Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཙན་བསང་བདུད་རྩིའི་རྒྱ་མཚོ།
   
   


 
previousབཙན་བསང་བདུད་རྩིའི་རྒྱ་མཚོ།next

བཙན་བསང་བདུད་རྩིའི་རྒྱ་མཚོ།


CMR036_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བཙན་བསང་བདུད་རྩིའི་རྒྱ་མཚོ་བཞུགས། རང་ཉིད་ཧྲིལས་པདྨ་འབྱུང་གནས་སྐུ། །སྤྲུལ་སྐུའི་ཆས་རྫོགས་རྡོ་རྗེ་བྷན་འཛིན། །སྣང་སྲིད་ཟིལ་གནོན་ཁྲོ་འཛུམ་མདངས་དང་ལྡན། །གནས་གསུམ་འོད་འཕྲོས་བསང་རྫས་མ་དག་སྦྱངས། །ཤིང་སྣ་ཕྱེ་མར་སྤོས་སྤྲིན་སྟོང་གསུམ་ཁྱབ། །འདི་འདྲའི་བསང་མཆོད་ངོ་མཚར་ཁྱད་འཕགས་འདིས། །ཤར་ཕྱོགས་ཞི་བར་བྱེད་པའི་ཤིང་བཙན་བསང་། །ལྷོ་ཕྱོགས་རྒྱས་པར་བྱེད་པའི་མེ་བཙན་བསང་། །ནུབ་ཕྱོགས་དབང་བདུད་ལྕགས་ཀྱི་བཙན་རྣམས། །བྱང་ཕྱོགས་དྲག་པོ་ཆུ་བཙན་འཁོར་བཅས་བསང་། །མཚམས་བཞི་དབུས་དང་སྟེང་འོག་ས་ཡི་བཙན། །ཡབ་ཡུམ་སྲས་དང་འཁོར་གཡོག་བཅས་པ་བསང་། །བཙན་གྱི་དད་དཔོན་བརྒྱ་དང་ཉི་ཤུ་བསང་། །བཙན་རྒོད་དྲག་པོ་སྟོང་དང་རྩ་གཉིས་བསང་། །ཁྱད་པར་འཛམ་བུ་གླིང་གི་བཙན་རིགས་བསང་། །བྱེ་བྲག་ཡུལ་རིས་རྒྱལ་ཁམས་ས་ཕྱོགས་འདིར། །ས་རྡོ་རི་བྲག་ཆུ་ཀླུང་ལྗོན་ཤིང་གི །བཙན་ཞེས་བྱ་བ་ལྷ་འདྲེ་ཡིད་གཟུགས་ཅན། །ཡུལ་བདག་གནས་བདག་གྲོང་བདག་ལ་སོགས་པ། །བཟང་ངན་ལེགས་ཉེས་ཕྱེ་བ་ཐམས་ཅད་བསང་། །


CMR036_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གིས་བསང་མཆོད་ཕུལ་བའི་མཐུ་སྟོབས་ཀྱིས། །རོ་ནལ་ནང་དམེ་དམེ་རྨུགས་རྟ་བཤས་སོགས། །བཙན་རིགས་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །རྨུགས་པ་དྭངས་ལ་འཐིབས་པ་སངས་གྱུར་ཅིག །བཙའ་སད་སེར་གསུམ་མི་ནད་ཕྱུགས་ནད་ཁོག །གློ་རྐུན་སྲི་རྐུན་རྟ་ཡི་བདུད་མ་བྱེད། །བཙན་རིགས་རང་རང་མཐུ་དང་རྫུ་འཕྲུལ་གྱིས་། །བདག་ལ་ཆོས་དང་མཐུན་པའི་སྡོང་གྲོགས་མཛོད། །སོ་སོ་རང་རང་གནས་སུ་གཙྪ་མུ། །བདེ་ལེགས་འབྱོར་པའི་དཔལ་ལ་ཨེ་མ་ཧོ། །ཞེས་བཙན་རིགས་བསང་མཆོད་བདུད་རྩི་རྒྱ་མཚོ་ཞེས་པ་ཨ་རཱ་གས་སྦྱར་བའོ།།


previousབཙན་བསང་བདུད་རྩིའི་རྒྱ་མཚོ།next