Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གཏོ་གླུད་གསེར་སྐྱེམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏོ་གླུད་གསེར་སྐྱེམས།next

གཏོ་གླུད་གསེར་སྐྱེམས།


CMR038_Page_0077
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཡོག་པར་གསེར་སྐྱེམས་གཏོར་བཅུག་ཅིང་། ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་གཤིན་རྗེའི་གཤེད། །སྲིད་གསུམ་འདི་ན་ང་དབང་ཆེ། །སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན། །ཐམས་ཅད་ང་ཡི་བཀའ་ལ་ཉོན། །།ཀོང་ཙེ་སྲིད་པའི་གཏོ་ནག་འདི། །དོ་ནུབ་གང་དང་གང་དུ་གཏོང་། །ཐེ་སེ་གཙང་ཀུན་ཧལ་ཁྱི་དང་། །སེ་བ་བླ་མཁྱེན་སྔ་ཕྱི་གཉིས།དེ་སོགས་ལོ་ལ་འཁོར་བ་ཡི། །ས་བདག་རྗེ་བློན་བཅུ་བདུན་གྱི། །སྟེང་དུ་གཏོ་གླུད་མི་གཏོང་ངོ། །གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཀོ་ལོང་རུ་ང་མ་མཛད་པར། །གཏོ་གླུད་ལེན་པའི་སྡོང་གྲོགས་མཛོད། །ལྷ་ཆེན་བཙུན་མོ་བློན་པོ་དང་། །གྲུལ་བུམ་བ་དན་ཁྲ་བོ་དང་། །ཟླ་བའི་ས་བདག་བཅུ་བདུན་དང་། །ལྔ་སེར་གནམ་ཐེལ་སེར་ནག་གི །སྟེང་དུ་གཏོ་གླུད་མི་གཏོང་ངོ། །གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཀོ་ལོང་རུ་ང་མ་མཛད་པར། །གཏོ་གླུད་ལེན་པའི་སྡོང་གྲོགས་མཛོད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྲོག་ལྷ་ལུས་ལྷ་དཔལ་དང་གཡང་། །གནམ་སྨན་གནས་པའི་ཕྱོགས་


CMR038_Page_0078
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སུ། །སྟེང་དུ་གཏོ་གླུད་མི་གཏོང་ངོ། །གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཀོ་ལོང་རུ་ང་མ་མཛད་པར། །གཏོ་གླུད་ལེན་པའི་སྡོང་གྲོགས་མཛོད། །རྣལ་འབྱོར་མ་བརྒྱད་མཁའ་འགྲོ་ལྔ། །གཟའ་བརྒྱད་ཐུབ་ཕྱེད་སྒྲ་གཅན་དང་། །བིཊྚི་དུས་མཚན་ཆེན་མོ་དང་། །གྱི་ལིང་དང་ནི་ཁྲ་ཚ་དང་། །གསེར་མཛོད་གཡུ་མཛོད་ལ་སོགས་དང་། །ཞག་དང་དུས་ལ་རྒྱུ་བ་ཡི། །སྟེང་དུ་གཏོ་གླུད་མི་གཏོང་ངོ། །གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཀོ་ལོང་རུ་ང་མ་མཛད་པར། །གཏོ་གླུད་ལེན་པའི་སྡོང་གྲོགས་མཛོད། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཡུལ་ལྷ་བཙན་དང་ཀླུ་བདུད་སོགས། །གཉུག་མར་གནས་པ་མཐུ་ཆེན་གྱི། །སྟེང་དུ་གཏོ་གླུད་མི་གཏོང་ངོ། །གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །ཀོ་ལོང་རུ་ང་མ་མཛད་པར། །གཏོ་གླུད་ལེན་པའི་སྡོང་གྲོགས་མཛོད། །འོ་ན་གཏོ་གླུད་གང་དུ་གཏོང་། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །།གནོད་པའི་གདོན་གྱི་སྟེང་དུ་གཏོང་། །འདྲེ་ལྔ་བདུད་གཅོད་


CMR038_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་གཏོང་། །ལོ་བདུད་གནས་པའི་སྟེང་དུ་གཏོང་། །ཟླ་བའི་ཡས་ལམ་ཕྱོགས་སུ་གཏོང་། །ལྷ་དང་འདྲེ་ཡང་གྲངས་མང་བས། །གཙང་དང་མི་གཙང་ཕྱོགས་འཛོམ་ན། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་མར་ཁུག །བར་པ་རྣམས་ཀྱང་སྐུ་གཟུར་ལ། །གཡས་སུ་ཡོད་པ་གཡོས་སུ་གཟུར། །གཡོན་དུ་ཡོད་པ་གཡོན་དུ་གཟུར། །ཕོ་བྲང་རྣམས་ཀྱང་སྒོ་ཆོད་ལ། །སྤྱན་གཡོས་ན་བཟའ་མཐུ་བ་སྡུས། །གལ་ཏེ་གཏོ་གླུད་གྲིབ་ང་ནི་མ་ཉེས་མ་ལེན་གྱིས། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ཨོཾ་སརྦ་ལོ་ཀ་པཱ་ལ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གཏོ་གླུད་སྤྱི་ཡི་འགེབས་སུ་ཨ་རཱ་གས་སྦྱར། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོ་གླུད་གསེར་སྐྱེམས།next