Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
མཚོ་སྨན་རྒྱལ་མོའི་གུར་མདོས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམཚོ་སྨན་རྒྱལ་མོའི་གུར་མདོས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next

མཚོ་སྨན་རྒྱལ་མོའི་གུར་མདོས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།


CMR038_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་སྨན་རྒྱལ་མོའི་གུར་མདོས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ་བི་ཛ་ཧ་ར།


CMR038_Page_0192
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ། །མཚོ་སྨན་གུར་མདོས་བཅའ་ཐབས་ལ། །རྒྱས་འབྲིང་བསྡུས་སོགས་རྣམ་གྲངས་ནི། །མདོས་གདན་སྣོད་གཙང་ཆེན་པོའི་ནང་། །ཕུབ་ཕྱེ་ཐང་ལུད་སོགས་ཀྱིས་བཀང་། །དེ་སྟེང་འཇིམ་པ་འཐུག་པོས་གཡོགས། །དེ་སྟེང་པད་དཀར་འདབ་བརྒྱད་ནི། །ཐ་མ་ཆུ་རིས་སྔོན་པོས་བསྐོར། །འདབ་བརྒྱད་དབུས་ཀྱི་མདུན་ཕྱོགས་སུ། །ཐུར་དུ་མཚོ་གཟུགས་སྒོ་མོ་བྱ། །དེ་ནང་མར་གྱིས་ཤན་པའི་ནང་། །འོ་ཆབ་བླུག་ལ་མཚོ་དགུ་ཡིན། །མཚོ་དགུའི་རྒྱབ་ངོས་མཁར་དགུ་དང་། །གཡས་ངོས་བུད་མེད་དཔོན་མོ་དགུ། །མཚོ་གཡོན་བུད་མེད་གཡོག་མོ་དགུ། །དེ་རྣམས་འཇིམ་པ་ལ་བྱ་སྟེ། །ཁ་དོག་སོ་སོར་གསུངས་ན་ཡང་། །ཞི་བའི་ཕྲིན་ལས་སྒྲུབ་པའི་ཕྱིར། །ཐམས་ཅད་དཀར་པོ་བྱ་བ་


CMR038_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས། །གུར་དགུ་རབ་ནི་དར་རས་ལ། །ཅོག་ཅོག་ཞྭ་ཆུང་འདྲ་རེ་བྱ། །འབྲིང་ནི་ཤོག་བུར་བྱ་བ་སྟེ། །ཐ་ན་འཇིམ་པར་ཅོག་པུ་འདྲ། །ཐམས་ཅད་དཀར་པོ་ཁོ་ན་བྱ། །མདའ་དགུ་འཕང་དགུ་རྒྱང་བུ་དགུ། །ཤིང་རིས་དགུ་ནི་འཇའ་རིས་ཏེ། །རྒྱང་བུ་སྨྱུག་རྒོད་དམ་ནི་སྨྱུ་ག་ལ། །དར་ཚོན་བཏག་པ་དགུ་ཡིན་ནོ། །དེ་དགུ་དབུས་དང་ཕྱོགས་མཚམས་བཙུགས། །སྟག་པའི་ཕོ་ཐོང་གཡས་ཕྱོགས་དང་། །གླང་མའི་མོ་ཐོང་གཡོན་དུ་བཙུགས། །འོམ་བུའམ་ཚར་བའི་བུ་ཤིང་མདུན། །བཟང་ཤིང་གང་རྙེད་ཚན་པ་དགུ། །དབུས་དང་ཕྱོགས་མཚམས་སོ་སོར་བཙུགས། །ཟན་ནི་ཤིན་ཏུ་གཙང་མ་ལ། །སྨན་བཤོས་བཅུ་གཅིག་བཟོས་པ་ཡི། །དབུས་ཀྱི་ལྷ་མོ་དཔོན་གཡོག་གི །རྩེ་ལ་ཁྲག་གམ་འབྲི་མོག་བྱུག །གཞན་རྣམས་ཤ་


CMR038_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་མི་རུང་ངོ། །སྦལ་སྤྲུལ་ཉ་ལྕོང་གཟུགས་བརྙན་ནི། །དབུས་དང་ཕྱོགས་མཚམས་པད་འདབ་བཀོད། །ཤང་ཤང་རྨ་བྱ་གླང་ཆེན་དུང་། །སྟག་གཟིག་ལུག་དང་ངང་པ་དང་། །ངུར་པ་ཁྱི་རྟ་ར་དང་དྲེལ། །བྱིའུ་རྣམས་ནི་ཚར་གཅིག་ཆོག །བསྐང་འབྲས་པར་བཏབ་གང་བདེར་བཙུགས། །མཚོ་སྨན་ལྷ་མོ་དཔོན་གཡོག་དང་། །མཚོ་སྨན་མཆེད་དགུ་དཔོན་གཡོག་གི །ཙཀླི་ཡང་ནི་སོ་སོར་བཙུགས། །རྩིབས་བརྒྱད་གུར་གྱི་ནམ་མཁའ་ཞིག །དེ་ཡི་སྟེང་ནས་ཕུབ་པར་བྱ། །དབྱར་ཁ་ཡིན་ན་ཤང་དྲིལ་སོགས། །དུག་རིགས་མིན་པའི་མེ་ཏོག་བཏབ། །དེ་ནི་བཅའ་ཚོགས་རྒྱས་པའོ།། ༈ དེ་ནས་འབྲིང་དུ་བྱ་བ་ནི། །མཁར་ནི་དབུས་ཀྱི་གཅིག་གིས་ཆོག །ཤིང་རིས་མདའ་འཕང་རྒྱང་བུ་རྣམས། །རེ་རེ་ཙམ་གྱིས་ཆོག་པ་ཡིན། །ཙཀྲི་མི་དགོས་འཇིམ་གཟུགས་ཆོག །འདབ་བརྒྱད་ཆུ་རིས་ལ་སོགས་པ། །ཚོན་ནི་མི་དགོས་ཐུ་རུས་འབྲི། །རྩིབས་བརྒྱད་ནམ་མཁའ་མི་དགོས་ཏེ། །ནམ་མཁའི་ཁྲ་བོ་གཅིག་གིས་ཆོག །དེ་ནི་བཅའ་ཚོགས་འབྲིང་པོ་སྟེ། །དེ་ལྟར་རྒྱས་འབྲིང་གཉིས་པོ་ནི། །སྔགས་པ་རྣམས་ཀྱིས་བྱ་རྒྱུ་ཡིན། ༈ །ཤོག་བུར་པདྨ་འདབ་བརྒྱད་བྲི། །འདབ་བརྒྱད་དབུས་དགུར་མཚོ་དགུ་བྲི། །དེ་མཐའ་ཆུ་རིས་ཟླུམ་པོས་བསྐོར། །དེ་ཉིད་མདོས་ཀྱི་གདན་དུ་བཏིང་། །དེ་སྟེང་ཀ་ཏོ་ར་ལ་སོགས། །སྣོད་ནི་གཙང་མ་བཞག་པའི་ནང་། །དབུས་སུ་སྨན་བཤོས་གཙོ་འཁོར་གསུམ། །ཕྱོགས་མཚམས་བརྒྱད་དུ་རེ་རེ་བཤམས། །ཆུ་གནས་གཟུགས་རྣམས་ཚར་དགུ་སྟེ། །


CMR038_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་དང་ཕྱོགས་མཚམས་རྣམས་སུ་བཀྲམ། །བསྐང་འབྲས་རྣམས་ཀྱང་པར་བཏབ་བཞག །མདའ་འཕང་ཤིང་རིས་རྒྱང་བུ་རེ། །ཕོ་ཐོང་མོ་ཐོང་བུ་ཐོང་དང་། །ནམ་མཁའ་གཅིག་གིས་ཆོག་པ་དང་། །ཤིང་རྩི་སྣ་ཚོགས་ཚན་པ་དགུ། །འཇིམ་པའི་སྤོ་ཐོ་དུམ་དགུར་བཙུགས། །གཏོར་སྣོད་ཕྱི་ཡི་མཐའ་ནས་བསྐོར། །འབུལ་དུས་ཕྱོགས་གཅིག་བསྡུས་ལ་ཁྱེར། །དེ་ནི་བཅའ་ཚོགས་བསྡུས་པ་སྟེ། །དགེ་སློང་སོགས་ཀྱིས་བྱ་རུང་ངོ། །དེ་ལ་འཇིམ་པའི་གཟུགས་བརྙན་རྣམས། །ཐམས་ཅད་ཙཀླུ་དགུ་ལ་བྲིས། །སྨན་བཤོས་དགུ་ལ་བཙུགས་པས་འཐུས། །དེ་ལྟར་རྒྱས་བསྡུས་གང་བྱེད་ཀྱང་། །དོན་ལ་ཀླུ་མཆོད་ཡིན་པའི་ཕྱིར། །ཤིན་ཏུ་གཙང་བ་གལ་ཆེ་ཞིང་། །ཆངས་བུ་གཙང་མ་བཞག་ཀྱང་རུང་། །གླུད་དང་ཤ་དུམ་སོགས་མི་རུང་། །འབྲུ་སྣ་རིན་ཆེན་དར་ཚོན་དང་། །འོ་ཆབ་ཀླུ་སྨན་བཏབ་པ་དང་། །གླ་རྩི་མ་འདྲེས་སྤོས་འབུལ་སོགས། །ཀླུ་མཆོད་དུས་ལྟར་གཙང་སྦྲ་བྱ། །སྤོས་རུམ་བྱ་ཞིང་ཆུ་གཙང་བྲན། །རང་ཉིད་ཡི་དམ་གང་རུང་བསྐྱེད། །དེ་ནས་འདི་ཉིད་འདོན་སྒོམ་སྦྲགས། །ཨོཾ་སཾ་ཤཱ་དྷ་ནི་ཧཱུྃ་ཕཊ༔ རཾ་ཡཾ་ཁཾ་གིས་མི་གཙང་སྦྱངས། །ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཨ་དཀར་འོད་འཕྲོས་དངོས་འཛིན་སྦྱངས། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷ་ཝ་ཤུདྡྷོཉཧཾ། ཆོས་རྣམས་ཡེ་ནས་སྟོང་པ་ཉིད། །དེ་ཡི་ངང་ལས་སྐད་ཅིག་


CMR038_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

གིས། །མདོས་གཞི་འབྱུང་བ་རིམ་བརྩེགས་སྟེང་། །དབང་ཆེན་གསེར་གྱི་ས་གཞིའི་སྟེང་། །པཾ་ལས་པད་དཀར་འདབ་མ་བརྒྱད། །ཡངས་ཤིང་རྒྱ་ཆེ་ས་གཞི་ཁྱབ། །དེ་ཡི་དབུས་དང་འདབ་བརྒྱད་ལ། །དཔག་ཚད་དུ་མའི་མཚོ་ཆེན་དགུ། །དེ་དགུའི་དབུས་སུ་རིན་ཆེན་ནི། །སྣ་ཚོགས་ལས་གྲུབ་སྐུ་མཁར་དགུ། །མཁར་དགུའི་ནང་དུ་ཟ་འོག་གི །གུར་ཆེན་དགུ་ཡི་དབུས་མའི་ནང་། །པད་ཟླའི་གདན་ནི་སུམ་ཚོམ་ནང་། །ཕྱོགས་མཚམས་པད་ཟླ་རེ་རེའི་སྟེང་། །དབུས་སུ་ཧཱུྃ་བྷྱོཕུདང་གསུམ། །ཕྱོགས་མཚམས་ཡིག་རེ་རེ་ལས། །མཚོ་སྨན་གཙོ་མོ་རྣམ་དགུ་དང་། །དེ་ཡི་གཡོག་མོ་དགུ་དང་བཅས། །མཚོ་སྨན་སྤུན་ལྔ་ལ་སོགས་པ། །འཛམ་གླིང་བོད་ཡུལ་མཐའ་དབུས་ཀྱི། མཚོ་སྨན་རིགས་གྱུར་ཐམས་ཅད་ནི། །ཁྲོམ་ཚོགས་བཞིན་དུ་བསྐོར་བ་རྣམས། །ཀུན་ཀྱང་བུད་མེད་མཛེས་མའི་གཟུགས། །འཛུམ་མཛེས་མདོག་དཀར་འོད་ཟེར་འཕྲོས། དར་ཟབ་གསེར་གཡུ་མུ་ཏིག་བརྒྱན། །གླུ་ལེན་བྲོ་བརྡུང་གར་སྟབས་འཁྲུགས། །ཐུགས་ཀའི་ས་བོན་འོད་ཟེར་གྱིས། །རང་རང་གནས་ནས་སྤྱན་དྲངས་ཐིམ། །བྷྱོ༔ གླིང་


CMR038_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་མུན་པ་འདས་བའི་ཕ་རོལ་ན། །གསེར་གྱི་རི་བདུན་འདས་པའི་ཕ་རོལ་ན། །ལྕགས་མཚོ་ནག་པོ་འཁྱིལ་པའི་ཕ་རོལ་ན། །གསེར་གྱི་ཁྲི་ལ་གཡུ་ཡི་གདན་བཏིང་བ། །སྣང་སྲིད་ཐམས་ཅད་དབང་སྡུད་མ། །སྐྱེ་འགྲོའི་ཚེ་ལ་ལེགས་ཉེས་སྟངས་འཛིན་མ། །ཐོག་གི་རྒྱལ་མོ་གློག་ཕྲེང་མ། །སྲིང་གཅིག་ཆེན་མོ་ཀླུ་ཡི་རྗེ། །གནས་ནི་མ་ཕམ་མཚོ་ལ་གནས། །ཐུགས་རྗེའི་མཚོ་ནི་ཆོས་ཀྱི་དབྱིངས། །སྲིད་པ་གསུམ་གྱི་མཚོ་ཆེན་ཡང་། །དབྱར་ནི་མི་སྐྱེ་དགུན་མི་འཁྱག །མ་ཕམ་མཚོ་ལ་དཔལ་གནས་སོ། །མ་ཕམ་མཚོ་ནས་གཤེགས་སུ་གསོལ། །དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མོ་སྟེ། །མཚན་ནི་དཀར་མོ་དབུ་དགུ་མ། །གནས་ནི་རོལ་མཚོ་བདུན་ལ་གནས། །རོལ་མཚོ་བདུན་ནས་གཤེགས་སུ་གསོལ། །ཀྱཻ། རི་རབ་ཆེན་པོའི་དབུས་ཕྱོགས་ནས། །རྒྱ་མཚོ་ཆེན་པོ་ཀྱི་ལི་ལི། །རྒྱ་མཚོ་ཆེན་པོའི་ནང་ཤེད་ནས། །གཡུ་གུར་སྔོན་མོ་དི་རི་རི། །གསེར་གྱི་ཆོན་ཐག་རྒྱངས་སེ་རྒྱང་། །དངུལ་གྱི་ཆོན་ཐག་ཁྲིགས་སེ་ཁྲིག །གཡུ་མཁར་ལྡན་པའི་ནང་ཤེད་ནས། །མཚོ་སྨན་རྒྱལ་མོ་གཤེགས་སུ་གསོལ། །ཀྱཻ།


CMR038_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་འཛམ་གླིང་ཤར་ཕྱོགས་ནས། །རིན་ཆེན་རྒྱ་མཚོའི་ནང་ཤེད་ནས། །གསེར་མཁར་གསེར་གུར་ནང་ཤེད་ནས། །རྒྱལ་མོ་ཆེན་མོ་ཁྲོ་མཆོག་ལྡན། །མཐའ་ཡས་ལྕམ་གཅིག་གཤེགས་སུ་གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་ལྷོ་ཕྱོགས་ནས། །རྒྱ་མཚོ་ཆེན་པོའི་ཕོ་བྲང་ནས། །བསེ་གུར་བསེ་མཁར་ཕོ་བྲང་ནས། །མཚོ་སྨན་རྒྱལ་མོ་དབྱིངས་ཕྱུག་ལྡན། །སྟོབས་རྒྱུའི་རྒྱལ་མོ་གཤེགས་སུ་གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་ནུབ་ཕྱོགས་ནས། །འོ་མཚོར་འཁྱིལ་བའི་ནང་ཤེད་ནས། །ཤེལ་མཁར་ཤེལ་གུར་ལྡེམ་པ་ནས། །མཚོ་སྨན་རྒྱལ་མོ་འོད་ལྡན་མ། །ཐབས་མཁས་རྒྱལ་མོ་གཤེགས་སུ་གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་བྱང་ཕྱོགས་ནས། །དུག་མཚོ་ནག་པོའི་ནང་ཤེད་ནས། །ལྕགས་མཁར་ལྕགས་གུར་ནང་ཤེད་ནས། །མཚོ་སྨན་རྒྱལ་མོ་དུང་མཚོ་ལྡན། །རིགས་ལྡན་ལྕམ་གཅིག་གཤེགས་སུ་གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་ཤར་ལྷོ་ནས། །མ་ཕམ་མཚོ་ཆེན་ནང་ཤེད་ནས། །ཤེལ་མཁར་ཤེལ་གུར་ནང་ཤེད་ནས། །མཚོ་སྨན་རྒྱལ་མོ་མདངས་ལྡན་མ། །ནོར་རྒྱལ་ལྕམ་གཅིག་གཤེགས་སུ་


CMR038_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་ལྷོ་ནུབ་ནས། །དུང་མཚོ་དཀར་མོའི་ནང་ཤེད་ནས། །དུང་མཁར་དུང་གུར་ཕོ་བྲང་ནས། །མཚོ་སྨན་རྒྱལ་མོ་གསལ་མོ་ལྡན། །དུང་སྐྱོང་ལྕམ་གཅིག་གཤེགས་སུ་གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་ནུབ་བྱང་ནས། །ཟངས་མཚོ་དམར་པོའི་ནང་ཤེད་ནས། །ཟངས་གུར་ཟངས་མཁར་ནང་ཤེད་ནས། །མཚོ་སྨན་རྒྱལ་མོ་འཕྲུལ་མོ་ལྡན། །པདྨའི་ཡུམ་གཅིག་གཤེགས་སུ་གསོལ། །ཀྱཻ། འཇིག་རྟེན་འཛམ་གླིང་བྱང་ཤར་ནས། །མཆོང་མཚོ་སྨུག་པོའི་ནང་ཤེད་ནས། །མཆོང་གུར་མཆོང་མཁར་ཕོ་བྲང་ནས། །མཚོ་སྨན་རྒྱལ་མོ་ཛ་ལྡན་མ། །ཆུ་ལྷའི་ལྕམ་གཅིག་གཤེགས་སུ་གསོལ། །མཚོ་སྨན་རྒྱལ་མོ་སྤྱན་ལྔ་སོགས། །འཇིག་རྟེན་སྲིད་པའི་མཚོ་སྨན་རྣམས། །འཁོར་བཅས་མ་ལུས་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀ་ལི་དེ་ཝི་སཱ་ག་ར་ས་པཱ་རི་ཝཱ་ར་ཨེ་བྱེ་ཧི་བཛྲ་ས་མཱ་ཛ༔ ཀྱཻ། མཚོ་སྨན་རྒྱལ་མོ་བློ་དཔལ་མོ་ལྡན། །འོད་དེ་ཆེན་མོ་མཐུ་ཆེན་མོ། །མ་མོ་ཀུན་གྱི་གཙོ་མོ་མཛད། །ཀླུ་རྒྱལ་ཀུན་གྱི་གཙོ་མོ་སྟེ། །ས་བདག་ཀུན་གྱི་ཡང་རྗེ་མོ། །ས་མ་ཡ་ལ་དགོངས་ནས་


CMR038_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །མཚོ་སྨན་རྒྱལ་མོ་མཆེད་དགུ་དེ། །རྒྱལ་མོ་དང་ནི་བློན་མོ་དང་། །གཡོག་དགུ་དང་ནི་བྲན་མོ་དགུ། །ཡང་སྤྲུལ་དགུ་དང་སྤྲུལ་པ་བསམ་མི་ཁྱབ། །གསེར་ཁྲི་གཡུ་ཁྲིའི་གདན་ལ་བཞུགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་སྭཱ་ག་ས་པཱ་རི་ཝཱ་ར་ཛ༔ཧཱུྃ་བཾ་ཧོ༔ཏིཥྛ་ལྷན། ཧཱུྃ། མཚོ་སྨན་ལྷ་མོ་དཔོན་དང་གཡོག །མཚོ་སྨན་རྒྱལ་མོ་སྤུན་དགུ་དང་། །གཡོག་མོ་དགུ་དང་མཚོ་སྨན་ལྔ། །སྣང་སྲིད་མཚོ་སྨན་རིགས་གྱུར་ཀུན། །ཐུབ་དབང་གསང་བདག་པད་འབྱུང་གི །སྤྱན་སྔར་ཁས་བླངས་དམ་བཅས་ལྟར། །རྣལ་འབྱོར་བདག་གིས་གང་བཅོལ་བའི། །ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད། །ཁྱེད་རྣམས་མཆོད་པའི་དམ་རྫས་ནི། །སྲིད་པའི་གུར་མདོས་གཞུང་བཞིན་བཤམས། །སོ་སོའི་ཡིད་མཐུན་འདོད་ཡོན་ཚོགས། །མཚོ་དགུ་མཁར་དགུ་གུར་དགུ་དང་། །མགྲོན་རྣམས་སོ་སོའི་གྲངས་མཉམ་པའི། །ཆུ་གནས་རྣམ་པ་སྣ་ཚོགས་དང་། །རིགས་མཐུན་འདབ་ཆགས་དུད་འགྲོའི་ཚོགས། །བལ་ཚོན་ཤིང་རྩི་མདའ་འཕང་དང་། །ཕོ་ཐོང་མོ་ཐོང་ཤིང་རིས་དང་། །ནམ་མཁའ་རྒྱང་བུ་དར་ཟབ་དང་། །འབྲུ་སྣ་སྨན་སྣ་རིན་ཆེན་


CMR038_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །དཀར་གསུམ་མངར་གསུམ་ཀླུ་སྨན་རྣམས། །ཟད་མེད་ནམ་མཁའི་མཛོད་གྱུར་པ། །ཁ་དོག་དྲི་རོ་ནུས་པར་ལྡན། །མཚོ་སྨན་རིགས་གྱུར་ཐམས་ཅད་ལ། །ཟག་མེད་བདེ་བ་བསྐྱེད་ནུས་གྱུར། །རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །ཐལ་མོ་ཚིག་བཅག་ཕྱག་རྒྱའི་ནང་། །ཁཾ་སྔོན་འོད་འཕྲོས་སྣོད་བཅུད་སྤེལ། །ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐད་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་། །དམར་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་ཧཱུྃ་སེར་ལས། །འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མན་ཨ་མྲྀ་ཏ་སྤ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཛྭ་ལ་ནི་སྭཱ་ཧཱ། ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས།


CMR038_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

སོར་བསྣོལ་ཕྱག་རྒྱ་ཛདམར་ལས། །འོད་འཕྲོས་མགྲོན་ཀུན་དབང་འདུས་གྱུར། །ན་མས་མན་བུདྡྷཱ་ནཾ་གྲ་ཧེ་ཤོ་རི་པྲ་བྷ་ཛྷོ་ཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །སྲིད་པའི་མཚོ་སྨན་གུར་གྱི་མདོས། །འདོད་པའི་ཡོན་ཏན་ལྔ་ལྡན་འདི། །མཚོ་སྨན་ལྷ་མོ་དཔོན་གཡོག་དང་། །མཚོ་སྨན་མཆེད་དགུ་གཡོག་མོ་དགུ། །བོད་ཀྱི་མཚོ་སྨན་སྤུན་ལྔ་སོགས། །མཚོ་སྨན་རིགས་གྱུར་ཀུན་ལ་འབུལ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། བདུན་ནམ་ཉེར་གཅིག་བརྗོད། ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་སཱ་ག་ར་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། བདུན་ནམ་གསུམ་བརྗོད། ཧཱུྃ༔ མ་གཅིག་དཔལ་ལྡན་ལྷ་མོ་ནི། །ཀླུ་རྣམས་བྲན་དུ་བཀོལ་བའི་ཕྱིར། །གཙུག་ན་རིན་ཆེན་བུ་མོར་སྤྲུལ། །རྒྱ་མཚོའི་ཀློང་ནས་མེ་འབར་མ། །མཚོ་རྣམས་སྐེམ་པར་ནུས་མ་སྟེ། །མཚོ་སྨན་ཀུན་གྱི་ཡང་རྗེ་མོ། །སྐུ་ལ་རྨ་བྱའི་ཐུལ་པ་གསོལ། །ཐ་མ་གཡུ་ཡི་རྡོ་རྗེས་གཏམས། །མུ་མེན་གསེར་


CMR038_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་གོ་ཅོག་ཅན། །སྤྱན་མིག་གཡས་པ་ཟླ་བ་འཁྱིལ་བ་ཙམ། །གཡོན་པ་ཉི་མ་འཁྱིལ་བ་ཙམ། །བཞུགས་ནི་ཉི་མ་ལྷོ་ན་བཞུགས། །མཚོ་སྨན་ཆེན་མོ་ལེགས་ཉེས་སྟངས་འཛིན་མ། །སྐུ་ནི་མི་མངོན་དབྱིངས་ན་བཞུགས། །ཕྱག་ན་འཕྲུལ་གྱི་མེ་ལོང་བསྣམས། །རྣམ་པར་ཐར་པའི་ལམ་སྟོན་མ། །སངས་རྒྱས་རྣམས་དང་དགོངས་པ་མཐུན། །དབང་ཕྱུག་ཕྲ་མེན་རྣམས་ཀྱི་དགོངས་སྤྱོད་ཅན། །སྲིད་པ་གསུམ་གྱི་ལེགས་ཉེས་སྟངས་འཛིན་མ། །གླིང་བཞིའི་སེམས་ཅན་ཚེ་ཚད་གཏན་ལ་འབེབས། །རྒྱལ་རིགས་རྣམས་དང་ལས་ཐབས་གཅིག །ལེགས་ལྡན་ནག་པོ་ཕོ་ཉར་འགྱེད། །ཀླུ་ཡང་ཕོ་ཉར་ཕྱོགས་བཅུར་འགྱེད། །ཀླུ་རྣམས་ཀུན་ལ་དབང་སྒྱུར་མ། །ཁམས་གསུམ་མ་ལུས་དབང་དུ་སྡུད། །གཡས་ན་སྲིད་པའི་འཁོར་ལོ་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས། །ཚེ་ཡི་བུམ་པ་ཕྱག་ན་བསྣམས། །ལེགས་ཉེས་གཉིས་ཀྱི་སྟངས་འཛིན་མ། །རྣལ་འབྱོར་དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ལ། །


CMR038_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ༔ ཁོལ་མོ་ལྷ་མོ་རེ་མ་ཏི། །ཀླུ་མོ་ནག་མོ་ཆུ་སྲིན་གདོང་། །མཚོ་སྨན་བློན་མོ་མཛད་པའི་ཚེ། །མཚན་ནི་དཀར་མོ་དབུ་དགུ་མ། །དཔལ་ཆེན་ཐུགས་ལས་སྤྲུལ་པའི་སྲས་མོ་སྟེ། །གནས་ནི་རོལ་མཚོ་བདུན་ལ་གནས། །ཆིབས་སུ་འཇིགས་པ་དགུ་ལ་ཆིབས། །སྐུ་ནི་ཤེལ་སྒོང་དྭངས་པ་འདྲ། །ཉི་མའི་ཟེར་བས་ཤིན་ཏུ་འཚེར། །ཟླ་བའི་འོད་ལས་དཀར་ལ་དྭངས། །སྐུ་ཡི་འོད་ཀྱིས་སྟོང་ཁམས་ཁྱབ། །ཞལ་ནས་འཇིགས་པའི་སྐར་མདའ་འཕྲོ། །དགུ་ཚིགས་གཞུ་རུ་བརྡུང་བ་མོ། །སྐར་ཆེན་མདའ་རུ་འཕེན་པ་མོ། །དགྲ་སྙིང་ཕུར་གྱིས་འདེབས་པ་མོ། །ཆེ་ཞེ་ཆེན་མོ་དབང་ཕྱུག་མ། །ཤ་ཁྲག་དམར་གྱི་དྲི་བསྣོམ་མ། །།ལེགས་ཉེས་གཉིས་ཀྱི་སྟངས་འཛིན་མ། །དམ་ཚིག་ཉམས་པའི་རྗེས་གཅོད་མ། །ཐོག་དང་སེར་བ་ཞལ་ནས་འཐོར། །སྦྲུལ་ནག་སྟོང་གི་ཞགས་པ་འཕེན། །ཟླ་བ་ཚེས་པའི་སྤྱན་ཟུར་གཟིགས། །ཁམས་གསུམ་མ་ལུས་ས་ལེར་མཁྱེན། །སྲིད་གསུམ་མ་ལུས་ཟིལ་གྱིས་གནོན། །དགྲ་བོ་དམ་ཉམས་སྙིང་གི་གཤེད་མར་ཞལ་གྱི་བཞེས། །


CMR038_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་དམ་ཚིག་ཅན་ལ་དངོས་གྲུབ་སྩོལ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །མཚོ་སྨན་རྒྱལ་མོ་དབྱིངས་ཆེན་ལྡན། །བཞུགས་ནི་དབྱིངས་མེད་ངང་ལ་བཞུགས། །གསེར་ཁྲི་གཡུ་ཁྲིའི་གདན་སྟེང་ན། །སྐུ་མདོག་སྔོན་མོ་ལྡེམ་པ་ལ། །སྐུ་ལ་གཡུ་ཡི་སླག་པ་གསོལ། །གཡུ་ཡི་ལེན་བུ་ཤ་ར་ར། །གསེར་དང་དངུལ་གྱི་ཐོར་ཚུགས་ཅན། །གཡས་ན་འཕྲུལ་གྱི་མེ་ལོང་སྣམས། །སྲིད་པ་གསུམ་ཡང་ས་ལེར་གསལ། །གཡོན་ན་སྲིད་པའི་འཁོར་ལོ་འཛིན། །འཇིག་རྟེན་ཁམས་ཀུན་བྷྱོ་ཟློག་བྱེད། །མུ་མེན་གསེར་གྱི་གོ་ཅོག་ཅན། །སྤྱན་རྩ་རིག་རིག་མཛད་པ་ཡིས། །འཛམ་བུ་གླིང་དུ་མེ་རུ་འབར། །རིན་ཆེན་སྣ་བདུན་ཁྲི་ལ་བཞུགས། །གཡུ་ཡི་སྐུ་མཁར་ལྡན་པ་ནི། །རྨ་ཆུ་སྔོན་མོའི་བ་གམ་ཅན། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་


CMR038_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །མཚོ་སྨན་རྒྱལ་མོ་ཁྲོ་མཆོག་ལྡན། །སྐུ་ལ་ཆུ་སྲིན་གཡང་གཞི་གསོལ། །རུས་སྦལ་ནག་པོའི་སེར་རལ་ཁ། །ཕྱག་གཡས་ཆུ་སྲིན་རྒྱལ་མཚན་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་བསྣམས། །དབུ་སྐྲ་སྦྲུལ་གྱི་རལ་པ་ཅན། །སྦྲུལ་ནག་སྟོང་གི་དབུ་རྒྱན་ཅན། །ཀླུ་རྒྱལ་སྟོང་གི་མཚོ་ལ་བཞུགས། །ཁྱོད་ཀྱི་ཐུགས་ཀྱི་ཕོ་ཉ་ནི། །མགྱོགས་པ་འཇིགས་དགུ་ཕོ་ཉར་འགྱེད། །ཆིབས་སུ་བསེ་ཡི་རྔ་མོང་ཆིབས། །བསེ་ཡི་སྒྲ་སྙན་ཝངས་སེ་ཝང་། །གཡུ་མཐུར་སྔོན་མོ་སྤུངས་སེ་སྤུང་། །མཚོ་མོ་གུར་ཆེན་ཁྲིགས་སེ་ཁྲིག །བསེ་མཁར་གནམ་དུ་ཟངས་སེ་ཟང་། །གཡུ་སྒོ་སྔོན་པོ་ཐིབས་སེ་ཐིབ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །མཚོ་སྨན་རྒྱལ་མོ་ཡེ་ཤེས་ལྡན། །སྐུ་ལ་གསེར་གྱི་སླག་པ་གསོལ། །གཡུ་ཡི་ལན་ཕྲན་ཆ་བྱད་ཅན། །སྨན་ལྕེ་དུག་ལྕེ་གློག་ལྟར་འཁྱུག །གཡས་ན་བྷན་དམར་པོ་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་འཛིན། །ཆིབས་སུ་གཡུ་ཡི་རྔ་མོང་


CMR038_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

ཆིབས། །གཡུ་ཡི་སྒ་སྟན་ཝངས་སེ་ཝང་། །ལས་སུ་རྡོ་དང་ཐོག་འཕེན་མ། །དགྲ་ལ་ནད་ཡམས་སྣ་ཚོགས་གཏོང་། །ཕོ་ཉ་མང་པོ་འཁོར་དང་བཅས། །ཀླུ་རྒྱལ་འཇོག་པོའི་མཚོ་ལ་བཞུགས། །གསེར་མཁར་གནམ་དུ་ཟངས་སེ་ཟང་། །བསེ་ཡི་སྒོ་མོ་ཐིབས་སེ་ཐིབ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །མཚོ་སྨན་རྒྱལ་མོ་དབྱིངས་ཕྱུག་ལྡན། །ན་བཟའ་མཐིང་ནག་ལེའུ་གསོལ། །གསེར་གྱི་རྡོ་རྗེའི་ཆ་བྱད་ཅན། །སྐུ་ལ་གློག་ལྟར་འོད་ཟེར་འཕྲོ། །སྦྲུལ་ནག་རལ་པ་སི་ལི་ལི། །ཆིབས་སུ་གསེར་གྱི་རྔ་མོང་ཆིབས། །གཡུ་ཡི་ས་སྟན་ཝངས་སེ་ཝང་། །གཡས་ན་བདུད་ཀྱི་ཁྲམ་བམ་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་འཛིན། །སྲིད་པ་གསུམ་ཡང་ས་ལེར་གཟིགས། །ཀྱི་ལེགས་ཉེས་ཀུན་གྱི་སྟངས་ཡང་འཛིན། །དམ་ཉམས་རྣམས་ཀྱི་སྲོག་གཅོད་མ། །ཀླུ་ཆེན་སྟོབས་རྒྱུའི་མཚོ་ལ་བཞུགས། །རྨ་ཆུ་སྔོན་མོའི་ཁ་བད་ཅན། །ལྕགས་སྒོ་སྔོན་མོ་


CMR038_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

ཐིབས་སེ་ཐིབ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །མཚོ་སྨན་རྒྱལ་མོ་དུང་མཚོ་ལྡན། །སྐུ་ལ་སྦལ་ནག་ཐུལ་བ་མནབས། །གདུག་པའི་སྦྲུལ་ནག་རྒྱན་དུ་བྱས། །ཆིབས་སུ་སྦྲུལ་ནག་རྟ་རུ་ཞོན། །གཡུ་སྦལ་སྔོན་པོ་རོལ་དུ་ཁྲིད། །བསེ་བྱ་སྔོན་པོ་ཀླད་ལ་ལྡིང་། །ཡ་མཚན་སྤྲུལ་པའི་འཕྲུལ་མོ་ཆེ། །སྐུ་མདོག་ནག་མོ་མུན་པ་འདྲ། །འཇའ་དང་གློག་གི་ཤམ་ཐབས་ཅན། །སྤྱན་མིག་ཉི་མ་ཤར་བ་འདྲ། །ཀླུ་ཆེན་རིགས་ལྡན་མཚོ་ལ་བཞུགས། །ལྕགས་མཁར་གནམ་དུ་ཟངས་སེ་ཟང་། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །རྡོ་རྗེ་གར་གྱི་མདངས་ལྡན་མ། །མཚོ་སྨན་ཀུན་གྱི་ཕོ་ཉ་མོ། །འཛམ་གླིང་ཀུན་ལ་གར་གྱི་འགྲོ། །ན་བཟའ་ཤེལ་དཀར་ལའུ་གསོལ། །མུ་ཏིག་དཀར་པོའི་ལན་ཚར་ཅན། །མཐའ་མ་གཡུ་ཡི་ཆ་ག་


CMR038_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །ཕྱག་གཡས་གཡུ་ཡི་བུམ་པ་འཛིན། །གཡོན་པས་འཕྲུལ་གྱི་མེ་ལོང་འཛིན། །ལས་སུ་མངག་པའི་ཕོ་ཉ་མཛད། །ཡུན་ནི་གློག་བས་མགྱོགས་ཤིང་མྱུར། །ལས་ལ་བརྩོན་ཞིང་ཐམས་ཅད་སྒྲོལ། །ཀླུ་ཆེན་ནོར་རྒྱས་མཚོ་ལ་བཞུགས། །ཀླུ་མོ་དཀར་མོ་འབུམ་གྱི་བསྐོར། །ཤེལ་གྱི་སྐུ་མཁར་ཟངས་སེ་ཟང་། །གཡུ་ཡི་སྒོ་མོ་ཁྲིགས་སེ་ཁྲིག །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །མཚོ་སྨན་རྒྱལ་མོ་གསལ་མོ་ལྡན། །ན་བཟའ་དུང་གི་ལའུ་གསོལ། །གསེར་དང་གཡུ་ཡི་འཇའ་རིས་ཅན། །ཕྱག་གཡས་དུང་གི་བུམ་པ་བསྣམས། །གཡོན་པས་དུང་གི་མེ་ལོང་འཛིན། །ཞལ་ནས་དུང་སྐད་སྒྲ་ཡང་སྒྲོག །ཆིབས་སུ་དུང་གི་རྔ་མོང་ཆིབས། །ཀླུ་ཆེན་དུང་སྐྱོང་མཚོ་ལ་བཞུགས། །དུང་གི་སྐུ་མཁར་དཀར་པོ་ལ། །གཡུ་ཡི་བ་གམ་ལམས་སེ་ལམ། །གསེར་སྒོ་སེར་པོ་ཐིབས་སེ་ཐིབ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་


CMR038_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །མཚོ་སྨན་རྒྱལ་མོ་འཕྲུལ་མོ་ལྡན། །ན་བཟའ་ཆུ་སྲིན་སླག་པ་གསོལ། །ཕྱག་གཡས་ཆུ་སྲིན་རྒྱལ་མཚན་འཛིན། །གཡོན་ན་འཕྲུལ་གྱི་མེ་ལོང་འཛིན། །ཆིབས་སུ་གཡུ་སྦལ་སྔོན་མོ་ཆིབས། །དགྲ་བགེགས་ཕྱོགས་སུ་བསྐུལ་བའི་ཚེ། །གཡོ་བ་མེད་པར་ནད་རྣམས་ཀྱིས། །འཚེར་བ་མེད་པར་ཐམས་ཅད་སྒྲོལ། །ཀླུ་རྒྱལ་པདྨའི་མཚོ་ལ་བཞུགས། །ལྕགས་མཁར་གནམ་དུ་ཟངས་སེ་ཟང་། །ཟངས་སྒོ་དམར་པོ་ཐིབས་སེ་ཐིབ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །དེ་ཡི་མཆེད་ཀྱི་ཆུང་བ་ནི། །མཚོ་སྨན་རྒྱལ་མོ་ཛ་ལྡན་མ། །སྐུ་ལ་ན་བཟའ་གསོལ་བ་ནི། །སྦལ་ནག་སྟོང་གི་སླག་པ་གསོལ། །དབུ་སྐྲ་གློག་མོ་འཁྱིལ་བ་འདྲ། །སྤྱན་མིག་ཉི་མ་ཤར་བ་འདྲ། །ཞོལ་དུ་དགྲ་བགེགས་སྙིང་ཁྲག་གསོལ། །གཡས་ན་གསེར་གྱི་བུམ་པ་བསྣམས། །གཡོན་ན་འཕྲུལ་གྱི་མེ་ལོང་འཛིན། །ཆིབས་སུ་ཀླུ་སྦལ་ཁྲ་


CMR038_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཆིབས། །དགྲ་དང་བགེགས་ལ་ཟད་པའི་ཚེ། །ལས་སུ་མཛེ་དང་ཤུ་བ་གཏོང་། །ཀླུ་ཆེན་ཆུ་ལྷ་ཡི་མཚོ་ལ་བཞུགས། །མཆོང་གི་སྐུ་མཁར་ཟངས་སེ་ཟང་། །གསེར་གྱི་བ་གམ་ལིངས་སེ་ལིང་། །གསེར་གྱི་སྒོ་མོ་ཐིབས་སེ་ཐིབ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྱང་ཕྱོགས་ཁམས་ཀྱི་དབྱར་མོ་ཐང་། བོད་ཀྱི་ཁྲི་ཤོར་རྒྱལ་མོ་མཚོ། །སྐྱ་པས་ཞག་བདུན་འཁོར་བ་ཙམ། །མཚོ་སྨན་རྒྱལ་མོ་དབྱར་མོ་བསིལ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །བོད་དང་ཞང་ཞུང་སོ་འཚམས་ན། །མ་ཕམ་གཡུ་མཚོ་མུ་ལེ་ཧར། །རྟ་པས་ཟླ་བ་གཅིག་གིས་འཁོར། །མཚོ་སྨན་རྒྱལ་མོ་སྟག་རི་རོང་། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་


CMR038_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །སྐར་མ་སྨེ་བདུན་འཆར་བའི་འོག །བྱང་གི་གནམ་མཚོ་ཕྱུག་མོ་ནི། །སྐྱ་པས་བཅུ་གཅིག་ཞག་གིས་འཁོར། །མཚོ་སྨན་བརྒྱ་བྱིན་སྲས་མོ་སྟེ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །བོད་ཀྱི་ཡར་འབྲོག་མཚོ་མོ་ཆེ། །སྐྱ་པས་ཞག་པོ་དྲུག་གིས་འཁོར། །མཚོ་སྨན་རྡོ་རྗེ་ཀུན་གྲགས་མ། །འདིར་བྱོན་དམ་བསྐང་ཕྲིན་ལས་མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །ལྷོ་བྲག་གནུབས་མཚོ་པདྨ་གླིང་། །ཀོང་པོ་བྲག་གསུམ་བདུད་ཀྱི་མཚོ་། །འཇམ་ནེ་མཚོ་དང་འོ་མཚོ་དང་། །གཙང་ཁ་ཡི་ནི་མཚོ་སྔོན་དང་། །དཱའུ་ཚྭ་མཚོ་དཀར་མོ་དང་། །རྨ་ཡུལ་སྐྱ་རིང་སྔོ་རིང་མཚོ། །རྒྱམ་གྱི་ཡུལ་གྱི་མཚོ་ནག་མ། །ཚ་བའི་རི་མཚོ་ཕྱུག་མོ་དང་། །སྤུ་ཐོག་མཚོ་ཆེན་མཚོ་ཆུང་སོགས། །མཚོ་ནི་ཆེ་འབྲིང་ཆུང་གསུམ་ལ། །གནས་པའི་མཚོ་སྨན་མ་ལུས་ཀུན། །འདིར་བྱོན་དམ་བསྐང་ཕྲིན་ལས་


CMR038_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །གུར་མདོས་མཆོད་གཏོར་འདི་བཞེས་ལ། །བདག་དང་ཡོན་གྱི་བདག་པོ་ཡི། །ནད་གདོན་བར་ཆད་ཐམས་ཅད་སོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་མཚོ་སྨན་མཆེད་དགུ་ལ་མདོས་གླུད་འབུལ་བ་ནི། སྔགས་འཆང་གི་ལག་ཏུ་མདར་དར་ཐོགས་ལ་འདི་སྐད་དོ།། ཀྱཻ། དོ་ནུབ་གནས་ཁང་དམ་པ་འདིར། །བདག་དང་ཡོན་བདག་འཁོར་བཅས་ཀྱིས། །ཀླུ་ལ་མདོས་གླུད་འབུལ་བ་ནི། །འདོད་ཡོན་ལྔ་ཡི་གླུད་འབུལ་ན། །སྲིད་པའི་གླུད་འདི་ད་བཞེས་ཤིག །མདོས་བདག་མདོས་འདི་བཞེས་སུ་གསོལ། །གསེར་གྱི་རི་བདུན་ཕ་རོལ་ན། །མ་ཕམ་གཡུ་མཚོའི་ནང་ཤེད་ན། །མཁར་ནི་གཡུ་མཁར་སྔོན་མོ་དེ། །གསེར་གྱི་བ་གམ་ཁྲིགས་སེ་ཁྲིག །གསེར་སྒོ་སེར་པོ་ཐིབས་སེ་ཐིབ། །དེ་འདྲ་མཁར་གྱི་ནང་ཤེད་ན། །གསེར་དང་གཡུ་ཡི་ནང་ཤེད་ན། །གསེར་གྱི་བུ་མོ་གཟི་མདངས་ལྡན། །མཚོ་སྨན་རྒྱལ་མོའི་སྐུ་བཞུགས་པ། །འཁོར་དུ་རིགས་བཞི་ཀླུ་ཡིས་བསྐོར། །ཀླུ་ཆེན་རྣམས་ཀྱི་ཡུམ་གཅིག་མ། །ཐུགས་ལ་མཚོ་སྨན་མཆེད་དགུས་བསྐོར། །སྔོན་མོའི་ཚོགས་ཀྱིས་གཙོ་མོ་མཛད། །མདོས་དང་གླུད་འདི་


CMR038_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལགས་ཀྱིས། །འཁོར་དང་བཅས་པས་བཞེས་སུ་གསོལ། །གནས་ཁང་དམ་པ་འདི་ཉིད་དུ། །གསེར་ཁྲི་གཡུ་ཁྲིའི་གདན་སྟེང་ན། །དགྱེས་ཤིང་བརྟན་པར་བཞུགས་ལ་བཞེས། །དེ་ཡི་ཐུགས་རྗེས་སྤྲུལ་པ་ལས། །མཚོ་སྨན་རྒྱལ་མོ་མཆེད་དགུ་སྲིད། །ནང་གི་ཕོ་མོ་བཅས་པ་དེ། །རིན་ཆེན་དབྱིངས་ཀྱི་ནང་ཤེད་ནས། །ཀླུ་ཡི་རྒྱལ་མོ་ལྕམ་གཅིག་མ། །མཚོ་སྨན་རྒྱལ་མོ་དཔལ་མོ་ལྡན། །མདོས་བདག་ཡིན་པས་མདོས་བཞེས་ཤིག །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་ས། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །འཇོག་པོ་གཡུ་མཚོའི་ནང་ཤེད་ན། །མཁར་ནི་བསེ་མཁར་སྨུག་པོ་ལ། །གཡུ་ཡི་སྒོ་མོ་ཐམས་སེ་ཐམ། །དེ་འདྲ་མཁར་གྱི་ནང་ཤེད་ན། །གསེར་ཁྲི་གཡུ་ཁྲིའི་གདན་སྟེང་ན། །དགྱེས་ཤིང་བཞུགས་ལ་མདོས་འདི་བཞེས། །འཇོག་ཆུང་སེམས་དཔའི་ལྕམ་གཅིག་མ། །མཚོ་སྨན་རྒྱལ་མོ་ཁྲོ་མཆོག་ལྡན། །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །མ་དྲོས་མཚོ་མོའི་ནང་ཤེད་ན། །གསེར་མཁར་སེར་པོའི་ནང་ཤེད་ན། །


CMR038_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བཻཌཱུརླའི་སྒོ་མོ་ཐམས་སེ་ཐམ། །དེ་འདྲའི་མཁར་གྱི་ནང་ཤེད་ན། །ཀླུ་རྒྱལ་མ་དྲོས་ལྕམ་གཅིག་མ། །མཚོ་སྨན་རྒྱལ་མོ་ཡེ་ཤེས་ལྡན། །གླུད་བདག་ཡིན་པས་གླུད་བཞེས་ཤིག །མདོས་བདག་ཡིན་པས་མདོས་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །མི་གཡོ་མཚོ་ཡི་ནང་ཤེད་ནས། །རིན་ཆེན་དུང་གི་སྐུ་མཁར་ལ། །སྨྲ་མོ་མཆོང་གི་བ་གམ་ཅན། །ལྕགས་ཀྱི་སྒོ་མོ་ཁྲིགས་སེ་ཁྲིག །དེ་འདྲ་མཁར་གྱི་ནང་ཤེད་ནས། །གསེར་ཁྲི་གཡུ་ཁྲིའི་གདན་སྟེང་ན། །ཀླུ་རྒྱལ་དགའ་བའི་ལྕམ་གཅིག་མ། །མཚོ་སྨན་རྒྱལ་མོ་དབྱིངས་ཕྱུག་ལྡན། །མདོས་བདག་ཡིན་པས་མདོས་བཞེས་ཤིག །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་ས། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །མཚོ་ཆེན་དུང་མཚོའི་ནང་ཤེད་ནས། །གནམ་ལྕགས་ཨུར་མོའི་སྐུ་མཁར་ལ། །དུང་གི་བ་གམ་ཁྲིགས་སེ་ཁྲིག །དེ་འདྲའི་མཁར་གྱི་ནང་ཤེད་ནས། །ལེགས་ལྡན་ནག་པོའི་ལྕམ་གཅིག་མ། །མཚོ་སྨན་རྒྱལ་མོ་ཤེས་རབ་གསལ། །མདོས་བདག་ཡིན་པས་མདོས་བཞེས་ཤིག །གླུད་བདག་


CMR038_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །མ་སྤངས་སྙན་དགའི་མཚོ་ཆེན་ན། །མཁར་ནི་ཤེལ་མཁར་དཀར་པོ་ནས། །འོད་གསལ་མཚལ་གྱི་བ་གམ་ཅན། །གཡུ་སྒོ་སྔོན་མོ་ཁྲིགས་སེ་ཁྲིག །དེ་འདྲ་མཁར་གྱི་ནང་ཤེད་ན། །གསེར་གཡུ་རིན་ཆེན་ཁྲི་སྟེང་དུ། །ཀླུ་ཆེན་སྙན་དགའི་ལྕམ་གཅིག་མ། །མཚོ་སྨནཱ་གར་གྱི་འགྲོས་ལྡན་མ། །མདོས་བདག་ཡིན་པས་མདོས་བཞེས་ཤིག །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །དུང་མཚོ་འཁྱིལ་བའི་ནང་ཤེད་ནས། །དུང་གི་སྐུ་མཁར་དཀར་པོ་ནི། །གཡུ་ཡི་ཁ་བད་ལིངས་སེ་ལིང་། །གསེར་གྱི་སྒོ་མོ་ཁྲིགས་སེ་ཁྲིག །དེ་འདྲ་མཁར་གྱི་ནང་ཤེད་ན། །ཀླུ་རྒྱལ་དུང་སྐྱོང་ལྕམ་གཅིག་མ། །མཚོ་སྨན་རྒྱལ་མོ་གསལ་མོ་ལྡན། །མདོས་བདག་ཡིན་པས་མདོས་བཞེས་ཤིག །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །ལྕགས་མཚོ་འཁྱིལ་བའི་ནང་ཤེད་ནས། །མཚོ་སྨན་རྒྱལ་མོ་འཕྲུལ་མོ་ལྡན། །མདོས་བདག་ཡིན་པས་མདོས་


CMR038_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས་ཤིག །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །དེ་འོག་མཚོ་སྨན་རྒྱལ་མོ་ནི། །དུག་མཚོ་ཁོལ་མའི་ནང་ཤེད་ནས། །མི་མགོ་རློན་པའི་མཁར་ནང་ནས། །ཀླུ་ཆེན་རྒྱལ་མོའི་བཙུན་མོ་ནི། །མཚོ་སྨན་རྒྱལ་མོ་ར་ཙ་ལྡན། །མདོས་བདག་ཡིན་པས་མདོས་བཞེས་ཤིག །གླུད་བདག་ཡིན་པས་གླུད་བཞེས་ཤིག །མི་གླུད་འཇལ་ཕྱིར་སྙན་མ་སྲ། །གཞལ་ཡས་གཙང་མའི་གནས་འདི་རུ། །རིན་ཆེན་སྣ་ལྔའི་ཁྲི་སྟེང་དུ། །དགྱེས་པར་བཞུགས་ལ་མཆོད་པ་དང་། །མདོས་དང་གླུད་འདི་བཞེས་སུ་གསོལ། །ཅེས་མདོས་གླུད་འབུལ། མདའ་དར་ཐོགས་ལ། ཀྱཻ། ལྷ་སྨྱུག་དེ་ནི་ཚིགས་མང་ལ། །རིན་ཆེན་རྣམ་པ་སྣ་ཚོགས་དང་། །དར་ཟབ་རྣམ་པ་སྣ་ཚོགས་དང་། །མདོས་གླུད་དམ་པ་རྒྱན་ཅན་གྱིས། །གཉན་མོའི་ཐུགས་དམ་བསྐང་གྱུར་ཅིག །ཕོ་ཐོང་མོ་ཐོང་ཤིང་རིས་རྣམས། །མ་མཆིས་དང་པོ་གང་དུ་བཙལ། །མི་དབང་ཕ་བཅུ་ཆས་སྟེང་དུ། །དེ་ཡི་ཕ་དང་མ་སྨོས་པ། །ཕ་ནི་གནམ་ཤིང་ཟིལ་པ་ཅན། །མ་ནི་ས་ཤིང་དྲོད་རླན་མ། །དེ་གཉིས་སྤྲུལ་པ་བསྡེབ་པ་ལས། །ཕུ་རུ་གསེར་ཤིང་


CMR038_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་པ་སྐྱེས། །མདའ་རུ་ཆུ་ཤིང་གླང་མ་སྐྱེས། །བར་དུ་ཚེ་ཤིང་འོམ་བུ་སྐྱེས། །ཁ་མེད་དེ་ལ་ཁ་ཡང་གཏོད། །སྨྲ་འདོད་དེ་ནི་ས་ལ་ལ། །མིག་མེད་དེ་ལ་མིག་ཡང་གཏོད། །ལྟ་བ་དེ་ནི་ཧྲིགས་སེ་ཧྲིག །རྐང་མེད་དེ་ལ་རྐང་ཡང་གཏོད། །འགྲོ་མཁན་དེ་ནི་ལྡེམས་སེ་ལྡེམ། །ལག་མེད་དེ་ལ་ལག་ཡང་གཏོད། །བསྙབ་པ་དེ་ནི་ཡུགས་སེ་ཡུག །ལུས་ལ་ཟ་འོག་དར་གྱིས་བརྒྱན། །སྟག་པ་ཕོ་ཡི་གླུད་དུ་འབུལ། །གླང་མ་མོ་ཡི་གླུད་དུ་འབུལ། །འོམ་བུ་བུ་ཡི་གླུད་དུ་འབུལ། །མཚོ་སྨན་རྒྱལ་མོའི་ཐུགས་དམ་བསྐང་། །ཀླུ་དང་གཉན་གྱི་ནད་རྣམས་ཟློག །ཡང་ནི་སྐྱེས་ཤིང་ལྕང་མ་ལ། །བཀའ་བཀས་དེ་ནི་བཞོག་བཞག་ནས། །བཙུན་མོ་དེ་ནི་བཞུགས་པའི་གནས། །རི་རབ་ཟོམ་ལ་དཔེ་བླངས་ནས། །མོ་གླུད་དེ་ནི་འཕང་བཀྲ་བྱས། །རྩེ་མོ་དེ་ནི་ཕྲ་བར་བྱས། །རྩ་བ་དེ་ནི་སྦོམ་པར་བྱས། །ཁ་དོག་དེ་ནི་ཚོན་གྱིས་བསྒྱུར། །གཅིག་པ་གཡུ་འཕང་གཡུ་ལོ་ཅན། །གཉིས་པ་དངུལ་འཕང་དངུལ་ལོ་ཅན། །གསུམ་པ་གསེར་འཕང་གསེར་ལོ་ཅན། །བཞི་པ་བཻཌཱུརྱ་ཡི་འཕང་། །མུ་ཏིག་མཛེས་པའི་འཕང་ལོ་སྦྱར། །ལྔ་པ་དུང་འཕང་དུང་ལོ་


CMR038_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །དྲུག་པ་ལྕགས་འཕང་ཟངས་ལོ་ཅན། །བདུན་པ་བྱུར་འཕང་མཆོང་ལོ་ཅན། །ཟེར་མོ་མགོ་ཡི་སྐུ་རུ་བྱས། །ལུང་ཐང་དར་ཚོན་གོས་ཀྱང་བཀོན།། གསེར་གཡུ་དངུལ་དང་ཟངས་ལྕགས་སོགས། །གཟི་མཆོང་མགུལ་པའི་རྒྱན་དུ་བྱས། །དེ་ཡི་འཕང་ལ་ཆས་སུ་བྱས། །མོ་གླུད་རིན་ཆེན་འཕང་ལོ་ཡང་། །བཙལ་ནི་འཛམ་བུ་གླིང་དུ་བཙལ། །མཚོ་སྨན་རྒྱལ་མོའི་ཐུགས་དམ་བསྐང་། །མི་ནད་བཟློག་ཕྱིར་གླུད་འདི་འབུལ། །མི་ནད་ཕྱུགས་ནད་བཟློག་ཏུ་གསོལ། །ཀྱཻ། ཤིང་རིས་རྒྱན་ལྡན་དཀར་པོ་འདི། །ཕྱི་བཞོག་དེ་ནི་ནང་དུ་བཞོག །དཀར་པོ་དུང་གི་མདོག་དང་འདྲ། །དཀར་པོ་དེ་ནི་ཡམས་སེ་ཡམ། །ཅོག་ལ་འཚལ་གྱི་ཁུ་བ་དང་། །ཁུང་ལུང་དངུལ་གྱི་ཁུ་བ་དང་། །ཡུང་པ་དེ་ནི་གསེར་ཚ་དང་། །རྒྱ་ཡི་དེ་ནི་ནི་ཙི་དང་། །དཀར་པོ་དེ་ནི་ན་བུན་དང་། །ཚོན་རྩི་རྣམ་པ་སྣ་ལྔ་ཡི། །སྣང་ཞིང་སྲིད་པའི་དཔེ་རུ་བླངས། །གཉེན་མོ་རྣམས་ཀྱི་སྐུ་ཞལ་དང་། །སྣང་ཞིང་སྲིད་པའི་དཔེ་རུ་བྲིས། །སྟོང་གསུམ་གང་བའི་འདོད་ཡོན་གསོལ། །གླུད་ཀྱི་ཤིང་རིས་རྒྱན་ལྡན་འདི། །བཙལ་ནི་འཛམ་བུ་གླིང་དུ་


CMR038_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

བཙལ། །མཚོ་སྨན་རྒྱལ་མོ་ཐུགས་དམ་བསྐང་། །གླུད་བདག་རྣམས་ཀྱི་གླུད་བཞེས་ཤིག །ས་བདག་གདུག་པ་ཞི་བར་མཛོད། །མཚོ་སྨན་རྒྱལ་མོ་དགུ་རྣམས་ལ། །དར་སྣ་རྣམ་པ་སྣ་ཚོགས་འབུལ། །ཡང་གཅིག་ཐུགས་དམ་བསྐང་བ་ནི། །གཉེན་མོའི་ཐུགས་དམ་བསྐང་བ་ནི། །དར་ཚོན་སྣ་དགུ་མ་མཆིས་ན། །ཤར་ཕྱོགས་རྒྱལ་ཡུལ་གཏང་བཟང་ན། །ཕ་དང་ཡབ་ཀྱི་མཚན་ལ་ནི། །རླུ་སྲས་གསེར་སྦྱང་ལགས་སྐད་དོ། །མ་དང་ཡུམ་གྱི་མཚན་ལ་ནི། །ལྷ་ལྕམ་མཆིས་མོ་ལགས་སྐད་དོ། །དེ་འདྲ་བཤོས་པའི་ཚོསྲས་པོ་ལ། །སྲིན་བུ་དེ་ནི་མཆུ་ལ་འབྲངས། །རྒྱ་ཁང་དེ་ནི་རིམ་དགུ་རུ། །རྒྱ་ཤིང་ལོ་བཟང་འདབ་མ་ལ། །བསོགས་བསོགས་དེ་ནི་གནམ་གནམ་ནས། །སྲིན་འཚེར་དེ་ནི་གྱེན་དུ་འཚེར། །བར་སྙིང་ཐུ་དུ་རྙིང་བ་ལ། །དེ་ལ་རྒྱལ་མོ་སྤུན་གསུམ་གྱིས། །བླང་བ་དེ་ནི་ཕྱག་གིས་བླངས། །སྨད་སྨད་གཡེངས་གཡེངས་བྱས་ནས་ནི། །བཀལ་ལམ་དེ་ནི་མ་བཀལ་ནས། །སེན་མོའི་དེ་ནི་མིག་ནས་བཀལ། །བཏགས་སམ་དེ་ནི་མ་བཏགས་ན། །བཅང་བཅང་དེ་ནི་བཀྲུགས་བཀྲུགས་ནས། །ཚོན་དང་དེ་ནི་དམ་སྦྱར་ནས། །


CMR038_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་དོག་དེ་ནི་སྣ་ཚོགས་བསྒྱུར། །དར་དཀར་གངས་ལ་ཉི་ཤར་འདྲ། །དར་ནག་མཚོ་ལ་མུན་ཕོག་འདྲ། །དམར་པོ་སྤང་ལ་མེ་མཆེད་འདྲ། །སྔོན་པོ་མཚོ་ལ་ཉི་ཤར་འདྲ། །སྨུག་པོ་གླང་ཆེན་མཆིན་པ་འདྲ། །དར་ཟབ་སྣ་དགུ་ཟ་འོག་བཅུ། །བཅོམ་ལྡན་འདས་ཀྱི་ཕྱག་ཏུ་ཕུལ། །དར་གྱི་དེ་ནི་གུར་ཡང་ཕུབ། །གུར་ཁྱིམ་དེ་ནི་དང་པོ་དང་། །གཅིག་པ་དར་སྔོན་གུར་ཆེན་ཀྱི་ལི་ལི། །གསེར་གྱི་ཁྱོན་ཐག་རྒྱངས་སེ་རྒྱང་། །གཉིས་པ་དར་ནག་གུར་ཆེན་ཀྱི་ལི་ལི། །དངུལ་གྱི་ཁྱོན་ཐག་རྒྱུངས་སེ་རྒྱང་། །གསུམ་པ་དར་སེར་གུར་ཆེན་ཀྱི་ལི་ལི། །གཡུ་ཡི་ཁྱོན་ཐག་རྒྱངས་སེ་རྒྱང་། །བཞི་པ་དར་ཆེན་གུར་ཆེན་ཀྱི་ལི་ལི། །དུང་གི་ཁྱོན་ཐག་རྒྱངས་སེ་རྒྱང་། །ལྔ་པ་དར་དཀར་གུར་ཆེན་ཀྱི་ལི་ལི། །བྱི་རུའི་ཁྱོན་ཐག་རྒྱངས་སེ་རྒྱང་། །དྲུག་པ་དར་སྔོན་གུར་ཆེན་ཀྱི་ལི་ལི། །ཟངས་ཀྱི་ཁྱོན་ཐག་རྒྱངས་སེ་རྒྱང་། །བདུན་པ་དར་དམར་གུར་ཆེན་ཀྱི་ལི་ལི། །མཚལ་གྱི་ཁྱོན་ཐག་རྒྱངས་སེ་རྒྱང་། །བརྒྱད་པ་དར་ཆེན་གུར་ཆེན་ཀྱི་ལི་ལི། །དངུལ་གྱི་ཁྱོན་ཐག་རྒྱངས་སེ་རྒྱང་། །དགུ་པ་དར་ལྗང་གུར་ཆེན་ཀྱི་ལི་ལི། །མུ་མེན་ཁྱོན་ཐག་


CMR038_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུངས་སེ་རྒྱང་། །དར་སྣའི་གུར་ཆེན་དགུ་པོ་འདི། །བཙལ་བ་འཛམ་བུ་གླིང་དུ་བཙལ། །མཚོ་ཆེན་མཆེད་དགུའི་ཐུགས་དམ་བསྐང་། །།ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །རྣལ་འབྱོར་ཡོན་མཆོད་འཁོར་བཅས་ཀྱི། །ཀླུ་ཡི་དལ་ཁ་ཐམས་ཅད་ཟློག །བཙན་གྱི་ཤོ་རྡེལ་གཏོང་བ་ཟློག །གཤིན་རྗེའི་ཁྲམ་ལ་བཏབ་པ་ཟློག །སྔོན་གྱི་སྐྱེས་བུ་དེ་ཤང་གླུད། །དེ་རིང་ཡོན་བདག་འདི་ཡི་གླུད། །གླུད་ཆེན་དམ་པ་འདི་བཞེས་ལ། །ཀླུ་ཡི་ནད་རྣམས་ཞི་བར་མཛོད། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་རྣམས། །ཟློབཟུང་བ་ཐོངས་ལ་བཅིངས་པ་གློད། །བསྡམ་པ་གློད་ལ་མནན་པ་ཁྱོག །དུས་ལ་བབས་པའི་ཚེ་ཟད་ཀྱང་། །ལོ་མང་བར་དུ་ཤོལ་ཐོབ་ཅིག །མི་མཐུན་རྐྱེན་ངན་ཐམས་ཅད་ཟློག་ཁྱོད་ཀྱིས་མྱུར་དུ་བསྒྱུར་དུ་གསོལ། །བྷྱོ་བྷྱོ་ཟློག་ཟློག༔ བྷྱོ་ཟློག་ཅིག །དེ་ནས་གསེར་སྐྱེམས་སམ། མེད་ན་ཇ་ཕུད་དང་འོ་ཆབ་ནང་དུ་འབྲུ་སྣ་བཏབ་ལ། མདོས་ཕུལ་བའི་ཕྱོགས་སུ་མཆོད་བཅུག་ཅིང་། ཀྱཻ། རིན་ཆེན་ལས་གྲུབ་སྣོད་མཆོག་ཏུ། །བདུད་རྩི་ཆང་དང་ཡུ་མར་ཇ། །ཡན་ལག་བརྒྱད་ལྡན་ཆུ་གཙང་དང་། །ལྷ་ཡི་ཞལ་ཟས་འོ་མ་ཞོ། །འབྲུ་སྣ་རིན་ཆེན་ཕྱེ་མ་


CMR038_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

བརྡར། །རིན་ཆེན་གསེར་དང་སྐྱེམས་སྦྱར་ནས། །མཆོད་པའི་རྫས་མཆོག་གསེར་སྐྱེམས་འདི། །ཕྱོགས་མཚམས་སྟེང་འོག་ལ་གནས་པའི། །སྣང་སྲིད་ལྷ་འདྲེ་ཀུན་ལ་འབུལ། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །སྲིད་པའི་གུར་མདོས་འབུལ་བ་ནི། །རྒྱབ་རྟེན་སྡོང་གྲོགས་དམ་པ་མཛོད། །མདོས་ཀྱི་གདོང་ལ་བཞུགས་པ་ཡི། །གཟའ་དང་བིཊྛི་རྣལ་འབྱོར་མ། །དབང་ཕྱུག་དུས་མཚན་གྱི་ལིང་དང་། །གནམ་ཁྱི་ཟ་བྱེད་རྔམ་པ་སོགས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་ཅག་མ་རིག་དབང་གྱུར་པས། །གདོང་དུ་མདོས་གཏོར་སོང་ན་ཡང་། །ཀོ་ལོང་ཕྲག་དོག་མ་མཛད་པར། །མཐོ་མཐོ་རྣམས་ཀྱིས་ཞབས་སྐུམས་ལ། །དམའ་དམའ་རྣམས་ཀྱིས་དབུ་ཆུམ་ལ། །བར་པ་རྣམས་ཀྱིས་སྐུ་གཟུར་ཅིག །མདོས་གཏོར་གནས་སུ་ཐིངས་བར་མཛོད། །ལོ་ཟླ་ཞག་ལ་འཁོར་བ་ཡི། །ཐེ་སེ་བླ་མཁྱེན་ཧལ་ཁྱི་དང་། །འགྲོལ་བུ་གནམ་ཀྱི་ཐིག་སེ་ནག་དང་། །གསེར་མཛོད་གཡུ་མཛོད་ལ་སོགས་པ། །ས་བདག་གཉན་པོ་ཁྱེད་རྣམས་ཀྱང་། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་ཅག་མ་རིག་རྨོངས་པ་


CMR038_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །མདོས་འདི་གདོང་དུ་བྱུང་ན་ཡང་། །ཁྱོད་ལ་བསྡོ་བ་མ་ཡིན་པས། །ཀོ་ལོང་ཕྲག་དོག་མ་མཛད་པར། །མདོས་འདི་ལེགས་པའི་སྡོང་གྲོགས་མཛོད། །ཁྱད་པར་མདོས་འདི་འབུལ་བ་ཡི། །ཆུ་བོ་ཆུ་མདོ་འདི་དག་ལ། །གནས་པའི་ས་བདག་ཀླུ་གཉན་དང་། །ཀླུ་བདུད་ཀླུ་བཙན་ཀླུ་སྲིན་དང་། །ཀླུ་ཐིལ་ཀླུ་གཉན་ཏ་མ་རྣམས། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །མདོས་དང་མཚོ་དང་ཆུ་བོ་དང་། །འབུལ་ལོ་ཕྲག་དོག་མ་བྱེད་ཅིག །ལྷ་མོ་མཚོ་སྨན་དཔོན་གཡོག་དང་། །མཚོ་སྨན་རྒྱལ་མོ་མཆེད་དགུ་ཡི། །ཁྱེད་རྣམས་ཡང་འཁོར་སྡེ་རིགས་ཏེ། །ཁྱེད་རྣམས་ཀུན་གྱི་རྗེ་མོ་དང་། །ཡང་རྗེ་མོ་དང་དཔོན་མོ་ཡི། །མདོས་ཆེན་དེ་རུ་འབྱོན་པའི་ཚེ། །དགའ་ཞིང་གུས་པས་བསུ་བ་གྱིས། །བཀུར་སྟི་གུས་ཞབས་དང་བཅས་ནས། །མདོས་གླུད་གནས་སུ་ཐིངས་བ་དང་། །བཀྲ་ཤིས་བདེ་ལེགས་རྒྱས་པར་མཛོད། །ཨོཾ་སརྦ་ལོ་ཀ་པ་ལ་ས་པཱ་རི་ཝཱ་ར་ཨ་མི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་མདོས་ཁ་ཕྱིར་སྒྱུར་ལ་རྫོངས་འདེབས་བྱ། བྷྱོ༔ མ་ཕམ་གཡུ་མཚོའི་མངའ་བདག་མོ། །མ་གཅིག་ལྷ་མོ་ཞལ་བསྒྱུར་རོ། །རོལ་པའི་མཚོ་བདུན་མངའ་


CMR038_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

བདག་མོ། །དཀར་མོ་དབུ་དགུ་ཞལ་བསྒྱུར་རོ། །ཀླུ་ཆེན་དགུ་ཡི་བླ་མཚོའི་བདག །མཚོ་སྨན་མཆེད་དགུ་ཞལ་བསྒྱུར་རོ། །བོད་ཡུལ་མཚོ་ཆེན་ལྔ་ཡི་བདག །མཚོ་སྨན་མཆེད་ལྔ་ཞལ་བསྒྱུར་རོ། །མཚོ་ཆེན་མཚོ་བྲན་ཀུན་གྱི་བདག །མཚོ་སྨན་ཐམས་ཅད་ཞལ་བསྒྱུར་རོ། །གསེར་དངུལ་ཟངས་ལྕགས་ལ་སོགས་པའི། །རིན་ཆེན་སྣ་ཚོགས་རྫོངས་སུ་འདེབས། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །རྟ་ལུག་ནོར་གྱི་ཁྱུ་རུ་དམིགས། །དཀོར་ནོར་སྣ་ཚོགས་རྫོངས་སུ་འདེབས། །ནས་འབྲས་བྲོ་སྲན་ལ་སོགས་པའི། །འབྲུ་སྣ་སྣ་ཚོགས་རྫོངས་སུ་འདེབས། །དར་ཚོན་བལ་ཚོན་སྣམ་རས་སོགས། །གོས་དར་སྣ་ཚོགས་རྫོ་ངས་སུ་འདེབས། །ཨ་བར་སྐྱུར་གསུམ་ལ་སོགས་པའི། །ཀླུ་སྨན་སྣ་ཚོགས་རྫོངས་སུ་འདེབས། །ནཱ་གི་སྤོས་དཀར་ལ་སོགས་པའི། །དྲི་ཞིམ་སྣ་ཚོགས་རྫོངས་སུ་འདེབས། །མར་ཐུད་གྲོ་ཐུད་ཕྲུམ་ལ་སོགས། །ཟས་ཕུད་སྣ་ཚོགས་རྫོངས་སུ་འདེབས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྐྱེ་བ་ལྔ་བརྒྱ་ཚུན་ཆད་དུ། །མཚོ་སྨན་ཐུགས་དང་གང་འགལ་བཤགས། །ཕ་མྱེས་བདུན་རྒྱུད་ཚུན་ཆད་


CMR038_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །བུ་ཚ་ཕྱི་རབས་ཡན་ཆད་ཀྱིས། །ཉ་སྲམ་ལ་སོགས་ཆུ་གནས་དང་། །ངང་ངུར་ལ་སོགས་ཆུ་བྱའི་ཚོགས། །བསད་པ་མཆིས་ན་མཐོལ་ལོ་བཤགས། །རྡོ་ལྕགས་ཤུགནུར་དང་ཐབ་བཞོབ་དང་། །མནའ་ཉན་བསྐྱེལ་ལེན་དཔང་པོ་བྱས། །དེ་འདྲ་ཐུགས་དང་འགལ་སྲིད་ན། །མཐོལ་ལོ་བཤགས་སོ་བཟོད་པར་བཞེས། །མཚོ་ཆེན་མཚོ་བྲན་ཆུ་བོ་ལ། །མི་གཙང་རྫས་དང་བཙོ་ཁྲག་བླུག །དྲག་པོའི་རྫས་དང་གཏད་མནན་སོགས། །བྱས་པ་མཆིས་ན་མཐོལ་ལོ་བཤགས། །མཚོ་དང་ཆུ་བོ་ཆེན་པོ་ལ། །གྲུ་ཟམ་བཙུགས་དང་སྐྱས་ནག་ཕུད། །མེ་མདའ་ཕོག་སོགས་བྱུང་སྲིད་ན། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །སྲིད་པའི་གུར་མདོས་འདི་ཉིད་ལ། །མཆོད་རྫས་མ་ཚང་རྫས་མ་འཛོམ། །མཆོད་གཏོར་ཆུང་ཞིང་འབག་བཙོག་ཤོར། །ཏིང་འཛིན་མ་གསལ་ལྷ་གཡེལ་སོགས། །འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །མཐོལ་ལོ་བཤགས་སོ་བཟོད་པར་གསོལ། །མི་སྒྲིབ་ཚངས་པའི་དངོས་གྲུབ་སྩོལ། །བདག་དང་ཡོན་བདག་བསྲུང་བྱ་ལ། །གྲང་ནད་དམུ་ཆུ་མཁལ་རྐེད་ནད། །པགས་ནད་སྐན་དང་འབྲས་ལ་


CMR038_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །མཚོ་སྨན་ནད་རྣམས་ཞི་བར་མཛོད། །མཚོ་ལྷུད་བཤའ་དང་ཆུས་ཁྱེར་དང་། །ཆར་ཞོད་མི་སྙོམས་གངས་ཐན་དང་། །གྲུ་ལོག་ཆུ་ཡིས་ཁྱེར་བ་སོགས། །ཆུ་ཡི་གནོད་པ་མེད་པར་མཛོད། །ནང་འཁྲུག་གྲི་རྨེ་གྲི་ལིང་སོགས། །མཚོ་གཉན་འཁྲུག་པའི་གནོད་པ་རྣམས། །ཐམས་ཅད་ཞི་ཞིང་མེད་པར་མཛོད། །མི་འཕེན་རྟ་ཧྲག་ཆོས་སྲིད་བརྟན། །ལོ་ལེགས་འབྲུ་འཕེལ་རྩ་ཁ་རྒྱས། །ཆར་ཆུ་དུས་སུ་འབེབས་པ་སོགས། །འཇིག་རྟེན་བདེ་བའི་དངོས་གྲུབ་སྩོལ། །རྟག་ཏུ་མ་དང་སྲིང་ལྟར་དུ། །བྱམས་པའི་ཐུགས་རྗེས་རྒྱང་ནས་སྐྱོངས། །ཀྱཻ། མཚོ་སྨན་རྗེ་མོ་ཡང་རྗེ་མོ། །དཔལ་ལྡན་ལྷ་མོ་དཔོན་གཡོག་དང་། །ཀླུ་ཆེན་དགུ་ཡི་ལྕམ་དང་སྲིང་། །མཚོ་སྨན་མཆེད་དགུ་དཔོན་དང་གཡོག །འཛམ་གླིང་བརྟན་པའི་བརྟན་མ་སྟེ། །གསེར་མཚོ་མ་དང་གཡུ་མཚོ་མ། །བོད་ཁམས་སྐྱོང་བའི་སྐྱོང་མ་སྟེ། །བོད་ཀྱི་མཚོ་སྨན་སྤུན་ལྔ་སོགས། །མཚོ་སྨན་རིགས་གྱུར་ཐམས་ཅད་ཀུན། །དང་པོ་སྤྱན་འདྲེན་མི་བྱེད་རྒྱུ། །སྲིད་པའི་མཚོ་སྨན་མཆོད་ན་མཉེས། །དེ་ནས་ལན་གཅིག་མི་འབྱོན་རྒྱུ། །སྔོན་གྱི་


CMR038_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་དམ་དམ་ཚིག་གཉན། །དེ་ནས་མཆོད་པ་མི་བཞེས་རྒྱུ། །ཡོན་བདག་སྔོན་གྱི་ལན་ཆགས་སྦྱངས། །ད་ནི་བཞུགས་པ་ཡུན་མ་རིང་། །ཁྱེད་ཅག་གཙང་མ་ལྷ་ཀླུའི་རིགས་། །བྲམ་ཟེ་འདྲ་སྟེ་གཙང་སྦྲའི་བདག །ངེད་ཅག་དུས་ངན་སྙིགས་མའི་མི། །སྨེ་བཙོག་ཐབ་གཞོབ་སྤྱོད་པ་རྩིང་། །སྐུ་ལ་གྲིབ་ཀྱིས་ཕོག་ཉན་མཆིས། །དེ་བས་ད་ནི་གནས་སུ་གཤེགས། །མུ་ལེ་མཐིང་མཚོའི་ནང་དུ་གཤེགས། །མ་ཕམ་གཡུ་མཚོའི་ནང་དུ་གཤེགས། །རོལ་པའི་མཚོ་བདུན་ནང་དུ་གཤེགས། །རྒྱ་མཚོ་ཆེན་པོའི་ནང་དུ་གཤེགས་། །མཚོ་ཆེན་དགུ་ཡི་ནང་དུ་གཤེགས། །གསེར་མཚོ་གཡུ་མཚོའི་ནང་དུ་གཤེགས། །ཁྲི་ཤོར་རྒྱལ་མོའི་ནང་དུ་གཤེགས། །གནམ་མཚོ་ཕྱུག་མོའི་ནང་དུ་གཤེགས། །མཚོ་ཆེན་མཚོ་ཆུང་ནང་དུ་གཤེགས། །རང་རང་བླ་མཚོའི་ནང་དུ་གཤེགས། །ད་གཤེགས་དེ་ནི་ཤ་ར་ར། །ད་བཞུད་དེ་ནི་སི་ལི་ལི། །འཇའ་དང་འོད་དུ་འཁྱིལ་ཞིང་གཤེགས། །གློག་འགྱུར་འབྲུག་སྒྲ་སྒྲོག་ཅིང་གཤེགས། །སྦྲང་ཆར་ཁུ་འཕང་སི་ལི་གཤེགས། །ད་གཤེགས་ད་གཤེགས་མྱུར་དུ་གཤེགས། །ཨོཾ་ནཱ་གི་སརྦ་གཙྪགཙྪ། དེ་ནས་


CMR038_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་དེ་མཚོའམ་ཆུ་འགྲམ་དུ་ཁྱེར་ལ། ཐང་དུ་བཞག་ནས། དང་པོ་ཤིང་རྩི་རྣམས་ཆུར་འཕང་། དེ་ནས་གཏོར་མ་རྣམས་དང་ཆུ་གནས་ཀྱི་གཟུགས་ཐམས་ཅད་ཆུར་འཕང་། འབྲུ་སྣ་དང་འཇིམ་པ་ལ་བཅས་པ་རྣམས་མཚོ་འགྲམ་སྐམ་སར་བླུག །དེ་ནས་ཚུར་ཟད་ཆུ་སྐྱེས་དུས་ཀྱང་མི་སླེབ་པའི་སར་མདོས་གདན་སྦུབས་ལ་བྱོས། དེ་ནས་ཕྱི་མིག་མི་ལྟ་བར་འོང་ནས་མདོས་གདན་སྒོ་རྩར་སྒྲུབ་སྔགས་པས་ཁྱིམ་ནས་རྟ་བྲོ་བསྡུས་པ་འདོན། དེ་ནས་བཀྲ་ཤིས་བརྗོད། ཅེས་པ་མ་མོ་འབུམ་གྱི་རྒྱུད་ལུང་ཆེན་པོ་དང་། སྤྱི་རྗེ་རྨོངས་པའི་དོན་དུ་ཨོ་རྒྱན་ཆེན་པོས་མཛད་པའི་ཡིག་རྙིང་གཉིས་གབ་སྤྲད་བསྐྱེད་ཆོག་མཆོད་པ་བྱིན་རླབས་གསེར་སྐྱེམས་གཤེགས་གསོལ་སོགས་གསར་དུ་བདག་གིས་བརྩམས་ཏེ། སྤར་ཁ་ཁཾ་ལ་རྩུབ་པ་དང་། ཆུ་ནད་ཀྱི་རིགས་ལ་ཕན་པའི་ཕྱིར། རཱ་ག་ཨ་སྱས་བསྒྲིགས་པའི་ཡི་གེ་པ་ནི་པདྨ་བརྩོན་འགྲུས་ཏེ། འདི་ལ་ཉེས་འགལ་མཆིས་ན་དཔལ་ལྡན་ལྷ་མོ་དཔོན་གཡོག་མཚོ་སྨན་ཚོགས་དང་བཅས་ལ་བཤགས་ཤིང་། དགེ་བས་མིའི་འཇིག་རྟེན་ཇི་སྲིད་གནས་ཀྱི་བར་དུ། ཕན་ཐོགས་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམཚོ་སྨན་རྒྱལ་མོའི་གུར་མདོས་འདོན་འགྲིགས་བལྟས་ཆོག་ཏུ་བཀོད་པ།next