Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
གཏོ་འབོད་གསང་བ་ཀུན་འདུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོ་འབོད་གསང་བ་ཀུན་འདུས།next

གཏོ་འབོད་གསང་བ་ཀུན་འདུས།


CMR038_Page_0059
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་འབོད་གསང་བ་ཀུན་འདུས་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR038_Page_0060
[མ་དཔེ་གཟིགས་ན་འདིར་གནོན།]

མཉྫ་ཤི་ལ་ན་མོ། ཀོང་ཙེ་རྒྱལ་པོས་མཛད་པའི་གཏོ་ཐམས་ཅད་ཀྱི་གོང་སེལ་སྲིད་པའི་གཏོ་འབོད་ཆེན་མོ། སྤར་ཁ་ཐམས་ཅད་ཀྱི་སྤྱི་གཞུང་ཆེན་པོ་ཡིན་ཏེ། དེ་ལ་བཅའ་ཐབས་ནི་སོ་སོའི་གཞུང་ལས་བྱུང་བ་ལྟར་བྱས་ལ་འདི་སྐད་དོ།། ཀྱཻ། ཉོན་ཅིག་ལྷ་སྲིན་སྡེ་བརྒྱད་རྣམས། །གནམ་ལོ་རྒྱལ་པོའི་མངའ་འོག་ན། །ཟླ་བ་བློན་པོའི་མཆན་འོག་ན། །ཞིག་དང་ཟ་མའི་དུས་ཚོད་ལ། །གཏོ་མཁན་རྒྱལ་པོས་གཏོ་བྱེད་ན། །དཔྱད་མཁན་རྒྱལ་པོས་དཔྱད་ཅིག་བྱེད་། །འབྱུང་བ་འཁྲུག་པ་ང་ཡིས་བསྡེབ། །གཏོ་འདི་དང་པོ་སུས་མཛད་ན། །སྔོན་གྱི་བསྐལ་པ་དང་པོ་ལ། །འོག་མིན་ཆོས་ཀྱི་ཕོ་བྲང་


CMR038_Page_0061
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཕགས་པ་འཇམ་དཔལ་གཞོན་ནུས་མཛད། །བར་གྱི་བསྐལ་པ་དབུས་མ་ལ། །དགའ་ལྡན་ལྷ་ཡི་ཕོ་བྲང་ན། །རྣམ་པར་རྒྱལ་བའི་ཁང་བཟང་དུ། །ལྷ་ཡི་རྒྱལ་པོ་ཚངས་པས་མཛད། །དེ་ནས་བསྐལ་པ་ཐ་མ་ལ། །རི་བོ་མཆོག་རབ་སྟེང་ཤོད་ན། །ཀླུ་ཤིང་ཏ་ལའི་ལོ་མ་ལ། །ལྷ་མོ་རྣམ་རྒྱལ་མ་ཡིས་མཛད། །དེ་ནས་གཏོ་འདི་སུས་མཛད་ན། །རི་བོ་མཆོག་རབ་སྐྱེད་པ་ན། །རྒྱལ་ཆེན་རིགས་བཞི་ལྷ་ཡིས་མཛད། །དེ་ནས་གཏོ་འདི་སུས་མཛད་ན། །རི་བོ་མཆོག་རབ་རྩ་བ་རུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད། །དེ་ནས་


CMR038_Page_0062
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་འདི་སུས་མཛད་ན། །རྒྱུ་མངོན་པར་ཤེས་པ་མི་བཞིས་མཛད། །གཏོ་མཁན་བདག་ལ་མ་གནོད་ཅིག །ལོ་ཡི་མགོ་ལ་གཏོ་བྱེད་ན། །ཤིང་ཕོ་བྱི་བ་གཏོ་ལ་བྱོན། །གཏོ་མཁན་བདག་ལ་མ་གནོད་ཅིག །དྲུག་ཅུ་ལོ་ཡི་སྐག་སྒྱུར་ཅིག །ཟླ་བའི་མགོ་ལ་གཏོ་བྱེད་ན། །མེ་ཕོ་སྟག་ནི་གཏོ་ལ་བྱོན། །ཟླ་བ་བཅུ་གཉིས་སྐག་སྒྱུར་ཅིག །ཉི་མའི་མགོ་ལ་གཏོ་བྱེད་ན། །ས་ཕོ་སྟག་ནི་གཏོ་ལ་བྱོན། །ཉི་མས་དམག་ལམ་མ་བྱེད་ཅིག །ཉི་སྐག་སུམ་བརྒྱ་དྲུག་ཅུ་སྒྱུར། །དུས་ཚོད་མགོ་ལ་གཏོ་བྱེད་ན། །ལྕགས་མོ་ཡོས་ནི་གཏོ་ཚེལ་བྱོན། །དུས་ཚོད་བདུད་དུ་མ་གཅོད་ཅིག །གཟའ་ཡི་མགོ་ལ་གཏོ་བྱེད་ན། །གཟའ་ཆེན་ཉི་མ་གཏོ་ལ་བྱོན། །གཟའ་ནད་གདུག་པ་མ་གཏོང་ཞིག །རྒྱུ་སྐར་མགོ་ལ་གཏོ་བྱེད་ན། །སྐར་མ་སྨིན་དྲུག་གཏོ་ལ་བྱོན། །གཟའ་སྐར་ངན་པ་བསྒྱུར་དུ་གསོལ། །སྤར་ཁའི་མགོ་ལ་གཏོ་བྱེད་ན། །ལི་ཡི་བུ་མོ་གཏོ་ལ་བྱོན། །སྤར་ཁའི་གདན་ས་ངན་པ་ཟློག །སྨེ་བའི་མགོ་ལ་གཏོ་བྱེད་ན། །སྨེ་བ་གཅིག་དཀར་གཏོ་ལ་བྱོན། །སྨེ་སྡོད་ངན་པ་བཟློག་ཏུ་གསོལ། །འབྱུང་བ་མགོ་ལ་གཏོ་བྱེད་ན། །འབྱུང་བ་ཤིང་ནི་གཏོ་ལ་


CMR038_Page_0063
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །འབྱུང་བ་འཁྲུགས་པ་གཏོ་ཡིས་ཟློག །དར་གུད་མགོ་ལ་གཏོ་བྱེད་ན། །དབུགས་རྒྱུ་ཉིད་ཀྱང་གཏོ་ལ་བྱོན། །དར་གུད་སྐྱེ་གནས་ངན་པ་ཟློག ༈ ། ཀྱཻ༔ སྣང་སྲིད་ལྷ་འདྲེ་ཀུན་ཉོན་དང་། །སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག །ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག །དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག །བདེན་པའི་མཆོག་ནི་དཀོན་མཆོག་གསུམ་གྱི་བཀའ། །བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད། །སྲིད་པའི་ཆུ་ལ་མི་འཐུང་གང་ཡང་མེད། །རི་རབ་ཟོམ་ལ་མི་བརྟེན་གང་ཡང་མེད། །གཙུག་ལག་གཏོ་ཡིས་མི་འགྱུར་གང་ཡང་མེད། །ཀོང་ཙེས་དེ་སྐད་གསུངས་པ་ལས། །སློབ་མ་ཡང་རྩེས་འདི་སྐད་ཞུས། །ལྷས་སྦྱིན་ནག་པོས་རྒྱལ་བའི་བཀའ་མི་ཉན། །བདུད་ཀྱི་བདེན་དགུ་ཟོར་མོ་མདའ་ཡིས་ཕུག །བྱ་ཁྱུང་རྒྱལ་པོས་སྲིད་པའི་ཆུ་མི་འཐུང་། །ལས་ཀྱི་རྣམ་སྨིན་ཀོང་ཙེས་གཏོས་མི་འགྱུར། །ཡང་ཅེས་དེ་སྐད་ཞུས་པ་ལ། །ཀོང་ཙེ་རྒྱལ་པོས་འདི་སྐད་གསུངས། །ལྷ་སྲིན་སྡེ་བརྒྱད་རྒྱལ་བའི་བཀའ་ལ་འདུས། །བྱ་ཁྱུང་རྒྱལ་པོས་དཔག་བསམ་ཆུ་ལ་འཐུང་། །བདུད་ཀྱི་


CMR038_Page_0064
[མ་དཔེ་གཟིགས་ན་འདིར་གནོན།]

བདེན་དགུ་ཟོར་མོ་མདའ་ཡིས་ཕིག །ལོ་ཀག་ཟླ་ཀག་ཀོང་ཙེའི་གཏོ་ཡིས་འགྱུར། །ལས་ཀྱི་རྣམ་སྨིན་ཆོས་ཉིད་བདེན་པས་སྦྱོང་། །ལྷས་སྦྱིན་ནག་པོས་རྒྱལ་བའི་བཀའ་ལ་ཉན། །སེམས་ཅན་ཐམས་ཅད་སྲིད་པའི་ཆུ་ལ་འཐུང་། །རི་དྭགས་ཆེ་དགུ་རི་རབ་ཟོམ་ལ་བརྟེན། །བདག་དང་རྒྱུ་སྦྱོར་ཡོན་བདག་འདི་དག་གིས། །སྲིད་པ་ལས་ཀྱི་གཏོ་བྱེད་ན། །རྒྱུ་སྦྱོར་ཡོན་བདག་བསྐྱབ་ཏུ་གསོལ། །འཇམ་ལྕགས་ཀྱི་མཆིལ་མ་ཐིགས་གཅིག་ལ། །འབྱུང་བ་དང་པོ་ཆུ་རུ་སྲིད། །འཇམ་དཔལ་སྐུ་ཡི་སྤྲུལ་པ་ལས། །རུས་སྦལ་སེར་པོ་གཅིག་ཏུ་སྲིད། །བརྟག་ན་སྣང་བ་མ་ཡིན་པས། །དེ་ནས་འབྱུང་བ་ལྔ་རུ་སྲིད། །དྭངས་མ་ཁེན་པ་གཏོ་ལ་བྱོན། །སྙིང་མ་ཁོན་མ་གཏོ་ལ་བྱོན། །གིན་ཟོན་ལྕམ་དྲལ་གཏོ་ལ་བྱོན། །དྭ་ལི་ལྕམ་དྲལ་གཏོ་ལ་བྱོན། །ནལ་ཕྲུག་ཁམ་ཟིན་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །རྩ་རྒྱུས་མཆིན་པའི་སྤྲུལ་པ་ལས། །འབྱུང་བ་དང་པོ་ཤིང་དུ་སྲིད། །ཤིང་གི་སྟག་ཡོས་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །དྲོད་དང་སྙིང་གི་སྤྲུལ་པ་ལས། །འབྱུང་བ་གཉིས་པ་མེ་རུ་སྲིད། །མེ་ཡི་རྟ་སྦྲུལ་གཏོ་ལ་


CMR038_Page_0065
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །རུས་དང་གློ་བའི་སྤྲུལ་པ་ལས། །འབྱུང་བ་གསུམ་པ་ལྕགས་སུ་སྲིད། །ལྕགས་ཀྱི་བྱ་སྤྲེའུ་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །རླན་དང་མཁལ་མའི་སྤྲུལ་པ་ལས། །འབྱུང་བ་བཞི་པ་ཆུ་རུ་སྲིད། །ཆུ་ཡི་བྱི་ཕག་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །མཚེར་པ་ཤ་ཡི་སྤྲུལ་པ་ལས། །འབྱུང་བ་ལྔ་པ་ས་རུ་སྲིད།། །ཁྱི་འབྲུག་གླང་ལུག་བཞི་པོ་གཏོ་ལ་བྱོན། །དུག་ལྔ་འདུས་པའི་སེམས་ཀྱིས་མ་བྱོན་ཅིག །སྙིང་རྗེ་བྱམས་པའི་སེམས་ཀྱིས་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུས་སྦལ་གྱི། །མིག་གི་རྫི་མ་ཆགས་པ་ལས། །ཐོ་རས་སྐར་ཆེན་གཅིག་ཏུ་སྲིད། །སྨེ་བ་གཅིག་དཀར་གཏོ་ལ་བྱོན། །མིག་གི་འབྲས་བུ་ནག་པ་ལ། མྱ་ངན་བྱུར་གྱི་མཚེ་གཉིས་བྱུང་། །སྨེ་བ་གཉིས་ནག་གཏོ་ལ་བྱོན། །ཤངས་ལ་བྱེ་བྲལ་རླུང་གསུམ་བྱུང་། །སྨེ་བ་གསུམ་མཐིང་གཏོ་ལ་བྱོན། །ཞལ་གྱི་རླངས་པ་སྔོན་པོ་ལ། །བྱུར་གྱི་མཚོ་མོ་རྡོལ་བ་སྟེ། །གྱོད་ཀྱི་དུ་བ་སྤུན་བཞི་བྱུང་། །སྨེ་བ་བཞི་ལྗང་གཏོ་ལ་བྱོན། །མ་ཧཱ་གསེར་གྱི་རུ་སྦལ་གྱི། །ཤ་དང་པགས་པའི་བར་ཤེད་ན། །ཆུ་


CMR038_Page_0066
[མ་དཔེ་གཟིགས་ན་འདིར་གནོན།]

སེར་གྱི་ནི་མཚོ་ལྔ་བྱུང་། །སྨེ་བ་ལྔ་སེར་གཏོ་ལ་བྱོན། །རུ་སྦལ་སྒལ་ཚིགས་བར་ཤེད་ནས། །དཔལ་གྱི་གངས་རི་དྲུག་ཏུ་བྱུང་། །སྨེ་བ་དྲུག་དཀར་གཏོ་ལ་བྱོན། །ལྟེ་བ་ཁྲག་གི་ཐིགས་པ་བདུན། །སྨེ་བ་དེ་ནི་བདུན་དམར་བྱུང་། །དེ་ལ་ཤན་པ་མི་བདུན་སྲིད། །སྨེ་བ་བདུན་དམར་གཏོ་ལ་བྱོན། །རུས་སྦལ་དཔྲལ་བའི་འཁོར་ལོ་ནས། །མེ་ཏོག་ཧ་ལོ་དཀར་པོ་བྱུང་། །།དེ་ལ་སྨེ་བ་བརྒྱད་དཀར་སྲིད། །སྨེ་བ་བརྒྱད་དཀར་གཏོ་ལ་བྱོན། །དབང་པོ་བུ་གའི་སྒོ་དགུ་ནས། །ནོར་ལྷ་ལྕམ་དྲལ་དགུ་རུ་སྲིད། །སྨེ་བ་དགུ་དམར་གཏོ་ལ་བྱོན། །རུས་སྦལ་སྤྱན་མིག་གཡས་གཡོན་ལ། །ཉི་མ་ཟླ་བ་གཉིས་སུ་བྱུང་། །ཉི་མ་ཟླ་བ་གཏོ་ལ་བྱོན། །མཆེ་བ་བཞི་ཡི་ཟུར་བརྒྱད་ལ། །དྲང་སྲོང་དེ་ནི་གཟའ་བརྒྱད་བྱུང་། །གཟའ་ཆེན་བརྒྱད་པོ་གཏོ་ལ་བྱོན། །སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བྱུང་། །རྒྱུ་སྐར་ཉེར་བརྒྱད་གཏོ་ལ་བྱོན། །རུས་སྦལ་ངར་སྐད་ལྕེ་གཉིས་ལ། །གློག་དང་གཡུ་འབྲུག་གཉིས་སུ་བྱུང་། །གློག་འབྲུག་ངར་ཅན་གཏོ་ལ་བྱོན། །སྙན་གཉིས་འཇའ་ཚོན་སྣ་ལྔ་བྱུང་། །འཇའ་ཚོན་སྣ་ལྔ་གཏོ་ལ་


CMR038_Page_0067
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན། །རུས་སྦལ་ཁྲོས་པས་ཐོག་སེར་འབེབས། །ཐོག་སེར་བདག་པོ་གཏོ་ལ་བྱོན། །རུས་སྦལ་ཁ་ཡི་རླངས་པ་ལ། །ཁ་ཆར་རླུང་དང་བུ་ཡུག་བྱུང་། །བུ་ཡི་ཡུག་བདག་པོ་གཏོ་ལ་བྱོན། །ཡས་ཀྱི་དེ་ནི་ཡ་བདུད་དང་། །མས་ཀྱི་དེ་ནི་མ་བདུད་དང་། །ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀྱང་། །ཐམས་ཅད་དུག་ལྔའི་སེམས་ཀྱིས་མ་བྱོན་པར་། །སྙིང་རྗེ་བྱམས་པའི་སེམས་ཀྱིས་གཏོ་ལ་བྱོན། །དེ་རིང་གཏོ་ལ་མ་བྱོན་ན། །འཕགས་པ་རྣམས་ཀྱི་བཀའ་ཆད་ཀྱིས། །ལུས་དང་སེམས་ཀྱང་འབྲལ་བར་འགྱུར། །གལ་ཏེ་འོང་ནས་གཏོ་བླངས་ན། །ཁྱེད་རྣམས་བཀྲ་ཤིས་ཕུན་སུམ་ཚོགས། །རྒྱུ་སྦྱོར་ཡོན་བདག་སྐག་ལས་ཐར། །གཏོ་མཁན་བདག་ཀྱང་ངོ་སོ་ཆེ། །བཤམས་པའི་ཡས་ཀྱང་ཆུད་མ་ཟོས། །ཀྱཻ། དང་པོ་ཅི་ཡང་མེད་པ་ལ། །ནམ་མཁའ་གྲུ་གསུམ་ཡངས་པ་སྲིད། །དེ་ལ་རླུང་གི་དཀྱིལ་འཁོར་སྲིད། །དེ་ལ་ཆུ་ཡི་དཀྱིལ་འཁོར་སྲིད། །དེ་ལ་གསེར་གྱི་ས་གཞི་སྲིད། །དེ་སྟེང་རི་རབ་གླིང་བཞི་སྲིད། །དེ་ནས་འགྲོ་བ་རིགས་དྲུག་སྲིད། །དེ་ནས་མི་དང་གདོན་གཉིས་མ་མཐུན་ནས། །འཕགས་པ་འཇམ་དཔལ་ཐུགས་


CMR038_Page_0068
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཡིས། །ཞལ་ནས་བཀའ་སྩལ་གསུངས་པ་ལ། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱང་། །བགེགས་ཀྱི་དབྱེན་ལ་མ་ཉོན་ཅིག །བདེན་ཚིག་རྒྱལ་བའི་བཀའ་མ་བཅག །གལ་ཏེ་རྒྱལ་བའི་བཀའ་བཅག་ན། །ཁྱེད་རྣམས་རྡུལ་དུ་རླག་པར་བྱེད། །གལ་ཏེ་ང་ཡི་བཀའ་ཉན་ན། །ཁྱེད་ལ་ཅི་འདོད་དངོས་གྲུབ་འོང་། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱང་། །མཐོ་བའི་གནས་ནས་སྤྱན་འདྲེན་ན། །དཀོན་མཆོག་གསུམ་གྱི་ཞབས་དྲུང་དུ། །འཁོར་ཞིང་འཁོར་ཞིང་གཏོ་ལ་བྱོན། །སྟོན་པའི་དམ་ཆོས་ཉན་ཕྱིར་གཏོ་ལ་བྱོན། །དགེ་འདུན་ཞལ་མཐོང་དགོངས་ཤིང་གཏོ་ལ་བྱོན། །མཐོ་རིས་བདེ་སྐྱིད་དགོངས་ཤིང་གཏོ་ལ་བྱོན། །དབང་པོ་ཚང་བར་དགོངས་ཤིང་གཏོ་ལ་བྱོན། །གཤིན་རྗེའི་ཞགས་པ་བཀྲོལ་ཞིང་གཏོ་ལ་བྱོན། །རི་རབ་རི་བདུན་ཀུན་ནས་གཏོ་ལ་བྱོན། །རོལ་པའི་མཚོ་བདུན་ཀུན་ནས་གཏོ་ལ་བྱོན། །གླིང་བཞི་གླིང་ཕྲན་ཀུན་ནས་གཏོ་ལ་བྱོན། །རི་རྩེ་མཐོན་པོ་ཀུན་ནས་གཏོ་ལ་བྱོན། །ལུང་པ་ཆུ་ཀླུང་ཀུན་ནས་གཏོ་ལ་བྱོན། །རི་སུལ་གད་ཁུག་ཀུན་ནས་གཏོ་ལ་བྱོན། །མཆོད་སྦྱིན་དར་བའི་ཡུལ་ནས་གཏོ་ལ་བྱོན། །རི་རབ་བང་རིམ་ཀུན་


CMR038_Page_0069
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གཏོ་ལ་བྱོན། །ལྗོན་ཤིང་བྲག་རི་ཀུན་ནས་གཏོ་ལ་བྱོན། །སྤང་སྣ་སྤང་ལྗོངས་ཀུན་ནས་གཏོ་ལ་བྱོན། །རྒྱ་མཚོ་ཆེ་ཆུང་ཀུན་ནས་གཏོ་ལ་བྱོན། །ཆུ་ཀླུང་འབབ་ཆུ་ཀུན་ནས་གཏོ་ལ་བྱོན། །ལུ་མ་ལྡིང་ཀ་ཀུན་ནས་གཏོ་ལ་བྱོན། །ཤིང་གཅིག་དུར་ཁྲོད་ཀུན་ནས་གཏོ་ལ་བྱོན། །ལམ་སྲང་སུམ་མདོ་ཀུན་ནས་གཏོ་ལ་བྱོན། །ཕོ་བྲང་འདུན་ས་ཀུན་ནས་གཏོ་ལ་བྱོན། །ཚོང་འདུས་ལུང་མདོ་ཀུན་ནས་གཏོ་ལ་བྱོན། །མྱ་ངན་འགོག་པའི་ཡུལ་ནས་གཏོ་ལ་བྱོན། །མེ་ཏོག་ནགས་ཚལ་ཀུན་ནས་གཏོ་ལ་བྱོན། །དམྱལ་བ་ཚ་གྲང་ཡུལ་ནས་གཏོ་ལ་བྱོན། །ཡི་དྭགས་བཀྲེས་སྐོམ་ཡུལ་ནས་གཏོ་ལ་བྱོན། །བྱོལ་སོང་གླེན་ལྐུགས་ཡུལ་ནས་གཏོ་ལ་བྱོན། །བྲེལ་ཕོངས་མི་ཡི་ཡུལ་ནས་གཏོ་ལ་བྱོན་། །འཐབ་རྩོད་ལྷ་མིན་ཡུལ་ནས་གཏོ་ལ་བྱོན། །ཕམ་ལྟུང་ལྷ་ཡི་ཡུལ་ནས་གཏོ་ལ་བྱོན། །སྟེང་འོག་ཕྱོགས་མཚམས་ཀུན་ནས་གཏོ་ལ་བྱོན། །ས་འོག་ས་སྟེང་ཀུན་ནས་གཏོ་ལ་བྱོན། །ཉིན་མོ་རྒྱུ་བའི་གདོན་རྣམས་གཏོ་ལ་བྱོན། །མཚན་མོ་རྒྱུ་བའི་གདོན་རྣམས་གཏོ་ལ་བྱོན། །སྲོག་ཆགས་ཀུན་ལ་གནོད་པ་ཡི། །ལོ་སྐག་དང་ནི་ཟླ་སྐག་དང་། །


CMR038_Page_0070
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་སྐག་དང་ནི་དུས་ཚོད་སྐག་རྣམས་ལ། །དབང་རྣམས་བྱེད་ཅིང་གནོད་པ་ཡི། །སྐག་དང་གཤེད་དང་དུར་འཁྲུག་དང་། །དེ་དག་བཟློག་ཅིང་བསྒྱུར་བའི་ཕྱིར། །དེ་རིང་གཏོ་ལ་སྤྱན་འདྲེན་ནོ། །འདོད་ཆགས་གླེན་པའི་སེམས་ཀྱིས་མ་འབྱོན་ཅིག །གཏི་མུག་རྨོངས་པའི་སེམས་ཀྱིས་མ་འབྱོན་ཅིག །ཞེ་སྡང་འཐབ་རྩོད་སེམས་ཀྱིས་མ་འབྱོན་ཅིག །ང་རྒྱལ་ཁོང་ཁྲོའི་སེམས་ཀྱིས་མ་འབྱོན་ཅིག །ཕྲག་དོག་ངན་པའི་སེམས་ཀྱིས་མ་འབྱོན་ཅིག །སྙིང་རྗེ་བྱམས་པའི་སེམས་ཀྱིས་གཏོ་ལ་བྱོན། །དགའ་དང་གུས་པའི་སེམས་ཀྱིས་གཏོ་ལ་བྱོན། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱང་། །ཚོང་པ་རིན་ཆེན་གླིང་དུ་ཕྱིན་པ་ལྟར། །དགོས་འདོད་རེ་བ་སྐོང་བའི་གཏོ་བཅོས་བྱེད། །སྣང་སྲིད་ལྷ་འདྲེ་ཁྱེད་རྣམས་ཀྱང་། །འདུས་འདུས་དེ་ནི་གཏོ་ལ་འདུས།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོ་འབོད་གསང་བ་ཀུན་འདུས།next