Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
སྒྲུབ་པ་བཀའ་བརྒྱད་ཀྱི་འཆི་བ་བསླུ་བའི་གཏོ་བསྒྱུར་ཆེན་པོ་དང་། གནམ་ཆོས་ཀྱི་སྤར་ཁ་ལོ་ཟླའི་སྐག་བསྒྱུར་དང་རྒྱ་ནག་ཀོང་ཙེའི་གཏོ་བསྒྱུར་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྒྲུབ་པ་བཀའ་བརྒྱད་ཀྱི་འཆི་བ་བསླུ་བའི་གཏོ་བསྒྱུར་ཆེན་པོ་དང་། གནམ་ཆོས་ཀྱི་སྤར་ཁ་ལོ་ཟླའི་སྐག་བསྒྱུར་དང་རྒྱ་ནག་ཀོང་ཙེའི་གཏོ་བསྒྱུར་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཟིན་བྲིས།next

སྒྲུབ་པ་བཀའ་བརྒྱད་ཀྱི་འཆི་བ་བསླུ་བའི་གཏོ་བསྒྱུར་ཆེན་པོ་དང་། གནམ་ཆོས་ཀྱི་སྤར་ཁ་ལོ་ཟླའི་སྐག་བསྒྱུར་དང་རྒྱ་ནག་ཀོང་ཙེའི་གཏོ་བསྒྱུར་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཟིན་བྲིས།


CMR038_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་བཀའ་བརྒྱད་ཀྱི་འཆི་བ་བསླུ་བའི་གཏོ་བསྒྱུར་ཆེན་པོ་དང་། གནམ་ཆོས་ཀྱི་སྤར་ཁ་ལོ་ཟླའི་སྐག་བསྒྱུར་དང་རྒྱ་ནག་ཀོང་ཙེའི་གཏོ་བསྒྱུར་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཟིན་བྲིས་ཕྱི་རབས་སྔགས་འཆང་དང་ཡོན་བདག་དབུལ་པོ་རྣམས་ལ་རཱ་ག་ཨ་སྱས་བཞག་པ་ཆེན་པོ་མ་ཧཱ་བ་ལ་ཧོ༔


CMR038_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོ་བཀའ་བརྒྱད་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་ལོ༔ ལམ་གྱི་རྣལ་འབྱོར་ཚེ་བསྲིང་ཕྱིར༔ དུས་མིན་འཆི་བ་བསླུ་བའི་དོན་དྲུག་བསྟན༔ ངོ་བོ་ངེས་ཚིག་དགོས་ཆེད་དང་༔ དབྱེ་བ་སྒྲུབ་ཐབས་ཕན་ཡོན་ནོ༔ དང་པོ་འཆི་བསླུའི་ངོ་བོ་ཚེའི་བར་ཆད་བསལ་བའོ༔ གཉིས་པ་ངེས་ཚིག་ནི༔ དུས་མིན་འཆི་བ་ཐབས་ཤེས་ཀྱི་བསླུ་བའོ༔ གསུམ་པ་དབྱེ་བ་ལ་བཞི་སྟེ༔ ཕྱི་རྟེན་འབྲེལ་གཏོ་ཡིས་བསླུ་བ་དང་༔ ནང་ཚོགས་སོགས་སྨན་གྱིས་བསླུ་བ་དང་༔ གསང་བ་འབྱུང་ལྔ་འཁོར་ལོས་བསླུ་བ་དང་༔ དེ་ཁོ་ན་ཉིད་སྙིང་པོ་དོན་གྱིས་བསླུ་ཐབས་སོ༔ བཞི་པ་དགོས་ཆེད་ནི༔ ཚེ་དུས་སུ་བསྲིངས་ཏེ༔ ཉམས་ལེན་མཐར་ཕྱིན་པའི་དགོས་པ་ཡོད་པའོ༔ ལྔ་པ་འཆི་བ་བསླུ་ཐབས་ཀྱི་རིམ་པ་བཞི་


CMR038_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

ལས༔ ཐོག་མར་ཕྱི་རྟེན་འབྲེལ་གཏོའི་བསླུ་ཐབས་ནི༔ རྒྱུད་གཞན་རྗེས་སུ་འབྲངས་ནས་འཆི་ལྟས་རེ་རེ་ལ་བསླུ་བའི་རྟེན་འབྲེལ་རེ་རེས་སེལ་བར་གསུངས་ཀྱང་༔ དར་ཙམ་གྱི་ཕན་ཡོན་ལས་མེད་པས༔ འདིར་རྟེན་འབྲེལ་ཡོངས་རྫོགས་གཏོ་ཆེན་པོས་བསླུ་བའི་ཐབས་ནི༔ གནས་དབེན་པའི་རང་ཁྱིམ་དུ་ས་གཙང་མར་དཀྱིལ་འཁོར་མདའ་གང་གྲུ་བཞིའི་དབུས་སུ༔ ཁམ་སའི་རུ་སྦལ་སེར་པོ་གཅིག་ཁ་ལྷོར་བསྟན་ལ་བཞག༔ དེའི་སྟེང་དུ་ས་སྣ་ལྔ་་་དཀར་སེར་དམར་ལྗང་སྔོ། ཤིང་སྣ་ལྔ་་་ཤུག་པ་གླང་མ་འོམ་བུ་སྐྱེར་པ། ཐབ་མི་གཅིག་པ་ལྔ་ནས་བླངས་བའི་མེ་སྣ་ལ༔ ཆུ་སྣ་ལྔ་་གཙང་ཆུ་གངས་ཆུ་རྫ་ཆུ་ཁྲོན་པ་ཆུ་མིག ལྕགས་སྣ་ལྔ་སྨྱུ་གུ་ཟོར་བ་ཤོམ་ལྕགས་ཀོ་མང་སོག་ལེ། མཚན། སྦྱར་ཏེ་སྲོག་ཤིང་ཚུལ་དུ་བྱས་པའི་ཕྱི་གཡོག་ཏུ་འབྲུ་སྣ་ལྔའི་ཕྱེ་བྲེ་བཅུ་


CMR038_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་དང་༔ རྣལ་འབྱོར་པ་གང་འཆི་བ་བསླུ་བའི་ཟག་རྫས་དྲི་མ་རྣམས་དང་༔ རཏྣ་ལྔའི་ཕྱེ་མ་དཀར་གསུམ་མངར་གསུམ་སྦྱར་ཏེ༔ མི་བོ་ཆེ་རང་འདྲ་བའི་འབགས་སུ་བྱས་ཏེ་ཁ་ལྷོར་བསྟན་ལ་བཞག༔ དེ་ལ་ལུང་ཐང་གི་མིག༔ མགྲོན་བུའི་སོ༔ ལེ་བརྒན་ལྕེ༔ སྙིང་ཁར་རྣལ་འབྱོར་པ་ལོ་གང་ཡིན་པའི་སེམས་ཅན་སྙིང་དང་བླ་དྭགས་བཞུགས༔ ཟབ་ཟེར་མོང་སྐྲ་བཙུགས༔ ལག་པ་གཉིས་སུ་དབང་ལག་རེ་རེ་སྦྱར༔ རྐང་གཡས་ལྕགས་གཡོན་པ་ཟངས་ཕོ་མོའི་མཚན་མ་བཏོད༔ ཕོ་མོ་གང་ལ་ཤེས་པའི་སྟག་པའམ་གླང་མ་ལ་ལོ་གྲངས་ཀྱི་ཁྲམ་ངོས་གཅིག་ལ་གདབ༔ ངོས་གཅིག་ལ༔ འབྱུང་བ་དགྲའི་དགྲ་གྲལ་ཐམས་ཅད་ཟློག༔ མི་མཐུན་སྡང་དགྲ་གཤེད་ཀྱི་དུག་ཐམས་ཅད་ཆིངས༔ དྲག་པོ་འཆི་བདག་གི་ཡུལ་ཐམས་ཅད་ཟློག༔ ནག་པོ་བདུད་ཀྱི་ཁྲམ་ཐམས་ཅད་སྒྱུར་ཅིག༔ ཅེས་བྲིས་པ་དེ་ཕྲག་པ་གཡས་སུ་གཟུགས༔ ངར་གླུད་ཆག་གང་བ་གཅིག་གི་ཁོང་དུ༔ རང་གི་ན་ཟླའི་མིང་རུས་བྲིས་པ་གཞུག༔ ཁ་དོག་རང་སྤར་ཁ་གང་ལ་བབ་པའི་ཁ་དོག་ཏུ་སྒྱུར༔ དར་སྔོན་གྱིས་གོས་བྱས་ཏེ་གླུད་ཆེན་ལ་གཡོན་དུ་སྒྱུར༔ དེ་ནས་ངར་གླུད་འདྲ་འབག་ཆེན་པོའི་ལྷུ་བཅུ་གཉིས་མགོ་དང་བཅུ་གསུམ་ལ༔ ངར་གླུད་མཚེ་ཡུང་སྒྲོས་བརྒྱན་པ་རེ་དང་༔ ལྷ་བཤོས་རེ་རེ༔ ཤ་དུམ་རེ་རེ༔ དར་སྣའི་རྒྱལ་མཚན་རེ་རེ༔ མདའ་དང་འཕང་དང་རྒྱང་བུ་དང་༔ ནམ་མཁའ་དང་༔ གནམ་ལོ་བཅུ་གཉིས༔ རང་ལོ་བཅུ་གསུམ་དང་༔ ཁ་དོག་


CMR038_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་པ་རེ་རེ་གཟུགས་སོ༔ ར་རོག་རེ་རེ༔ ལུག་དཀར་མོ་རེ་རེ་གཟུགས་སོ༔ དེ་ལྟར་རུ་སྦལ་གླུད་བཅས་དེའི་ཕྱི་རོལ་ཁོར་ཡུག་ཏུ་པདྨ་འདབ་བརྒྱད་བྲི་སྟེ༔ ཤར་སྔོ་ལྷོ་དམར་ནུབ་དཀར་བྱང་ནག་མཚམས་བཞིར་སེར་པོར་བྱུག་གོ༔ པད་འདབ་རེ་ལ་ཁ་དོག་མཐུན་པའི་རུ་སྦལ་ཆུང་དུ་བ་རེ་རེའི་རྒྱབ་ཏུ་སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བྲིས་ལ་བཞག༔ རུ་སྦལ་དེ་དག་གི་སྟེང་དེར་འབྱུང་བའི་ལྷ་མོ༔ ཤར་དུ་ཤིང་གི་ལྷ་མོ་སྔོ༔ ལྷོར་མེའི་ལྷ་མོ་དམར༔ ནུབ་ཏུ་ལྕགས་ཀྱི་ལྷ་མོ་དཀར༔ བྱང་དུ་ཆུའི་ལྷ་མོ་ནག༔ མཚམས་བཞིར་སའི་ལྷ་མོ་སེར་པོ་རེ་རེ་འགོད༔ ཕྱག་མཚན་རང་རྟགས་འབྱུང་བ་ཐོགས་པའོ༔ དེ་ནས་ཕྱོགས་བཞིར་རུ་སྦལ་བཞིའི་མགོ་ལ༔ ཤར་དུ་སྟག་སྐྱ་བོ༔ ལྷོར་གཡུ་འབྲུག་སྔོན་མོ༔ ནུབ་ཏུ་བྱ་དམར་མོ༔ བྱང་དུ་རུ་སྦལ་ནག་པོ་རྣམས་བཞག༔ དེ་ནས་སྤར་ཁའི་གཏོ་རྫས་ནི༔ ཤར་གྱི་རུས་སྦལ་སྟེང་དུ༔ ངར་གླུད་སྔོན་པོ་དར་སྔོན་པོ་གོས་ཅན་བདུན་དང་༔ ཁྱི་ཐོད་དུ་ཟས་སྐོམ་སྣ་ཚོགས་བླུག་ལ་བཞག་གོ༔ ལྷོའི་རུ་སྦལ་སྟེང་དུ་ངར་གླུད་མཚལ་ཐིག་ཅན་དར་དམར་གོས་ཅན་ཉེར་ལྔ་དང་༔ ཁྲག་སྣ་རྟ་ཐོད་དུ་བཙལ་ལ་བཞག༔ ནུབ་ཀྱི་རུ་སྦལ་གྱི་སྟེང་དུ་སྤྲེའུ་གདོང་དམར་དགུའི་ལག་ཏུ་ལྕགས་ཀྱི་ཟོར་བ་རེ་རེ་བསྐུར་བ་དང་མི་དཀར་མོ་བཅུ་གསུམ་བཞག༔ བྱང་དུ་རུ་སྦལ་སྟེང་དུ་ཆུ་བྱ་ནག་མོ་ཉེར་གཅིག་དང་༔ བུད་མེད་ནག་མོ་བདུན༔ རྫོ་མ་ནག་པོ་ཆུས་བཀང་བ་གཅིག་བཞག༔ བྱང་ཤར་དུ་རུ་སྦལ་སྟེང་དུ་གླང་ནག་བཅུ་གསུམ་བཞག་ལ་བལ་


CMR038_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

ཚོན་སྣ་ལྔའི་གཉའ་རྟེན་བཀལ་བ༔ ཤ་རུས་སྟག་པ་ལ་ཁྲམ་བྲིས་པའི་གཉའ་ཤིང་གཏད༔ ཤར་ལྷོའི་རུ་སྦལ་སྟེང་དུ་བུད་མེད་སྨྱོན་མའི་གཟུགས་བདུན༔ ཚ་ཁང་གི་སྟེག་ཆ་ལས་བཤུས་པའི་ཐལ་བ་དང་༔ ཕྱེ་བསྲེག་པའི་གླུད་ནག་གཅིག་བྱས་ལ་བཞག༔ ལྷོ་ནུབ་ཏུ་རུས་སྦལ་སྟེང་དུ་ལུག་ཐོད་ནང་དུ་རྒན་མོ་རྒུར་མོ་བདུན་གྱི་གཟུགས་བཞག༔ ཆུ་གཏོར་ཆ་གཅིག་ནང་དུ་ངར་གླུད་རྣལ་འབྱོར་པའི་ལོ་གྲངས་བླུག་ལ་བཞག༔ ནུབ་བྱང་དུ་རུ་སྦལ་སྟེང་དུ་ཁྱི་དཀར་སྣ་དམར་བཅུ་གསུམ་ལ་དུང་སྒ་བཏད་སྟག་སྒྲོ་གཟིག་སྒྲོ་དག་ལ་ལུག་ཤ་དཔུང་ལྷུ་གཅིག༔ བཤོས་བུ་ཟུར་གསུམ་པ་བཞི༔ སྨྱུག་རྒོད་ལྕགས་བུ་དཀར་པོས་བརྒྱན་པ་གཅིག་བཞག་གོ༔ སྨེ་བ་དགུའི་གཏོ་རྫས་ལ༔ ལྷོ་ངོས་སུ་བུད་མེད་སྨུག་མོ་དགུ༔ ལྷོ་ནུབ་ཏུ་མི་ནག་རྟ་ནག་གཉིས༔ ནུབ་ཏུ་མི་དམར་རྟ་དམར་བདུན༔ ནུབ་བྱང་དུ་མི་ལུས་ཁྱིའི་མགོ་ཅན་དྲུག༔ བྱང་དུ་ངར་གླུད་བྱ་མགོ་ཅན་གཅིག༔ བྱང་ཤར་དུ་གཡག་དཀར་པོ་བཞི༔ ཤར་དུ་བུད་མེད་སྔོན་མོ་རལ་པ་ཅན་གསུམ༔ ཤར་ལྷོར་ཀླུ་རྒྱལ་བརྒྱད་འགོད་དོ༔ ལོ་གླུད་དུ་ལོ་བཅུ་གཉིས་ཀྱི་མགོ་བརྙན་ཅན་ཕྱོགས་མཚམས་སུ་འགོད༔ དེ་ནས་འདབ་བརྒྱད་ཕྱི་རོལ་མུ་ཁྱུད་ཕྱོགས་མཚམས་ལ༔ གཟའ་བརྒྱད་ལ་ངར་གླུད་རུ་དར་ཕྱར་བ་བརྒྱད༔ རྒྱུ་སྐར་ཉེར་བརྒྱད་ལ་བཤོས་བུ་ཉུང་དཀར་བརྒྱན་པ་ཉེར་བརྒྱད་བཙུགས༔ དེ་དག་གི་མཐར་འབྱུང་བའི་ཕྱོགས་དང་མདོག་མཐུན་པར་ངར་གླུད་རང་གི་ལོ་གྲངས་ཙམ་པ་ཕྱོགས་མཚམས་ཁྱབ་པར་ཚན་རེ་རེ་འགོད༔ ཟན་དང་ཤ་ལྷུ་དང་ཆང་ཏོག་དང་


CMR038_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་ཆངས་བུ་དེ་དག་ཀུན་ལོ་གྲངས་རེ་རེ་བཤམས་ལ་བཞག༔ ཞེས་གསུངས་པ་ལྟར་ལས༔ དབུས་སུ་གནམ་ལོ་སྦྲུལ་མཇུག་གཤོག་པ་ཅན་གཅིག་བཞག༔ མཐའ་བསྐོར་དུ་ལྟས་ངན་གང་བྱུང་བའི་གཟུགས་དང་ཁྱིམ་དུ་སྤང་ཤ་སྐྱེས་མལ་གྱི་ས་དང་ཐན་ཁྲིད་པའི་ཤ་རུས་སོགས༔ རྣམ་རྟོག་གང་ཡོད་པ་རྣམས་བླུག༔ དེའི་ངར་མི་དང་གཏོར་ཆུང་མ་གཏོགས་འཇིམ་པ་ལ་བཅའ༔ ཀོང་ཙེའི་གཏོ་ནག་རྒྱས་པ་སྟེ་སྔགས་ནག་ཕལ་པ་རྣམས་ཀྱི་ལུགས་ཏེ༔ བཅའ་ཚོགས་དཀའ་ཏེ་འགྱུར་ཤིན་ཏུ་ཆེ་བ་རྒྱ་ནག་གི་གཏོ་ཐིག་ཐམས་ཅད་འདི་ཉིད་ལ་ཚང་བའོ༔ ༈ ཡང་མདོས་གཞིའི་སྟེང་དུ༔ རུ་སྦལ་དགུ་པོ་རྡུལ་ཚོན་གྱི་བྲི༔ ཡང་ན་ཤོག་བུ་ལ་བྲི་སྟེ་གཏོར་སྣོད་ཞབས་སུ་བཏིང་ཡང་རུང་༔ གནམ་ལོ་མ་གཏོགས་གཟུགས་རིས་ཐམས་ཅད་ཙཀླུ་བྱ་སྟེ༔ གོང་དུ་ཡི་གེ་སེར་བརྒྱབ་པ་རྣམས་བྲི༔ གནམ་ལོ་ངར་མི་རྣམས་ཟན་ལ་བྱ་སྟེ༔ དེ་ཡང་ཤོག་བུའམ་གྲོ་གའམ་ཀོག་གེ་ལ་བྲིས་པའི་གཟུགས་ཆུང་ངུ་ཞིག་བྱས་ལ༔ དེ་ལ་མཆོད་ཕྱེ་བྲེ་བཅུ་གསུམ་འཇལ་ལ་བཅའོ༔ དེ་ལྟར་འཇིམ་གཟུགས་མི་དགོས་པ་འདི་ཀོང་ཙེ་གཏོ་འགྱུར་དཀར་པོ་སྟེ༔ དགེ་ཚུལ་སློང་སོགས་བླ་མ་རྣམས་ཀྱིས་བཅའ་རུང་བའོ༔ དེ་གཉིས་རྒྱས་པ་ཡིན་ལ༔ རུ་སྦལ་དགུ་པོ་ས་ལ་བཅའ༔ གཟུགས་བརྙན་བཅའ་དཀའ་ཞིང་འཛོམ་དཀའ་བའི་རྫས་རྣམས༔ ཙཀ་ལི་བྲི༔ བཅའ་སླ་བའི་གཟུགས་བརྙན་ཧྲག་བསྡུས་འཇིམ་པ་ལ་བཅའ་གཏོར་མ་དང་ངར་མི་གཉིས་ཟན་ལ་བཅའ༔ དེ་ནི་ཀོང་ཙེ་ཁྲ་བོ་སྟེ་སྔགས་པ་རྣམས་ཀྱི་བཅའ་


CMR038_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུའོ༔ ༈ ཡང་སྦྱིན་བདག་འབྱོར་པ་ཆུང་བ་དང་༔ སྔགས་པ་བཅའ་ལོང་མེད་པར་མགྱོགས་པར་ཚར་དགོས་ན༔ ཕུབ་ལ་སོགས་པའི་སྣོད་གཅིག་རིལ་མས་བཀང་༔ དེ་སྟེང་འཇིམ་པའི་ཞ་ལ་བྱས་ཏེ༔ དབུས་སུ་རུ་སྦལ་ཆེ་བ་གཅིག་ཐུ་རུས་བྲི༔ དེའི་སྟེང་དུ་ལིང་ཚེ་དགུ་བྲིས་ཏེ༔ གཅིག་ཡིག་གཉིས་ཡིག་སོགས་སྨེ་བའི་གྲངས་ཀ་བརྒྱབས་པས་སྨེ་བའི་གོ་ཆོད་བཅའ་མི་དགོས༔ དེ་རྒྱབ་ཕྱོགས་མཚམས་བརྒྱད་དུ་རུ་སྦལ་བྲིས་པའི་སྟེང་དུ་སྤར་ཁ་བརྒྱུད་སོ་སོའི་ཕྱག་རྒྱུ་བྲི༔ དེས་སྤར་ཁ་བརྒྱད་ཀྱི་ཡས་དང་གཟུགས་རྣམས་གོ་ཆོད༔ དབུས་སུ་གཙོ་བོ་གནམ་ལོ་སྦྲུལ་མཇུག་བྱ་གཤོག་ཅན༔ དེའི་མདུན་དུ་ངར་མི་མཐོ་གང་༔ དེ་གཉིས་ཀྱི་མཐའ་སྐོར་དུ་ངར་ཆུང་པར་མ་བཅུ་གསུམ་གྱིས་བསྐོར༔ དེ་རྒྱབ་ཏུ་ལོ་སྐོར་བཅུ་གཉིས་འཇིམ་གཟུགས་ཚོན་བྱས་པ་བཀོད༔ ཕྱོགས་བཞིར་སྲུང་བཞི༔ མཚམས་བཞིར་ལྟས་ངན་གང་བྱུང་གི་གཟུགས་བརྙན་བཞག༔ དེའི་མཐར་རུ་སྦལ་བརྒྱད་ཀྱི་སྟེང་དུ༔ འབྱུང་བའི་ལྷ་མོ་བརྒྱད་ཀྱི་གཟུགས་བཅའ༔ དེ་དག་གི་བར་མཚམས་སུ་དཀར་གཏོར་ཆུང་ངུ་བརྒྱད་བཀྲམ༔ དེའི་མཐའ་བསྐོར་དུ༔ མདའ་བཀྲ་ལྔ་འཕང་བཀྲ་ལྔ་ཤིང་རིས་འཇའ་རིས་ཅན་ལ༔ དབུས་སུ་ནམ་མཁའ་ཁྲ་བོ་གཅིག༔ ནང་དུ་ཡོས་བཀྲ་དང་འབྲུ་སྣ་གང་འཛོམ༔ བདག་དང་ཡོན་བདག་རྣམས་ཀྱི་གླུད་ཆངས་བུ༔ ཤ་དུམ་མཐེབ་སྐྱུ་མང་དུ་བླུགས་ལ་བྲན་ནོ༔ དེ་ཡང་བཀའ་བརྒྱད་ཀྱི་གཞུང་ལས༔ དེ་ནས་མཁན་པོ་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་དུ་བསྒོམས་ལ༔ སྔགས་དྲུག་ཕྱག་


CMR038_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག་གི་ཡས་རྣམས་བྱིན་གྱིས་བརླབས༔ འབྱུང་ལྔའི་ལྷ་འདྲེ་ཐམས་ཅད་མཉེས་པར་བྱ༔ ཞེས་དང་༔ གནམ་ཆོས་སྤར་ཁའི་སྐག་བསྒྱུར་ལས༔ རང་ཉིད་འཇམ་དཔལ་གཤིན་རྗེའི་གཤེད་དུ་བསྒོམ་ཞེས་གསུངས་པའི་དོན༔ བླ་མ་རྡོ་རྗེ་གདན་པས་མཛད་པའི་གཏོ་མཁན་རང་བསྲུང་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ་འདི་ལ༔ ཡེ་ཤེས་སྤྱན་འདྲེན་སོགས་མི་དགོས་དྲན་རྫོགས་སུ་སྒོམ་པ་ནི༔ ༈ རང་ཉིད་འཇམ་དཔལ་ནག་པོ་དབུ་སྐྱ་སྤྱི་བོར་བཅིངས་པ༔ ཞལ་གཅིག་ཕྱག་གཉིས་པ༔ གཡས་རལ་གྲི་མེ་འབར་བས་དགྲ་བགེགས་ཐམས་ཅད་ལ་བསྣུན་པར་བྱེད་པ༔ གཡོན་པོ་ཏི་ཐུགས་ཀར་བསྣམས་པ༔ ལྟོ་བ་ཆེ་བ་ཞབས་གཡས་བསྐུམས་གཡོན་བརྐྱང་བ༔ སྤྱན་གསུམ་དམར་ཞིང་ཟླུམ་པ༔ ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ༔ དེའི་སྤྱི་བོར་རྩ་བའི་བླ་མ་དང་དབྱེར་མེད་པའི༔ འཇམ་དཔལ་དམར་སེར་གཡས་རལ་གྲི་དང་༔ གཡོན་ཨུཏྤལ་སྟེང་ན་པོ་ཏི་བསྣམས་པ༔ དར་དང་རིན་པོ་ཆེས་བརྒྱན་པ་གསལ་བར་གྱུར༔ ཨོཾ་པྲ་སོད༔ ཆུ་སོད༔ དུརྟ་སོད༔ དུར་མི་སོད༔ སྙིང་མགོ་ལ་ཆོད༔ གཉན་མགོ་ལ་ཆོད༔ ཁ་ལ་ཛཀཾ་ཤཾ་ཏྲི་རྦད་ཕཊ་སྭཱ་ཧཱ༔ ཞེས་བརྒྱའམ་ཉེར་གཅིག་བཟླ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཤཱཀྱ་


CMR038_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

ཐུབ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་༔ ཨ་ཡིག་དཀར་པོ་འོད་འཕྲོས་པས༔ ད་མདོས་དངོས་པོར་འཛིན་པ་དང་༔ མི་གཙང་དྲི་མ་ཐམས་ཅད་དག༔ དོན་དམ་སྟོང་ཉིད་ངོ་བོར་གྱུར༔ ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ༔ ཨེ་ཡཾ་རཾ་བཾ་ལཾ་སུ་རྣམས་ལས༔ མཁའ་ལ་འཇའ་ཚོན་ཤར་བ་ལྟར༔ འབྱུང་བ་རིམ་པར་བརྩེགས་པའི་སྟེང་༔ ཕྱི་ལྟར་གླིང་བཞི་རི་རབ་ལ༔ ནང་ལྟར་རིན་ཆེན་གཞལ་ཡས་ཁང་༔ གསང་བ་གསེར་གྱི་རུ་སྦལ་ནི༔ གན་རྐྱལ་ཉལ་བའི་ལུས་ཀྱི་ཚུལ༔ དབྱེར་མེད་མེ་ལོང་གཟུགས་བརྙན་ལྟར༔ དབུས་སུ་ཏྲི་ལས་གནམ་ལོ་ནི༔ བྱ་གཤོག་སྦྲུལ་མཇུག་གནམ་ལོའི་དབུ༔ གཡས་གཡོན་ཁྲམ་ཤིང་ནད་རྐྱལ་འཛིན༔ དེ་ཡི་དྲུང་དུ་ལྔ་སེར་ནི༔ རུ་སྦལ་མགོ་ཅན་རུ་སྦལ་ཆིབས༔ ལག་ན་བདུད་རྩི་རིན་ཆེན་བསྣམས༔ རྒྱབ་ཏུ་གཅིག་དཀར་ས་ཡི་ལྷ་མོ་ནི༔ ཕག་ཆིབས་རི་རབ་བུམ་པ་འཛིན༔ གཡས་ཟུར་གཉིས་ནག་མི་རྟ་ནག༔ ཁྲམ་ཤིང་ཞགས་བསྣམས་བདུད་ཀྱི་རྗེ༔ གཡོན་དུ་གསུམ་མཐིང་ཁྱི་མགོ་མ༔ ཁྱི་ཆིབས་ཐོད་ཕྲེང་བྷན་ཐོགས༔ གཡོན་ཟུར་བཞི་ལྗང་ཀླུ་ཡི་རྗེ༔ གདེངས་


CMR038_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་སྦྲུལ་ཞགས་ནད་རྐྱལ་འཛིན༔ རྒྱབ་གཡས་དྲུག་དཀར་གླང་ཆེན་མགོ༔ སིང་ཆིབས་རྒྱལ་མཚན་བུམ་པ་འཛིན༔ གཡོན་དུ་བདུན་དམར་རྟ་ཡི་མགོ༔ མདུང་དམར་ཞགས་འཛིན་རྟ་དམར་ཞོན༔ རྒྱབ་གཡོན་བརྒྱད་དཀར་གླང་ཆེན་ཞོན༔ རྩེ་གསུམ་རྒྱལ་མཚན་ལག་ནི་འཛིན༔ མདུན་དུ་དགུ་དམར་དྲེལ་མགོ་མ༔ དྲེལ་ཆིབས་མཚོན་གྲུག་ནད་རྐྱལ་འཛིན༔ དེ་ལྟར་སྡེ་བརྒྱད་ས་བདག་བཅས༔ སྨེ་བ་དགུ་དང་དབྱེར་མེད་གསལ༔ དེ་རྒྱབ་ཕྱོགས་མཚམས་བརྒྱད་པོ་ལ༔ ལྷོ་རུ་ལི་ནི་རྟ་མགོ་མ༔ དམར་མོ་ལག་ན་མེ་དཔུང་འཛིན༔ མེ་ཡི་གནོད་པ་ཟློག་པར་བྱེད༔ ལྷོ་ནུབ་ཁོན་མ་རྒན་མོ་ནི༔ ལུག་ཞོན་ལག་ན་འཇོར་ཐོགས་པ༔ ས་ཡི་གནོད་པ་ཟློག་པར་བྱེད༔ ནུབ་ཏུ་དྭ་དཀར་སྐྱེས་ཕྲན་གཟུགས༔ ར་ཆིབས་ཁྲབ་དང་རལ་གྲི་ཐོགས༔ ལྕགས་ཀྱི་གནོད་པ་ཟློག་པར་བྱེད༔ ནུབ་བྱང་ཁེན་པ་རྒན་པོ་སེར༔ ཁྱི་ཞོན་འཁར་བ་ལག་ན་ཐོགས་གནམ་གྱི་གནོད་པ་ཟློག་པར་བྱེད༔ བྱང་དུ་ཁཾ་ནག་རལ་པ་ཅན༔ ཕག་ཞོན་ཆུ་རྐྱལ་ཐོ་བ་ཐོགས༔ ཆུ་ཡི་གནོད་པ་ཟློག་པར་བྱེད༔ བྱང་ཤར་གིན་རི་གླང་ཆེན་ཞོན༔ བཙུན་


CMR038_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་པོ་ཏི་འཛིན་པ་ཡི༔ རི་ཡི་གནོད་པ་ཟློག་པར་བྱེད༔ ཤར་དུ་ཟིན་ནི་བོང་བུ་ཞོན༔ ལག་གཉིས་གཅུས་ཏེ་ཤིང་ལོ་འཛིན༔ ཤིང་གི་གནོད་པ་ཟློག་པར་བྱེད༔ ཤར་ལྷོ་ཟོན་མ་མཛོ་ལ་ཞོན༔ རླུང་རྐྱལ་རླུང་གི་བུ་ཡུག་འཛིན༔ རླུང་གི་གནོད་པ་ཟློག་པར་བྱེད༔ དེ་ཡི་ཕྱི་རོལ་ཕྱོགས་མཚམས་སུ༔ ཤར་དུ་སྟག་དང་ཡོས་གཉིས་ལྗང་༔ ཤིང་ལོ་བཅུ་གཉིས་འཁོར་གྱིས་བསྐོར༔ ལྷོ་རུ་རྟ་དང་སྦྲུལ་གཉིས་དམར༔ མེ་ལོ་བཅུ་གཉིས་འཁོར་གྱིས་བསྐོར༔ ནུབ་ཏུ་བྱ་དང་སྤྲེལ་གཉིས་དོཀར་ལྕགས་ལོ་བཅུ་གཉིས་འཁོར་གྱིས་བསྐོར༔ བྱང་དུ་བྱི་བ་ཕག་གཉིས་སྔོ༔ ཆུ་ལོ་བཅུ་གཉིས་འཁོར་གྱིས་བསྐོར༔ མཚམས་བཞིར་ཁྱི་འབྲུག་གླང་ལུག་སེར༔ ས་ལོ་བཅུ་གཉིས་འཁོར་གྱིས་བསྐོར་ཀུན་ཀྱང་དུད་འགྲོ་སོ་སོའི་དབུ༔ མི་ལུས་བྱ་གཤོག་སྦྲུལ་མཇུག་ཅན༔ གཡས་གཡོན་ཁྲམ་ཤིང་རི་རབ་འཛིན༔ སྲོག་ནི་ཁོང་སྦས་དབུ་ནི་མདོག༔ ལུས་ཀྱི་འབྱུང་བ་གདན་དུ་བཏིང་༔ དབང་ཐང་འབྱུང་བ་གོས་སུ་གྱོན༔ སྲུང་རྟའི་མགོ་བོ་ཁ་ན་ཁྱེར༔ བླ་གཟའ་ཕྲག་པའི་གོང་དུ་ཁུར༔ དེ་ལ་གཟའ་དང་རྒྱུ་སྐར་སོགས༔ ཉི་མའི་འོད་ཟེར་བཞིན་དུ་


CMR038_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཤར༔ རྒྱལ་བློན་བཅུ་བདུན་སྤྲིན་ལྟར་ལྡིང་༔ དེ་རྒྱབ་རྒྱལ་བསེན་བགེགས་རིགས་སོགས༔ ཡུལ་འདྲེ་ཐན་དང་ཐན་བདག་བཅས་ཁྲོམ་འཚོགས་བཞིན་དུ་འཚོགས་པ་རྣམས༔ ཁས་ལེན་ཡས་ལེན་ཕྱག་རྒྱ་ཅན༔ སྙིང་ཁར་ཏྲི་ཡིག་རེ་རེས་མཚན༔ ཕྱོགས་བཞིར་སྲུང་བཞི་སྒོ་སྲུང་ཚུལ༔ དེ་དག་སོ་སོའི་མདུན་རྣམས་སུ༔ ཨ་ཎི་སུ་ཏྲི་པྲ་དུ་ཛ༔ ཡོངས་གྱུར་སྲིད་གསུམ་བཅུད་བསྡུས་པས༔ སྐུ་གླུད་ངར་གྱི་མི་བོ་ཆེ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ སྦྱིན་བདག་དངོས་འདྲ་དངོས་བས་ལྷག༔ ལུང་ཐང་མིག་ལ་མགྲོན་བུའི་སོ༔ མུ་ཏིག་ཀླད་པ་ཟེར་མོའི་སྐུ༔ ཞོ་ཤའི་སྙིང་ལ་བསེ་ཡི་ཤ་དུང་གི་རུས་ལ་དར་ཟབ་ལྤགས་རིན་ཆེན་སྣ་ལྔའི་ནང་ཁྲོལ་ཅན༔ རླུང་གི་དབུགས་ལ་མེ་ཡི་དྲོད༔ ནམ་མཁའི་སེམས་ལྡན་འཕྲུལ་གྱི་མི༔ བསྐལ་པའི་ཚེ་ཅན་བཟང་དགུ་ཚང་༔ གླུ་ལེན་བྲོ་རྡུང་གར་ཐབས་འཁྱུགས༔ ལོ་རྒྱགས་རྒྱབ་ཁུར་ཟླ་རྒྱགས་པང་༔ མི་བས་གླུད་བཟང་ལྷ་ཡི་སྲས༔ གཞན་ཡང་བཤོས་བུ་འབྲུ་སྣ་དང་༔ རིན་ཆེན་དར་ཚོན་ཆངས་བུ་དང་༔ བལ་ཚོན་ཡོས་བཀྲ་ཤ་ཁྲག་རུས༔ འདབ་ཆགས་གཅན་


CMR038_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

གཟན་རི་དྭགས་དང་༔ གཡུང་དྭགས་ཆུ་གནས་སྣ་ཚོགས་གཟུགས༔ ཤིང་རིས་མདའ་འཕང་ནམ་མཁའ་དང་རྒྱང་བུ་ཕོ་ཐོང་མོ་ཐོང་སོགས༔ དངོས་འབྱོར་ཡིད་སྤྲུལ་ཡས་སྟགས་རྣམས༔ བདག་ཅག་ཡོན་མཆོད་མི་ནོར་གྱི༔ ཚེ་ཡི་གླུད་དང་སྲོག་གི་སྤྲིན༔ ལན་ཆགས་བུ་ལོན་འཇལ་བའི་རྫས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱིས༔ དབང་པོ་དྲུག་གི་སྤྱོད་ཡུལ་དུ༔ འདོད་པའི་ཡོན་ཏན་རྣམ་པ་ལ༔ སྤྲིན་ལྟར་འཁྲིགས་ཤིང་ཆར་ལྟར་འབེབས༔ ཟད་མེད་ནམ་མཁའི་མཛོད་དུ་གྱུར༔ རྣམ་པར་སྣང་མཛད་བྱིན་རླབས་ཀྱིས༔ ཐལ་མོ་ཚིག་བཅག་ཕྱག་རྒྱའི་ནང་༔ ཡི་གེ་ཁཾ་ལས་འོད་འཕྲོས་པས༔ ཡས་གླུད་དེ་དག་འཕེལ་ཞིང་རྒྱས༔ སྟོང་གསུམ་འཇིག་རྟེན་གནམ་ས་གང་༔ ༀ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་ཤྭ་མུ་ཁེ་བྷེ༔ སརྦ་ཏད་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་༔ ཛཿཡིག་དམར་པོར་འོད་འཕྲོས་པས༔ ཡས་གླུད་ཟག་མེད་བདུད་རྩིར་གྱུར༔ ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས༔ མཆོག་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས༔


CMR038_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་མགྲོན་རྣམས་ཐམས་ཅད་ལ༔ བསྔོས་པ་བཞིན་དུ་ཐོབ་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ༔ དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས༔ ཁུར་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་༔ ཧ་ལྗང་འོད་ཟེར་འཕྲོས་པའི་མཐུས༔ མགྲོན་ཀུན་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ་ཨ་མྲྀ་ཏ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ༔ ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས༔ སོར་བསྣོལ་ཕྱག་རྒྱ་ཛདམར་ལས༔ འོད་འཕྲོས་མགྲོན་ཀུན་དབང་དུ་བསྡུས༔ བདག་གི་བཀའ་བཞིན་བསྒྲུབ་པར་གྱུར༔ ན་མཿས་མནྟ་བྷུདྡྷཱ་ནཾ་ག་རི་ཀྲོ་དྷི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ༔ མགྲོན་རྣམས་ཀུན་གྱི་ས་བོན་ལས༔ འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས༔ སོ་སོའི་གནས་ནས་སོ་སོ་རྣམས༔ སྤྱན་དྲངས་སོ་སོར་ཐིམ་པར་གྱུར༔ ཧཱུྃ༔ འགྲོ་བའི་མགོན་པོ་འཕགས་པ་འཇམ་དཔལ་དང་༔ གཞི་མ་གསེར་གྱི་རུ་སྦལ་སྤྲུལ་པའི་སྐུ༔ འབྱུང་བ་ལྔ་ཡི་ལྷ་མོ་རྣམ་པ་ལྔ༔ དགོས་འདོད་འབྱུང་བ་རིན་ཆེན་གཏེར་གྱི་ལྷ༔ འབྱུང་བའི་ལྷ་ཚོགས་འཁོར་དང་བཅས༔ རང་བཞིན་གནས་ནས་སྤྱན་


CMR038_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་གྱིས༔ འགྲོ་བའི་དོན་ལ་གཤེགས་སུ་གསོལ༔ དཀྱིལ་འཁོར་འདི་ལ་བཞུགས་སུ་གསོལ༔ ཧཱུྃ༔ སྟོན་པ་ཐམས་ཅད་མཁྱེན་པ་འཇམ་དཔལ་དང་༔ གསེར་གྱི་རུས་སྦལ་འགྲོ་བའི་སྡུག་བསྔལ་སེལ༔ གང་འདོད་ཀུན་སྟེར་འབྱུང་ལྔའི་མཁའ་འགྲོ་མ༔ འབྱུང་བའི་མངའ་བདག་ཡེ་ཤེས་ལྷ་ཡི་ཚོགས༔ གསེར་མདོག་འཕགས་པ་འཁོར་དང་བཅས་པ་ལ༔ རབ་ཏུ་གུས་པས་ཕྱག་འཚལ་ལོ༔ ཧཱུྃ༔ ཆོས་སྐུ་རྣམ་དག་ངང་ལས་མ་གཡོས་ཀྱང་༔ ཐུགས་རྗེའི་དབང་གིས་འགྲོ་ལ་སྐུར་སྟོན་པ༔ མཁྱེན་རབ་མངའ་བདག་འཇམ་དབྱངས་འགྲོ་བའི་མགོན༔ གཞོན་ནུ་ཚུལ་མཛེས་ཡིད་འོང་ཆ་བྱད་ཅན༔ གསེར་མདོག་འོད་འབར་ཨུཏྤལ་རལ་གྲི་བསྣམས༔ ཀུན་མཁྱེན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ༔ ངན་བཟློག་སྐག་ཆེན་བསྒྱུར་བའི་རྫུ་འཕྲུལ་ཅན༔ འབྱུང་བ་ལྔ་ལ་ས་རུ་སྲིད༔ ས་བདག་རྒྱལ་པོ་ལ་སོགས་པ༔ ས་ལས་གྲུབ་པའི་ལྷ་འདྲེ་རྣམས༔ གནས་འདིར་གཏོ་ལ་གཤེགས་སུ་གསོལ༔ ཀྱེ༔ ཀོང་ཙེ་རྒྱལ་པོའི་འཕྲུལ་གྱི་གཏོ༔ སྲིད་པ་དང་པོ་ཕྱུ་ཡི་ལུགས༔ འབྱུང་བ་འཁྲུགས་པ་བསྡུས་པའི་གཏོ༔ སྲིད་པ་ཡོ་བཅོས་རྒྱུད་ཀྱི་སྨང་༔


CMR038_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་དང་ས་ཡི་ལྷ་ཀླུ་དང་༔ གཏོ་མཁན་རྒྱལ་པོ་གཏོ་ལ་བྱོན༔ ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས༔ ཁེན་པ་རྒན་པོ་གཏོ་ལ་བྱོན༔ ལྷོ་ནུབ་ས་ཡི་དཀྱིལ་འཁོར་ནས༔ ཁོན་མ་རྒན་མོ་གཏོ་ལ་བྱོན༔ རི་བོ་མཆོག་རབ་གདན་སྟེང་ནས༔ བུ་ཆེན་གིན་རི་གཏོ་ལ་བྱོན༔ རྒྱ་གྲམ་རླུང་གི་གཏོ་ལ་བྱོན༔ བུ་མོ་ཟོན་ཡང་གཏོ་ལ་བྱོན༔ ལྕགས་ཀྱི་ཁང་སྒོམ་དཀར་པོ་ནས༔ བུ་འབྲིང་དྭ་དཀར་གཏོ་ལ་བྱོན༔ ལྷོ་ཕྱོགས་མེ་རི་དཔུང་པ་ནས༔ བུ་མོ་ལ་ཡང་གཏོ་ལ་བྱོན༔ བྱང་ཕྱོགས་རྒྱ་མཚོ་མེར་བ་ནས༔ ནལ་བུ་ཁཾ་ཡང་གཏོ་ལ་བྱོན༔ ཤར་ཕྱོགས་ཤིང་གི་བསིལ་གྲིབ་ནས༔ འབྲིང་མོ་ཟིན་ཡང་གཏོ་ལ་བྱོན༔ ཐོ་རངས་སྐར་ཆེན་གདན་སྟེང་ནས༔ གཅིག་དཀར་རྒྱལ་པོ་གཏོ་ལ་བྱོན༔ མྱ་ངན་བྱུར་གྱི་མཚོ་ནང་ནས༔ གཉིས་ནག་རྒྱལ་པོ་གཏོ་ལ་བྱོན༔ བྱེ་བྲག་རླུང་གི་དཀྱིལ་འཁོར་ནས༔ གསུམ་མཐིང་བསེན་མོ་གཏོ་ལ་བྱོན༔ ཀླུ་ཡི་ནེའི་སིང་སྔོན་པོ་ནས༔ བཞི་ལྗང་ཀླུ་རྒྱལ་གཏོ་ལ་བྱོན༔ ཆུ་སེར་འཁྱིལ་པའི་མཚོ་ནང་ནས༔ ལྔ་སེར་ས་བདག་གཏོ་ལ་བྱོན༔ ཤེལ་མཁར་ཉི་ཟེར་མཁར་ནང་ནས༔ དྲུག་དཀར་རྒྱལ་


CMR038_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པོ་གཏོ་ལ་བྱོན༔ བཙན་བྲག་དམར་པོའི་རྩེ་མོ་ནས༔ བདུན་དམར་བྲག་བཙན་གཏོ་ལ་བྱོན༔ གངས་རི་ཤེལ་གྱི་སྐུ་མཁར་ནས༔ བརྒྱད་དཀར་ལྷ་ཚོགས་གཏོ་ལ་བྱོན༔ ཁྲག་མཚོ་མེར་བའི་གནས་དགུ་ནས༔ དགུ་དམར་མ་མོ་གཏོ་ལ་བྱོན༔ ཤར་ཕྱོགས་ཤིང་ལས་གྲུབ་པ་ཡི༔ སྟག་དང་ཡོས་བུ་གཏོ་ལ་བྱོན༔ ལྷོ་ཕྱོགས་མེ་ལས་གྲུབ་པ་ཡི༔ རྟ་དང་སྦྲུལ་གཉིས་གཏོ་ལ་བྱོན༔ ནུབ་ཕྱོགས་ལྕགས་ལས་གྲུབ་པ་ཡི༔ སྤྲེལ་བྱ་གཉིས་པོ་གཏོ་ལ་བྱོན༔ བྱང་ཕྱོགས་ཆུ་ལས་གྲུབ་པ་ཡི༔ ཕག་དང་བྱི་བ་གཏོ་ལ་བྱོན༔ མཚམས་བཞི་ས་ལས་གྲུབ་པ་ཡི༔ ཁྱི་འབྲུག་གླང་ལུག་གཏོ་ལ་བྱོན༔ དེ་ལྟར་འབྱུང་ལྔ་ལས་གྲུབ་པའི༔ དྲུག་ཅུའི་ལྷ་ཚོགས་གཏོ་ལ་བྱོན༔ འབྱུང་བ་ཤིང་ལས་གྲུབ་པ་ཡི༔ གཟའ་ཆེན་ཕུར་བུ་གཏོ་ལ་བྱོན༔ འབྱུང་བ་མེ་ལས་གྲུབ་པ་ཡི་ཉི་མ་མིག་དམར་གཏོ་ལ་བྱོན༔ འབྱུང་བ་ཆུ་ལས་གྲུབ་པ་ཡི༔ ཟླ་བ་ལྷག་པ་གཏོ་ལ་བྱོན༔ འབྱུང་བ་ལྕགས་ལ་གྲུབ་པ་ཡི༔ པ་ཝ་སངས་ཡང་གཏོ་ལ་བྱོན༔ འབྱུང་བ་ས་ལས་གྲུབ་པ་ཡི༔ ཁྱབ་འཇུག་སྤེན་པ་གཏོ་ལ་བྱོན༔ ཤར་ཕྱོགས་ཤིང་ལས་གྲུབ་པ་ཡི༔ སྨིན་དྲུག་སྣར་མ་མགོ་


CMR038_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ལག་དང་༔ ནབས་སོ་རྒྱལ་སྐག་གཏོ་ལ་བྱོན༔ ལྷོ་ཕྱོགས་མེ་ལས་གྲུབ་པ་ཡི༔ མཆུ་གྲེ་སྦོ་ཁྲ་ནག་པ་དང་༔ ས་རི་ས་ག་གཏོ་ལ་བྱོན༔ ནུབ་ཕྱོགས་ལྕགས་ལས་གྲུབ་པ་ཡི༔ ལྷ་མཚམས་སོར་ཀ་གདུ་གུ་ཆུ་སྟོད་སྨད༔ བྱི་ཞུན་གྲོ་ཞུན་གཏོ་ལ་བྱོན༔ བྱང་ཕྱོགས་ཆུ་ལས་གྲུབ་པ་ཡི༔ བོན་སྤྱིར་སེ་སྟོད་སེ་སྨད་དང་༔ ནམ་གྲུ་ཐ་སྐར་གཏོ་ལ་བྱོན༔ མཚམས་བཞི་ས་ལས་གྲུབ་པ་ཡི༔ སྐག་དང་ས་རི་བྱི་ཞུན་བྲ་ཉེ་སོགས༔ མཚམས་སྐར་བཞི་པོ་གཏོ་ལ་བྱོན༔ སྟག་སྐྱ་འབྲུག་སྔོན་བྱ་དམར་རུ་སྦལ་དང་༔ ཕྱོགས་བཞི་ས་བདག་གཏོ་ལ་བྱོན༔ རྒྱལ་པོ་ལོ་ཡི་ས་བདག་ནི༔ ཐེ་སེ་ཐེ་ཁྱིམ་བཙུན་མོ་དང་བློན་པོ་བླ་མཁྱེན་སྐུ་སྲུང་དང་༔ ས་བདག་གདན་བཏིང་རྟ་ཁྲིད་དང་༔ ཚིག་དང་ནོར་སྲུང་བྱ་ར་བ༔ དུས་འཛིན་དང་ནི་སྒོ་ཁྱི་དང་༔ བུ་མོ་མག་པ་བག་མར་བཅས༔ བྱི་སྦ་རྟ་བདུད་ཤན་པ་བདུད་སླེབ་དང་༔ རྒྱལ་པོ་ལོ་ལ་དབང་བ་ཡི༔ ས་བདག་འཁོར་བཅས་གཏོ་ལ་བྱོན༔ གཞན་ཡང་ས་བདག་རྒན་རྒོན་འཁོར་བཅས་དང་༔ ནང་ལྷ་གཡུང་བཅུ་ལྔ་སེར་དང་༔ ས་བདག་གྱི་ལིང་སྔོན་པོ་དང་༔ གནམ་ཁྱི་ནག་པོ་ལ་


CMR038_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ༔ ཟླ་བར་འཁོར་ཞིང་དབང་བྱེད་པ༔ ས་བདག་ཚོགས་བཅུ་གཏོ་ལ་བྱོན༔ གསེར་མཛོད་གཡུ་མཛོད་ལ་སོགས་པ༔ ཞག་དང་དུས་ལ་དབང་བ་ཡི༔ ས་བདག་རྣམས་ཀྱང་གཏོ་ལ་བྱོན༔ གཞན་ཡང་སྔོན་གྱི་ལན་ཆགས་དང་༔ བགེགས་དང་འབྱུང་པོ་གདོན་རྣམས་དང་༔ བྲག་བསེན་ས་བསེན་ས་སྲི་དང་༔ ཡུལ་བདག་བཙན་དང་སྨན་མོ་དང་༔ འགོ་ཞིང་སྡོང་གྲོགས་བྱེད་པ་རྣམས༔ གཞན་ཡང་གནོད་པའི་བགེགས་རིགས་དང་གཞན་ཡང་གནོད་བྱེད་ཐམས་ཅད་རྣམས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ ཞེ་སྡང་གདུག་པའི་སེམས་དང་མ་འབྱོན་ཅིག༔ ཁྲོ་གཏུམ་ང་རྒྱལ་སེམས་དང་མ་འབྱོན་ཅིག༔ ཞི་བའི་སེམས་དང་ལྡན་ཏེ་བྱོན༔ གཏོ་ཡས་ལེན་པའི་སེམས་དང་ལྡན་ཏེ་བྱོན༔ ཨོཾ་སརྦ་དྷེ་ཝ་ཏྲི་སརྦ་ཨ་སུ་ར་ཨེ་ཧེ་ཧི༔ བཛྲ་ས་མཱ་ཛ༔ ཧཱུྃ༔ རང་སྣང་ཡིད་ལས་གྲུབ་པ་ཡི༔ རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་༔ རུ་སྦལ་པདྨ་ཉི་ཟླའི་སྟེང་༔ གཙོ་དང་འཁོར་དུ་བཅས་པ་རྣམས༔ ཇི་སྲིད་མཆོག་སྦྱིན་མ་ཚར་བར༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ཀྱཻ༔ ཀོང་


CMR038_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

ཙེའི་ལྗགས་ཀྱི་མཆིལ་མ་ཐིགས་གཅིག་ལ༔ འབྱུང་བ་དྭངས་མ་ལྔ་རུ་སྲིད༔ འོད་ཟེར་སྐུ་ཡི་སྤྲུལ་པ་ལས༔ མ་ཧཱ་གསེར་གྱི་རུ་སྦལ་སྲིད༔ བརྟགས་ན་སྣང་བ་ཙམ་ཡེངས་པར༔ དེ་ལ་འབྱུང་བ་ལྔ་རུ་སྲིད་༔ དང་མ་ཁེན་པ་རྒན་པོས་གཏོ་འདི་ལོངས༔ སྙིགས་མ་ཁོན་མ་རྒན་མོ་གཏོ་འདི་ལོངས༔ གིན་ཟོན་ལྕམ་དྲལ་གཏོ་འདི་ལོངས་དྭ་ལི་ལྕམ་དྲལ་གཏོ་འདི་ལོངས༔ ནལ་ཕྲུག་ཁཾ་ཟིན་གཉིས་པོས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ རྩ་རྒྱུས་མཆིན་པའི་སྤྲུལ་པ་ལས༔ འབྱུང་བ་དང་པོ་ཤིང་དུ་སྲིད༔ ཤིང་ལོ་བཅུ་གཉིས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ དྲོད་དང་སྙིང་གི་སྤྲུལ་པ་ལས༔ འབྱུང་བ་གཉིས་པ་མེ་རུ་སྲིད༔ མེ་ལོ་བཅུ་གཉིས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ གློ་བ་རུས་པའི་སྤྲུལ་པ་ལས༔ འབྱུང་བ་གསུམ་པ་ལྕགས་སུ་སྲིད༔ ལྕགས་ལོ་བཅུ་གཉིས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ མཁལ་མ་ཆུ་ཡི་སྤྲུལ་པ་ལས༔ འབྱུང་བ་བཞི་ལྗང་ཆུ་རུ་སྲིད༔ ཆུ་ལོ་བཅུ་གཉིས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ ཕོ་བ་མཚེར་པའི་སྤྲུལ་པ་ལས༔ འབྱུང་


CMR038_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བ་ལྔ་པ་ས་རུ་སྲིད༔ ས་ལོ་བཅུ་གཉིས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ མིག་གི་འབྲས་བུ་དཀར་པོ་ལ༔ ཐོ་རངས་སྐར་ཆེན་གཅིག་ཏུ་ཤར༔ སྨེ་བ་གཅིག། དཀར་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ མིག་གི་འབྲས་བུ་ནག་པོ་ལ༔ མྱ་ངན་བྱུར་གྱི་མཚོ་གཉིས་བྱུང་༔ དེ་ལ་སྨེ་བ་གཉིས་ནག་སྲིད༔ སྨེ་བ་གཉིས་ནག་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ སྣ་བུག་གཉིས་ནས་རླུང་གསུམ་བྱུང་༔ དེ་ལ་སྨེ་བ་གསུམ་མཐིང་སྲིད༔ སྨེ་བ་གསུམ་མཐིང་གཏོ་འདི་ལོངས༔ མ་ཧཱ་གསེར་ཚེགྱི་རུ་སྦལ་གྱི༔ ཞལ་གྱི་རླངས་པ་སྔོ་དམར་ལ༔ བྱུར་གྱི་མཚོ་མོ་རྡོལ་བ་སྟེ༔ གྱོད་གྱི་དུ་བ་སྤུན་བཞི་བྱུང་༔ སྨེ་བ་བཞི་ལྗང་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ ཤ་དང་རུས་པའི་བར་ཤད་ནས༔ ཆུ་སེར་ཐིགས་པ་ལྔ་རུ་བྱུང་༔ སྨེ་བ་ལྔ་སེར་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ སྒལ་ཚིགས་རུས་པའི་བར་དུ་ནི༔ དཔལ་གྱི་ཆུ་མིག་དྲུག་ཏུ་ཤར༔ སྨེ་བ་དྲུག་དཀར་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ ལྟོ་བ་ཁྲག་གི་ཐིགས་པ་ལ༔ དེ་ལ་ཤན་པ་མི་བདུན་བྱུང་༔ སྨེ་བ་བདུན་དམར་གཏོ་


CMR038_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ རུ་སྦལ་དཔྲལ་བའི་དཀྱིལ་འཁོར་ནས༔ དཀར་པོ་ཧ་ལོ་ལྷ་བརྒྱད་བྱུང་༔ སྨེ་བ་བརྒྱད་དཀར་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ དབང་པོའི་བུ་གའི་སྒོ་དགུ་ནས༔ ནོར་ལྷ་ལྕམ་དྲལ་དགུ་རུ་སྲིད༔ སྨེ་བ་དགུ་དམར་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ རུ་སྦལ་སྤྱན་མིག་གཉིས་པོ་ལ༔ ཉི་མ་ཟླ་བ་གཉིས་པོ་སྲིད༔ ཉི་ཟླ་གཉིས་པོ་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ མཆེ་བ་བཞི་ཡི་ཟུར་བརྒྱད་ལ༔ དྲང་སྲོང་གཟའ་ཆེན་བརྒྱད་དུ་སྲིད༔ གཟའ་ཆེན་བརྒྱད་ཀྱིས་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ སྒལ་ཚིགས་ཉི་ཤུ་རྩ་བརྒྱད་ལ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་བྱུང་༔ རྒྱུ་སྐར་ཉེར་བརྒྱད་གཏོ་འདི་ལོངས༔ མ་ཧཱ་གསེར་གྱི་རུ་སྦལ་གྱི༔ ལྕེ་ལ་གློག་དང་སྐད་ལ་འབྲུག༔ གློག་འབྲུག་གཉིས་ཀྱིས་གཏོ་འདི་ལོངས༔ སྙན་ལ་འཇའ་ཚོན་སྣ་ལྔ་བྱུང་༔ འཇའ་ཚོན་སྣ་ལྔས་གཏོ་འདི་ལོངས༔ བགད་པས་རླུང་དང་བུ་ཡུག་བྱུང་༔ རླུང་དང་བུ་ཡུག་གཉིས་ཀྱིས་གཏོ་འདི་ལོངས༔ རུ་སྦལ་ཁྲོས་པས་ཐོག་སེར་འབེབས༔ ཐོག་སེར་བདག་པོས་གཏོ། །


CMR038_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལོངས༔ ལོ་སྐག་ཟླ་སྐག་གཏོ་འདིས་ཟློག༔ ཞག་སྐག་ཟ་སྐག་གཏོ་འདིས་ཟློག༔ གཏོ་ཡས་ལོངས་ལ་སྐག་སྒྱུར་ཅིག༔ དེ་ཡང་བཀའ་བརྒྱུད་གཞུང་ལས་འདི་སྐད་གསུངས༔ དེ་ནས་གཏོ་བསྒྱུར་ཏེ༔ རྒྱུད་ལས༔ འབྱུང་བཞི་ནད་གདོན་ཀུན་འདུས་པ༔ ཞི་བྱེད་འཆི་བསླུའི་སྔགས་འདི་བཟླས༔ ཞེས་པ་ནི། འཇམ་དཔལ་དུ་གསལ་བས༔ ཨོཾ་མ་ཧཱ་ཀ་ལི་མོ་ཏ་ཡེ་སྭཱ་ཧཱ༔ ཨོཾ་མ་མ་རཾ་རཾ་ཡེ་སྭཱ་ཧཱ༔ ཨོཾ་མ་མ་ཁཾ་ཁཾ་ཡང་ཡང་ཡེར་པ་ཡེ་སྭཱ་ཧཱ༔ ཨོཾ་སུ་སུ་མ་མ་ཏང་ཏང་ཡེ་སྭཱ་ཧཱ༔ ཨོཾ་མ་མ་ཀ་ར་ཀ་ར་ཡེ་སྭཱ་ཧཱ༔ ཨོཾ་མ་མ་སྔོ་ཏ་སྔོ་ཏ་ཡེ་སྭཱ་ཧཱ། ཁ་ཞུ་ཁ་ཞུ་སྭཱ་ཧཱ་ཤི་མ་ག་ལ་སྭཱ་ཧཱ༔ ཨ་ཧཾ་ཨ་ཀྲྀ་ཨ་ཏྲི་སྭཱ་ཧཱ༔ ཨ་ཏ་ན་མ་མ་ཧཱ་གྲ་ཧ་ཧ་ན་མ་བྷི་ན་ཏི་པུ་ན་སྭཱ་ཧཱ༔ ཨོཾ་དྲུང་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བྷི་ཤྭ་མ་ཡེ་སྭཱ་ཧཱ༔ ཨོཾ་དུ་མུ་དྲུ་མུ་སྭཱཧཱ༔ ཨོཾ་ཛི་མི་ཛི་མི་མི་ཛི་བག་ཤཾ་ཤཾ་རྦད་ཏོ་མ་ཧཱ་ཡཀྵ་བོ་དེ་ཨ་སར་ཤར་ཡཾ༔ ཀི་རོ་ཀི་རོ་ཧཱུྃ་ཕཊ༔ ཨོཾ་ས་མ་ཡ་ཨི་མི་ཡ་ཡ་དུ་ཡེ་དུ་ཡེ་མི་ཏི་ཏ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨ་ན་རུ་ཤྲཱི་ས་དུས༔ སརྦ་ཨ་ཡ་གྷ་ཚ་གྷ་ཚ་ཕཊ༔ ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མནྟ་ལི་མན་དྷ་ལི་སྭཱ་ཧཱ༔ ཞེས་བརྒྱ་སྟོང་དུ་བརྗོད་པར་བྱ༔ དེ་རྗེས་མིང་གི་བསྔོ་བ་ནི༔ ན་མོ༔ དཀོན་མཆོག་རྒྱལ་བའི་བཀའ་བདེན་


CMR038_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

མཐུས༔ འཇམ་དཔལ་སྤྲུལ་པ་རུ་སྦལ་དང་༔ འབྱུང་བ་ལྔ་ཡི་ལྷ་སྲིན་དང་བཅུ་གསུམ་ལོ་དང་སྤར་ཁ་བརྒྱད༔ སྨེ་བ་གླིང་དགུ་གཟའ་སྐར་ཚོགས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ ཚེ་སྲོག་བླ་བའི་གཏོ་ཆེན་འབུལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཁྱོག༔ ལན་ཆགས་བུ་ལོན་ད་ཁྱེར་སོང་། ཨོཾ་དྷ་ལ་མ་དྷུ་སི་ཡེ་པདྨེ་ཧཱུྃ༔ ཞེས་ལན་བདུན་སྦྱར་ཞིང་བརྗོད་ལ༔ ཀྱཻ༔ སངས་རྒྱས་རྐང་གཉིས་གཙོ་སྟེ་བདེན་པའི་མཆོག༔ ཆོས་ཉིད་ཆགས་དང་བྲལ་ཏེ་བདེན་པའི་མཆོག༔ དགེ་འདུན་འདུས་པའི་གཙོ་སྟེ་བདེན་པའི་མཆོག༔ རྒྱལ་བའི་བཀའ་ལ་མི་ཉན་གང་ཡང་མེད༔ ཀོང་ཙེའི་གཏོ་ཡིས་མི་འགྱུར་གཅིག་ཀྱང་མེད༔ འབྱུང་བ་ལྔ་ལ་མི་བརྟེན་གང་ཡང་མེད༔ ལྷ་འདྲེ་དམ་ལ་མི་གནས་གང་ཡང་མེད༔ ཟོར་མོ་མདའ་ཡིས་མི་ཕུག་གང་ཡང་མེད༔ རྣོ་བའི་མཚོན་ཆས་མི་འཇིགས་གང་ཡང་མེད༔ སྲིད་པའི་ཆུ་ལ་མི་འཐུང་གང་ཡང་མེད༔ གཙུག་ལག་གཏོ་ཡིས་མི་འགྱུར་གང་ཡང་མེད༔ ཀོང་ཙེས་དེ་སྐད་གསུངས་པ་དང་༔ སློབ་མ་ཡང་མྱེས་འདི་སྐད་དོ༔ ལྷས་སྦྱིན་ནག་པོས་རྒྱལ་བའི་བཀའ་མི་


CMR038_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཉན༔ བདུད་གཉིས་ནག་པོ་ཟོར་མོ་མདས་མི་ཕུག༔ བྱ་ཁྱུང་རྒྱལ་པོས་སྲིད་པའི་ཆུ་མི་འཐུང་༔ ལས་ཀྱི་རྣམ་སྨིན་ཀོང་ཙེའི་གཏོས་མི་འགྱུར༔ ཡང་ཅེས་དེ་སྐད་ཞུས་པ་ལས༔ ཀོང་ཙེའི་རྒྱལ་པོ་འདི་སྐད་གསུངས༔ ལྷ་སྲིན་སྡེ་བརྒྱད་རྒྱལ་བའི་བཀའ་ལ་འདུ༔ བྱ་ཁྱུང་རྒྱལ་པོས་སྲིད་པའི་ཆུ་མིག་འཐུང་༔ བདུད་ཀྱི་བདེན་དགུ་ཟོར་མོ་མདའ་ཡིས་ཕུག༔ ལོ་སྐག་ལྟས་ངན་ཀོང་ཙེའི་གཏོ་ཡིས་སྒྱུར༔ ལས་ཀྱི་རྣམ་སྨིན་ཆོས་ཉིད་བདེན་པས་སྦྱངས༔ ལྷ་སྦྱིན་ནག་པོས་རྒྱལ་བའི་བཀའ་ལ་ཉན༔ སེམས་ཅན་ཐམས་ཅད་སྲིད་པའི་ཆུ་ལ་འཐུང་༔ རི་དྭགས་ཆེ་དགུ་རི་རབ་ཟོམ་ལ་བརྟེན༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ གཅིག་པ་རང་སྐག་བསྒྱུར་དུ་གསོལ༔ གཉིས་པ་ནད་དགྲ་བསྒྱུར་དུ་གསོལ༔ གསུམ་པ་ཕུང་གྱོད་བསྒྱུར་དུ་གསོལ༔ བཞི་པ་བཞི་གཤེད་བསྒྱུར་དུ་གསོལ༔ ལྔ་པ་བྱེ་བྲལ་བསྒྱུར་དུ་གསོལ༔ དྲུག་པ་བརྡའ་ཐན་བསྒྱུར་དུ་གསོལ༔ བདུན་པ་བདུན་ཟུར་བསྒྱུར་དུ་གསོལ༔ བརྒྱད་པ་མཚན་དམར་བསྒྱུར་དུ་གསོལ༔ དགུ་པ་དགུ་གཤེད་བསྒྱུར་དུ་གསོལ༔ བཅུ་པ་འཚེར་རྩུབ་བསྒྱུར་དུ་གསོལ༔ བཅུ་གཅིག་དུ་སེ་


CMR038_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དུ་གསོལ༔ བཅུ་གཉིས་གཤེད་ལག་བསྒྱུར་དུ་གསོལ༔ བཅུ་གསུམ་ལོག་འདྲེན་བསྒྱུར་དུ་གསོལ༔ བཅུ་བཞི་གནམ་རྒྱལ་བསྒྱུར་དུ་གསོལ༔ བཅོ་ལྔ་ས་རྒྱལ་བསྒྱུར་དུ་གསོལ༔ བཅུ་དྲུག་འདྲེས་པ་བསྒྱུར་དུ་གསོལ༔ བཅུ་བདུན་བདུན་ཟུར་བསྒྱུར་དུ་གསོལ༔ བཅོ་བརྒྱད་ལྟས་ངན་བསྒྱུར་དུ་གསོལ༔ བཅུ་དགུ་ཡ་བདུད་བསྒྱུར་དུ་གསོལ༔ ཉི་ཤུ་མ་བདུད་བསྒྱུར་དུ་གསོལ༔ ཀྱཻ། གཏོ་བསྒྱུར་སུམ་བརྒྱ་དྲུག་ཅུ་ལ། སུམ་བརྒྱ་སྣོད་ལ་ཞུག་ལ་བཞུས། །སླད་ནས་དྲུག་ཅུ་མཆིས་པ་ལ། །སྤྱི་བསེར་སྒོ་བརྒྱག་རྒྱ་གར་གཏོ། །སུམ་བརྒྱ་ཐ་རམ་དྲུག་ཅུ་སྟག་གཟིག་གཏོ། །འགྲེང་བཙན་དགུ་བདུན་སོག་པོའི་གཏོ། །རྨང་བྱེད་ཁ་སྦྱོར་ཧོར་གྱི་གཏོ། །དམུ་བདུད་མདའ་འཕེན་གེ་སར་གཏོ། །ཟོར་ཤིང་ཚེ་ཕུར་མེ་ཉག་གཏོ། །དེ་ལ་མ་གཏོགས་གཏོ་རྣམས་ནི། །ར་ཐོམ་ཐུག་གཏོང་འོད་འབར་བོད་ཀྱི་གཏོ། །ཟོར་མདའ་ནག་པོ་གཏོང་བ་བོད་ཀྱི་གཏོ། །མཉམ་གཉིས་བརྗེ་བ་བོད་ཀྱི་གཏོ། །གླུད་ཟན་བསྔོ་བ་བོད་ཀྱི་གཏོ། །བྱེ་བྲལ་ལ་བརྒལ་བོད་ཀྱི་གཏོ། །གཉན་བཅོས་བྱ་གཏོང་བོད་ཀྱི་གཏོ། །ཤིང་བཙན་གཏོར་


CMR038_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་བཙུགས་པ་བོད་ཀྱི་གཏོ། །ས་བཅོས་རྡོ་བརྩིགས་བོད་ཀྱི་གཏོ། །ཤི་དགབ་རྡོ་བསམ་བོད་ཀྱི་གཏོ། །དེ་ལ་མ་གཏོགས་གཏོ་རྣམས་ནི། །ཀོང་ཙེ་ཁ་རྒྱང་གཏོ་འདི་ལ། །འགྲིང་བཙན་ཡེ་ཕུར་བསྒྱུར་བ་ཀོང་ཙེའི་གཏོ། །ལོ་ཤིང་ཚེ་ཕུར་འཇུག་པ་ཀོང་ཙེའི་གཏོ། །རྒྱ་ཆད་སྲུང་ལམ་ཀོང་ཙེའི་གཏོ། །ཟོར་ཤིང་ཐར་ཆ་ཀོང་ཙེའི་གཏོ། །གཏོ་བསྒྱུར་སྣ་ཚོགས་གཏོང་བ་ཀོང་ཙེའི་གཏོ། །གཏོ་ཡི་རབ་འབྱམས་དཀྱིལ་འཁོར་འདིར། །གཏོ་ཡི་དཀྱིལ་འཁོར་བྲིས་རེ་ལེགས། །ཟོར་མོ་ཚེ་ཕུང་བཙུགས་རེ་ཡག །མཉམ་གཉིས་བརྗེ་ན་གནོང་མི་གནོང་། །མཚུངས་གཉིས་བསོར་ན་ལེགས་རེ་གནང་། །ཀྱཻ། །ཀོང་ཙེའི་གཏོ་འདི་ཡེ་ཤེས་ཆེ། ཀོང་ཙེའི་གཏོ་འདི་མཁྱེན་པ་ཆེ། ཀོང་ཙེའི་གཏོ་འདི་བྱིན་རླབས་ཆེ། །ཀོང་ཙེའི་གཏོ་འདི་གཟི་བརྗིད་ཆེ། །ཀོང་ཙེའི་གཏོ་འདི་ཀུན་དང་མཐུན། །ཀོང་ཙེའི་གཏོ་འདི་མཐུ་སྟོབས་ཆེ། །ཀོང་ཙེའི་གཏོ་འདི་བློ་གྲོས་ལྡན། །ཀོང་ཙེའི་གཏོ་འདི་ལྷ་དང་ལྡན། །ཀོང་ཙེའི་གཏོ་འདི་ཤེས་རབ་ལྡན། །དེ་བས་མི་འགྱུར་གང་ཡང་མེད། །ཀྱཻ། །བྱི་བའི་སྦྲ་ནག་གཏོ་ལ་བབ། །གླང་གི་ཕུང་གྱོད་གཏོ་ལ་བབ། །


CMR038_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་མཆེ་བ་གཏོ་ལ་བབ། །ཡོས་བུའི་ནལ་རྫི་གཏོ་ལ་བབ། །འབྲུག་གི་ངུ་འབོད་གཏོ་ལ་བབ། །སྦྲུལ་གྱི་འགར་འདྲེ་གཏོ་ལ་བབ། །རྟ་ཡི་དོ་མ་དམག་རྟ་གཏོ་ལ་བབ། །ལུག་གི་ཟླ་བདུད་བཙན་དམར་གཏོ་ལ་བབ། །སྤྲེལ་གྱི་འགགས་འདྲེ་བྱེ་བྲལ་གཏོ་ལ་བབ། །སྐྱུང་ཁའི་བྱ་ཡི་བདུད་བྱ་ལྟས་ངན་གཏོ་ལ་བབ། །ཁྱི་ཡི་ལྟས་ངན་ངུ་ཟུག་གཏོ་ལ་བབ། །ཕག་གི་དུར་ཕག་སྒོ་འབྱེད་གཏོ་ལ་བབ། །ཕོ་བདུད་གནམ་ལས་གཡོས་པ་གཏོ་ལ་བབ། །མོ་བདུད་ས་ལ་གཏོང་བ་གཏོ་ལ་བབ། །འཇིག་བྲལ་གནམ་སྒོ་བྱེ་བ་གཏོ་ལ་བབ། །བོན་ཁུང་ས་སྒོ་བྱེ་བ་གཏོ་ལ་བབ། །གཅོད་དྲལ་བྱེ་བྲལ་གཏོ་ལ་བབ། །འཚེར་རྩུབ་སྐག་གཉེན་གཏོ་ལ་བབ། །བྱི་རྟ་རུ་ཆོད་གཏོ་ལ་བབ། །ཕག་སྦྲུལ་དགྲ་གཤེད་གཏོ་ལ་བབ། །ཁྱི་འབྲུག་ཐོག་བརྫིས་གཏོ་ལ་བབ། །གླང་ལུག་ཕུང་གྱོད་གཏོ་ལ་བབ། །སྟག་སྤེལ་བདུན་ཟུར་གཏོ་ལ་བབ། །བྱ་ཡོས་བྱེ་བྲལ་གཏོ་ལ་བབ། །ཀྱཻ། །བསྒྱུར་བའི་རྒྱལ་པོས་བསྒྱུར་དུ་གསོལ། །གཏོ་མཁན་རྒྱལ་པོ་གཏོ་ལ་ཆོས། །གཏོ་མཁན་རྒྱལ་པོས་གཏོ་བྱེད་ན། །དུས་གསུམ་སངས་རྒྱས་གཟུ་དང་


CMR038_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

དཔང་། བསྟན་སྲུང་དཔལ་མགོན་གཟུ་དང་དཔང་། །གནམ་སའི་ལྷ་ཀླུ་གཟུ་དང་དཔང་། །གཏོ་མཁན་བདག་ལ་མ་གནོད་ཅིག །གཏོ་མཁན་འཁོར་ལ་མ་སྡིག་ཅིག །ངས་ནི་འབྱུང་བ་ལས་ཀྱི་གཏོ་བྱེད་དོ། །སྲིད་པ་ལས་ཀྱི་ཁོག་སྦྱོར་རོ། །ཞལ་ལྕེ་ཞུ་གཏུགས་ལྕོགས་སེ་ལྕོག །ཟོར་མོ་མདའ་འཕེན་རྒྱངས་སེ་རྒྱང་། །ང་ནི་བསྒྱུར་བའི་རྒྱལ་པོ་ཡིན། །ཤར་གྱི་ཕྱོགས་ནས་བསྒྱུར་བ་ནི། །ཤར་ཁམས་འབྱུང་བ་ཤིང་གི་གཉན། །ཕ་ཁུའི་རྒན་འདྲེ་བསྒྱུར་དུ་གསོལ། །ལྷོ་ཡི་ཕྱོགས་ནས་བསྒྱུར་བ་ནི། །མེ་ཁམས་འབྱུང་བ་མེ་ཡི་གཉན། །བུ་ཚའི་སྦྲང་རོ་བསྒྱུར་དུ་གསོལ། །ནུབ་ཀྱི་ཕྱོགས་ནས་བསྒྱུར་བ་ནི། །ནུབ་ཁམས་འབྱུང་བ་ལྕགས་ཀྱི་གཉན། །ནོར་གྱི་གོད་ཁ་བསྒྱུར་དུ་གསོལ། །བྱང་གི་ཕྱོགས་ནས་བསྒྱུར་བ་ནི། །བྱང་ཁམས་འབྱུང་བ་ཆུ་ཡི་གཉན། །ཉེ་བའི་སྐྱོར་ཁ་བསྒྱུར་དུ་གསོལ། །དབུས་ཀྱི་ཕྱོགས་ནས་བསྒྱུར་བ་ནི། །དབུས་ཁམས་འབྱུང་བ་ས་ཡི་གཉན། །དུར་སྒྲོན་བཅུ་གཉིས་བསྒྱུར་དུ་གསོལ། །ཤར་ལྷོ་མཚམས་ནས་བསྒྱུར་བ་ནི། །རླུང་ཁམས་འབྱུང་བ་ས་ཡི་གཉན། །བྱ་ཁྱུང་གཤོག་སྡེབ་བསྒྱུར་དུ་གསོལ། །ལྷོ་


CMR038_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ནུབ་མཚམས་ནས་བསྒྱུར་བ་ནི། །ས་ཁམས་འབྱུང་བ་ས་ཡི་གཉན། །དུར་བདུད་དུར་བཙན་བསྒྱུར་དུ་གསོལ། །ནུབ་བྱང་མཚམས་ནས་བསྒྱུར་བ་ནི། །ནམ་མཁའ་འབྱུང་བ་འཇོག་པོའི་གཉན། །དོ་མ་འབྲིང་པོ་བསྒྱུར་དུ་གསོལ། །བྱང་ཤར་མཚམས་ནས་བསྒྱུར་བ་ནི། །ས་ཁམས་འབྱུང་བ་རིག་ལྡན་གཉན། །ཅོང་མོའི་རྔ་ཡབ་བསྒྱུར་དུ་གསོལ། །ཕྱག་རྒྱ་ལྔ་བརྟག་བརྟེན་པ་ནི། །འདི་འབྱུང་བ་ལྔ་ཡི་ཕྱག་རྒྱ་སྟེ། །དང་ཁའི་དབུས་སུ་ཐལ་མོ་སྦྱར་ནས་གཏོ་ལ་སྟོན། དེ་ནས་ལུས་ཀྱི་གཡས་གཡོན་དང་། ལྟག་ཁུང་སོགས་ཐལ་མོ་དང་བཅས་གཏོ་ལ་སྟོན་པའི་ཚུལ་བྱ་ཞིང་། ༈ དབུས་སུ་ཕྱག་རྒྱ་བསྟན་པ་ནི། །འབྱུང་བ་མེ་ཡི་ཕྱག་རྒྱ་ཡིས། །ཡོན་བདག་མི་ཕྱུགས་འཁོར་བཅས་ཀྱི། །ཚ་བའི་ནད་དང་གྲང་བའི་ནད། །འཁྲུགས་ནད་མགོ་ནད་བསྒྱུར་དུ་གསོལ། །གཡས་ཀྱི་སྟ་ཟུར་བསྟན་པ་ནི། །འབྱུང་བ་ཤིང་གི་ཕྱག་རྒྱ་ཡིས། །ཞ་གྲུམ་ནད་དང་རྐང་པའི་ནད། །སྐྲན་ནད་སྨྱོ་ནད་བསྒྱུར་དུ་གསོལ། །གཡོན་གྱི་སྟ་ཟུར་བསྟན་པ་ནི། །འབྱུང་བ་ལྕགས་ཀྱི་ཕྱག་རྒྱ་ཡིན། །ནུབ་ཀྱི་བཙན་དང་གྲི་བོ་དང་། །ནོར་གོད་ཕུང་གྱོད་བསྒྱུར་དུ་གསོལ། །ལྟག་པའི་འགྱིང་


CMR038_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་བསྟན་པ་ནི། །འབྱུང་བ་ཆུ་ཡི་ཕྱག་རྒྱུ་ཡིན། །ནུབ་ཀྱི་བཙན་དང་གྲི་བོ་དང་། །ནོར་གོད་ཕུང་གྱོད་བསྒྱུར་དུ་གསོལ། །ཆུ་གྲི་སྐྱེས་ནག་བསྒྱུར་དུ་གསོལ། །སྐྱིལ་ཀྲུང་ཕྱག་རྒྱ་བསྟན་པ་ནི། །ས་འབྲུག་སྡིག་པའི་ཕྱག་རྒྱ་ཡིན། །ལེ་གུའི་ལྕེབ་འདྲེ་བསྒྱུར་དུ་གསོལ། །ཕྱག་རྒྱ་རྣམས་ཀྱི་བྱིན་རླབས་ཀྱིས། །འདྲེ་ལྔ་སྟོབས་ཆེན་བསྒྱུར་དུ་གསོལ། །དབུ་ནི་འདུན་འདུན་བྱེད་པ་ནི། །དམུ་བདུད་འདུལ་བའི་ཕྱག་རྒྱ་ཡིན། །མདུན་གྱི་ཞལ་ཁ་བསྟན་པ་ནི། །ཁཾ་གྱི་ཕྱག་རྒྱ་བསྟན་པ་ཡིན། །ཡོན་བདག་མི་ནོར་འཁོར་བཅས་ཀྱི། །དུར་འཁྲུག་མཆིས་པ་བསྒྱུར་དུ་གསོལ། །སྤར་ཁ་དྭ་ཐོག་ཏུ་དེ་རྣམས་འདོན། ཀྱཻ། ལི་ཡི་ལོང་འདྲེ་ཐོ་རངས་ཡིན། །འགག་འདྲེ་གཞོབ་འདྲེ་མགོ་ཆགས་དང་། །རྟ་གྲི་བོན་བྱེད་བསྒྱུར་དུ་གསོལ། །ཁོན་གྱི་འཁོན་དང་དུར་འགྲམ་དང་། །གཏིབ་གྲི་དབལ་གྲི་མུག་གྲི་དང་། །ས་འདྲེ་བན་བྱེད་བསྒྱུར་དུ་གསོལ། །དྭ་ཡི་རྨེ་གྲི་བྱེ་བྲལ་དང་། །གྲི་བོ་རབས་ཆད་བན་བྱེད་དང་། །དུ་བུའི་གོ་ལྡོག་བསྒྱུར་དུ་གསོལ། །ཁེན་གྱི་བརྒྱ་བྱིན་གནམ་ཐེལ་དང་། །ཞ་འདྲེ་ཐོ་རངས་ལྕེབ་འདྲེ་དང་། །ཞ་གྲུམ་ནད་རྣམས་བསྒྱུར་དུ་


CMR038_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཁཾ་གྱིས་རོ་བག་བཙོག་འདྲེ་དང་། །བཙོག་དང་རྨུག་འདྲེ་ནི་གྲི་དང་། །སྦྲ་ནག་སྐྱས་ནག་བསྒྱུར་དུ་གསོལ། །གིན་གྱི་ལྷ་ནད་ཆུ་སེར་དང་། །ཞ་གྲུམ་ལྐུགས་འདྲེ་ཁྱི་གྲི་དང་། །རབས་ཆད་སྒབ་འདྲེ་བསྒྱུར་དུ་གསོལ། །ཟིན་གྱི་འགགས་འདྲེ་ཕུང་སྲི་དང་། །རྒྱལ་འགོང་ཤིང་གྲི་ཐེའུ་རང་དང་། །གྲི་བོ་གྲི་མོ་བསྒྱུར་དུ་གསོལ། །ཟོན་གྱི་སྨྱོ་འདྲེ་རླུང་ཐན་དང་། །དམ་སྲི་གཡབ་གྲི་ཤུ་འབྲུམ་དང་། །ཡན་ལག་ནད་རྣམས་བསྒྱུར་དུ་གསོལ། །གཟའ་པ་ཕོ་སྤར་ཁ་དེའི་སྟེང་དང་། །མོ་སྤར་ཁ་དེ་ཡི་སྟེང་དུ་ན་སའོ། །ལི་ཁཾ་ཐོ་ཡོར་བསྒྱུར་དུ་གསོལ། །དྭ་ཟིན་གྲི་ཕུར་བསྒྱུར་དུ་གསོལ། །གིན་ཟོན་བཤའ་གྲི་བསྒྱུར་དུ་གསོལ། །ཁོན་ཁམ་མྱ་ངན་བསྒྱུར་དུ་གསོལ། །གནམ་ལོ་དང་རང་ལོ། །སྟག་སྤྲེལ་བདུན་ཟུར་བསྒྱུར་དུ་གསོལ། །བྱ་ཡོས་བྱེ་བྲལ་བསྒྱུར་དུ་གསོལ། །ཁྱི་འབྲུག་ཐོག་བརྫིས་བསྒྱུར་དུ་གསོལ། །ཕག་སྦྲུལ་ཟ་བྱེད་བསྒྱུར་དུ་གསོལ། །བྱི་རྟ་རུ་ཆོད་བསྒྱུར་དུ་གསོལ། །གླང་ལུག་ཕུང་གྱོད་བསྒྱུར་དུ་གསོལ། །སྤར་ཁ་དགྲ་བདུད་བསྒྱུར་དུ་གསོལ། །ན་ཤི་དུར་ཞུགས་བསྒྱུར་དུ་གསོལ། །སྲོག་ལུས་དབང་ཐང་རླུང་རྟ་


CMR038_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །སྨེ་བ་གཟའ་དང་ལོ་རྣམས་དང་། །དར་རྒུད་དུར་ཞུགས་བསྒྱུར་དུ་གསོལ། །བདུད་གཅོད་ཕྱོགས་ངན་བསྒྱུར་དུ་གསོལ། །གཤེད་བཞི་ཕུང་གྱོད་བསྒྱུར་དུ་གསོལ། གནམ་རྒྱང་ཆད་དང་ས་རྒྱང་འགུལ། །རྒྱ་མ་ཟག་འཚམས་བསྒྱུར་དུ་གསོལ། །སྔས་དང་སྟན་མང་འགུལ་བ་དང་། །གནམ་སྒོ་ས་སྒོ་བྱེ་བ་དང་། །གནམ་གྱི་འཇུ་ཐག་ཆད་པ་དང་། །ས་ཡི་རྟེན་ཕུར་ཕུད་པ་དང་། །སྲིན་པོའི་དུར་ནི་འབོད་པ་དང་། །ཐན་གྱི་མི་བདུད་བསྒྱུར་དུ་གསོལ། །གནམ་གྱི་དོ་མ་སྒོ་སྐྱེལ་ངར། །དམག་རྟ་ལྕམ་མཛོད་བསྒྱུར་དུ་གསོལ། །གནམ་རིམ་པ་བཅུ་གསུམ་ཡར་སྟེང་ནས། །བྱ་ཁྱུང་གཤོབ་རྡེབ་བསྒྱུར་དུ་གསོལ། །ས་རིམ་པ་དགུ་ཡི་འོག་ཤེད་ནས། །དུར་ཕག་ས་བརྐོ་བསྒྱུར་དུ་གསོལ། །ཉི་མ་བྱང་ཤར་མཚམས་ཤེད་ནས། །ཟངས་གླང་རྭ་བདར་བསྒྱུར་དུ་གསོལ། །ཉི་མ་ཤར་ལྷོ་མཚམས་ཤེད་ནས། །གཡུ་འབྲུག་སྔོན་པོ་འབབ་པ་བསྒྱུར་དུ་གསོལ། །ཉི་མ་ལྷོ་ནུབ་མཚམས་ཤེད་ནས། །རྡོ་ལུག་གྲོ་མོ་འཁུན་པ་བསྒྱུར་དུ་གསོལ། །ཉི་མ་ནུབ་བྱང་མཚམས་ཤེད་ནས། །གཤིན་ཁྱི་ནག་པོ་ཟུག་པ་བསྒྱུར་དུ་གསོལ། །རི་རབ་ཟུར་ལ་ར་


CMR038_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གན་གྱི། །སྤྲེལ་སེར་གར་བྱེད་བསྒྱུར་དུ་གསོལ། །མཐིང་སྦྲུལ་ཞགས་པ་འདོར་བ་བསྒྱུར་དུ་གསོལ། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །སྐག་དང་འཚེར་རྩུབ་བསྒྱུར་དུ་གསོལ། །ཕོ་ལྷ་སྲིན་པོའི་ཉོ་ཚོང་དང་། །ལྟས་ངན་ཆོ་འཕྲུལ་བསྒྱུར་དུ་གསོལ། །ཧེ་ཧེ་སྔགས་རྒོད་བྱིན་རླབས་ཀྱིས། །ས་བདག་ཀླུ་གཉན་འཁོར་བཅས་དང་། །སྲིད་གསུམ་གདོན་བགེགས་ཐམས་ཅད་ཀྱི། །གདུག་པའི་སེམས་ནི་ཞི་བར་མཛོད། །སྙིང་པོ་ལྔ་ནི་འདི་ལྔ་སྟེ། །ལུས་ཀྱི་སྔགས་བཟླས་ཚིག་ཐ་ཧཱུྃ། །ངག་གི་སྔགས་བཟླས་ཆོས་ཀྱི་ཧཱུྃ། །ཡིད་ཀྱི་སྔགས་བཟླས་དགེ་བ་ཧཱུྃ། །མན་ངག་སྔགས་བཟླས་བྱིན་རླབས་ཀྱིས། །འགོང་པོ་ས་བདག་ཀླུ་གཉན་གྱི། །ནད་གདོན་འབྱུང་པོ་ཐམས་ཅད་ཀྱི། །གདུག་པའི་སེམས་ནི་ཞི་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །ཕན་པའི་སེམས་ཀྱིས་བསྲུང་དུ་གསོལ། །ཀྱཻ། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བ་ལོ་ལ་ཕྱག་འཚལ་ལོ། །བྱི་བ་འཁུན་པའི་ལྟས་ངན་དང་། །ལྷ་དུག་ཁྱིམ་ཆིང་བསྒྱུར་དུ་གསོལ། །ཤིང་མོ་གླང་ལ་ཕྱག་འཚལ་ལོ། །དུར་གླང་རྭ་བརྡར་ལྟས་ངན་དང་། །ཚེར་ཤིང་རྭ་བརྡར་


CMR038_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དུ་གསོལ། །མེ་ཕོ་སྟག་ལ་ཕྱག་འཚལ་ལོ། །གཤིན་ཆུ་ངན་པའི་ལྟས་ངན་དང་། །ནག་པོ་ཐན་ཡས་བསྒྱུར་དུ་གསོལ། །མེ་མོ་ཡོས་ལ་ཕྱག་འཚལ་ལོ། །ཡུགས་སའི་སྐུ་བཤིག་ལྟས་ངན་དང་། །ལོ་མཐིང་རྗེས་བོར་བསྒྱུར་དུ་གསོལ། །ས་ཕོ་འབྲུག་ལ་ཕྱག་འཚལ་ལོ། །ཀུ་ཅོ་ང་རོའི་ལྟས་ངན་དང་། །བདུད་ཆེན་སྐག་ཆེན་བསྒྱུར་དུ་གསོལ། །ས་མོ་སྦྲུལ་ལ་ཕྱག་འཚལ་ལོ། །སྲིའུ་འགུམ་པའི་ལྟས་ངན་དང་། །མཐིང་སྦྲུལ་ལྕེ་ནག་བསྒྱུར་དུ་གསོལ། །ལྕགས་ཕོ་རྟ་ལ་ཕྱག་འཚལ་ལོ། །དོ་མ་རྒྱུག་པའི་ལྟས་ངན་དང་། །བྱང་རྟ་སྔོན་པོ་བསྒྱུར་དུ་གསོལ། །ལྕགས་མོ་ལུག་ལ་ཕྱག་འཚལ་ལོ། །ས་ལུག་འཁུན་པའི་ལྟས་ངན་དང་། །ཚེ་ཤིང་བདུད་བཙན་བསྒྱུར་དུ་གསོལ། །ཆུ་ཕོ་སྤྲེལ་ལ་ཕྱག་འཚལ་ལོ། །སྐྱེས་པའི་གཤིན་ལམ་ལྟས་ངན་དང་། །སྤྲེལ་དམར་མེ་ཁྱེར་བསྒྱུར་དུ་གསོལ། །ཆུ་མོ་བྱ་ལ་ཕྱག་འཚལ་ལོ། །བླ་བྱ་ཡར་བའི་ལྟས་ངན་དང་། །བདུད་བྱ་མཁའ་ལྡིང་ལྟས་ངན་བསྒྱུར་དུ་གསོལ། །ཤིང་ཕོ་ཁྱི་ལ་ཕྱག་འཚལ་ལོ། །བླ་ཁྱི་བརྟག་པའི་ལྟས་ངན་དང་། །ལྕགས་ཁྱིའི་ངུ་ཟུག་ལྟས་ངན་བསྒྱུར་དུ་གསོལ། །ཤིང་


CMR038_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཕག་ལ་ཕྱག་འཚལ་ལོ། །འོག་ནས་ས་སྒོ་འགུལ་བའི་ལྟས་ངན་དང་། །བཙན་གྱི་དུར་ཕག་ཁྲ་བོ་བསྒྱུར་དུ་གསོལ། །ཀྱཻ། །མེ་ཕོ་བྱི་བས་ཆེ་བཞི་མཛོད། །ལྷ་སྲིན་འགུལ་བའི་ལྟས་ངན་དང་། །བཙན་གྱི་དུར་ཕག་ཁྲ་བོ་དང་། །བདུད་ཀྱི་ངུ་འབོད་བསྒྱུར་དུ་གསོལ། །མེ་མོ་གླང་གི་ཆེ་བཞི་མཛོད། །གླང་གི་ཕུང་གྱོད་ཆེ་བ་དང་། །ལོ་ཡི་དུར་ཞུགས་བསྒྱུར་དུ་གསོལ། །ས་ཕོ་སྟག་གི་ཆེ་བཞི་མཛོད། །སྲིན་པོའི་ཉམས་མྱོང་ཚང་ཞུགས་དང་། །སྤྱི་སེར་ངུ་འབོད་བསྒྱུར་དུ་གསོལ། །ས་མོ་ཡོས་ཀྱི་ཆེ་བཞི་མཛོད། །སྤྱང་ཀི་འཇབ་པའི་ལྟས་ངན་དང་། །བཙན་གྱི་གནོད་པ་བསྒྱུར་དུ་གསོལ། །ལྕགས་ཕོ་འབྲུག་གི་ཆེ་བཞི་མཛོད། །གནམ་སྒོ་བྱེ་བའི་ལྟས་ངན་དང་། །རྫི་ལུང་ངུ་འབོད་བསྒྱུར་དུ་གསོལ། །ལྕགས་མོ་སྦྲུལ་གྱི་ཆེ་བཞི་མཛོད། །བླ་རྡོ་འགུལ་བའི་ལྟས་ངན་དང་། །རི་མོ་བསྟན་ཁུར་བསྒྱུར་དུ་གསོལ། །ཆུ་ཕོ་རྟ་ཡི་ཆེ་བཞི་མཛོད། །རི་མོ་རྟེན་ཁུར་བསྒྱུར་དུ་གསོལ། །ཆུ་མོ་ལུག་གི་ཆེ་བཞི་མཛོད། །སྐྱིན་ལུག་འགུལ་བའི་ལྟས་ངན་དང་། །ཚེ་ཤིང་མཁའ་ལྡིང་བསྒྱུར་དུ་གསོལ། །ཤིང་ཕོ་སྤྲེལ་གྱི་ཆེ་བཞི་མཛོད། །


CMR038_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་ཟམ་ཟུག་པའི་ལྟས་ངན་དང་། །ཚེ་ཤིང་ངུ་འབོད་བསྒྱུར་དུ་གསོལ། །ཤིང་མོ་བྱ་ཡི་ཆེ་བཞི་མཛོད། །བླ་བྱ་ཡལ་བའི་ལྟས་ངན་དང་། །བསེ་ཡི་བྱ་མོ་བསྒྱུར་དུ་གསོལ། །མེ་ཕོ་ཁྱི་ཡི་ཆེ་བཞི་མཛོད། །བརྡའ་ཐན་བབ་པའི་ལྟས་ངན་དང་། །གཤིན་གྱི་ཞལ་ལྕེ་བསྒྱུར་དུ་གསོལ། །།མེ་མོ་ཕག་གིས་ཆེ་བཞི་མཛོད། །དུར་ཕག་ངུ་འབོད་ལྟས་ངན་དང་། །ཤིང་རྡོ་འགུལ་བའི་ལྟས་ངན་བསྒྱུར། །ཀྱཻ། ས་ཕོ་བྱི་བའི་ཞལ་ན་རེ། །ཡོན་བདག་མི་ཕྱུགས་འཁོར་བཅས་ལ། །ངུ་འབོད་མི་གཏོང་མི་ཟེར་རམ། །སྦྲང་ཐན་བར་བཙུགས་ངུ་འབོད་བྱེད། །དེ་ཡི་ངུ་འབོད་བསྒྱུར་དུ་གསོལ། །ཕྱག་གཉེན་བར་དུ་ངུ་འབོད་བྱེད། །དེ་ཡི་ཆོ་ངེས་བསྒྱུར་དུ་གསོལ། །མཚམས་བཞིར་གཤེད་བཞི་ངུ་འབོད་བྱེད། །དེ་ཡི་ངུ་འབོད་བསྒྱུར་དུ་གསོལ། །འགྱིང་བཙན་ལྷ་ཁང་སྟོང་པ་དེ། །དེ་ཡི་སྟོང་པ་བསྒྱུར་དུ་གསོལ། །གཤེད་ཀྱི་ངུ་འབོད་སྡུག་ཟན་སྐྱེལ། །དེ་ཡི་སྡུག་ཟན་བསྒྱུར་དུ་གསོལ། །འགྲིང་བཙན་ལྷ་གསོལ་ལྕམ་མཛེས་འདྲེན། །དེ་ཡི་ལྕམ་མཛེས་བསྒྱུར་དུ་གསོལ། །སྐྱི་སེར་ངུ་འབོད་མཆི་མ་འཛག དེ་ཡི་མཆི་མ་བསྒྱུར་དུ་


CMR038_Page_0121
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །འགྲིང་བཙན་མི་ཅིག་ཅོར་ཁ་སྐྱེལ། །དེ་ཡི་སྐྱོར་ཁ་བསྒྱུར་དུ་གསོལ། །ཟར་བྱ་མཁའ་ལྡིང་གཤེད་བོན་ཆས། །དེ་ཡི་གཤེད་བོན་བསྒྱུར་དུ་གསོལ། །སྲི་མཐིང་འུག་མོ་སྲི་བུ་རྐུ། །དེ་ཡི་སྲི་རྐུན་བསྒྱུར་དུ་གསོལ། །ས་མོ་གླང་གིས་དཔང་པོ་མཛོད། །ན་ཞིང་དུར་དུ་ཞུགས་པ་དང་། །ཐེལ་གྱི་གགས་པ་བསྒྱུར་དུ་གསོལ། །ལྕགས་ཕོ་སྟག་གིས་དཔང་པོ་མཛོད། །ན་ཤི་དུར་ཞུགས་ལྟས་ངན་དང་། །སྐྱིད་ཀྱི་སྐེད་ཆད་བསྒྱུར་དུ་གསོལ། །ལྕག་མོ་ཡོས་ཀྱིས་དཔང་པོ་མཛོད། །མནའ་རྐུ་མྱ་ངན་བསྒྱུར་དུ་གསོལ། །ཆུ་ཕོ་འབྲུག་གིས་དཔང་པོ་མཛོད། །སྐྱེས་པ་ཕོ་ཡི་བྱུར་འདྲེ་བསྒྱུར་དུ་གསོལ། །ཆུ་མོ་སྦྲུལ་གྱིས་དཔང་པོ་མཛོད། །སྡུག་པའི་རོ་འཛིན་བསྒྱུར་དུ་གསོལ། །ཤིང་ཕོ་རྟ་ཡིས་དཔང་པོ་མཛོད། །དའུ་གོ་སྡོད་བསྒྱུར་དུ་གསོལ། །ཤིང་མོ་ལུག་གིས་དཔང་པོ་མཛོད། །རྨི་ལམ་ངན་པ་བསྒྱུར་དུ་གསོལ། །མེ་ཕོ་སྤྲེལ་གྱིས་དཔང་པོ་མཛོད། །གཤིན་གྱི་ངུ་འབོད་བསྒྱུར་དུ་གསོལ། །མེ་མོ་བྱ་ཡིས་དཔང་པོ་མཛོད། །མ་ཕྱི་དུར་གྱི་རྣ་སྲོལ་བསྒྱུར་དུ་གསོལ། །།ས་ཕོ་ཁྱི་ཡིས་དཔང་པོ་མཛོད། །སྲིན་


CMR038_Page_0122
[མ་དཔེ་གཟིགས་ན་འདིར་གནོན།]

པོ་ཕག་ཞོན་བསྒྱུར་དུ་གསོལ། །ས་མོ་ཕག་གིས་དཔང་པོ་མཛོད། །བདུད་ནག་ལུག་ཁྲིད་བསྒྱུར་དུ་གསོལ། །ཀྱཻ། །ལྕགས་ཕོ་བྱི་བས་རྫུ་འཕྲུལ་མཛོད། །བདག་དང་ཡོན་བདག་འཁོར་བཅས་ལ། །ཡ་མཚན་མི་བཏང་མི་ཟེར་རམ། །སྲེ་མོང་ཁ་ཡི་བྱི་རོ་འདི། །བཙོག་ནལ་ཡོད་པའི་ལྟས་ངན་ཡིན། །ལྷ་དུག་གཡོས་པ་བསྒྱུར་དུ་གསོལ། །ཆོས་གླང་རོལ་དུ་མཁྱེན་པ་དེ། །ས་བདག་གཡོས་པའི་ལྟས་ངན་ཡིན། །ས་བདག་ཀླུ་སྲིན་བསྒྱུར་དུ་གསོལ། །སྲིན་འཇའ་ཁ་ཡི་འབུ་རོ་འདི། །ཕོ་ལྷ་གཡེལ་བའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །རི་བོང་ཁྱིམ་དུ་འོང་བ་དེ། །མ་དང་བྲན་གྱི་བཙོག་ནལ་ཡིན། །དེ་ཡི་བཙོག་ནལ་བསྒྱུར་དུ་གསོལ། །ཁང་ཁྱིམ་ཕུགས་སུ་མེ་ཤོར་དང་། །ཞིང་མུ་གཤའ་ཡི་ཁྱེར་བ་དེ། །ཡུལ་འདྲེ་སྡིག་པའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །སྦྲ་ལ་བྱ་རྗེས་དོད་པ་དང་། །སྦྲུལ་ནག་ལྟོ་སྦྱོར་མཐོང་བ་ནི། །མ་ཡར་བུ་རོགས་བཙོག་ནལ་ཡིན། །དེ་ཡི་བཙོག་ནལ་བསྒྱུར་དུ་གསོལ། །བུ་སྲིང་གོ་ཕུག་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །མག་པས་རྒྱུག་མོ་


CMR038_Page_0123
[མ་དཔེ་གཟིགས་ན་འདིར་གནོན།]

འཚེས་པ་དེ། །བྱེ་བྲལ་འོང་བའི་ལྟས་ངན་ཡིན། །།དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །སོག་པའི་མེ་ལོང་བུག་པ་དང་། །ར་ལུག་ལྷག་ཆད་མང་བ་དེ། །རིམས་ནད་འོང་བའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །འུག་པ་ཉིན་པར་དགོད་པ་དང་། །སྲིན་བྱ་ནུབ་མོ་ཀུས་འདེབས་དེ། །མ་སྨད་བྲལ་བའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །བཅའ་དུ་ལམ་མདོར་ལམ་ཕྲད་པ་དེ། །བྱེ་བྲལ་འོང་བའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །སྒོ་ཁྱིའི་ངུ་ཟུག་བྱེད་པ་དང་། བྱི་ལོང་ཁྱིམ་དུ་འོང་བ་དེ། །བུ་ཚ་དའུ་ལུས་པའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །ཤ་བ་རུ་འཛིང་མཐོང་བ་དང་། །མེ་སྙིང་དམར་པོ་རད་པ་དེ། །གཤིན་པོས་གསོན་ལ་སྡིག་པ་ཡིན། །དེ་ཡི་ལྟས་ངན་བསྐྱར་དུ་གསོལ། །སྲོད་ལ་ཝ་མོ་བརྒྱལ་བ་དང་། །སྲམ་ནག་བུད་པ་མཐོང་བ་ནི། །ཕུང་སྲི་གནོད་པའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །རླུང་ཐོག་དྲག་པོ་བྱུང་བ་དང་། །ཕྱི་ནང་སྒོ་མོ་འཁྲོགས་པ་ནི། །གནོད་སྦྱིན་འཁྲུག་པའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་


CMR038_Page_0124
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དུ་གསོལ། །རྣ་ཐོང་བྲག་ལ་ལྟུང་བ་དང་། །བྱིའུ་ཚང་ནང་དུ་སྦྲུལ་ཞུགས་མཐོང་བ་དེ། །གཉེན་ཐན་གཡོས་པའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། ལྷཕུག་ན་བྱི་བ་འཁུན་པ་དང་། །དྲེལ་རྟས་རྔ་རྔོག་འཆས་པ་ནི། །མཚོན་ཆ་གཡོས་པའི་ལྟས་ངན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །བྱ་ཝང་འཁུན་པ་ཚོར་བ་དང་། ལུས་ལ་བྱ་ཐལ་ཕོག་པ་དེ། །མདུན་ངོ་ཕོག་པའི་ལྟས་དོན་ཡིན། །དེ་ཡི་ལྟས་ངན་བསྒྱུར་དུ་གསོལ། །སྡིག་པའི་མཚོན་ཆ་བསྒྱུར་དུ་གསོལ། །རྨིས་ལྟས་ངན་པ་བསྒྱུར་དུ་གསོལ། །དལ་ཁ་ཡམས་ཁ་བསྒྱུར་དུ་གསོལ། །ལྟས་ངན་ཐམས་ཅད་བསྒྱུར་དུ་གསོལ། །ལྕོང་མོའི་རྔ་ཡབ་བསྒྱུར་དུ་གསོལ། །ལྕགས་ཕོ་བྱི་བས་རྫུ་འཕྲུལ་མཛོད། །མོ་བ་ངན་རྨི་ལམ་ངན་པ་དང་། །ལྟས་ངན་སྣ་ཚོགས་བསྒྱུར་དུ་གསོལ། །ལྕགས་མོ་གླང་གི་རྫུ་འཕྲུལ་མཛོད། །འདྲེ་གདོན་གནོད་པ་མང་པོ་དང་། །དུག་གི་རྒྱལ་མོའི་སྨྱོ་འདྲེ་བསྒྱུར་དུ་གསོལ། །ཆུ་ཕོ་སྟག་གིས་རྫུ་འཕྲུལ་མཛོད། །སྲིན་མོ་ཁྱི་ཚང་སྡུག་བསྔལ་དང་། །གྱོད་འདྲེ་བྱུར་སྲི་བསྒྱུར་དུ་གསོལ། །ཆུ་མོ་ཡོས་ཀྱིས་རྫུ་འཕྲུལ་དང་། །མི་གཙང་སྨེ་


CMR038_Page_0125
[མ་དཔེ་གཟིགས་ན་འདིར་གནོན།]

མནོལ་ཐམས་ཅད་དང་། །ཉོན་མོངས་ཐམས་ཅད་བསྒྱུར་དུ་གསོལ། །ཤིང་ཕོ་འབྲུག་གིས་རྫུ་འཕྲུལ་མཛོད། །གཏི་མུག་སྡུག་བསྔལ་ཐམས་ཅད་དང་། །ཚངས་པས་སྡུག་རོག་བསྒྱུར་དུ་གསོལ། །ཤིང་མོ་སྦྲུལ་གྱིས་རྫུ་འཕྲུལ་མཛོད། །སེར་སྣ་བཀྲེས་སྐོམ་སྡུག་བསྔལ་དང་། །སྟོད་སྨད་བཙོག་ནལ་བསྒྱུར་དུ་གསོལ། །མེ་ཕོ་རྟ་ཡིས་རྫུ་འཕྲུལ་མཛོད། །ང་རྒྱལ་ཕྲག་དོག་སྡུག་བསྔལ་དང་། །སྐྱེ་འཆི་འཕེལ་སྒྲིབ་བསྒྱུར་དུ་གསོལ། །།མེ་མོ་ལུག་གིས་རྫུ་འཕྲུལ་མཛོད། །ཞེ་སྡང་གདུག་རྩུབ་སྡུག་བསྔལ་དང་། །གཞོན་སྲི་ལང་བ་བསྒྱུར་དུ་གསོལ། །ས་ཕོ་སྤྲེལ་གྱིས་རྫུ་འཕྲུལ་མཛོད། །སྐྱེ་འཆིའི་འཕེལ་བའི་སྡུག་བསྔལ་དང་། །ངན་སོང་སྡེ་གསུམ་བསྒྱུར་དུ་གསོལ། །ས་མོ་བྱ་ཡིས་རྫུ་འཕྲུལ་མཛོད། །ངན་སོང་གསུམ་གྱི་སྡུག་བསྔལ་དང་། །གནོད་པ་སྣ་ཚོགས་བསྒྱུར་དུ་གསོལ། །ལྕགས་ཕོ་ཁྱི་ཡིས་རྫུ་འཕྲུལ་མཛོད། །སྲི་ཅན་གནོད་པ་མང་པོ་དང་། །ལྟས་ངན་སྣ་ཚོགས་བསྒྱུར་དུ་གསོལ། །ལྕགས་མོ་ཕག་གིས་རྫུ་འཕྲུལ་མཛོད། །ན་ཆ་ཉོན་མོངས་སྡུག་བསྔལ་དང་། །བག་སྣ་སྐྱས་སྣ་བསྒྱུར་དུ་གསོལ། །ཆུ་ཕོ་བྱི་


CMR038_Page_0126
[མ་དཔེ་གཟིགས་ན་འདིར་གནོན།]

བའི་མཐུ་སྟོབས་ཀྱིས། །གནམ་རྡོ་ས་ལ་ལྷུང་བ་དང་། །སྲིན་པོ་སྡུག་བྱེད་བསྒྱུར་དུ་གསོལ། །ཆུ་མོ་གླང་གི་མཐུ་སྟོབས་ཀྱིས། །སྲིན་པོ་གཉའ་རིང་གཡུ་རྐུན་དང་། །གནོད་སྦྱིན་གདུག་པ་བསྒྱུར་དུ་གསོལ། །ཤིང་ཕོ་སྟག་གི་མཐུ་སྟོབས་ཀྱིས། །བརྒྱ་བྱིན་གདུག་པ་སྟོན་པ་དང་། །གནོད་སྦྱིན་ཐོག་རྒོད་བསྒྱུར་དུ་གསོལ། །ཤིང་མོ་ཡོས་བུའི་མཐུ་སྟོབས་ཀྱིས། །རྒྱལ་པོ་མི་ཡི་ནད་རྣམས་དང་། །ཕུང་སྲི་ལྕམ་དྲལ་བསྒྱུར་དུ་གསོལ། །མེ་ཕོ་འབྲུག་གི་མཐུ་སྟོབས་ཀྱིས། །ནད་ཡམས་གདུག་རྩུབ་ཐམས་ཅད་དང་། །ཕུང་སྲི་གདུག་པ་བསྒྱུར་དུ་གསོལ། །མེ་མོ་སྦྲུལ་གྱི་དུས་ལ་བབ། །དགྲ་དང་ཕུང་སྲི་བསྒྱུར་དུ་གསོལ། །ས་ཕོ་རྟ་ཡི་མཐུ་སྟོབས་ཀྱིས། །སྟག་འདྲེ་བྱིན་གྱི་ནད་རྣམས་དང་། །ས་འདྲེ་དུར་སྲི་གདུག་པ་བསྒྱུར་དུ་གསོལ། །ས་མོ་ལུག་གི་མཐུ་སྟོབས་ཀྱིས། །ལྷ་གང་བྱིན་གྱི་ནད་རྣམས་དང་། །བསྙེན་པའི་འཕར་ཞོན་བསྒྱུར་དུ་གསོལ། །ལྕགས་ཕོ་སྤྲེལ་གྱི་མཐུ་སྟོབ་ཀྱིས། །བསྒྲེན་འདྲེ་ཡམས་ཆེན་སྣ་དགུ་དང་། །མནའ་གྲི་ངན་པ་བསྒྱུར་དུ་གསོལ། །ལྕགས་མོ་བྱ་ཡི་མཐུ་སྟོབས་ཀྱིས། །ས་འོག་ཀླུ་ཡི་གདུག་པ་དང་། །ནད་


CMR038_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

ཡམས་ཐམས་ཅད་བསྒྱུར་དུ་གསོལ། །ཆུ་ཕོ་ཁྱི་ཡི་མཐུ་སྟོབས་ཀྱིས། །གནོད་སྦྱིན་ཐེའུ་རང་ནད་རྣམས་དང་། །བྱུར་དུ་ཤ་ཆིང་བསྒྱུར་དུ་གསོལ། །ཆུ་མོ་ཕག་གི་མཐུ་སྟོབས་ཀྱིས། །དུག་གི་རྐྱལ་པའི་ནད་རྣམས་དང་། །མི་དང་བྱོལ་སོང་ལྟས་ངན་བསྒྱུར་དུ་གསོལ། །གནམ་སྒོ་ས་སྒོ་མ་འགུལ་ཅིག །བདག་དང་ཡོན་བདག་འཁོར་བཅས་ལ། །རྐྱེན་དང་བར་ཆད་ཡོད་པ་ནི། །དེ་རིང་ཀོང་ཙེའི་གཏོ་ཡིས་བསྒྱུར་དུ་གསོལ། །མོ་ངན་ཕྱོགས་སྡིག་བསྒྱུར་དུ་གསོལ། །ཀྱཻ། །ཤར་གྱི་ཕྱོགས་ནས་བསྒྱུར་བ་ནི། །ས་བདག་བུ་མོ་འབྲིང་བ་ནི། །ཟུར་རྩེ་དང་རྩེ་ཕུང་རྩེ་དང་། །རལ་གྲི་སྣ་ནི་བསྒྱུར་དུ་གསོལ། །བུ་མོ་འབྲིང་བའི་བདུད་དུ་མ་འབེབས་ཤིག ཤར་ལྷོ་མཚམས་ནས་བསྒྱུར་བ་ནི། །ས་བདག་བུ་མོ་ཆེ་བ་ཡིན། །སྨྱོ་འདྲེ་ནད་ཡམས་ཆེ་དགུ་བསྒྱུར་དུ་གསོལ། །བུ་མོ་ཆེ་བའི་བདུད་དུ་མ་འབེབས་ཤིག །ལྷོ་ཡི་ཕྱོགས་ནས་བསྒྱུར་བ་ནི། །ས་བདག་བུ་མོ་ཆུང་བ་ཡིན། །སྨེ་མནོལ་བུ་ཚའི་སྦྲང་རོ་བསྒྱུར་དུ་གསོལ། །བུ་མོ་ཆུང་བའི་བདུད་དུ་མ་འབེབས་ཤིག །ལྷོ་ནུབ་མཚམས་ནས་བསྒྱུར་བ་ནི། །ས་བདག་ཁོན་མ་


CMR038_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

རྒན་མོ་ཡིན། །དུར་ཉེས་དུར་བསྒྲེན་འཁོན་དང་ནི། །ས་སྒོ་བྱེ་བ་ཆོད་ལ་ཐོངས། །བུད་མེད་རྒན་མོའི་བདུད་དུ་མ་འབེབས་ཤིག །ནུབ་ཀྱི་ཕྱོགས་ནས་བསྒྱུར་བ་ནི། །ས་བདག་བུ་ཚ་འབྲིང་བ་ནི། །རོ་གལ་དང་ནི་གྲི་སྣ་བསྒྱུར་དུ་གསོལ། །སྐྱེས་པ་དར་མའི་བདུད་དུ་མ་འབེབས་ཤིག །ནུབ་བྱང་མཚམས་ནས་བསྒྱུར་བ་ནི། །ས་བདག་ཁེན་པ་རྒན་པོ་ཡིན། །ཐེའུ་རང་བསྒྱུར་ལ་གནམ་སྒོ་ཆོད། །མི་རྒན་བདུད་དུ་མ་འབེབས་ཤིག །བྱང་གི་ཕྱོགས་ནས་བསྒྱུར་བ་ནི། །ས་བདག་བུ་ཚ་ཆུང་བ་ནི། །སྐྱས་སྣ་སྤྱད་ནག་ཡམས་སྣ་བསྒྱུར། །བུ་ཚ་ཆུང་བའི་བདུད་དུ་མ་འབེབས་ཤིག །བྱང་ཤར་མཚམས་ནས་བསྒྱུར་བ་ནི། །ས་བདག་བུ་ཚ་ཆེ་བ་ཡིན། །བན་བྱད་རིབས་ཆད་སྣ་སྒྱུར་ཅིག །བུ་ཚ་ཆེ་བའི་བདུད་དུ་མ་འབེབས་ཤིག །ས་བདག་རྒྱལ་པོ་བ་དན་ཁྲ་བོ་ཅན། །རུ་སྦལ་བརྡའ་ཐན་བསྒྱུར་དུ་གསོལ། །བྱ་ཁྱུང་གཤོག་རྡེབ་བསྒྱུར་དུ་གསོལ། །གཙང་ཀུན་རྒྱལ་པོས་འགག་གྲི་ནལ་སྡིག་བསྒྱུར་དུ་གསོལ། །བྱི་ལིང་རྒྱལ་པོས་གྲི་བོའི་སྣ་སྒྱུར་ཅིག །ས་བདག་སྦལ་སྣས་དུར་བཏབ་ཉེས་པ་བསྒྱུར་དུ་གསོལ། །ས་བདག་གཟིག་མཇུག་ནག་པོ་


CMR038_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ཉེས་པའི་གཡེར་ངན་བསྒྱུར་དུ་གསོལ། །ས་བདག་ཐེ་སེ་རྒྱལ་པོ་ཡིས། །བྱ་བྱའི་བརྡ་ཐན་ངན་པ་བསྒྱུར་དུ་གསོལ། །ས་བདག་ཐེ་ཁྱིམ་བཙུན་མོ་ཡིས། །བག་མ་བླང་ཉེས་ལྟས་ངན་བསྒྱུར་དུ་གསོལ། །མེ་ཆུ་གཉིས་ཀྱི་དགྲ་གཤེད་བསྒྱུར་དུ་གསོལ། །ས་ཆུ་གཉིས་ཀྱི་བཤིག་བཀྲལ་བསྒྱུར་དུ་གསོལ། །ཤིང་ལྕགས་གཉིས་ཀྱི་གཅོད་འདྲལ་བསྒྱུར་དུ་གསོལ། །ས་ཤིང་གཉིས་ཀྱི་བུག་རྡོལ་བསྒྱུར་དུ་གསོལ། །མེ་ལྕགས་གཉིས་ཀྱི་བཞུ་བཏུལ་བསྒྱུར་དུ་གསོལ། །རྟ་སྦྲུལ་གནམ་སྒོ་བྱེ་བ་ཕག་གིས་བཅད། །ས་སྒོ་བྱེ་བ་ཁྱི་ཡིས་བཅད། །གཤེད་སྒོ་བྱེ་བ་རླུང་གིས་བཅད། །ལུག་གི་གནམ་སྒོ་བྱེ་བ་སྤེལ་གྱིས་བཅད། །ས་སྒོ་བྱེ་བ་སྟག་དང་ཡོས་བུས་བཅད། །གཤེད་སྒོ་བྱེ་。བ་ཕག་དང་བྱི་བས་བཅད། །བྱ་སྤྲེལ་གནམ་སྒོ་བྱེ་བ་ལུག་གིས་བཅད། །ས་སྒོ་བྱེ་བ་འབྲུག་གིས་བཅད། །ཁྱི་ཡི་གནམ་སྒོ་བྱེ་བ་ཕག་གིས་བཅད། །ས་སྒོ་བྱེ་བ་རྟ་དང་སྦྲུལ་གྱིས་བཅད། །གཤེད་སྒོ་བྱེ་བ་སྟག་དང་ཡོས་བུས་བཅད། །ཕག་དང་བྱི་བའི་གནམ་སྒོ་བྱེ་བ་ཁྱི་ཡིས་བཅད། །ས་སྒོ་བྱེ་བ་ལུག་གིས་བཅད། །གཤེད་སྒོ་བྱེ་བ་སྟག་དང་ཡོས་


CMR038_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

བུས་བཅད། །གླང་གི་གནམ་སྒོ་བྱེ་བ་སྟག་དང་ཡོས་བུས་བཅད། །ས་སྒོ་བྱེ་བ་བྱ་དང་སྤྲེལ་གྱིས་བཅད། །གཤེད་སྒོ་བྱེ་བ་རྟ་དང་སྦྲུལ་གྱིས་བཅད། །སྟག་ཡོས་གནམ་སྒོ་བྱེ་བ་གླང་གིས་བཅད། །ས་སྒོ་བྱེ་བ་ཕག་དང་བྱི་བས་བཅད། །གཤེད་སྒོ་བྱེ་བ་བྱ་དང་སྤྲེལ་གྱིས་བཅད། །ཀྱཻ། རྒྱལ་པོ་བྱི་བའི་ལོ་བདུད་ནི། །བདུད་རེ་ལྡེ་མགོ་ཉག་བསྒྱུར་དུ་གསོལ། །བརྟུལ་ཞུགས་གླང་གི་ལོ་བདུད་ནི། །བདུད་ཤན་པ་གྲི་ཐོག་བསྒྱུར་དུ་གསོལ། །གདུག་པ་སྟག་གི་ལོ་བདུད་ནི། །བདུད་ཕོ་ཁ་རྟ་གྲི་ཡུག་བསྒྱུར་དུ་གསོལ། །ཚངས་ཆེན་ཡོས་བུའི་ལོ་བདུད་ནི། །བདུད་ངམ་རྗེ་རྩོལ་པས་བསྒྱུར་དུ་གསོལ། །གཏུམ་པོ་འབྲུག་གི་ལོ་བདུད་ནི། །བདུད་པོ་ཁྲོ་རྒྱལ་ཆེན་པོས་བསྒྱུར་དུ་གསོལ། །ཞེ་སྡང་སྦྲུལ་གྱི་ལོ་བདུད་ནི། །བདུད་པོ་ལག་རིང་བསྒྱུར་དུ་གསོལ། །མགྱོགས་པ་རྟ་ཡི་ལོ་བདུད་ནི། །བདུད་གཏུམ་པོ་བང་མགྱོགས་བསྒྱུར་དུ་གསོལ། །གཡང་ཆེན་ལུག་གི་ལོ་བདུད་ནི། །བདུད་གནམ་ཐོག་རྩོལ་པོས་བསྒྱུར་དུ་གསོལ། །གཤེད་པོ་སྤྲེལ་གྱི་ལོ་བདུད་ནི། །བདུད་རྗེ་རྩོལ་པོ་བསྒྱུར་དུ་གསོལ། །འདོད་ཆགས་བྱ་ཡི་ལོ་བདུད་ནི། །


CMR038_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་པོ་གཟུགས་མེད་ཆེན་པོ་བསྒྱུར་དུ་གསོལ། །གཤེད་པོ་ཁྱི་ཡི་ལོ་བདུད་ནི། །གནམ་བདུད་འཁོར་ལོས་བསྒྱུར་དུ་གསོལ། །དུར་མོ་ཕག་གི་ལོ་བདུད་ནི། །བདུད་འཁོར་མི་འགྲམ་རིང་བསྒྱུར་དུ་གསོལ། །ཀྱཻ། གླུད་འདོད་རྣམས་ལ་གླུད་འབུལ་བས། །སྤྱི་བདུད་ནག་པོ་མི་ཡི་འཚོགས་སྨེ་འདོད། །འཚོགས་སྨེའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །སྤར་ཁ་བརྒྱད་ཀྱིས་མི་ཡི་ཀླད་པ་འདོད། །ཀླད་པའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །ཟོར་མོ་རྒ་མཁན་མི་ཡི་ཨུལ་ཀྲོང་འདོད། །ཨུལ་ཀྲོང་གླུད་དང་སྐྱིན་དུ་ངར་མི་ཟན་ཆང་འབུལ། །མི་བདུད་བུ་ཆུང་མ་ཡི་ནུ་མ་འདོད། །ནུ་མའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །མ་བདུད་གྲག་མཁན་མི་ཡི་རྩིབ་མ་འདོད། །རྩིབ་མའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །མ་ཤི་འཚོ་མཛད་མི་ཡི་མཁྲིས་པ་འདོད། །མཁྲིས་པའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །མ་ཤི་འཚོ་མཛད་མི་ཡི་གློ་བ་འདོད། །གློ་བའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །རྫིང་མཆོག་ཞོ་བཤིགས་མི་ཡི་མཆིན་པ་འདོད། །མཆིན་པའི་གླུད་དང་སྐྱིན་དུ་ངར་མི་


CMR038_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཟན་ཆངསའབུལ། །ཁ་བརྒྱད་གླུད་ལེན་མི་ཡི་མཁལ་མ་འདོད། །མཁལ་མའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །བཞི་བཅུ་རྩ་བཞི་མི་ཡི་དོན་སྙིང་འདོད། །མི་སྙིང་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །བཞི་བཅུ་གཉེར་འཚོགས་མི་ཡི་གཉེར་མ་འདོད། །གཉེར་མའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །སྲིན་པོ་ཐག་འཐག་མི་ཡི་རྒྱུ་མ་འདོད། །རྒྱུ་མིའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །ནག་པོ་ཐང་ཡན་མི་ཡི་ལོང་ཀ་འདོད། །ལོང་ཀའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །ནག་པོ་ཐང་ཡན་མི་ཡི་ཕོ་བ་འདོད། །ཕོ་བའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །ཟོར་མོ་མདའ་འཕེན་མི་ཡི་དཔུང་པ་འདོད། །དཔུང་པའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །བཙན་ལག་མདའ་འཕེན་མི་ཡི་ལག་ངར་འདོད། །ལག་ངར་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །མ་བདུད་ཁྲ་བོས་མི་ཡི་ཚང་ར་འདོད། །ཚང་རའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །འདོད་མཆོག་རྒན་མོས་མི་ཡི་ཕོ་མཚན་འདོད། །ཕོ་མཚན་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །འདོད་མཆོག་རྒན་པོས་མི་


CMR038_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་མོ་མཚན་འདོད། །མོ་མཚན་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །མོ་བདུད་འདབ་རབ་མི་ཡི་སོག་པ་འདོད། །སོག་པའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །ཡར་མོ་རྫིབ་རྫིབ་མི་ཡི་རྐང་པ་འདོད། །རྐང་པའི་གླུད་དང་སྐྱིན་དུ་ངར་མི་ཟན་ཆངས་འབུལ། །སྐྱིན་གྱི་རྩ་དང་ཡུན་ཆེན་འབུལ། །སྐྱོན་གྱི་སྟོང་རྩེ་དཀར་ནག་འབུལ། །སྐྱིན་གྱི་ཚེ་ཕུར་བཅུ་གསུམ་འབུལ། །འབུལ་བ་ང་ཡིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །མི་དང་གླུད་བརྗེ་རེ་བ་ཁོང་། །གླུད་ཀྱི་བདག་པོས་གླུད་ལོངས་ཤིག །མདོས་ཀྱི་བདག་པོས་མདོས་ཁྱེར་ཅིག །ཀྱཻ། ཟན་གྱི་ངར་མི་འདི་དག་ནི། །འདི་ལ་དེ་ནི་ལྕེ་དེ་ནི། །ཕ་ཝང་འདི་ནི་ལྕེ་ཡང་བཏགས། །སྤྱད་པའི་དཀོར་ནི་ཉ་མགོ་ལག་ཏུ་གཏད། །བསམ་པའི་སྙིང་དང་ནང་ཆ་ནི། །དོན་སྙིང་ཞོ་ཤ་ལྔ་ལ་བྱས། །འཛིན་པའི་སྦར་མོ་ལྕགས་ལ་བྱས། །གཅོད་པའི་སོ་ནི་ཕག་རྒོད་མཆེ་བ་ལ། །ཕྱག་གཡས་གསེར་ལ་གཡོན་པ་གཡུ། །མིག་གཉིས་དེ་ནི་རིན་ཆེན་གསལ། །རྣ་བ་དེ་ནི་གཡུ་ཡང་གསལ། །ཁ་རུ་དེ་ནི་བྱི་རུ་གསལ། །སྐྱེ་ལ་དེ་ནི་མུ་ཏིག་


CMR038_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། །ལུས་ལ་དེ་ནི་བེར་ཡང་བཀོན། །མགོ་ལ་དེ་ནི་ཐོད་ཀྱང་བཅིངས། །ཞབས་སུ་དེ་ནི་གདན་ཡང་བཏིང་། །གདོང་ལ་དེ་ནི་མཚལ་ཡང་བྱུག །རྒྱལ་པོ་དེ་ནི་སྐུ་བས་བཙུན་། །བློན་པོ་དེ་ནི་ཐབས་རེ་མཁས། །འགྲོ་ན་དེ་ནི་སྟབས་རེ་སྡུག །སྨྲ་བ་དེ་ནི་སྐད་རེ་སྙན། །ལྟ་བ་དེ་ནི་མིག་ནི་རྣོ། །ཉན་པ་དེ་ནི་རྣ་བ་གསང་། །བསམ་པ་དེ་ནི་སེམས་རེ་བསལ། །ཉོན་པ་དེ་ནི་ལེགས་དང་ལྡན། །བཟའ་བ་དེ་ནི་ཤ་རེ་ཆེ། །བཏུང་བ་དེ་ནི་ཁྲག་རེ་མང་། །འདི་རྒྱལ་པོ་དེ་ནི་སྐུ་ཡི་གླུད། །བློན་པོ་དེ་ནི་ལྗགས་ཀྱི་ཚབ། །ཚེ་ཡི་སྐྱིན་དང་སྲོག་གི་གླུད། །ལུས་ཀྱི་ཚབ་དང་ངག་གི་སྐྱིན། །སེམས་ཀྱི་གླུད་དུ་ནམ་མཁའ་འཇལ། །དབུགས་ཀྱི་གླུད་དུ་རླུང་འདི་འཇལ། །དྲོད་ཀྱི་གླུད་དུ་མེ་འདི་འཇལ། །ཁྲག་གི་གླུད་དུ་ཆུ་འདི་འཇལ། །ཤ་ཡི་གླུད་དུ་ས་འདི་འཇལ། །རུས་པའི་གླུད་དུ་རྡོ་འདི་འཇལ། །ད་ངར་མི་རྒྱན་ལྡན་སྟེང་དུ་སོང་། །སྟེང་གི་གནམ་སྒོ་བྱེ་བ་ཁྱོད་ཀྱིས་ཆོད། །བྱ་ཁྱུང་འབོད་པ་ཁྱོད་ཀྱིས་ཆོད། །ད་དེར་མི་རྒྱལ་པོ་འོག་ཏུ་སོང་། །ས་སྒོ་བྱེ་བ་ཁྱོད་ཀྱིས་ཆོད། །དུར་ཕག་འཁུན་པ་ཁྱོད་ཀྱིས་ནོན། །ངར་མི་རྒྱལ་པོ་


CMR038_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་བཞིར་སོང་། །གཤེད་བཞིའི་མཆེ་བ་ཁྱོད་ཀྱིས་ཆོག །ཕྱོགས་བཞི་དང་ནི་མཚམས་བརྒྱད་དང་། །སྟེང་འོག་གཉིས་སུ་ཁྱོད་སོང་ལ། །བྲོ་བརྡུང་གླུ་ལེན་གར་ཡང་གྱིས། །དར་ཕྱར་དུང་འབུད་འོ་དོད་བོས། །བདུད་བགེགས་ཐམས་ཅད་བསྒྱུར་དུ་གསོལ། །ཕུང་པོའི་བདུད་བགེགས་ཤར་དུ་ཟློག །ཉོན་མོངས་བདུད་བགེགས་ལྷོ་རུ་ཟློག །འཆི་བདག་བདུད་བགེགས་ནུབ་ཏུ་ཟློག །གཤིན་རྗེའི་བདུད་བགེགས་བྱང་དུ་ཟློག །ལོ་གཤེད་ཐམས་ཅད་བསྒྱུར་དུ་གསོལ། །ཡེ་འདྲོག་ཐམས་ཅད་བསྒྱུར་དུ་གསོལ། །ས་སྒོ་བྱེ་བ་ཁྱོད་ཀྱིས་ཆོད། །རོ་བདུད་ཟུག་པ་ཁྱོད་ཀྱིས་བསྒྱུར། །སྤར་ཁ་འཁྲུག་པ་ཁྱོད་ཀྱིས་ཆོད། །དགྲ་གཤེད་འཁྲུགས་པ་ཁྱོད་ཀྱིས་ཆོད། །ལོ་ཁམས་ཐམས་ཅད་བདེ་ལ་ཁོད། །ཟླ་བ་བཅུ་གཉིས་བཀྲ་ཤིས་ཤོག །གནུམ་ཁྱིའི་གདུག་པ་ཞི་བར་ཤོག །འཚེར་རྩུབ་སྐག་ཆེན་བསྒྱུར་དུ་གསོལ། །མོ་ངན་སོག་སྡིག་བསྒྱུར་དུ་གསོལ། །དྲུག་ཅུའི་ཐན་སྣ་བསྒྱུར་དུ་གསོལ། །ས་བདག་གདུག་པ་ཞི་བར་ཤོག །ལོ་སྐོར་འཁྲུག་པ་ཞི་བར་མཛོད། །དུར་འཁྲུག་བསྒྲེན་ངན་ཞི་བར་མཛོད། །ཉི་ཟླ་


CMR038_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

གཟའ་སྐར་འཁྲུགས་པ་ཞི་བར་མཛོད། །ནད་ཡམས་ཐམས་ཅད་བསྒྱུར་དུ་གསོལ། །ཕོ་ཡི་དགུ་མིག་བསྒྱུར་དུ་གསོལ། །མོ་ཡི་བདུན་ཟུར་བསྒྱུར་དུ་གསོལ། །ཕོ་བདུད་དལ་ཁ་གཡས་སུ་བསྒྱུར། །མོ་བདུད་དལ་ཁ་གཡོན་དུ་བསྒྱུར། །ཆུང་བདུད་དལ་ཁ་ཐད་དུ་བསྒྱུར། །བཙན་བདུད་དམུ་ཡི་གདུག་རྩུབ་བསྒྱུར་དུ་གསོལ། །ལྷ་འདྲེའི་ཆོ་འཕྲུལ་ངན་པ་བསྒྱུར་དུ་གསོལ། །མི་ཡི་གྲངས་ལ་མ་རྐུ་ཞིག །ཕྱུགས་ཀྱི་རྩིས་ལ་མ་འཇབ་ཅིག །ནད་དང་ཡམས་ཁ་མ་གཏོང་ཞིག ༈ །ཀྱཻ། ད་ནི་ལྟས་ངན་བསྒྱུར་བ་ནི། །དང་པོ་ལྟས་ངན་གང་ནས་བྱུང་། །ལྟས་ངན་དང་པོ་སྙིང་ལ་བྱུང་། །མི་བསམ་བསམ་པར་བྱེད་པ་དང་། །མི་དྲན་དྲན་པར་བྱེད་པ་དང་། །ལྟས་ངན་དང་པོ་མིག་ལ་བྱུང་། །ཉི་ཟླ་ཤི་བ་མིག་གིས་རིགས། །ཤ་ཕོ་རུ་འཛིང་བྱ་ནག་སྡེར་འཛིངས་དང་། །ལྟས་ངན་ཆ་མ་ཆོ་རིགས་རྣམས། །ལྟ་བྱེད་རྒྱལ་པོ་མིག་གིས་མཐོང་། །ལྟས་ངན་སྨྲ་བ་རྣ་བས་ཐོས། །ལྟས་ངན་དང་པོ་ཁ་ནས་བྱུང་། །དགྲ་ཡི་ལྟས་ངན་ཐམས་ཅད་ནི། །ལྟས་ངན་རྔ་མོང་ནག་པོ་ལ། །ལྟས་ངན་སྐྱལ་པ་ཟུང་ཞིག་བཀལ། །ལུང་གསུམ་མདོ་རུ་བསྐྱལ་ཏེ་


CMR038_Page_0137
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་། །དགུན་ཟླ་དེ་ནི་འབྲིང་པོ་ལ། །བྱི་ལོང་ཐང་ན་བྱུང་བ་མཐོང་བ་དང་། །སྦྲུལ་ནག་ཐང་ནས་བྱུང་བ་མཐོང་བ་དང་། །གྲུམ་པའི་ཚང་ཡོས་མཐོང་བ་དང་། །སྟོན་ཟླ་དེ་ནི་འབྲིང་པོ་ལ། །སྲིན་བྱ་ཁ་ཡི་འབུ་རོ་ཐོག་ཏུ་བསྒྱུར་བ་དང་། །དབྱར་ཟླ་དེ་ནི་འབྲིང་པོ་ལ། །བྱིའུ་ཚང་ནང་དུ་སྦྲུལ་ཞུགས་མཐོང་བ་དང་། །རྟ་ལ་མཚེ་མ་བྱུང་བ་དང་། །བ་ལ་གསུམ་མཚེ་བྱུང་བ་དང་། །ར་ལུག་ལྷག་ཆད་མང་བ་དང་། །ཁྱི་ལ་ལྷག་ཆད་བྱུང་བ་དང་། །སྲོད་ལ་བྱ་ཕོ་གྲག་པ་དང་། །འུག་པ་ཉིན་ལ་དགོད་པ་དང་། །མཚན་ལ་སྲིན་བྱས་འབོད་པ་དང་། །ཤ་བ་རུ་འཛིང་མཐོང་བ་དང་། །བྱ་ནག་སྡེར་འཛིང་མཐོང་བ་དང་། །ཀ་བ་ཁ་ནས་འཛུལ་བ་དང་། །གདུང་མ་རྐེད་དུ་ཆག་པ་དང་། །སྤར་ཁ་བརྒྱད་པོ་འཁྲུག་པ་དང་། །རོ་འཛིན་ལག་པ་བརྗེས་པ་དང་། །དོ་མ་སྒྱིད་ལུག་འགུལ་པ་དང་། །ནམ་མཁའ་དབུ་ཤུགས་འགུལ་བ་དང་། །སོག་པའི་རུལ་ཁུང་དོད་པ་དང་། །གསོན་དང་ཤི་བའི་སོ་མཚམས་སུ། །ལྷ་འདྲེས་ཉོ་ཚོང་རྒྱབ་པ་དང་། །མི་གྲངས་ཀྱི་ནི་མཁར་བུ་ལ། །འབོ་དོད་ནག་པོ་གཏོང་བ་དང་། །སྤྲེལ་དཀར་ལ་


CMR038_Page_0138
[མ་དཔེ་གཟིགས་ན་འདིར་གནོན།]

ཁར་ཐལ་བ་དང་། །ལས་ཀྱི་གྲི་མདུང་ཟུག་པ་དང་། །སྤར་ཁ་དགྲ་བདུད་ལང་བ་དང་། །རོ་དོང་ནག་པོ་དོད་པ་དང་། །ཕྱི་སྐོར་གཡུལ་བཞི་འཁྲུག་པ་དང་། །སོག་པའི་དཀྱིལ་དུ་བུག་པ་དང་། །ཡ་བདུད་སྐར་མིག་འགྲིགས་པ་དང་། །བསེ་གླང་རྔ་མ་གཡུག་པ་དང་། །བྱ་ནག་གཤོག་པ་རྡེབ་པ་དང་། །བདུད་ཕོ་མི་ནག་རལ་པ་བསིགས་པ་དང་། །མི་ནག་དོང་ནག་བརྐོ་བ་དང་། །ནུབ་ཀྱི་སྤྲེལ་བུ་གླུ་ལེན་དང་། །བདུད་བྱ་ནག་པོ་འབབ་པ་དང་། །དུར་གླིང་ནག་པོ་མཚུན་རྐུན་དང་། །རྨང་པོ་རོ་བདུད་ལྟས་ངན་དང་། །གཟའ་སྐར་ཐང་ལ་ལྷུང་བ་དང་། །ས་ཡི་བྱད་འདྲེ་ལང་བ་དང་། །ཤ་བ་དབྱར་ན་ངུ་བ་དང་། །ཕུག་ཤུད་དགུན་ལ་གྲགས་པ་དང་། །ས་ལ་གྲིབ་བྱ་བབས་པ་དང་། །འོལ་བ་དགུན་ནས་འོང་བ་དང་། །བྱི་བས་མི་སྐུ་བཅད་པ་དང་། །སྣོད་ཀྱི་ནང་དུ་ཚང་བཅས་དང་། །བྱི་ལོང་སྐྱེད་རྩར་ཕྱིན་པ་དང་། །ཁྱི་ལ་ཁྱི་ཡི་ལྟས་ངན་དང་། །ཞིང་ལ་ཐུར་དོང་བྱུང་བ་དང་། །སྦལ་པས་ཉ་ཟོས་མཐོང་བ་དང་། །ལྟས་ངན་དང་ནི་ཡུལ་སྡིག་དང་། །བྱ་དགུར་དང་ནི་མི་བཏུན་དང་། །ཞིག་ཅིང་རལ་དང་བྱེ་བྲལ་དམོད་བྱེད་དང་། །


CMR038_Page_0139
[མ་དཔེ་གཟིགས་ན་འདིར་གནོན།]

་ཆད་འོང་དང་ཁ་འགྱོད་འོང་བ་དང་། །ཕུང་འགྱོད་འོང་དང་རྨང་སྲི་དང་། །དུར་སྲི་ལང་དང་གདོན་བགེགས་གནོད་པ་དང་། །གཞན་ཡང་རྒན་སྲི་ལང་བ་དང་། །གཞོན་སྲི་ཆུང་སྲི་ཟླ་སྲི་ཞག་སྲི་དང་། །ཕོ་སྲི་མོ་སྲི་ལོ་དགྲ་བྱེད་ཟུར་དང་། །མནའ་སྲི་ཡུལ་སྲི་ཐེའུ་རང་ཡུལ་གདོན་དང་། །འགོང་པོ་གྲི་བོ་ལོག་འདྲེན་བྱུར་ཡུགས་དང་། །ལྷ་གདོན་གཡང་གྲི་ཆུ་གྲི་སྲུབ་གྲི་དང་། །ལྕེབ་གྲི་ཐོག་གྲི་ཚིག་གྲི་རྟ་གྲི་དང་། །ཕྱམ་གྲི་ཤིང་གྲི་གདོན་བགེགས་ཐམས་ཅད་ཀུན། །ལུང་གསུམ་མདོ་རུ་མར་བྲུབ་བོ། །མནན་ནོ་མ་ལྡང་ཞིག །རྒྱ་ཡིས་ཆུ་ཞིགས་ངན་པ་མནན་ནོ་བསྒྱུར་རོ། །བོད་ཀྱི་ལྷ་བཀྲ་མཐོང་སྡུད་ངན་པ་དང་། །མེ་ཉག་སོག་མོ་རྩ་དོང་ངན་པ་དང་། །ཞང་ཞུང་དུ་ཐིག་མདུད་པ་ངན་པ་དང་། །རྨིས་ལྟས་ངན་དང་ཡུལ་སྡིག་ཐམས་ཅད་སྒྱུར། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མ་དུས་ཚོད་སྐག་རྣམས་སྒྱུར། །འཚེར་རྩུབ་ངན་པ་བསྒྱུར་དུ་གསོལ། །སྐག་རིགས་སུམ་བརྒྱ་དྲུག་ཅུ་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །མོ་ངན་སོག་སྡིག་ཐམས་ཅད་ཟློག །བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR038_Page_0140
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །དེ་ནས་རང་ངམ་ཡོན་བདག་སྨེ་བ་གང་ལ་རྩུབ་པའི་སྔགས་མང་དུ་བཟླ། གཞན་རྣམས་ལན་རེ་བཟླས་པས་ཆོག ཨོཾ་སྲི་རི་ཀ་ལེ་སྭཱ་ཧཱ༔ གཅིག་དཀར་གྱི་སྐག་སྒྱུར་ཅིག༔ ཨོཾ་པ་ཏ་ཤི་ལེ་སྭཱ་ཧཱ༔ གཉིས་ནག་གི་སྐག་སྒྱུར་ཅིག༔ ཨོཾ་བྱ་བ་ལི་ན་ན་སྭཱ་ཧཱ། གསུམ་མཐིང་གི་སྐག་སྒྱུར་ཅིག༔ ཨོཾ་པྲ་ནི་ཡ་ས་སྭཱ་ཧཱ། བཞི་ལྗང་གི་སྐག་སྒྱུར་ཅིག༔ ཨོཾ་མ་ནི་སི་ཡ་སྭཱ་ཧཱ༔ ལྔ་སེར་གྱི་སྐག་སྒྱུར་ཅིག༔ ཨོཾ་ར་ཛ་ཧོ་ནི་སྭཱ་ཧཱ༔ དྲུག་དཀར་གྱི་སྐག་སྒྱུར་ཅིག༔ ཨོཾ་དུ་ཧ་ཀཱ་ལི་སྭཱ་ཧཱ༔ བདུན་དམར་གྱི་སྐག་སྒྱུར་ཅིག༔ ཨོཾ་ཏེ་ཀ་ཁིས་སྭཱ་ཧཱ༔ བརྒྱད་དཀར་གྱི་སྐག་སྒྱུར་ཅིག༔ ཨོཾ་བྱི་ལམ་ཐིའུ་སྭཱ་ཧཱ༔ དགུ་དམར་གྱི་སྐག་སྒྱུར་ཅིག༔ ཨོཾ་ལི་ཀྲྀ་ཏ་རཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ༔ ལིའི་སྐག་སྒྱུར་ཅིག༔ ཨོཾ་ཁོན་ཁཾ་ཧཱུྃ་ཕཊ༔ ཁོན་གྱི་སྐག་སྒྱུར་ཅིག༔ ཨོཾ་དྭ་དཾ་མཱ་ར་ཡ་ཕཊ༔ དྭའི་སྐག་སྒྱུར་ཅིག༔ ཨོཾ་ཁེ་འགུམ་ཧཱུྃ༔ ཁེན་གྱི་སྐག་སྒྱུར་ཅིག༔ ཨོཾ་ཁཾ་ཁཾ་ཧཱུྃ་ཕཊ༔ ཁཾ་གྱི་སྐག་སྒྱུར་ཅིག༔ ཨོཾ་གི་རི་ཧཱུྃ་ཕཊ༔ གིན་གྱི་སྐག་སྒྱུར་ཅིག༔ ཨོཾ་ཟིན་སྭཱ་ཧཱ༔ ཟིན་གྱི་སྐག་སྒྱུར་ཅིག༔ ཨོཾ་ཟོན་ཡཾ་ཧཱུྃ་ཕཊ༔ ཟོན་གྱི་སྐག་སྒྱུར་ཅིག༔ རང་དང་ཡོན་བདག་གང་ལ་སྤར་ཁ་གང་རྩུབ་པ་ལ་སྔགས་མང་


CMR038_Page_0141
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་གཞན་ལ་ནི་ཚར་རེས་ཆོག༔ དེ་བཞིན་དུ་རང་དང་གནམ་ལོ་སང་ཕོད་གནང་ཡོད་ལ་མང་བཅུག༔ གཞན་རྣམས་ལ་ཚར་རེས་ཆོག་གོ༔ ཨོཾ་ཅི་ཅི་སྭཱ་ཧཱ༔ བྱི་བ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཉ་ཅི་སྭཱ་ཧཱ༔ གླང་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་པ་ཅི་སྭཱ་ཧཱ༔ སྟག་ལོ་པའི་སྐག་སྒྱུར་ཅིག༔ ༀ་ཞ་ཅི་སྭཱ་ཧཱ༔ ཡོས་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ང་ཅི་སྭཱ་ཧཱ༔ འབྲུག་ལོའི་སྐག་སྒྱུར་ཅིག༔ ཨོཾ་དུ་ཅི་སྭཱ་ཧཱ༔ སྦྲུལ་ལོའི་སྐག་སྒྱུར་ཅིག༔ ཨོཾ་བི་ཅི་སྭཱ་ཧཱ༔ རྟ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ད་ཉ་སྭཱ་ཧྭ༔ ལུག་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ག་ཉ་སྭཱ་ཧཱ༔ སྤྲེལ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཀུ་ཉ་སྭཱ་ཧཱ༔ བྱ་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཅི་ཅི་སྭཱ་ཧཱ༔ ཁྱི་ལོ་པའི་སྐག་སྒྱུར་ཅིག༔ ཨོཾ་ཅི་ཉ་སྭཱ་ཧཱ༔ ཕག་ལོ་པའི་སྐག་སྒྱུར་ཅིག༔ ཟླ་བ་གང་རྩུབ་ཤེས་ན་དེའི་སྔགས་མང་བཅུག་གཞན་ལ་ཚར་རེས་ཆོག༔ ཨོཾ་ཧཱུྃ་སྭཱ་ཧཱ༔ སྟག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཡཾ་སྭཱ་ཧཱ༔ ཡོས་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་འདཾསྭཱ་ཧཱ༔ འབྲུག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་སྦེ་སྭཱ་ཧཱ༔ སྦྲུལ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་རྟ་སྭཱ་ཧཱ༔ རྟ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ལཾ་སྭཱ་ཧཱ༔ ལུག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་པུཾ་སྭཱ་ཧཱ༔


CMR038_Page_0142
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲེལ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་བཻ་སྭཱ་ཧཱ༔ བྱ་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཁཾ་སྭཱ་ཧཱ༔ ཁྱི་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་ཛཾ་སྭཱ་ཧཱ༔ ཕག་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་བྱི་སྭཱ་བྱི་ཟླ་བའི་སྐག་སྒྱུར་ཅིག༔ ཨོཾ་གཾ་སྭཱ་ཧཱ༔ གླང་ཟླ་བའི་སྐག་སྒྱུར་ཅིག༔ དེ་ནས་མཆོད་གཡོག་པས་གསེར་སྐྱེམས་ཕྱོགས་ཀུན་ཏུ་གཏོར་བཅུག་ཅིང་༔ ཧཱུྃ༔ ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སྲིད་གསུམ་འདི་ན་ང་དབང་ཆེ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་ཀུན༔ ཐམས་ཅད་ང་ཡི་བཀའ་ལ་ཉོན༔ ཀོང་ཙེའི་སྲིད་པའི་གཏོ་བསྒྱུར་འདི༔ དོ་ནུབ་གང་དང་གང་དུ་གཏོང་༔ ཐེ་སེ་གཙང་ཀུན་ཧལ་ཁྱི་དང་༔ སེ་བ་བླ་མཁྱེན་སྔ་ཕྱི་གཉིས༔ དེ་སོགས་ལོ་ལ་འཁོར་བ་ཡི༔ ས་བདག་རྗེ་བློན་བཅུ་བདུན་གྱི༔ སྟེང་དུ་གཏོ་གླུད་མི་གཏོང་ངོ་༔ གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཀོ་ལོང་རུ་ང་མ་མཛད་པར༔ གཏོ་གླུད་ལེགས་པའི་སྡོང་གྲོགས་མཛོད༔ ལྷ་ཆེན་བཙུན་མོ་བློན་པོ་དང་༔ གྲུལ་བུམ་བ་དན་ཁྲ་བོ་དང་༔ ཟླ་བའི་ས་བདག་བཅུ་བདུན་དང་༔ ལྔ་སེར་རྣམ་ཐིག་སེར་ནག་གི༔ སྟེང་དུ་གཏོ་གླུད་མི་གཏོང་ངོ་༔ གལ་ཏེ་ཕྱོགས་ནོར་ཤོར་


CMR038_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཀོ་ལོང་རུ་ང་མ་མཛད་པར༔ གཏོ་གླུད་ལེགས་པའི་སྡོང་གྲོགས་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ སྲོག་ལྷ་ལུས་ལྷ་དཔལ་དང་གཡང་༔ གནམ་སྨིན་གནས་པའི་ཕྱོགས་རྣམས་སུ༔ གཏོ་དང་ཡས་གླུད་མི་གཏོང་ངོ་༔ གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཀོ་ལོང་རུ་ང་མ་མཛད་པར༔ གཏོ་གླེད་ལེགས་པའི་སྡོང་གྲོགས་མཛོད༔ སྲོག་ལྷ་ལུས་ལྷ་དཔལ་དང་གཡང་༔ གནམ་སྨན་གནས་པའི་ཕྱོགས་རྣམས་སུ༔ གཏོ་དང་ཡས་གླུད་མི་གཏོང་ངོ་༔ གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཀོ་ལོང་རུ་ང་མ་མཛད་པར༔ གཏོ་གླུད་ལེགས་པའི་སྡོང་གྲོགས་མཛོད༔ རྣལ་འབྱོར་མ་བརྒྱད་མཁའ་འགྲོ་ལྔ༔ གཟའ་བརྒྱད་ཐུན་ཕྱེད་སྒྲ་གཅན་དང་༔ བིཥི་དུས་མཚན་ཆེན་མོ་དང་༔ གྱི་ལིང་དང་ནི་ཁྲ་ཚ་དང་༔ གསེར་མཛོད་གཡུ་མཛོད་ལ་སོགས་དང་༔ ཞག་དང་དུས་ལ་རྒྱུ་བ་ཡི༔ སྟེང་དུ་གཏོ་དང་གླུད་འདི་མི་གཏོང་ངོ་༔ གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན༔ གསེར་སྐྱེམས་མཆོད་པ་འདི་


CMR038_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ལ༔ ཀོ་ལོང་རུ་ང་མ་མཛད་པར༔ གཏོ་གླུད་ལེགས་པའི་སྡོང་གྲོགས་མཛོད༔ ཡུལ་ཕྱོགས་འདི་ལ་གནས་པ་ཡི༔ ཡུལ་ལྷ་བཙན་དང་ཀླུ་བདུད་སོགས༔ གཉུག་མར་གནས་པ་མཐུ་ཆེན་གྱི༔ སྟེང་དུ་གཏོ་གླུད་མི་གཏོང་ངོ་༔ གལ་ཏེ་ཕྱོགས་ནོར་ཤོར་སྲིད་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ ཀོ་ལོང་རུ་ང་མ་མཛད་པར༔ གཏོ་གླད་ལེགས་པའི་སྡོང་གྲོགས་མཛོད༔ འོ་ན་གཏོ་གླུད་གང་དུ་གཏོང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་ལ༔ གནོད་པའི་གདོན་གྱི་སྟེང་དུ་གཏོང་༔ འདྲེ་ལྔ་བདུད་གཅོད་སྟེང་དུ་གཏོང་༔ ལོ་བདུད་གནས་པའི་སྟེང་དུ་གཏོང་༔ ཟླ་བའི་ཡས་ལམ་ཕྱོགས་སུ་གཏོང་༔ ལྷ་དང་འདྲེ་ཡང་གྲངས་མང་བས༔ གཙང་དང་མི་གཙང་ཕྱོགས་འཛོམ་ན༔ གསེར་སྐྱེམས་མཆོད་པ་འདི་བཞེས་ལ༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་ཁུག༔ བར་པ་རྣམས་ཀྱིས་སྐུ་གཟུར་ལ༔ གཡས་སུ་ཡོད་པ་གཡས་སུ་སྐྱེན༔ གཡོན་དུ་ཡོད་པ་གཡོན་དུ་གཟུར༔ ཕོ་བྲང་རྣམས་ཀྱང་སྒོ་ཆོད་ལ༔ སྤྱན་གཡོལ་ན་བཟའི་མཐུ་བ་བསྡུས༔ གལ་ཏེ་གཏོ་གླུད་གྲིབ་ཕོག་ན༔ ང་ནི་མ་ལན་མ་ཉེས་


CMR038_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས༔ ཉེས་ལན་དགྲ་དང་བགེགས་ལ་ཆོད༔ ཨོཾ་སརྦ་ལོ་ཀ་པ་ལ་ཨ་མྲྀ་ཏ་པཱ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་གཏོ་ཕར་ཁ་བསྒྱུར་འབྲུ་སྣ་དང་ཡོས་བཀྲ་སོགས་རྫོངས་སུ་འདེབས་ཤིང་༔ ཧཱུྃ༔ འབྱུང་བ་ལྔ་ལས་གྲུབ་པ་ཡི༔ ལོ་ཟླ་ཞག་དུས་སྤར་སྨེའི་བདག༔ སྲིད་པའི་བདག་པོ་མཐུ་ཆེན་རྣམས༔ དང་པོ་ལན་གཅིག་མི་འབྱོན་རྒྱུ༔ གཤིན་རྗེའི་གཤེད་པོའི་བཀའ་སྩལ་གཉན༔ དེ་ནས་ཡས་གླུད་མི་ལེན་རྒྱུ༔ ལན་ཆགས་འཇལ་བའི་དམ་ཚིག་རྫས༔ ད་ནི་རང་གནས་མི་གཤེགས་རྒྱུ༔ ཡུན་རིང་བཞུགས་པའི་སྐབས་མེད་དེ། ཁྱེད་རྣམས་གཙང་མ་ལྷ་ཡི་རིགས༔ མི་རྣམས་མི་གཙང་ཐབ་གཞོབ་མང་༔ ད་ནི་ཞལ་བསྒྱུར་གཤེགས་རེ་རན༔ སྲིད་པའི་བདག་པོ་ཁྱེད་རྣམས་ལ༔ ཟངས་ལྕགས་འཁར་བ་ལ་སོགས་པའི༔ རིན་ཆེན་སྣ་ཚོགས་རྫོངས་སུ་འདེབས༔ ཅི་བསམ་ལྷུན་གྱིས་གྲུབ་པར་མཛོད༔ ནས་གྲོ་སྲན་མ་ལ་སོགས་པའི༔ འབྲུ་རིགས་སྣ་ཚོགས་རྫོངས་སུ་འདེབས༔ རྟག་ཏུ་ལོ་ལེགས་འབྲུ་འཕེལ་མཛོད༔ ཕྱག་ཚང་སྐྱ་བ་ལ་སོགས་པའི༔ ཀླུ་སྨན་སྣ་ཚོགས་རྫོངས་སུ་འདེབས༔ ནད་རིགས་ཐམས་ཅད་ཞི་བར་མཛོད༔ མར་ཐུད་སྒྱུར་བ་ལ་


CMR038_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པའི༔ དཀར་གསུམ་ཟས་སྣ་རྫོངས་སུ་འདེབས༔ སྐལ་ངན་མུ་གེ་ཞི་བར་མཛོད༔ དར་ཚོན་ཕྲུག་རས་ལ་སོགས་པའི༔ དར་གོས་རིགས་རྣམས་རྫོངས་སུ་འདེབས་དཔའ་བརྗིད་བཀྲག་མདངས་རྒྱས་པར་མཛོད༔ ཡུལ་འདྲེ་སྒབ་འདྲེ་དམ་སྲི་དང་༔ གཤེད་འཁྱམ་ཆུང་སྲི་བསེ་རག་དང་༔ ལན་ཆགས་བགེགས་རིགས་ཐམས་ཅད་ལ༔ ཤ་ཁྲག་རུས་གསུམ་རྫོངས་སུ་འདེབས༔ སྲོག་གི་ལན་ཆགས་བྱང་བར་མཛོད༔ ཚ་སྒོག་གཡེར་གསུམ་རྫོངས་སུ་འདེབས༔ མི་ཁ་གཏམ་ངན་མེད་པར་མཛོད༔ དྲི་གླུད་གོས་གསུམ་རྫོངས་སུ་འདེབས༔ མི་ལ་ན་ཚ་མ་གཏོང་ཞིག༔ ཤེལ་ཚིགས་ཁྲ་བོ་རྫོངས་སུ་འདེབས༔ ནོར་ལ་གོད་ཁ་མ་གཏོང་ཞིག༔ ནས་སྙིགས་སྦང་རམ་རྫོངས་སུ་འདེབས་ཞིང་ལ་བཙའ་སད་སེར་གསུམ་མ་གཏོང་ཞིག༔ ཁ་ལྷག་ཁྲུས་ཆུ་རྫོངས་སུ་འདེབས༔ ཟ་རེ་འཐུང་སྐོམ་མ་བྱེད་ཅིག༔ ཞོ་ལད་ཆང་ལད་རྫོངས་སུ་འདེབས༔ ཁ་འགོང་སྲིས་རྐུན་མ་བྱེད་ཅིག༔ མོ་ངན་རྩིས་ངན་རྨི་ལམ་ངན༔ ཐན་དང་ལྟས་ངན་བྱུང་ཚད་ཀུན༔ རྫོངས་སུ་འདེབས་སོ་ཁལ་དུ་འགེལ༔ དམ་པོར་ཟུང་ལ་ཁུར་དུ་ཁུར༔ གཅིག་ཀྱང་མ་


CMR038_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཁྱེར་ལ་སོང་༔ དེ་ནས་ཕྱིར་ལ་བསྒྱུར་ཏེ་ཁྱེར་གྲབས་བྱས་ལ་ལམ་བསྟན་ནི། ཧཱུྃ༔ ཉོན་ཅིག་སྣང་སྲིད་ལྷ་འདྲེའི་ཚོགས༔ བཀའ་འདི་ཆེ་མཆོག་དཔལ་གྱི་བཀའ༔ ལུང་འདི་འཇམ་དཔལ་གཞོན་ནུའི་ལུང་༔ གཏོ་འདི་ཀོང་ཙེ་འཕྲུལ་གྱི་གཏོ༔ སྤྲིན་དང་གློག་དང་འབྲུག་དང་གསུམ༔ ལན་གཅིག་སྤྲུལ་པ་དངོས་སུ་བྱུང་༔ དེ་ནས་ནམ་མཁའི་ཀློང་དུ་ཐིམ༔ འཇའ་ཚོན་ཁ་དོག་རྣམ་པ་ལྔ༔ ལན་གཅིག་སྤྲུལ་པ་དངོས་སུ་བྱུང་༔ དེ་ནས་བར་སྣང་ཀློང་དུ་ཐིམ༔ ས་བདག་ལྷ་འདྲེ་བགེགས་རིགས་རྣམས༔ སྲིད་པ་གཏོ་ཡི་དཀྱིལ་འཁོར་འདི༔ ལན་གཅིག་སྤྲུལ་པ་དངོས་སུ་བྱུང་༔ ད་ནི་ཆོས་ཀྱི་དབྱིངས་སུ་གཤེགས༔ ཤིང་གི་ལྷ་འདྲེ་ཤར་དུ་གཤེགས༔ ཆག་གྲུམ་འགགས་གྲི་གཟེར་གི་ཟློག༔ མེ་ཡི་ལྷ་འདྲེ་ལྷོ་རུ་གཤེགས༔ ཁྲག་སྐྱུག་ཞར་ལོང་རྟ་གྲི་ཟློག༔ ལྕགས་ཀྱི་ལྷ་འདྲེ་ནུབ་ཏུ་གཤེགས༔ རྨ་ངོ་ཁྲག་ངོ་མཚོན་གྲི་ཟློག༔ ཆུ་ཡི་ལྷ་འདྲེ་བྱང་དུ་གཤེགས༔ མཁལ་ནད་ཞ་གྲུམ་ཆུ་གྲི་ཟློག༔ རི་ཡི་ལྷ་འདྲེ་བྱང་ཤར་གཤེགས༔ བརྒྱལ་ནད་སྲོག་རླུང་རྐང་ནད་ཟློག༔ རླུང་གི་ལྷ་འདྲེ་ཤར་ལྷོར་གཤེགས༔ ཡམས་ནད་རིམས་ནད་སྨྱོ་འབོག་


CMR038_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག༔ ས་ཡི་ལྷ་འདྲེ་ལྷོ་ནུབ་གཤེགས༔ ལྡི་འཐོབ་བད་ཀན་སྐྲན་ནད་ཟློག༔ གནམ་གྱི་ལྷ་འདྲེ་ནུབ་བྱང་གཤེགས༔ ཁྱིས་ཕུག་ཐོག་སེར་གཟའ་གྲིབ་ཟློག༔ གནས་ལ་ངེས་པ་མ་མཆིས་པས༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་༔ གདོན་འཁྱམས་འགོང་པོ་འབྱུང་པོའི་ཚོགས༔ གླུད་དང་ཡས་སྟགས་འདི་ཁྱེར་ལ༔ དཔག་ཚད་འདས་པའི་རྒྱབ་ཏུ་སོང་༔ རྒྱང་གྲགས་གཅིག་ལས་ཚུར་མ་ཉེ༔ ལུང་གསུམ་འདུས་པའི་མདོ་ན་སོང་༔ ཆུ་གསུམ་འདུས་པའི་གཞུང་ན་སོང་༔ དུར་ཁྲོད་དུར་གླིང་ནང་ན་སོང་༔ ལྷ་ཁང་སྟོང་པའི་ནང་ན་སོང་བྲག་ཕུག་སྟོང་པའི་ནང་ན་སོང་༔ གྲོག་རལ་ཕུག་རྡུགས་ནང་ན་སོང་༔ ཕྱིན་ཆད་གནས་འདིར་མ་འགྲིམ་ཞིག༔ དཔལ་ཆེན་ཆེ་མཆོག་བཀའ་མ་བཅག། གཤིན་རྗེ་གཤེད་པོའི་དམ་མ་བཀྲལ༔ གལ་ཏེ་བཀའ་དང་དམ་འདས་ན༔ སྙིང་ལ་མེ་འབར་ལུས་ཚིག་ནས༔ རྡོ་རྗེ་དམྱལ་བར་ལྟུང་ལ་རེ༔ དེ་བས་དམ་ལ་མ་འདའ་ཞིག༔ མ་ཧཱ་ས་མ་ཡ༔ སརྦ་ལོ་ཀ་དྷེ་ཝ་སརྦ་བྷུ་ཏ་གཙྩ་གཙྩ༔ འདྲེ་ལྔ་བདུད་གཅོད་གནས་སའམ༔ རང་ངམ་སྦྱིན་བདག་གི་ལོ་བདུད་ཕྱོགས་སུ་གོམ་པ་བདུན་ཅུ་ལས་མི་ཉེ་བར་ཕུལ༔ ཕྱི་མིག་མི་བལྟ་བར་ལོག་ལ༔ གཏོར་


CMR038_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་རྣམས་སྒོ་དྲུང་དུ་སྒྲུབས་ལ་ཞོག་ཅེས་བསྒོའོ༔ སྔགས་པ་རང་གིས་རོལ་མོ་དང་བཅས་པས་ཡི་དམ་གང་ཡིན་བཀའ་བསྒོ་མཚམས་གཅོད་སུམྦྷ་ནི་དྲག་ཏུ་བརྗོད༔ གཏོ་སྐྱེལ་བ་རྣམས་ཚུར་མ་ཕྱིན་གྱི་བར་དུ་རྫ་རོལ་མི་བཅད༔ དེ་ནས་ཡོད་ན་མདའ་དར་གཡབ་ཅིང་འདི་སྐད་དོ། ཧཱུྃ༔ བདག་ཉིད་གཤིན་རྗེའི་གཤེད་པོ་ཡི༔ སྤྱི་གཙུག་བླ་མ་འཇམ་པའི་དབྱངས༔ སྐད་ཅིག་ཉིད་ལ་གནས་འགྱུར་ནས༔ གསུང་གི་རྡོ་རྗེ་འཇམ་པའི་དབྱངས༔ དམར་པོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཉིས་མཉམ་བཞག་ལྷུང་བཟེད་བསྣམས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ སྤྲུལ་པའི་ལྷ་མོ་མགྱོགས་མ་ལྔས༔ ཚེ་བུམ་འཛིན་ཅིང་མདའ་དར་གཡབ༔ འབྱུང་བའི་བཅུད་བསྡུས་ལྷུང་བཟེད་ཐིམ༔ ལྷུང་བཟེད་ཚེ་ཡི་བདུད་རྩིས་གང་༔ དེ་ནས་རང་ལ་ཐིམ་པར་གྱུར༔ ཧཱུྃ༔ མདའ་དར་ཤར་དུ་གཡུག་པའི་ཚེ༔ རླུང་གི་བཅུད་རྣམས་བསྡུས་པ་ལས༔ འཇའ་ཚོན་ལྗང་གུ་འོད་དུ་འབར༔ དེ་དབུས་རླུང་གི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་ལྗང་༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ ལྗང་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ལྷོ་རུ་གཡུག་པའི་ཚེ༔ མེ་ཡི་བཅུད་


CMR038_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་འདུས་པ་ལས༔ འཇའ་ཚོན་དམར་པོ་འོད་དུ་འབར༔ དེ་དབུས་མེ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དམར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དམར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་ནུབ་ཏུ་གཡུག་པའི་ཚེ༔ ལྕགས་ཀྱི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་དཀར་པོ་འོད་དུ་འབར༔ དེ་དབུས་ལྕགས་ཀྱི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་དཀར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ དཀར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་བྱང་དུ་གཡུག་པའི་ཚེ༔ ཆུ་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སྔོན་པོ་འོད་དུ་འབར༔ དེ་དབུས་ཆུ་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སྔོ༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སྔོ་འོད་འབར་བའི་བྲོ་ཁྲིག་ཁྲིག༔ མདའ་དར་སྟེང་དུ་གཡུག་པའི་ཚེ༔ ས་ཡི་བཅུད་རྣམས་འདུས་པ་ལས༔ འཇའ་ཚོན་སེར་པོ་འོད་དུ་འབར༔ དེ་དབུས་ས་ཡི་ལྷ་མོ་ནི༔ ཞལ་གཅིག་ཕྱག་གཉིས་མདའ་དར་སེར༔ བུམ་པ་འཛིན་ཏེ་གར་ཁྱུག་ཁྱུག༔ སེར་འོད་འབར་བའི་བྲོ་ཁྲིག་ཁྲིག༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཀྲག་སྡུས་


CMR038_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ བདག་གི་བཀྲག་མདངས་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་ཆེ་སྡུས་ལ༔ བདག་གི་ཚེ་འདི་བརྟན་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་བཅུད་སྡུས་ལ༔ བདག་གི་ཚེ་བཅུད་རྒྱས་པར་མཛོད༔ ཕྱོགས་བཞི་སྟེང་གི་ལྷ་མོ་ལྔས༔ འབྱུང་བ་ལྔ་ཡི་འོད་སྡུས་ལ༔ བདག་གི་འོད་ནི་རྒྱས་པར་མཛོད༔ ཏདྱ་ཐཱ། ཌཱ་ཀཱི་ནི་ཧ་རི་ནི་ས་མ་མ་ཨཱ་ཡུསིདྡྷི་ཕ་ལ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྗོད་ལ་ཚེ་གཟུངས་ཚར་གསུམ་འདོན་བཀྲ་ཤིས་བརྗོད། བདག་བསྐྱེད་སོགས་མི་དམིགས་པའི་ངང་ལ་བཞག །འདིའི་ཕན་ཡོན་སོགས། སྒྲུབ་པ་བཀའ་བརྒྱད་ཀྱི་རྒྱུད་ཆེན་གསང་བ་འདུས་པ་ལས། རང་གི་ལོ་སྤར་ཁ་དུས་སྐག་ལ། །འདྲེ་ལྔ་གནོད་པའི་ཕྱོགས་སུ་བསྐྱལ། །དེ་ལྟར་བྱས་ན་ཚེ་ཟད་ཀྱང་། །ལོ་གསུམ་བཤོལ་གྱིས་ཐེབས་པ་ཡིན། །དུས་མིན་འཆི་བསླུ་སྨོས་ཅི་དགོས། །ལུས་རྟགས་གོ་བཟློག་སྨོས་ཅི་དགོས། །ཞེས་དེའི་འགྲེལ་པ་ཨོ་རྒྱན་ཆེན་པོས་མཛད་པ། གུ་རུ་ཆོས་དབང་གི་གཏེར་གཞུང་ལས། རང་གི་ལོ་སྤར་དུས་སམ། གྲོགས་ཀྱི་དུས་སུ་འདྲེ་ལྔ་གནོད་སར་གཏོ་རྣམས་བསྐྱལ། ཕྱི་མིག་མི་བལྟ་བར་ལོག་ལ་བསྐྲད་པ་དྲག་པོ་བྱ། ཚེ་འགུགས་བཀྲ་ཤིས་གསལ་བར་བྱས་ནས་ལྷ་འདྲེའི་གདུག་རྩུབ་ཐམས་ཅད་ཞི་ནས་ཚེ་ཟད་ཀྱང་ལོ་གསུམ་བསྲིང་བར་ནུས་པས། དུས་མིན་


CMR038_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་ངེས་པར་ཟློག །ཅེས་གསུངས་སོ། །དེ་ཡང་སྦྱིན་བདག་དབུལ་པོ་འབྱོར་པ་མེད་པ་ལ། ལོ་སྤར་ཁའི་སྐག་ཆེ་བ་དང་། མོ་ངན་སོག་སྡིག་རྨིས་ལྟས་ངན་པ་དང་། ཐན་དང་ལྟས་ངན་གྱི་རིགས་ཅི་བྱུང་ཡང་། འདི་བཅས་པས་ཕན་པ་ཡིན་ཞེས་སྔགས་རྒན་རྣམས་ཀྱི་ཕྱག་སྲོལ་ལ་འདུག་པས་ཀུན་ལ་གྲགས་ཆེ། འདི་གཞན་མང་སྲོལ་མེད། ཞག་གཅིག་གི་གཏོ་ཡིན་པས། ཡོན་བདག་དབུལ་པོ་ཡིན་ཡང་། འགྲུབ་པས་ཕན་ཡོན་ཆེའོ།། ༈ ཀྱེ་མ། སྔགས་རྒན་རཱ་ག་ཨ་སྱ་བདག །སྔོན་གྱི་ལས་འཕྲོས་སྔགས་པའི་བུ་རུ་སྐྱེས། །ཆུང་ངུ་དུས་སུ་གཏོ་ཚོགས་མང་དུ་བསླབ། །ལོ་གསུམ་ཙམ་ཞིག་སྔགས་པའི་གྲོང་ཆོག་ཟོས། །བཅུ་དགུ་ལོན་ནས་རབ་བྱུང་གཏོ་ཆོག་སྒྱུར། །དེ་ཕྱིར་གཏོ་ཆོག་མཁོ་བ་མི་གདའ་སྟེ། །དེང་སང་སྔགས་པ་འགའ་ལ་སྙིང་རྗེ་སྐྱེས། །འཇམ་དབྱངས་སྤྲུལ་པ་ཀོང་ཙེ་འཕྲུལ་རྒྱལ་གྱིས། །གཏོ་འདི་མཛད་པས་ཀོང་ཙེའི་གཏོ་བསྒྱུར་ཟེར། །དེ་དོན་མ་ཤེས་ཀོང་ཙེ་སྒོག་གཏོ་ལ། །འབག་དང་འདྲ་བའི་ཁ་མིག་བཏོད་བྱས་ནས། །ནང་དུ་གླུད་བླུགས་ལམ་མདོར་འཕེན་པ་མཐོང་། །ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཉེ། །མི་རུངས་ལྟས་ངན་མང་ཞིང་ན་ཚ་རྒོད། །ཕྱུག་པོ་རྣམས་ཀྱིས་རིམ་གྲོ་ཅི་བྱས་འགྲུབ། །དབུལ་པོ་རྣམས་ལ་མོ་ངན་སོག་སྡིག་དང་། །སྐག་ཆེན་ལྟས་ངན་བྱུང་ཡང་བྱ་ཐབས་སྡུག །ཡི་མུག་སེམས་སྡུག་སྐྲག་དང་ཛབ་བེ་སྡུག །དེ་དག་རྣམས་ལ་སྙིང་རྗེས་ཕན་སེམས་ཀྱིས། །གཏེར་ཁ་གསར་རྙིང་རྒྱ་ནག་ཀོང་ཙེའི་གཞུང་། །ཀུན་གྱི་དོན་བསྡུས་ཆ་ཚང་


CMR038_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

ལག་ལེན་བདེ། །དཀར་ནག་རྒྱས་བསྡུས་རང་གི་གང་འདོད་ཆོག །སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་པའི། །འཆི་ལྟས་སྐག་རིགས་ཅི་བྱུང་ཡང་། །འདི་ཡིས་བཟློག་པར་ཐེ་ཚོམ་སོམ་ཉི་མེད། །ཕྱི་རབས་སྔགས་ཆུང་གསར་བུ་མང་པོ་དང་། །ཡོན་བདག་བསོད་ཆུང་དབུལ་པོ་མང་པོ་ལ། །༧ རཱ་ག་ཨ་སྱས་བཞག་པ་ཆེན་པོ་བྱས། །ཉེས་འགལ་མཆིས་ན་རྩ་གསུམ་ལྷ་ལ་བཤགས། །དགེ་བས་ཇི་སྲིད་འཁོར་བ་མ་སྟོངསཔར། །འདི་ཡི་ཕན་ཐོགས་རྒྱ་ཆེན་འབྱུང་བར་ཤོག །ཡི་གེ་པ་ནི་ཤཱཀྱའི་དགེ་སློང་མེཏྲི་པའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྒྲུབ་པ་བཀའ་བརྒྱད་ཀྱི་འཆི་བ་བསླུ་བའི་གཏོ་བསྒྱུར་ཆེན་པོ་དང་། གནམ་ཆོས་ཀྱི་སྤར་ཁ་ལོ་ཟླའི་སྐག་བསྒྱུར་དང་རྒྱ་ནག་ཀོང་ཙེའི་གཏོ་བསྒྱུར་རྣམས་ཕྱོགས་གཅིག་ཏུ་དྲིལ་བའི་ཟིན་བྲིས།next