལག་སྲུང་མ་བསང་། །ནཱ་ལེནྡྲ་ལ་སོགས་པ་ཡི། །རྒྱ་གར་ཆོས་གྲྭའི་སྲུང་མ་བསང་། །དཔལ་གྱི་རི་ལ་སོགས་པ་ཡི། །


CMR036_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་གནས་སྐྱོང་བའི་གཞི་བདག་བསང་། །བསིལ་བ་ཚལ་ལ་སོགས་པ་ཡི། །དུར་ཁྲོད་གནས་པའི་གཞི་བདག་བསང་། །ཆུ་བོ་གངྒཱ་ལ་སོགས་པའི། །ཆུ་བོ་གནས་པའི་གཞི་བདག་བསང་། །འཕགས་པ་ཤིང་ཀུན་ལ་སོགས་པའི། །བལ་པོའི་ཡུལ་གྱི་གཞི་བདག་བསང་། །ལྗང་རི་སྨུག་པོ་ལ་སོགས་པའི། །ལི་ཡི་ཡུལ་གྱི་གཞི་བདག་བསང་། །ལྷ་ར་ཡོས་མཐོན་ལ་སོགས་པའི། །སྟག་གཟིག་ཡུལ་གྱི་གཞི་བདག་བསང་། །སིང་ང་སིང་རམ་ལ་སོགས་པའི། །གེ་སར་ཡུལ་གྱི་གཞི་བདག་བསང་།རི་བོ་རྩེ་ལྔ་ལ་སོགས་པའི། །རྒྱ་ནག་ཡུལ་གྱི་གཞི་བདག་བསང་། །ཅོག་ལྷ་མཚལ་རྩེ་ལ་སོགས་པའི། །ཧོར་ཡུལ་གཞི་བདག་ཐམས་ཅད་བསང་། །གཡུ་རི་སྔོན་པོ་ལ་སོགས་པའི། །འཇང་ཡུལ་གཞི་བདག་ཐམས་ཅད་བསང་། །སྤོས་རི་ངད་ལྡན་ལ་སོགས་པའི། །ཞང་ཞུང་ཡུལ་གྱི་གཞི་བདག་བསང་། །གངས་དཀར་ཏི་སེ་ལ་སོགས་པའི། །མངའ་རིས་སྐོར་གསུམ་གཞི་བདག་བསང་། །མ་ཕམ་གཡུ་མཚོ་ལ་སོགས་པའི། །མཚོ་ལ་གནས་པའི་གཞི་བདག་བསང་། །གཉན་ཆེན་ཐང་ལྷ་ལ་སོགས་


CMR036_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པའི། །བྱང་ཁམས་ཡུལ་གྱི་གཞི་བདག་བསང་། །གང་བ་བཟང་པོ་ལ་སོགས་པའི། །གཙང་གི་ཡུལ་གྱི་གཞི་བདག་བསང་། །ཇོ་མོ་ཁ་རག་ལ་སོགས་པའི། །དབུས་གཙང་རུ་བཞིའི་གཞི་བདག་བསང་། །ཇོ་བོ་ཕྱིང་དཀར་ཅན་ལ་སོགས། །དབུས་ཀྱི་ཡུལ་གྱི་གཞི་བདག་བསང་། །པོ་ཏ་རི་ལ་སོགས་པ་ཡི། །སྤྱི་ཤོད་ཡུལ་གྱི་གཞི་བདག་བསང་། །ལྷ་ས་བསམ་ཡས་ལ་སོགས་པའི། །བོད་ཡུལ་གཙུག་ལག་སྲུང་མ་བསང་། །ཡེར་པ་ལྷ་རི་ལ་སོགས་པའི། །བོད་ཡུལ་དབེན་གནས་གཞི་བདག་བསང་། །དཔལ་ལྡན་ས་སྐྱ་ལ་སོགས་པའི། །ཆོས་གྲྭའི་སྲུང་མའི་གཞི་བདག་བསང་། །དགེ་བསྙེན་མཁའ་རི་ལ་སོགས་པའི། །བོད་ཡུལ་གཏེར་སྲུང་གཞི་བདག་བསང་།ཡག་ལ་སེ་བོ་ལ་སོགས་པའི། །སོག་ཡུལ་གཞི་བདག་ཐམས་ཅད་བསང་། །ཡར་ལྷ་ཤམ་པོ་ལ་སོགས་པའི། །ཡར་ལུང་ཉིན་སྲིབ་གཞི་བདག་བསང་། །འོ་དེ་གུང་རྒྱལ་ལ་སོགས་པའི། །འོལ་ཁ་ཡུལ་གྱི་གཞི་བདག་བསང་། །ཤི་ཏྲི་གཉན་པོ་ལ་སོགས་པའི། །ཡར་འབྲོག་ཡུལ་གྱི་གཞི་བདག་བསང་། །རྒྱལ་ཆེན་སྐུ་མཆེད་ལ་སོགས་པའི། །


CMR036_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

སྣ་བོ་ཡུལ་གྱི་གཞི་བདག་བསང་། །ལྷོ་བྲག་མཁར་ཆུ་ལ་སོགས་པའི། །ལྷོ་བྲག་ཡ་གསུམ་གཞི་བདག་བསང་། །ཙཱ་རི་གསར་རྙིང་ལ་སོགས་པའི། །མྱལ་ལོར་བྱར་གསུམ་གཞི་བདག་བསང་། །སྒམ་པོ་དཔལ་རི་ལ་སོགས་པའི། །དྭགས་པོའི་ཡུལ་གྱི་གཞི་བདག་བསང་། །རྒྱ་ལ་རྩེ་སྣུམ་ལ་སོགས་པའི། །ཀོང་པོའི་ཡུལ་གྱི་གཞི་བདག་བསང་། པོ་སོགས། །ཉང་པོའི་ཡུལ་གྱི་གཞི་བདག་བསང་། །བ་རོད་རྒྱལ་པོ་ལ་སོགས་པའི། །ལོང་པོའི་ཡུལ་གྱི་གཞི་བདག་བསང་། །རྡོ་རྗེ་བྲག་བཙན་ལ་སོགས་པའི། །བྲག་གསུམ་ཡུལ་གྱི་གཞི་བདག་བསང་། །ཤ་འོད་གངས་དཀར་ལ་སོགས་པའི། །སྙེ་རློད་ཡུལ་གྱི་གཞི་བདག་བསང་། །འབོང་རྗེ་ཐོད་དཀར་ལ་སོགས་པའི། །གསང་མ་རས་གསུམ་གཞི་བདག་བསང་། །རོང་ལྷ་རྒྱལ་མཚན་ལ་སོགས་པའི། །ཤོད་ཆེན་བཅོ་བརྒྱད་གཞི་བདག་བསང་། །སྔོ་བ་གཡུ་རྩེ་ལ་སོགས་པའི། །བཞད་ཡུལ་སྟོད་སྨད་གཞི་བདག་བསང་། །ཁྱུང་ཐོ་དགེ་བསྙེན་ལ་སོགས་པའི། །སྤུ་བོ་ཡུལ་གྱི་གཞི་བདག་བསང་། །ཁ་ཤ་སྙག་རི་ལ་སོགས་པའི། །མོན་


CMR036_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གཞི་བདག་ཐམས་ཅད་བསང་། །འཛོམ་ཕྲོམ་སོ་བ་ལ་སོགས་པའི། །སྟོ་འབར་སྒང་གི་གཞི་བདག་བསང་། །ཐོ་ལ་རྨོག་འགོ་ལ་སོགས་པའི། །ཚ་བ་སྒང་སྟོད་གཞི་བདག་བསང་། །གཞོ་སྟོད་ལ་བོ་ཆེ་ལ་སོགས། །དབྱར་མོ་ཐང་གི་གཞི་བདག་བསང་། །སྐུ་རྒྱལ་ཤེ་ནེ་ལ་སོགས་པའི། །མདོ་ཁམས་སྒང་གི་གཞི་བདག་བསང་། །འབྲི་ཆེན་དང་རུ་ལ་སོགས་པའི། །འབྲི་ཀླུང་ཉིན་སྲིབ་གཞི་བདག་བསང་། །སྨར་ལྷ་ངང་འཛོམ་ལ་སོགས་པའི། །སྨར་ཁམས་སྒང་གི་གཞི་བདག་བསང་། །སྐུ་བླ་གཡུ་རྩེ་ལ་སོགས་པའི། །ཡུ་འབོར་སྒང་གི་གཞི་བདག་བསང་། །བཞག་ར་ལྷ་རྩེ་ལ་སོགས་པའི། །རབ་སྒང་ཡུལ་གྱི་གཞི་བདག་བསང་། །གཙང་གཉན་སྨྲི་ཏི་ལ་སོགས་པའི། །གཙང་ཁ་ཡུལ་གྱི་གཞི་བདག་བསང་། །མུ་སྟོ་ལྷ་གཉན་ལ་སོགས་པའི། །རྒྱལ་མོ་རོང་གི་གཞི་བདག་བསང་། །རོང་བཙན་ཁ་བ་དཀར་པོ་སོགས། །ཚ་བ་སྒང་སྨད་གཞི་བདག་བསང་། །བྱ་དམར་བྱེ་རི་ལ་སོགས་པའི། །ཨ་ཐང་རོང་གི་གཞི་བདག་བསང་། །རྡོ་ཐི་གངས་དཀར་ལ་སོགས་པའི། །གནས་དྲུག་ཡུལ་གྱི་གཞི་བདག་


CMR036_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

བསང་། །གེར་མཛོ་རི་དམར་དབང་གཞུ་སོགས། །ཀྲེ་ཧོར་གླིང་གསུམ་གཞི་བདག་བསང་། །སྐྱོགས་ཆེན་གདོང་ར་ལ་སོགས་པའི། །འདན་ཡུལ་གཞི་བདག་ཐམས་ཅད་བསང་། །རྨ་གཉན་སྤོམ་ར་ལ་སོགས་པའི། །རྨ་ཆུ་ཉིན་སྲིབ་གཞི་བདག་བསང་། །ཆབ་ལ་རྫོང་ཕྲོམ་ལ་སོགས་པའི། །འབེ་ལུང་ས་བདག་ཐམས་ཅད་བསང་། །རྡོ་རྗེ་དཔའ་བརྟན་ལ་སོགས་པའི། །འབའ་ལི་རྒྱས་གསུམ་གཞི་བདག་བསང་། །རྩི་ཡི་དཔའ་རྒོད་ལ་སོགས་པའི། །རྩི་ཡི་ས་བདག་ཐམས་ཅད་བསང་། །ཇོ་བོ་འཛི་རྒྱལ་ལ་སོགས་པའི། །ལྕི་ངོམ་འཛི་གསུམ་གཞི་བདག་བསང་། །དགེ་བསྙེན་བྱང་གྲགས་ལ་སོགས་པའི། །ཆབ་མདོའི་ཡུལ་གྱི་གཞི་བདག་བསང་། །སྤྲེ་ནེ་རི་བཀྲ་ལ་སོགས་པའི། །སྟ་འབྱང་རྒྱང་གསུམ་གཞི་བདག་བསང་། །མོ་ནོམ་མཆེད་གསུམ་ལ་སོགས་པའི། །ལྕགས་ཤིང་རྫུ་ཡི་གཞི་བདག་བསང་། །དབང་ལྷ་དབང་ཕྲོམ་ལ་སོགས་པའི།ནག་སོགས་ཆུ་རྒྱུད་དགེ་བསྙེན་བསང་། །གཞན་ཡང་བསྟན་ལ་མངོན་རྒྱས་པའི། །དཀར་ཕྱོགས་སྐྱོང་བའི་གཞི་བདག་བསང་། །མིང་ནས་མ་ཐོས་པ་གསུམ་ན། །རྒྱུ་བའི་


CMR036_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་གཞི་བདག་བསང་། །སློབ་དཔོན་བརྒྱུད་དང་ཕ་མྱེས་རྒྱུད། །ཚེ་རབས་གཏན་གྱི་སྲུང་མ་བསང་། །སྔོན་བསུ་རྒྱབ་སྐྱེལ་འབྲལ་མེད་སྐྱོང་།ཟབསྟེན་ཅིང་འགོ་བའི་སྲུང་མ་བསང་། །ལེགས་དང་སྤྱོད་ལ་ཉེས་སེལ་བར། །བསམ་པ་འགྲུབ་པའི་དགྲ་ལྷ་བསང་། །སྡང་ཞིང་གདུག་པའི་སེམས་ལྡན་པའི། །མི་དང་མི་མིན་ཐམས་ཅད་བསང་། །རིགས་དྲུག་སྙིང་རྗེའི་མགྲོན་རྣམས་དང་། །གདོན་བགེགས་འབྱུང་པོའི་ཚོགས་རྣམས་བསང་། །ཡུལ་འདིའི་གཡས་གཡོན་མདུན་རྒྱབ་རི། །རི་བྲག་ཆུ་ཤིང་ས་རྡོ་ལམ། །གནས་པའི་ལྷ་ཀླུ་བཙན་བདུད་རྨུ། །ས་བདག་གཤིན་རྗེ་གཟའ་རྒྱལ་པོ། །མ་མོ་ཐེའུ་རང་འབྱུང་པོའི་ཚོགས། །སྡེ་དཔུང་བྲན་གཡོག་བཅས་པ་བསང་།དེ་ལྟར་མགྲོན་རིགས་ཐམས་ཅད་ཀྱིས། །བསང་དང་མཆོད་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་རྒྱས་པ་དང་། །འཇིག་རྟེན་ཁམས་རྣམས་ཐམས་ཅད་དུ། །ཆར་ཆུ་དུས་འབབ་ལོ་འབྲས་ལེགས། །མི་ནོར་ཕྱུགས་རྣམས་བདེ་སྐྱིད་ལྡན། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །གཞི་ལམ་བྱེས་གསུམ་བདེ་ལེགས་མཛོད། །སྔོན་བསུ་རྒྱབ་


CMR036_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེལ་འཇིགས་ལས་སྒྲོལ། །ཉིན་མཚན་དུས་ཀུན་སྲུང་སྐྱོབ་མཛོད། །ནད་གདོན་བར་ཆད་ཞི་བ་དང་། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །སྲིད་གསུམ་མ་ལུས་དབང་།སྡུད་ཅིང་། །དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །མདོར་ན་བདག་གིས་གང་བཅོལ་བའི། །ཕྲིན་ལས་ཐོགས་མེད་བསྒྲུབ་པར་མཛོད། །ཨ་རཱ་གས་སོ། །དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousགཞི་བདག་སྤྱི་བསང་།next