Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
ཤིང་རིས་ནམ་རྒྱང་མདའ་འཕང་སོགས་ཀྱི་འཕྱོང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤིང་རིས་ནམ་རྒྱང་མདའ་འཕང་སོགས་ཀྱི་འཕྱོང་།next

ཤིང་རིས་ནམ་རྒྱང་མདའ་འཕང་སོགས་ཀྱི་འཕྱོང་།


CMR038_Page_0071
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་རིས་ནམ་རྒྱང་མདའ་འཕང་སོགས་ཀྱི་འཕྱོང་ནི། ཧཱུྃ། ལོ་ཟླ་ཞག་དུས་བདག་པོ་ལ། །ལོ་བདུད་ལོ་གཤེད་བཅུ་གཉིས་དང་། །ལན་ཆགས་བདག་པོ་ཐམས་ཅད་ལ། ། མཐུན་པའི་དམ་རྫས་འབུལ་བ་ནི། །མདའ་བཀྲ་སྐྱེས་པ་སྟག་ཆོས་ཅན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །ཟ་མ་མོ་ཡི་གླུད་དུ་འབུལ། །རྒྱང་བུ་འཇའ་ཚོན་གཟི་བརྗིད་འབར། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །བྱིས་པ་ཆུང་བའི་གླུད་དུ་འབུལ། །ཤིང་རིས་འཇའ་ཚོན་འོད་དུ་འབར། །རང་རང་སྤར་ཁའི་ཕྱག་རྒྱ་གསལ། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ། །མཁའ་ནི་ནང་གི་སེམས་ཡིན་པས། །གཉིས་མེད་མཚོན་པའི་ནམ་མཁའ་འདི། །སྟོང་པ་སེམས་ཀྱི་གླུད་དུ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །རྟ་བརྒྱ་གནག་སྟོང་བེའུ་ལུག་ཁྲི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །རྟ་ཕྱུགས་རྣམས་ཀྱི་གླུད་དུ་འབུལ། །མི་ནད་ནོར་ནད་བསྒྱུར་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །


CMR038_Page_0072
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་རྭ་གས་སྦྱར་བའོ། །སརྦ་མངྒ་ལཾ།། །།


previousཤིང་རིས་ནམ་རྒྱང་མདའ་འཕང་སོགས་ཀྱི་འཕྱོང་།next