Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
རྒྱལ་བའི་བསྟན་པ་སྲུང་བའི་ཕྲིན་ལས་ཀྱི་གཉེར་ཁ་འཛིན་པ་འཕགས་པ་རེ་མནྟའི་བསང་མཆོད་དང་རྟ་ལྷའི་བསང་མཆོད།
  
 
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  


2 occurrences of འཚེར་རྩུབ་
[Clear Hits]

 
previousརྒྱལ་བའི་བསྟན་པ་སྲུང་བའི་ཕྲིན་ལས་ཀྱི་གཉེར་ཁ་འཛིན་པ་འཕགས་པ་རེ་མནྟའི་བསང་མཆོད་དང་རྟ་ལྷའི་བསང་མཆོད།next

རྒྱལ་བའི་བསྟན་པ་སྲུང་བའི་ཕྲིན་ལས་ཀྱི་གཉེར་ཁ་འཛིན་པ་འཕགས་པ་རེ་མནྟའི་བསང་མཆོད་དང་རྟ་ལྷའི་བསང་མཆོད།


CMR036_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་དཔའ་ཉི་མའི་སྙིང་པོ་ཉིད་འགྲོ་བ་སྤྱི་དང་ཁྱད་པར་རྔོག་ཆགས་རྣམས་ཀྱི་དཔལ་མགོན་དུ་བཞེངས་ཤིང་། རྒྱལ་བའི་བསྟན་པ་སྲུང་བའི་ཕྲིན་ལས་ཀྱི་གཉེར་ཁ་འཛིན་པ་འཕགས་པ་རེ་མནྟའི་བསང་མཆོད་ནི། ཀྱཻ་སྙིང་པོ་བྱང་ཆུབ་ཤིང་དྲུང་དུ། །བཅོམ་ལྡན་ཤཱཀྱ་ཐུབ་པ་ལ། །ཅང་ཤེས་ཉི་མའི་སྙིང་པོ་དང་། །བྱང་ཆུབ་སེམས་དཔའ་བརྒྱད་ཀྱིས་བསྐོར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །མེ་དཔུང་འབར་བའི་གཞལ་ཡས་ན། །རྟ་མགྲིན་རྒྱལ་པོ་ཧེ་རུ་ཀ །སྐུ་མདོག་དམར་པོ་མེ་འོད་འཕྲོ། །ཞལ་གཅིག་ཕྱག་གཉིས་ཞབས་གཉིས་བསྒྲད། །རྡོ་རྗེ་དབྱུག་ཐོ་ལྕགས་སྒྲོག་བསྣམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །ཁྲོ་གཉེར་སྤྱན་གསུམ་འཕྲོ་ཞིང་གཟིགས། །སྤྱི་གཙུག་རྟ་ཞལ་རྟ་སྐད་འཚེར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །རྟ་ལྷའི་རྒྱལ་པོ་རེ་མནྟ། །ཆིབས་སུ་རྟ་སྔོན་ཞྭ་ནག་ཆིབས། །སྐུ་ལ་བསེ་ཁྲབ་སེར་པོ་གསོལ། །ལྕགས་ཁྲ་ཟུང་རེ་ཕྲུག་ལ་ལྡིང་། །སྟག་གཉིས་སྔོན་འཕྱོ་སེང་གཉིས་རྒྱབ། །སྤྱི་གཙུག་ཁྱུང་ཆེན་ཟུང་རེ་ལྡིང་། །མདའ་གཞུ་མདུང་དར་རལ་གྲི་འཛིན། །


CMR036_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བ་དན་རྡོ་རྗེ་རྩེ་ལྔ་དང་། །སྣ་ཚོགས་མཚོན་བསྣམས་འཁོར་ལྔ་བརྒྱ། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །དཔལ་ལྡན་མགོན་པོ་ནག་པོ་ནི་། །ཆིབས་སུ་རྟ་ནག་རྟིང་དཀར་ཆིབས། །རྟ་དང་མི་ཡི་སྐར་ངན་སེལ། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །རྟ་ནད་དྲག་པོ་འདུལ་མཛད་པ། །བྱང་ཆུབ་གང་བ་བཟང་པོ་ལ། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །རྒྱལ་ཆེན་མགོན་པོ་རྣམ་ཐོས་སྲས། །བྱང་ཆུབ་གསེར་འདྲ་སེང་གེ་ཞོན། །མི་འཇིགས་སྐྱོབ་ཕྱིར་ནེའུ་ལེ་འཛིན། །རྟ་ནོར་འཕེལ་མཛད་གནོད་སྦྱིན་འཁོར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་།མགོན་པོ་མི་དཀར་རྟ་དམར་ཆིབས། །དུང་གི་གོ་གསོལ་ཅོད་པན་དམར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་རྒྱལ་པོ་བསང་། །ནོར་ལྷ་རྟ་བདག་ཀུ་ཝེ་ར། །བསེ་ཡི་གོ་གསོལ་རྟ་སྔོན་ཆིབས། །ཕྱག་ན་རལ་གྲི་བ་དན་བསྣམས། །འཁོར་དུ་ལྷ་ཆེན་བརྒྱད་ཀྱིས་བསྐོར། །མཆོད་དོ་རྟ་ལྷའི་རྒྱལ་པོ་མཆོད། །བསང་ངོ་རྟ་ལྷའི་


CMR036_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བསང་། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ཀྱིས། །རྔོ་དང་འབྲས་དང་འཚེར་ལངས་དང་། །གློ་དང་ལྷད་དང་འཐིང་གྲུམ་སོགས། །རྟ་ནད་ཐམས་ཅད་ཞི་བར་མཛོད། །དགྲ་རྐུན་གཅན་གཟན་གནོད་པ་ཟློག །གདོན་བགེགས་སྲི་ལ་མ་སྐུར་ཅིག །རྟ་ཕོ་བཟང་པོ་རྩལ་བསྐྱེད་ལ། །ཡོ་མ་རྣམས་ཀྱི་ཁྱུ་སྤེལ་ཅིག །རྟའི་རྫིའུ་ཁྱོད་ཀྱིས་མཛོད། །རྟ་ཡི་ཚེ་སྲོག་བརྟན་པར་མཛོད། །ཨོ་ཀུ་ཝེ་ར་ཡེ་སྭཱ་ཧཱ། །ཞེས་རྟ་གཟུངས་སྡེ་ལྔ་ནས་བཏུས་ཏེ་ཀརྨ་ཨ་རཱ་གས་སྤེལ་བའོ། མངྒ་ལཾ།། །་༈ རྟ་ལྷའི་བསང་ཨོཾ་མཆོད་བསྡུས་པ་བཞུགས་སོ།། ཀྱཻ། རྟ་ལྷའི་རྒྱལ་པོ་ཨཅུ་རེ་མནྟ། །བྱི་རུའི་མདོག་ཅན་རལ་གྲི་འཁོར་ལོ་བསྣམས། །ཤེལ་རྨོག་བསེ་ཁྲབ་གསོལ་ཞིང་རྟ་སྔོན་ཆིབས། །རང་འདྲ་ལྔ་བརྒྱ་འཁོར་ཚོགས་བཅས་པ་རྣམས། །འདིར་གཤེགས་བསང་མཆོད་དམ་པ་འདི་བཞེས་ལ། །རྐང་བཞི་རྟ་རྣམས་འཕེལ་ཞིང་རྒྱས་པར་མཛོད། ཀྱཻ། རྟ་བདག་རྒྱལ་པོ་གནོད་སྦྱིན་ཀུ་ཝེ་ར། །ཁྲབ་རྨོག་གསོལ་ཞིང་རྟ་ནག་མདངས་ལྡན་ཆིབས། །རང་འདྲ་ལྔ་བརྒྱ་གནོད་སྦྱིན་འབུམ་དང་བཅས། །འདིར་གཤེགས་བསང་མཆོད་དམ་པ་འདི་བཞེས་


CMR036_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །རྔོག་ཆགས་རྟ་རྣམས་སྲུང་ཞིང་སྐྱོབ་པ་དང་། །མང་དུ་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛོད། །རྟ་ལྷ་ཁྱེད་རྣམས་བསངས་བའི་ཡོན་ཏན་གྱིས། །རྟ་ནད་ འཚེརརྩུབ next hit་ཟློག་པའི་ཕྲིན་ལས་མཛོད། །རཱ་ག་ཨ་སྱས་སྦྱར་བའོ། །མངྒ་ལཾ།། །།


previousརྒྱལ་བའི་བསྟན་པ་སྲུང་བའི་ཕྲིན་ལས་ཀྱི་གཉེར་ཁ་འཛིན་པ་འཕགས་པ་རེ་མནྟའི་བསང་མཆོད་དང་རྟ་ལྷའི་བསང་མཆོད།next