Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྟག་ཞོན་འཁོར་གསུམ་གྱི་བསང་མཆོད།


 
previousསྟག་ཞོན་འཁོར་གསུམ་གྱི་བསང་མཆོད།no next

སྟག་ཞོན་འཁོར་གསུམ་གྱི་བསང་མཆོད།


CMR036_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཞོན་འཁོར་གསུམ་གྱི་བསང་མཆོད་བཞུགས་སོ།། ཧཱུྃ། ཀཱ་ལ་ཆེན་པོ་སྟག་ཞོན་ཁྲོ་བོའི་སྐུ། །ཁ་གདངས་མཆེ་གཙིགས་དར་ནག་བེར་ཆེན་གསོལ། །ག་ཤལ་མི་མགོའི་ཕྲེང་བའི་སེ་རལ་ཁ། །ང་རོས་ཧཱུྃ་ཧཱུྃ་ཕཊ་ཀྱིས་སྟོང་གསུམ་གཡོ། །ཅ་ཅོ་སྒྲོགས་པས་དྲེགས་པའི་དམག་དཔུང་བཅས། །ཆ་ལུགས་བེང་དར་བསྣམས་པའི་མགོན་པོ་ལ། །ཇ་ཆང་ཕུད་དང་ཤ་ཁྲག་གཏོར་མ་འབུལ། །ཉ་རྒྱས་ཟླ་ལྟར་དགེ་ལེགས་འཕེལ་བར་མཛོད། །ཏ་ཐཱ་ག་ཏའི་གྲུབ་ཐོབ་ཆེན་པོ་སྟེ། །ཐཱ་ན་ནོར་ཕྱུགས་ཡན་ཆད་སྤེལ་བའི་ལྷ། །ད་ནི་ཕ་མཚུན་སྤོམ་ར་གཉན་པོ་མཆོད། །ན་ཚ་ཤི་ཆད་གོད་ཁ་མེད་པར་མཛོད། །པཱ་ར་ག་ཏེ་གྲུབ་ཐོབ་ཆེན་པོ་སྟེ། །ཕ་མཚུན་འབྲོང་པ་བན་ཐུང་མ་གཡང་མཆོད། །བ་མོར་ཉི་ཟེར་ཕོག་ལྟར་དགྲ་དང་བགེགས། །མ་ལུས་ཐམས་ཅད་ཞི་བའི་ཕྲིན་ལས་མཛོད། །རྩ་ཁ་ལེགས་ཤིང་རྟ་ཕྱུགས་འཕེལ་བ་དང་། །ཚ་གྲང་འདུ་བའི་ནད་ཀུན་མེད་པར་མཛོད།ཛ་ཡེ་པདྨ་འབྱུང་གནས་བཀའ་བཞིན་དུ། །ཝ་ལེར་མངོན་ཤེས་ལྡན་པའི་ལྷ་ཁྱེད་རྣམས། །ཞྭ་ལྟར་ཐོད་དུ་བཅིངས་ཤིང་རྒྱན་དུ་ཕྱར། །ཟ་འཐུང་ཕུད་ཀྱིས་མཆོད་པ་འབུལ་


CMR036_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

ལགས་ན། །འ་རེ་འུ་རེའི་ཕྱི་ནང་འཁྲུག་རྩོད་དུས། །ཡ་མཚན་ཆེ་བའི་མགོ་ཐོད་སྲུང་སྐྱོབ་མཛོད། །ར་ཆེན་ཁྲི་འབུམ་མང་པོས་འཁོར་བཅས་པའི། །ལ་ཆེན་སྟག་ཞོན་སྤོམ་ར་འཁོར་བཅས་མཆོད། །ཤ་ཚ་སྙིང་རྗེས་ཕ་ཁུ་སྤུན་ཟླ་ལྟར། །ས་ཆ་གར་འདུག་གར་འགྲོའི་ཁ་འཛིན་མཛོད། །ཧ་ཧ་དགྱེས་པའི་གད་མོ་དང་བཅས་པའི། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །ཅེས་འབྲོང་རིགས་གསུམ་གྱི་གསོལ་ཁ་བསྡུས་པ། འབྲོང་རྗེའི་དྲུང་གནས་དུས་དྲིན་ཆེན་༧ རཱ་ག་ཨ་སྱས་མཛད་པའོ། །བཀྲ་ཤིས་པར་ཤོག ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྟག་ཞོན་འཁོར་གསུམ་གྱི་བསང་མཆོད།no next