Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་སྡེ་བརྒྱད་ཁེང་ལོག་བཅོས་པའི༔ མདོས་ཆེན་གཅིག་དང་མདོས་ཕྲན་བརྒྱ༔ དེ་ལ་བཅའ་ཐབས་རྒྱས་བསྡུས་འབྲིང་གསུམ༔ ཤིན་ཏུ་བསྡུས་དང་བཞི་རེ་སྟེ༔ སྲིད་པ་སྤྱི་མདོས་ཟེར༔ མདོས་སྣ་བཞི་བཅུ་ཞེ་བཞི་བཞུགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་སྡེ་བརྒྱད་ཁེང་ལོག་བཅོས་པའི༔ མདོས་ཆེན་གཅིག་དང་མདོས་ཕྲན་བརྒྱ༔ དེ་ལ་བཅའ་ཐབས་རྒྱས་བསྡུས་འབྲིང་གསུམ༔ ཤིན་ཏུ་བསྡུས་དང་བཞི་རེ་སྟེ༔ སྲིད་པ་སྤྱི་མདོས་ཟེར༔ མདོས་སྣ་བཞི་བཅུ་ཞེ་བཞི་བཞུགས།next

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་སྡེ་བརྒྱད་ཁེང་ལོག་བཅོས་པའི༔ མདོས་ཆེན་གཅིག་དང་མདོས་ཕྲན་བརྒྱ༔ དེ་ལ་བཅའ་ཐབས་རྒྱས་བསྡུས་འབྲིང་གསུམ༔ ཤིན་ཏུ་བསྡུས་དང་བཞི་རེ་སྟེ༔ སྲིད་པ་སྤྱི་མདོས་ཟེར༔ མདོས་སྣ་བཞི་བཅུ་ཞེ་བཞི་བཞུགས།


CMR038_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་སྡེ་བརྒྱད་ཁེང་ལོག་བཅོས་པའི༔ མདོས་ཆེན་གཅིག་དང་མདོས་ཕྲན་བརྒྱ༔ དེ་ལ་བཅའ་ཐབས་རྒྱས་བསྡུས་འབྲིང་གསུམ༔ ཤིན་ཏུ་བསྡུས་དང་བཞི་རེ་སྟེ༔ སྲིད་པ་སྤྱི་མདོས་ཟེར༔ མདོས་སྣ་བཞི་བཅུ་ཞེ་བཞི་བཞུགས་སོ༔


CMR038_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རྡོ་རྗེ་གྲོ་ལོད་ལ་ཕྱག་འཚལ་ལོ༔ བསྐལ་པ་དུས་ཀྱི་སྙིགས་མ་ལ༔ ལྷ་འདྲེའི་ཁེང་ལོག་བྱུང་ན་བཅོས་ཐབས་ནི༔ དང་པོ་ལྷའི་ཁེང་ལོག་བཅོས་ཐབས་ནི༔ ལྷའི་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་མི་དཀར་པོ་བཞིའམ་བརྒྱད༔ དེའི་མཐར་འཇིམ་པས་བསྐོར་ལ་མདུང་དར་དཀར་པོ་བརྒྱད་བཙུགས༔ མདུན་དེར་དཀར་གཏོར་ལེགས་པ་ཞིག་བཞག༔ དེ་གཞི་དཀར་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་སྨན་སྣ་དར་སྣ་རྣམས་བླུག༔ ༈ གཤིན་རྗེའི་ཁེང་ལོག་བཅོས་པ་ནི༔ གཤིན་རྗེའི་རྒྱལ་པོའི་གཟུགས་བྱས་ལ༔ སྤྲོ་ན་མི་སྔོན་པོ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་ཁྲམ་ཤིང་སྔོན་པོ་བརྒྱད་འཛུགས༔ མདུན་དེར་གཏོར་མ་དཔེའུ་རིས་ལྟར་ལེགས་པ་ཞིག་བཞག༔ དེ་གཞི་སྔོན་པོའམ་ནག་པོའི་


CMR038_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་ཤ་སྣ་རྣམས་བླུག༔ ༈ མ་མོའི་ཁེང་ལོག་བཅོས་པ་ནི༔ མ་མོའི་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་མ་མོ་དཀར་མོ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་མདའ་དར་དཀར་པོ་བརྒྱད་འཛུགས༔ མདུན་དེར་གཏོར་མ་དཔེའུ་རིས་ལྟར་ལེགས་པ་ཞིག་བཞག༔ དེ་གཞི་དཀར་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་སྨན་སྣ་དར་སྣ་རྣམས་བླུག༔ ༈ བདུད་ཀྱི་ཁེང་ལོག་བཅོས་པ་ནི༔ བདུད་ཀྱི་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་མི་ནག་པོ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་དགྲ་སཱུ་ནག་པོ་བརྒྱད་འཛུགས༔ མདུན་དེར་གཏོར་མ་ཟུར་གསུམ་ནག་པོ་འཇིགས་པ་ཞིག་བཞག༔ དེ་གཞི་ནག་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་ཤ་སྣ་ཁྲག་སྣ་རྣམས་བླུག༔ ༈ བཙན་གྱི་ཁེང་ལོག་


CMR038_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་པ་ནི༔ བཙན་གྱི་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་མི་དམར་པོ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་མདའ་དར་དམར་པོ་བརྒྱད་འཛུགས༔ མདུན་དེར་བཤོས་བུ་དམར་པོ་ཞིག་བཞག༔ དེ་གཞི་དམར་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་བལ་ཚོན་དར་ཟབ་བླུག༔ ༈ རྒྱལ་པོའི་ཁེང་ལོག་བཅོས་པ་ནི༔ རཱ་ཙའི་རྒྱལ་པོའི་གཟུགས་གཅིག་བྱ༔ སྤྲོ་ན་མི་དཀར་པོ་ཞྭ་ཐེབ་དམར་པོ་གྱོན་པ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་ཤིང་གི་འཁར་གསིལ་བརྒྱད་འཛུགས༔ མདུན་དེར་རྒྱལ་བཤོས་ལེགས་པ་ཞིག་བཞག༔ དེ་གཞི་དཀར་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་དར་སྣ་ཚྭ་ཁང་ངམ་གཙུག་ལག་ཁང་གང་རུང་གཅིག་གི་ས་བླུག༔ ༈ གནོད་སྦྱིན་ཁེང་ལོག་བཅོས་པ་ནི༔ གནོད་སྦྱིན་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་མི་ལྗང་སྔོན་བཞིའམ་བརྒྱད་བྱ༔ མཐར་འཇིམ་པས་བསྐོར་ལ་བ་དན་ལྗང་སྔོན་བརྒྱད་འཛུགས༔ མདུན་དེར་གནོད་སྦྱིན་བཤོས་བུ་ལེགས་པ་ཞིག་བཞག༔ དེ་གཞི་ལྡང་སྔོན་ནམ་ནག་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་དར་སྣ་ས་ཚོན་སྣ་ཚོགས་བླུག༔ ༈ ཀླུའི་ཁེང་ལོག་བཅོས་པ་ནི༔ ཀླུའི་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་མི་མཐིང་ནག་གདེངས་ཀ་སྦྲུལ་མཇུག་ཅན་བཞིའམ་བརྒྱད་བྱ༔ མཐར་འཇིམ་པས་བསྐོར་ལ་དཔེའུ་རིས་ལྟར་ཆུ་སྲིན་རྒྱལ་མཚན་བརྒྱད་འཛུགས༔ མདུན་དེར་ཀླུའི་བཤོས་བུ་ལེགས་པ་ཞིག་བཞག༔ དེ་གཞི་ནག་པོའི་སྟེང་དུ་བཞག༔ འབྲུ་སྣ་དར་སྣ་རིན་ཆེན་ཀླུ་སྨན་རྣམས་བླུག༔ ༈ ཐེའུ་རང་ཁེང་ལོག་བཅོས་པའི་


CMR038_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས༔ ཐེའུ་རང་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་ཐེའུ་རང་ནག་པོ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་ཐོ་བ་ནག་པོ་བརྒྱད་འཛུགས༔ མདུན་དེར་ཐེའུ་རང་བཤོས་བུ་ལེགས་པ་ཞིག་བཞག༔ དེ་གཞི་ནག་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་ར་སྤུ་དར་སྣ་རྣམས་བླུག༔ ༈ གཟའི་ཁེང་ལོག་བཅོས་པ་ནི༔ གཟའི་རྒྱལ་པོའི་གཟུགས་བྱ༔ སྤྲོ་ན་གཟའ་གཟུགས་ལྗང་གུ་བཞིའམ་བརྒྱད་བྱ༔ དེའི་མཐར་འཇིམ་པས་བསྐོར་ལ་རལ་གྲི་བརྒྱད་འཛུགས༔ མདུན་དེར་གཟའ་བཤོས་འཇིགས་པ་ཞིག་བཞག་གོ༔ དེ་གཞི་སྔོན་པོའམ་ལྗང་གུའམ་ནག་པོའི་སྟེང་དུ་བཞག༔ འབྲུ་སྣ་རིན་ཆེན་དར་སྣ་ཤ་ཁྲག་རྣམས་བླུག༔ ༈ ད་ནི་ལྷ་འདྲེ་སྤྱིའི་ཁེང་ལོག་བཅོས་པ་ནི༔ གཞི་གང་རུང་ཆེན་པོ་སྒོ་ཁྲི་སོགས་ཀྱི་སྟེང་དུ༔ དཔེའུ་རིས་ལྟར་ནས་ཀྱི་བྲི༔ དེའི་དབུས་སུ་གཟའ་དང་ཐེའུ་རང་གཉིས་ཀྱི་གཟུགས་བྱ༔ དེའི་མཐར་འཇིམ་པ་ལ་རལ་གྲི་བརྒྱད་དང་ཐོ་བ་བརྒྱད་འཛུགས༔ མདུན་རྒྱབ་ཏུ་སོ་སོའི་བཤོས་བུ་བཞག༔ དེ་རྒྱབ་སྡེ་བརྒྱད་ཀྱི་སྐུ་བརྒྱད༔ སོ་སོའི་ཐད་དུ་སོ་སོའི་ཕྱག་མཚན༔ དེ་རྒྱབ་སོ་སོའི་ཐད་དུ་སོ་སོའི་བཤོས་བུ༔ སོ་སོའི་མཐུན་རྫས་དང་འབྲུ་སྣ་སོགས་གོང་ལྟར་བླུག་གོ༔ འདོན་བྱ་སྔོན་དང་མཚུངས་ཏེ༔ ཐམས་ཅད་ལ་སོ་སོར་གཟུགས་དང་མཐུན་རྫས་རྣམས་འབུལ༔ གཟའ་ཐེལ་གཉིས་སྔོན་ལ་འདོན༔ དེ་ཡང་བསྡུས་པ་བྱེད་ན༔ རལ་གྲི་སོགས་སོ་སོའི་ཤིང་རིས་རེ་རེ་བྱ༔ སོ་སོའི་ཐད་དུ་བཙུགས༔ སོ་སོའི་ཐུན་རྫས་ཡུང་གི་ཤུ་སོགས་རྣམས་ཀྱང་༔


CMR038_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

རབ་བརྒྱ་དང་བརྒྱད་རེ༔ འབྲིང་སྦྱིན་བདག་གི་ལོ་གྲངས༔ ཐ་མ་ཡང་ཉེར་གཅིག༔ བཅུ་གསུམ་བདུན་ཡན་ཆད་བྱའོ༔ གཟུངས་ཀྱི་གྲངས་ཀྱང་དེ་དང་འདྲའོ༔ སྡེ་བརྒྱད་གནོད་ཚབས་གང་ཆེ་བ་ལ་མང་༔ གཞན་ཉུང་ཆོག༔ ༈ དེ་ཡང་སྡེ་བརྒྱད་ཀྱི་གཟུགས་རྣམས་འཇིམ་པ་ལ་བཅའ་བ་ནི་སྔགས་པ་རྣམས་ཀྱི་བྱ་རྒྱུ་ཡིན་ནོ༔ སྡེ་བརྒྱད་གཙོ་བོ་བཅུའི་སྐུ་ཙཀ་ལི་བྲིས་ལ་འཛུགས༔ འཁོར་ནི་བཅའ་མི་དགོས༔ སྐུ་གཟུགས་གཏོར་མའི་རྒྱབ་ནས་ཚུར་བཙུགས༔ ཙཀ་ལིའི་རྒྱབ་ཏུ་ཀྵ་གཟའ་ཏྲི་ཐེའུ་རང་སྲོག་ཡིག་གོ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཞེས་པའི་སོ་སོའི་སྲོག་ཡིག་འབྲུ་རེ་བྲི༔ ཙཀ་ལི་ལ་རལ་གྲི་བརྒྱད་དང་ནམ་མཁའ་སོགས་སོ་སོའི་མདོས་ཆས་རྣམས་བྲིས་ཏེ་མདུན་ནས་ཕར་བཙུགས༔ སྤྱི་མདོས་ལ་མདའ་དར་བཅུ་སོགས༔ ཕྱོགས་མཚམས་དབུས་སུ་བཙུགས་པ་གྲུབ་ན་ལེགས༔ གེལ་མདོས་ལ་མདའ་དར་རེ་རེས་ཆོག༔ གཏོར་མདོས་ཏེ་བླ་མ་དང་དགེ་ཚུལ་སློང་གི་བྱ་རྒྱུའོ༔ འདོན་ཆ་སྤྱི་མདོས་བཅའ་ན་བསྒྲིགས་ཚུགས་འདོན༔ གེལ་མདོས་བཅའ་ན་དེའི་ནང་ནས་གསལ་ཤེས་པར་བྱའོ༔ དམ་ཚིག་ནི་བདག་གིས་མདུན་བསྐྱེད་ཟིལ་གྱིས་གནོན༔ ཞེས་པ་ནི༔ བདག་བསྐྱེད་མ་གཏོགས་མདུན་དུ་སྡེ་བརྒྱད་གཟའ་ཐེའུ་རང་ལས་གཙོ་བོ་གཞན་མི་བསྒོམ༔ དེ་ཚེ་གནོད་པའི་བགེགས་དང་མི་འགྲོགས༔ ཞེས་པ་འཛའ་མོ་དང་༔ གཏོར་མ་ལོག་པར་མི་བཅའ༔ ཞེས་པ་དྲང་གཏམ་མ་གཏོགས་གཞན་གྱི་གཏོར་མ་ཡིན་མི་སྨྲ༔ གཏོར་མ་ངན་པར་མི་བཅའ་ཞེས་པ་ནི༔ ཤིན་ཏུ་གཙང་དགོས༔ གཏོར་


CMR038_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

མ་ལོག་པར་མི་བཅའ༔ ཞེས་དཔེའུ་རིས་ལྟར་མ་གཏོགས་གཞན་གཏོར་མ་མི་བཅའ༔ སྤྱན་འདྲེན་ལྕགས་ཀྱུས་མི་འགུགས་ཞེས་པ་ནི༔ འོད་ཟེར་ལྕགས་ཀྱུས་འགུགས་སོགས་མི་རུང་ངོ་༔ ཞུས་ལེན་ངན་པར་མི་ལབ་ཅེས་པ་ནི༔ ཚིག་གསལ་པོར་མ་རྟོགས་མི་གོ་ཙམ་དུ་མི་འདོན༔ ཀུན་ཕུང་ཕྱོགས་སུ་མི་བཞག༔ ཞེས་པའི་རྫས་ངན་ནི་མི་འཆང་༔ སྤྱན་འདྲེན་ཟིལ་དམར་མི་འགྲོགས༔ ཞེས་པ་ནི་སྤྱན་འདྲེན་ཚེ་ཟིལ་ཆེན་དང་དམེ་ཕོར་མི་འགྲོགས༔ གནོལ་མི་ཕབ༔ ཅེས་པ་ནི་བྱི་ཕྲུག་གིས་མི་མཆོད༔ བཟང་བརྫུ་ཡུགས་སའི་ཟས་ཀྱང་མནོལ་མི་ཕབ༔ ཅེས་པ་སྡོམ་མེད་དང་ཡུགས་ཟས་མཆོད་པ་མི་བྱ༔ གཞི་གཙང་མའི་སྟེང་དུ་བཤམས༔ མདོས་སྣོད་ཀྱང་གཙང་མ་དགོས༔ སྤྱི་མདོས་ཡིན་ན་སོ་སོའི་ཕྱོགས་མཚམས་དང་༔ གེལ་མདོས་ཡིན་ན་སོ་སོའི་མདུན་དུ༔ ཡུང་གི་ཤྭ་སོགས་སོ་སོའི་མཐུན་རྫས་བཤམས་༔ དེ་རྣམས་སྤོས་རུམ་མེད་ན་ཤུག་རུམ་བྱ༔ མདོས་དང་མཆོད་རྫས་འབུལ་རྒྱུ་ཀུན་ཀྱང་ཆུ་གཙང་གིས་བྲན༔ དེ་ནས་ལྷ་གཞུང་སྔོན་དུ་སོང་བའམ་མིན་ཀྱང་རུང་༔ རང་ཉིད་པདྨ་འབྱུང་གནས་དཀར༔ རྡོ་རྗེ་གཡས་ལ་བྷན་གཡོན༔ ཁ་ཊཾ་གྲུ་མོར་བརྟེན་པར་བསྐྱེད༔ སྤྲུལ་སྐུའི་ཆ་ལུགས་ཡོངས་སུ་རྫོགས༔ དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱི༔ དེ་མཐར་སྔགས་ཕྲེང་གཡས་སུ་འཁོར༔ འོད་ཟེར་འཕྲོས་པས་རྔ་ཡབ་ནས༔ རང་འདྲ་དཔག་མེད་སྤྱན་དྲངས་ཐིམ༔


CMR038_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་རླབས་གཟི་བརྗིད་འོད་དུ་འབར༔ དེ་ཡི་ངང་ལས་སྔགས་འདི་བཟླས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨརྒྷཾ་སོགས། ཨ་མྲྀ་ཏ་བྷ་ལིཾ་ཏ་རཀྟ་ཁཱ་ཧི༔ ཧཱུྃ༔ སྐྱེ་རྒ་ན་འཆིའི་སྐྱོན་གྱིས་མ་གོས་ཤིང་༔ ཕ་མེད་མ་མེད་པདྨའི་སྦྱབ་ནས་འཁྲུངས༔ རིགས་མེད་རུས་མེད་རྫོགས་སངས་རྒྱས་པའི་སྐུ༔ པད་འབྱུང་བྷན་འཛིན་ལ་ཕྱག་འཚལ་བསྟོད༔ དེ་ལྟར་གསལ་བའི་ངང་ནས་འདི་སྐད་དོ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང༔ ཨ་ཡིག་དཀར་པོར་འོད་འཕྲོས་པས༔ མདོས་མཆོད་དངོས་པོར་འཛིན་པ་དང་༔ མི་གཙང་དྲི་མ་ཐམས་ཅད་དག༔ དོན་དམ་སྟོང་ཉིད་ངོ་བོར་གྱུར༔ ཨོཾ་སྭ་བྷ་ཝ་ཤུདྡྷ༔ སརྦ་དྷསྭ་བྷ་ཝ་ཤུདྡྷོཉཧཾ༔ མདོས་དང་མཆོད་རྫས་དངོས་པོ་ལ་རྣམས༔ དངོས་འཛིན་དྲི་མ་དག་གྱུར་ནས༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ ཨེ་ཡཾ་བཾ་ལཾ་སུ་རྣམས་ལས༔ འབྱུང་བ་རིམ་བརྩེགས་རི་རབ་སྟེང་༔ སྤྱི་མདོས་ལ༔ དབུས་ཀྱི་གཡས་གཡོན་གཉིས་དང་ནི༔ ཕྱོགས་བཞི་དང་ནི་མཚམས་བརྒྱད་ལ༔ དབུས་སུ་ཀྵ་དང་ཏྲི་ཡིག་སྟེ༔ ཕྱོགས་བཞིར་ཨ་དང་ཡ་མ་


CMR038_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

དུ༔ མཚམས་བཞིར་རུ་ཙ་ཤ་ན་ལ༔ དབུས་སུ་གཟའ་དང་རྡོར་ལེགས་ཏེ༔ ཕྱོགས་མཚམས་ལྷ་སྲིན་སྡེ་བརྒྱད་ཀྱི༔ གཙོ་བོ་བཅུ་པོ་གསལ་བ་ཡང་༔ ལས་གཟའི་རྒྱལ་པོ་ལྗང་གུ་འབྲུག་ལྗང་གུ་ལ་ཞོན་པ༔ ལག་ན་རལ་གྲི་ལྗང་གུ་ཐོགས་པ༔ ཏྲི་ལས་ཐེའུ་རང་གི་རྒྱལ་པོ་ནག་པོ་རྭ་སྐྱེས་ནག་པོ་ལ་ཞོན་པ༔ ལག་ན་ཐོ་བ་ནག་པོ་ཐོགས་པ༔ ཨ་ལས་ལྷའི་རྒྱལ་པོ་དཀར་པོ་གཡག་དཀར་པོ་ལ་ཞོན་པ༔ ལག་ན་མདུང་དར་དཀར་པོ་ཐོགས་པ༔ ཡ་ལས་གཤིན་རྗེའི་རྒྱལ་པོ་སྔོན་པོ་མ་ཧེ་ལ་ཞོན་པ༔ ལག་ན་ཁྲམ་ཤིང་སྔོན་པོ་ཐོགས་པ༔ མ་ལས་མ་མོའི་རྒྱལ་མོ་དཀར་མོ་འབྲུག་དཀར་མོ་ལ་ཞོན་པ༔ ལག་ན་མདའ་དར་དཀར་པོ་ཐོགས་པ༔ དུ་ལས་བདུད་ཀྱི་རྒྱལ་པོ་ནག་པོ་རྟ་ནག་པོ་ལ་ཞོན་པ༔ ལག་ན་དགྲ་སྟ་ནག་པོ་ཐོགས་པ༔ རུ་ལས་བཙན་གྱི་རྒྱལ་པོ་དམར་པོ་རྟ་དམར་པོ་ལ་ཞོན་པ༔ ལག་ན་མདའ་གཞུ་དམར་པོ་འཛིན་པ༔ ཙ་ལས་ར་ཙའི་རྒྱལ་པོ་སེང་གེ་དཀར་པོ་ལ་ཞོན་པ༔ ལག་ན་འཁར་གསིལ་ལྗང་སྔོན་ཐོགས་པ༔ ཤ་ལས་གནོད་སྦྱིན་རྒྱལ་པོ་ལྗང་སྔོན་སྟག་ལྗང་སྔོན་ལ་ཞོན་པ༔ ལག་ན་བ་དན་ལྗང་སྔོན་ཐོགས་


CMR038_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ན་ལས་ཀླུའི་རྒྱལ་པོ་མཐིང་ནག་དུག་སྦྲུལ་མཐིང་ནག་ལ་ཞོན་པ༔ ལག་ན་ཆུ་སྲིན་རྒྱལ་མཚན་མཐིང་ནག་ཐོགས་པ༔ དེ་ལྟར་སྤྱི་མདོས་ལ་ཡོངས་རྫོགས༔ གེལ་མདོས་ལ་མངོན་རྟོགས་སོ་སོར་བསྒོམ༔ རིགས་མཐུན་འཁོར་ཚོགས་གྲངས་མེད་བསྐོར༔ ཧཱུྃ་ལས་རིན་ཆེན་སྣོད་ནང་དུ༔ བཤོས་བུ་རི་རྒྱལ་ལྷུན་པོ་ཙམ༔ རོ་བརྒྱ་ནུས་པ་སྟོང་དང་ལྡན༔ ཕྱག་མཚན་ལ་སོགས་མཐུན་པའི་རྫས༔ ནམ་མཁའ་དར་ཚོན་འབྲུ་སྣ་དང་༔ འདོད་པའི་ཡོན་ཏན་རྣམ་པ་ལྔས༔ ས་དང་ནམ་མཁའ་བར་སྣང་གང་༔ སྤྲིན་ལྟར་འཁྲིགས་ཤིང་ཆར་ལྟར་འབེབས༔ ཟག་མེད་བདེ་བ་བསྐྱེད་པར་གྱུར༔ རྣམ་པར་སྣང་མཛད་བྱིན་རླབས་ཀྱིས༔ ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་༔ ཡི་གེ་ཁཾ་ལས་འོད་འཕྲོས་པས༔ མདོས་མཆོད་དེ་༈ དག་འཕེལ་ཤིང་རྒྱས༔ སྟོང་གསུམ་འཇིག་རྟེན་གནམ་ས་གང་༔ ༀ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བྷི་ཤྭ་མི་ཁེ་བྷུ༔ སརྦ་ཐ་ཁཾ་ཨུཏ་ག་ཏེ་སྤ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས༔ ཐལ་མོ་ཁ་གྱེད་ཕྱག་རྒྱའི་ནང་༔ ཛཡིག་དམར་པོ་འོད་འཕྲོས་པས༔ མདོས་མཆོད་ཟད་མེད་བདུད་རྩིར་གྱུར༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་


CMR038_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་ན་ཧཱུྃ་ཕཊ༔ རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས༔ མཆོག་སྦྱིན་ཕྱག་རྒྱ་ཏྲི་སེར་ལས༔ འོད་འཕྲོས་མགྲོན་རྣམས་ཐམས་ཅད་ལ༔ བསྔོས་པ་བཞིན་དུ་ཐོབ་པ་གྱུར་ཅིག༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས༔ ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་༔ ཧ་ལྗང་འོད་ཟེར་འཕྲོས་པའི་མཐུས༔ མགྲོན་ཀུན་མཉེས་ཤིང་ཚིམ་གྱུར་ཅིག༔ ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཐས་མནྟ་ཨ་མྲྀ་ཏ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧིདཱ་ཡ་ཛྭ་ལ་ནི་སྭཱ་ཧཱ༔ ཕྱག་ན་རྡོ་རྗེའི་བྱིན་རླབས་ཀྱིས༔ སོར་བསྣོལ་ཕྱག་རྒྱ་ཛདམར་ལས༔ འོད་འཕྲོས་མགྲོན་ཀུན་དབང་དུ་བསྡུས༔ བདག་གི་བཀའ་བཞིན་བསྒྲུབ་པར་གྱུར༔ ན་མས་མན་བུདྡྷཱ་ནཾ་གྲ་ཧེ་ཤཱ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ༔ སྤྱི་མདོས་གེལ་མདོས་གང་བྱེད་ཀྱང་སྤྱན་འདྲེན་པ་ནི༔ ཧཱུྃ༔ གཟའ་ཡི་རྒྱལ་པོ་གཟའ་ཡི་རྗེ༔ འཛམ་བུ་གླིང་གི་སྟེང་ཕྱོགས་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ གཟའ་ཡི་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ༔ ཐེའུ་


CMR038_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

རང་རྒྱལ་པོ་ཐེའུ་རང་རྗེ༔ འཛམ་བུ་གླིང་གི་འོག་ཕྱོགས་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་། མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ ཐེའུ་རང་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་ལྷ་ཡི་རྗེ༔ འཛམ་བུ་གླིང་གི་ཤར་ཕྱོགས་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ ལྷ་ཡི་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་རྗེ༔ འཛམ་བུ་གླིང་གི་ལྷོ་ཕྱོགས་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ གཤིན་རྗེའི་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ༔ མ་མོའི་རྒྱལ་པོ་མ་མོའི་རྗེ༔ འཛམ་བུ་གླིང་གི་ནུབ་ཕྱོགས་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ མ་མོའི་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ༔ བདུད་ཀྱི་


CMR038_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་བདུད་ཀྱི་རྗེ༔ འཛམ་བུ་གླིང་གི་བྱང་ཕྱོགས་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ བདུད་ཀྱི་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ༔ བཙན་གྱི་རྒྱལ་པོ་བཙན་གྱི་རྗེ༔ འཛམ་བུ་གླིང་གི་ཤར་ལྷོ་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ བཙན་གྱི་རྒྱལ་པོ་སྤྱན་འདྲེན་ནོ་ཧཱུྃ༔ རྭ་ཙའི་རྒྱལ་པོ་ར་ཙའི་རྗེ༔ འཛམ་བུ་གླིང་གི་ལྷོ་ནུབ་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ རྭ་ཙའི་རྒྱལ་པོ་སྤྱན་འདྲེན་ནོ༔ ཧཱུྃ་གནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྗེ༔ འཛམ་བུ་གླིང་གི་ནུབ་བྱང་ནས༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ གནོད་སྦྱིན་རྒྱལ་པོ་སྤྱན་འདྲེན་ནོ༔


CMR038_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ཀླུ་ཡི་རྒྱལ་པོ་ཀླུ་ཡི་རྗེ༔ འཛམ་བུ་གླིང་གི་བྱང་ཤར་ནས༔ ཡོང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་པ་རྒྱ་ཆེན་འདི་ན་ཡོད༔ ཡང་ཅིག་ཚུར་གཟིགས་འདི་ཉོན་དང་༔ མཆོད་ཅིང་བཀའ་བསྒོ་མང་དུ་ཡོད༔ ཀླུ་ཡི་རྒྱལ་པོ་སྤྱན་འདྲེན་ནོ༔ ཨེ་ཀྱེ་ཧི་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ གེལ་མདོས་ལ་ཞུས་ལན་མེད་ཀྱང་རུང་༔ སྤྱི་མདོས་དུས་མེད་དུ་མི་རུང་སྟེ༔ མར་གསུང་སྔ་བའོ༔ ཀ༽ ཧཱུྃ༔ གཟའ་ཡི་རྒྱལ་པོ་གཟའ་ཡི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ཁ༽ ཧཱུྃ༔ ཐེའུ་རང་རྒྱལ་པོ་ཐེའུ་རང་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ག༽ ཧཱུྃ༔ ལྷ་ཡི་རྒྱལ་པོ་ལྷ་ཡི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ང༽ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་


CMR038_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ཅ༽ ཧཱུྃ༔ མ་མོའི་རྒྱལ་པོ་མ་མོའི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ཆ༽ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བདུད་ཀྱི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས་ཇ༽ ཧཱུྃ༔ བཙན་གྱི་རྒྱལ་པོ་བཙན་གྱི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ཉ༽ ཧཱུྃ༔ རྭ་ཙའི་རྒྱལ་པོ་རྭ་ཙའི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ཏ༽ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་


CMR038_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

མཐུན་རྫས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ ཐ༽ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ཀླུ་ཡི་རྗེ༔ བྱོན་པ་གང་གི་ཕྱོགས་ནས་བྱོན༔ འབྱོན་པ་ཅི་ཡི་དོན་ལ་འབྱོན༔ དགྱེས་པ་མཐུན་རྗེས་ཅི་ལ་དགྱེས༔ བཤགས་ན་བཤགས་པ་གང་ལྟར་དགོས༔ དེ་ནས་མདུན་དུ་སྡེར་རམ་ཐེབ་ཙེའི་ནང་དུ༔ སོ་སོའི་མཐུན་རྫས་གང་ཡིན་དང་༔ འབྲུ་སྣ་ལ་སོགས་བླུགས་ལ་བྲན༔ མཆོད་གཡོག་པས་ལག་པ་བཀྲུས་ཏེ་འདུག༔ ཧཱུྃ༔ གཟའ་ཡི་རྒྱལ་པོ་གཟའ་ཡི་རྗེ༔ སྐུ་མདོག་ལྗང་གུ་འབྲུག་ལ་ཞོན༔ ཕྱག་ན་རལ་གྲི་ལྗང་གུ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ ཤ་ཁྲག་འབྲུ་སྣ་རིན་ཆེན་དང་༔ དར་ཟབ་མང་པོ་ཁྱོད་ལ་སྦྱིན༔ གཟའ་ཡི་རྒྱལ་པོས་གཙོར་བྱས་པའི༔ གཟའ་ཡི་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལི་ཧཱུྃ༔ ཧ་ཤཱི༔ མག་ལེ༔ ཧུན་ཏེ༔ ཝི་རི༔ ཀ་ཨ་ནི༔ ཝ་ཀ་ནི༔ ཤ་མེ་ཤ་མེ༔ ཏུ་ཏ༔ མི་ནུ་ཡེ༔ མི་ནུ་ཡེ༔ སྐྱེ་སྱེ༔ ཨ་ཏྲང་ཏྲེ་ཏྲེ་ཏྲ་ཊ་སུན་ཏི་ཡེ༔ ཨཀྵེ༔ སར་ཨཀྵེ༔ ཝིན་རྒྱུ་ཝིན་ནུ༔ པུ་པཱུ༔ ཨིཀྐ་ཨིཀྐ༔ ཝགཱི་ཝཀྵེ༔ ཀེ་ཀེ༔ མ་ལི་ཀ་ལི༔


CMR038_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

ཨ་ཏུ་ཡེ་ཨ་ཏུ་ཡེ༔ མ་ཎི༔ སབ་ཛ་སབ་ཛ༔ ཕྱ་ཕྱ༔ ནིར་ནིར༔ ཝཀཱ་མི་ཀི་མི༔ ཧུན་ཧུན༔ མི་ཧུན་མི་ཧུན༔ ཏེལ་པ་གྱང་མཆོད་ཅེས་གཟུངས་རེ་དང་དཔེའུ་རིས་ལྟར་གཏོར་མ་རེ་སྦྲགས་ལ་མཆོད༔ ཧཱུྃ༔ ཐེའུ་རང་རྒྱལ་པོ་ཐེའུ་རང་རྗེ༔ སྐུ་མདོག་ནག་པོ་ར་ལ་ཞོན༔ ཕྱག་ན་ཐོ་བ་ནག་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ལ་འབྱོར་སྒྲུབ་པ་པོ༔ ར་སྤུ་འབྲུ་སྣ་རིན་པོ་ཆེ༔ དར་ཟབ་མང་པོ་ཁྱོད་ལ་འབུལ༔ ཐེའུ་རང་རྒྱལ་པོས་གཙོར་བྱས་པའི༔ ཐེའུ་རང་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལི་བཱི༔ རཾ་ཤྲཱི༔ བྷཧྥེ་སུ་བྷཀྵེ༔ ས་རུ་བྷངྒེ༔ མི་མུ་བ་བ་ཡུ་ཡུ༔ ས་ས་མི་མི༔ ཨུ་ཨཱུ༔ རུ་རི༔ པུ་སི༔ མག་ལེ༔ ཤུ་ཤུ༔ ཨུ་ཨུ༔ ཝར་ཝར༔ ཤཀེ་སུ་ཤཀེ༔ ཨ་པེ༔ ཤཀེ༔ སོད་ཧ༔ ཡུ་ཡུ༔ རུ་མྱི༔ ཕྱ་ཕྱ༔ ཤ་ཤ༔ བི་བི༔ ལ་ལ༔ ཀ་ཤུག༔ བ་མེ་ཡུ༔ ཨ་ཨ༔ རུ་རུ་ཏི༔ ལྕགས་ཏིལ་མཆོད༔ ཅེས་བཟླས་ཟན་ལ་ལྕགས་ཏེ་མང་དུ་བཟོས་ཏེ་གཟུངས་དང་སྦྲགས་ལ་རེ་རེ་བཞིན་མདོས་ནང་མཆོད༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་ལྷ་ཡི་རྗེ༔ སྐུ་མདོག་དཀར་པོ་གཡག་ལ་


CMR038_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན༔ ཕྱག་ན་མདུང་དར་དཀར་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ སྨན་སྣ་འབྲུ་སྣ་རིན་ཆེན་དང་༔ དར་ཟབ་མང་པོ་ཁྱོད་ལ་མཆོད༔ ལྷ་ཡི་རྒྱལ་པོས་གཙོར་བྱས་པའི༔ ལྷ་ཡི་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀཱ་ལི་ཤི༔ ཤི་ཤྲཱི༔ མག་ལེ༔ དུན་ཏེ༔ ཝི་རི༔ ཨ་ཀ་ནི༔ ཝ་ཀ་ནི༔ ཤ་མེ་ཤ་མེ༔ སྐྱུ་ཎྱ༔ མི་ཏྲ་ཡེ་མི་ཏྲ་ཡེ༔ མྱ་སྱ༔ མ་ཏང་ཏྲེ་ཏྲེ༔ ཏྲ་ཊ་སུན་ཏི་ཡེ༔ མག་གེ་ས་ར་མག་ཀེ༔ ཝིན་རྒྱུ་ཝིན་རཱུ༔ སུ་སུ་པྲིཀྐ་པྲིཀྐ༔ ཝཀེ་ཝཀྵེ༔ ཀྵེ་ཀྵེ༔ ཨ་ལི་ཀ་ལི༔ མ་ཏུ་ཡེ༔ མ་ཏུ་ཡེ༔ ཨ་ནི༔ སབ་ཟ་སབ་ཟ༔ ཕྱ་ཕྱ༔ ནིར་ནིར༔ ཝཀཱ་ལི་ཀི་ལི༔ དུན་དུན་མི་དུན་མི་་དུན༔ ཤྭ་དཀར་པོ་མཆོད༔ ཅེས་བཟླས་ལ་ཡུང་མ་ལ་ཤྭ་དཀར་པོ་མིག་མང་པོ་ཅན་མང་དུ་བྱས་ལ་མདོས་ནང་དུ་གཟུངས་རེ་བཟླས་ལ་རེ་རེ་བཞིན་མཆོད༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་རྗེ༔ སྐུ་མདོག་སྔོན་པོ་མ་ཧེ་ཞོན༔ ལག་ན་ཁྲམ་ཤིང་སྔོན་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ འབྲུ་སྣ་རིན་ཆེན་ཤ་སྣ་དང་༔ དར་ཟབ་མང་པོ་


CMR038_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ལ་འབུལ༔ གཤིན་རྗེའི་རྒྱལ་པོས་གཙོར་བྱས་པའི༔ གཤིན་རྗེའི་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་མ་ལི་ནི༔ ས་ཏེ༔ ནག་ཤ་ལི༔ ནག་ཤ་ལེ༔ མྲྀ་ཏུ་མྲྀ་ཏྱཱ༔ ཤ་མེ་ཤ་མེ༔ བྱུ་བྱུ༔ ཧི་ཏྲ་ཡེ་ཧི་ཏྲ་ཡེ༔ ཏུ་པ་ཏང་ཀྲེ་ཀྲེ༔ ཀྲ་ཏྲ༔ ཡུན་ཏི་ཡ༔ མགོ་ཀེ༔ སར་མག་ཀེ༔ ཨིན་ནྱུ་ཨིན་ནྱུ༔ ཏུ་ཏུ་མཱིཀྐ་པྲིཀྐ༔ ཝཀླུ་ཝཀྵེ༔ ཀླུ་ཀྵེ༔ ཡ་ལི་ཀ་ལི༔ མ་ཏུ་ཡེ་མ་ཏུ་ཡེ༔ ཡ་ནི་སབ་ཛ་སབ་ཛ༔ བྱ་བྱ༔ ནིར་ནིར༔ ཝཀ་ལི་ལི་ཀི་ལི༔ ཏུན་ཏུན༔ མི་ཏྱན་མི་ཏུན༔ གཏོར་མ་ཆུང་ངུ་མཆོད༔ ཅེས་དམར་གཏོར་ཆུང་ངུ་རེ་དང་གཟུངས་རེ་སྤྲད་ལ་མདོས་ནང་དུ་མཆོད༔ ཧཱུྃ༔ མ་མོའི་རྒྱལ་པོ་མ་མོའི་རྗེ༔ སྐུ་མདོག་དཀར་པོ་འབྲུག་ལ་ཞོན༔ ཕྱག་ན་མདའ་དར་དཀར་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ སྨན་སྣ་འབྲུ་སྣ་རིན་ཆེན་དང་༔ དར་ཟབ་མང་པོ་ཁྱོད་ལ་མཆོད༔ མ་མོའི་རྒྱལ་པོས་གཙོར་བྱས་པའི༔ མ་མོའི་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀཱ་ལི་ཤཱི༔ བི་ཤི་མག་ལེ༔ ཡུན་


CMR038_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ༔ ཧི་རི༔ མ་ཀ་ནི༔ ཝ་ཀ་ནི༔ ཤ་མེ་ཤ་མེ༔ ར་ཡུ་ར་ཡུ༔ མི་ཏྲ་ཡེ་མི་ཏྲ་ཡེ༔ མྱ་སྱ༔ མ་ཏང་ཏྲེ་ཏྲེ༔ ཏྲ་ར༔ བུན་ཡི་ཡེ༔ རཀྵ་སར་རཀེ༔ ཨིན་རྒྱུ་ཨིན་རཱུ༔ ཝུ་ཝུ༔ མཱིཀྐ་མཱིཀྐ༔ ཝཀེ་ཝཀྐི༔ རྨེ་རྨེ༔ མ་ལི་ཀ་ལི༔ མུ་ཏུ་ཡེ་པྲ་ཏུ་ཡ༔ མ་ནི༔ སབ་ཛ་སབ་ཛ༔ མྱ་ནི་ར་ནི་ར༔ ཝག་མ་ལི་ཀི་ལི༔ ཤུན་ཤུན༔ མི་ཤུན་མི་ཤུན༔ གཏོར་མ་ཆུང་ངུ་མཆོད༔ ཅེས་གཏོར་ཆུང་ཟླུམ་པོ་རེ་དང་གཟུངས་རེ་སྤྱད་ལ་མདོས་ནང་དུ་མཆོད་དོ༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བདུད་ཀྱི་རྗེ༔ སྐུ་མདོག་ནག་པོ་རྟ་ནག་ཞོན༔ ཕྱག་ན་དགྲ་སྟ་ནག་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ འབྲུ་སྣ་རིན་ཆེན་ཤ་སྣ་དང་༔ ཁྲག་སྣ་མང་པོ་ཁྱོད་ལ་མཆོད་བདུད་ཀྱི་རྒྱལ་པོས་གཙོར་བྱས་པའི་བདུད་ཀྱི་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལི་ཧཱུྃ༔ ནི་ཤྲཱི༔ མག་ལེ༔ སུན་ཏེ༔ བི་རི༔ དུ་ཀ་ནི༔ ཝ་ཀ་ནི༔ ཤ་མེ་ཤ་མེ༔ ཏུ་ཏྟུ༔ རི་ཏྲ་ཡེ་རི་ཏྲ་ཡེ༔ རྒྱ་རྒྱ༔ དུ་ཏང་༔ པྲ་པྲ༔ ཏྲ་ཏྲ༔ ལུན་ཏི་ཡེ༔ མག་ཀེ༔ སར་མག་ཀེ༔ རིན་རྒྱུ་རིན་


CMR038_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ནྱུ༔ ཝུ་ཝུ༔ པྲིཀྐ་མཱིཀྐ༔ ཝག་ཝེ་ཝག་ཝེ༔ ཀྭ་ཀྭ༔ དུ་ལི་ཀ་ལི༔ མ་ཏུ་ཡེ་པྲ་ཏུ་ཡེ༔ དུ་ནི༔ སབ་ཛ་སབ་ཛ༔ ཀྱ་ཀྱ༔ ནིར་ནིར༔ ཝག་ཝ་་ལི༔ ཡུན་ཡུན༔ མི་ཡུན་མི་ཡུན༔ ཤྭ་ནག་པོ་མཆོད༔ ཅེས་ཟན་ནག་གི་ཤྭ་མིག་གཉིས་པ་མང་དུ་བྱས་ལ་གཟུངས་རེ་རེ་དང་སྤྱད་ལ་མདོས་ནང་དུ་མཆོད་དོ༔ ཧཱུྃ༔ བཙན་གྱི་རྒྱལ་པོ་བཙན་གྱི་སྐུ་མདོག་དམར་པོ་རྟ་དམར་ཞོན༔ ཕྱག་ན་མདའ་གཞུ་དམར་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ འབྲུ་སྣ་རིན་ཆེན་དར་ཟབ་དང་༔ བལ་ཚོན་མང་པོ་ཁྱོད་ལ་མཆོད༔ བཙན་གྱི་རྒྱལ་པོས་གཙོར་བྱས་པའི༔ བཙན་གྱི་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལི་ས༔ ཚོ་ཤཱི༔ རི་བྲི་མག་ལེ༔ མ་མ༔ སི་རི་སི་རི༔ རུ་རུ༔ མ་ཏ་མ་ཏ༔ ཤ་མེ་ཤ་མེ་ཏུ་ཏྟཱི༔ ཨི་ཐི་ཨི་ཐི༔ ཏ་ཀ༔ རུ་སེ་རུ་སེ༔ ཨ་ལ་ལ་རུ་རུ༔ ཧ་ཏ་ཡེ་ཧ་ཏ་ཡེ༔ མ་ས་མ་ས༔ ཨི་ཁང་ཨི་ཁང་༔ བི་ཁང་བི་ཁང་༔ རུ་ཁང་རུ་ཁང་༔ ཡབ་ཏ་ཡབ་ཏ༔ ཤན་ཏེ་ཤན་ཏེ༔ ཝང་ཝང་༔ ཡ་མ་ཡ་མ༔ ས་ལེ་ས་ལེ༔ སལ་


CMR038_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

སལ༔ མ་རུ་ཡེ་མ་རུ་ཡེ༔ ར་ཡུ་ར་ཡུ༔ སལ་སལ༔ ཏྲེ་ཏྲ༔ རི་རི༔ མལ་མལ༔ ཤ་ཏ་ཤ་ཏ༔ ཨི་ཧང་༔ མ་ཏ་ཡེ་སོད་ཧ༔ ཤིང་དམར་པོ་མཆོད༔ ཅེས་མཛོ་མོ་ཤིང་ངམ་ཚེར་ནག་ནང་སྙིང་ངམ་སེ་བའི་ནང་ངམ་སེང་ལྡེང་ངམ་ཙན་དན་སོགས་དུམ་བུ་རེ་གཟུངས་རེ་སྤྲུགས་ལ་མཆོད་དོ༔ ཧཱུྃ༔ རཱ་ཙའི་རྒྱལ་པོ་རྭ་ཙའི་རྗེ༔ སྐུ་མདོག་དཀར་པོ་སེང་གེ་ཞོན༔ ཕྱག་ན་འཁར་གསིལ་དཀར་པོ་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ འབྲུ་སྣ་རིན་ཆེན་དར་ཟབ་དང་༔ ཁང་ས་རྣམས་ཀྱིས་ཁྱོད་ལ་མཆོད༔ རྭ་ཙའི་རྒྱལ་པོས་གཙོར་བྱས་པའི༔ རྒྱལ་པོའི་རིགས་ནི་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལི་ཤཱི༔ རི་ཤྲཱི༔ མག་ལེ༔ དུན་ཏེ༔ ཨ་བི་ཡ༔ ཙ་ཙ༔ ཙ་སེ་ཙ་སེ༔ མཱིཀྐ་ཡེ་མིཀྐ་ཡེ༔ བི་ལྷ༔ དྷ་དྷ༔ བྷྱོ་བྷྱོ༔ ཝི་ཏ་ཡེ༔ ཧ་ཏ་ཡེ༔ བྲེ་བྲེ༔ བྲེ་མོ་བྲེ་མོ༔ ཧི་ཧ༔ ཝི་ཧ༔ མི་ཧ༔ ཙ་པ་ཏྲི་ཏ༔ ཝ་ཏ་ཡེ༔ མི་ཏ་ཀུ་རུ༔ ཙ་རུ་ཙ་རུ༔ ཙ་ཤ་ཙ༔ སབ་ཛ་སབ་ཛ༔ ཤ་མེ་ཤ་མེ༔ ཏུ་ཏྟཱི༔ བྱུ་བྱུ༔ སྱ་སྱཱ༔ མིག་ཏ་ནི་ལི་ཏ་ཏ༔ བཀླུ༔ བི་ཧ༔ སན་ཏ༔ མྲྀ་


CMR038_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ཏ༔ ཨ་ཧང་ཏ༔ ཤི་ལི་ཏ་ཡེ་སོད་ཧ༔ རྡོ་དཀར་པོ་མཆོད༔ ཅེས་སྔགས་ཚར་རེ་དང་མཁར་སྒོང་སོགས་རྡོ་དཀར་པོ་གང་རུང་རེ་སྤྱད་ལ་མདོས་ནང་དུ་མཆོད༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྗེ༔ སྐུ་མདོག་ལྗང་སྔོན་སྟག་ལྗང་ཞོན༔ ཕྱག་ན་བ་དན་ལྗང་སྔོན་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ འབྲུ་སྣ་རིན་ཆེན་དར་སྣ་དང་༔ ས་ཚོན་སྣ་ཚོགས་ཁྱོད་ལ་མཆོད༔ གནོད་སྦྱིན་རྒྱལ་པོས་གཙོར་བྱས་པའི༔ གནོད་སྦྱིན་རིགས་རྣམས་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལི་ཤྲཱི༔ རི་ཤྲཱི༔ མག་ལེ༔ དུན་ཏེ་ལ་ར་ཧྲ་ཡི༔ མིལ་མིལ་མིལ༔ ཤི་ཏ༔ ཁ་རོག༔ མ་ཤ་ཡེ༔ བ་ཧ་ཏེ༔ ས་ཏ༔ མི་ལ་ལ༔ ན་ནི༔ ཨ་ཏ་ཡེ༔ སུ་ཨ་ཏ་ཡེ༔ ཡཀླུ་ཨ་ཏ་ཡེ༔ མི་རི་མི་རི༔ ཨ་མི་རི༔ ས་ལི༔ ནག་མོ༔ ནག་མོ༔ ཧྲི་ཥ་ཥ༔ མ་ལ༔ ཨ་ཅ༔ ས་མཿ ཤྲཱི་ཏེ༔ སུ་ཀྲྀ་ཏེ༔ ཡཀྵ་གཽ་ཏེ༔ རུ་རུ་ནི་སོད་ཨ་ཨ༔ ས་ནེ༔ ལི་ལི༔ ཨ་ཨ་ནག་མོ་ནག་མོ༔ བི་ཏ་ཡེ༔ ཧ་བི་ཏ་ཡེ༔ ཤ་ཏ་བིག་ཊ་ཡེ༔ ཨ་ནི་ནི༔ མི་ལི་ལི༔ ཨ་བི་བི༔ ཨ་


CMR038_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཏ༔ མི་ལི༔ ཤབ་ཏ་མི་ལི༔ རག་མོ་མི་ལི༔ ཧ་པ་མི་ལི༔ ཧྲི་ག་ག་མི་ལི༔ ཧ་ཧ་ས་སྟ་ནི་སྭཱ་ཧཱ༔ སྟག་རི་བཀྲ་མཆོད༔ ཅེས་སྐང་སྤར་བཏབ་པའི་སྟག་གི་གཟུགས་དང་གཟུངས་རེ་དང་སྤྲད་ལ་མདོས་ནང་དུ་མཆོད་དོ༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ཀླུ་ཡི་རྗེ༔ སྐུ་མདོག་མཐིང་ནག་སྦྲུལ་ནག་ཞོན༔ ཕྱག་ན་ཆུ་སྲིན་རྒྱལ་མཚན་ཐོགས༔ ཁྱོད་ནི་ལྷ་འདྲེ་དམ་ཚིག་ཅན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ འབྲུ་སྣ་རིན་ཆེན་དར་སྣ་དང་༔ ཀླུ་སྨན་སྣ་ཚོགས་ཁྱོད་ལ་མཆོད༔ ཀླུ་ཡི་རྒྱལ་པོས་གཙོར་བྱས་པའི༔ ཀླུ་རིགས་རྣམས་ནི་ཐམས་ཅད་ཀྱིས༔ ཁེང་ལོག་བྱས་པ་སོར་ཆུད་མཛོད༔ ཨོཾ་ཀ་ལ་ཤཱི༔ བི་ཤཱི༔ ཡབ་ཏ་ལ༔ མི་ས་ཏེ༔ ཨ་རི་རི༔ ཤ་ནེ༔ ཨ་ཤ་ནེ༔ མི་ཤ་ནེ༔ ལུག་ལི་ཤ་ནེ༔ ཨི་མཾ་ཤ་ནེ༔ ནཱ་ག། ཤ་ནེ༔ ཤ་མེ་ཤ་མེ༔ ཏུ་ཏུ༔ ཨིད་ཁྱུ་ཨིད་ཏཱུ༔ ས་ཏྱ་སིད་ཎྱ༔ མི་ཏ་ཡེ་ན་མཿ ལྗིད་ཏུ་ལྗིད་ཏ༔ ཨི་མཾ་ཨི་མཾ༔ ས་ཏ་ནི༔ སྦལ་པ་ནག་པོ་མཆོད༔ ཅེས་གཟུངས་ཚར་རེ་དང་ཟན་ལ་སྦལ་པ་མཐེབ་སྐྱུ་འདྲ་བ་རེ་སྦྲག་ལ་མདོས་ནང་དུ་མཆོད༔ ༈ ད་ནི་གཟུངས་ཚར་བ་དང་བཤགས་པ་ནི༔ ཧཱུྃ༔ གཟའ་ཡི་རྒྱལ་པོ་གཟའ་ཡི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔


CMR038_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ གཟའ་རྒོད་མནན་དང་སེར་བར་འཚེ༔ ནམ་མཁའི་ཐོགས་ལ་རྒྱབ་བསྟན་དང་༔ སྟེང་གི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ གཟའ་ཡི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ ཐེའུ་རང་རྒྱལ་པོ་ཐེའུ་རང་རྗེ་ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ ར་བསད་མགར་བའི་ཏི་ཚ་བཅིག༔ གནམ་ལྕགས་ཐོག་ལ་ལོག་ལྟ་བྱས༔ ས་དྷ་ཆེན་པོར་བཟུང་བ་དང༔ འོག་གི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ ཐེའུ་རང་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་ལྟོ་གསོལ༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་ལྷ་ཡི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ ཉི་མ་ནག་པོར་བསང་བྱས་དང་༔ ཁྱི་ནག་བསང་རྫས་གཡབ་པ་དང་༔ སྤུ་རྟགས་ཅན་གྱི་གཡག་བསད་དང་༔ ཤར་གྱི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ ལྷ་ཡི་ཁེང་ལོག་དེ་


CMR038_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ བ་མེན་མ་ཧེ་གླང་བསད་དང་༔ གཏོར་མར་མི་གཙང་རྫས་སོང་དང་༔ ལྷོ་ཡི་ཕྱོགས་སུ་དམག་དྲངས་དང་༔ མཆོད་པར་ཡུགས་ཟས་བལྟས་པ་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ གཤིན་རྗེའི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ མ་མོའི་རྒྱལ་པོ་མ་མོའི་རྗེ༔ ཡང་ཅིག་ཚུར་ལ།གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ སྨན་སྣ་རྣམས་ལ་དུག་འདྲེས་དང་༔ གཟས་བཟུང་ཉི་མར་བསང་བྱས་དང་༔ བོང་བུ་བསད་དང་རལ་གྲི་བཅག༔ གསང་སྔགས་མ་གསང་ལོར་མ་མཆོད༔ ནུབ་ཀྱི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ མ་མོའི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བདུད་ཀྱི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ རྟ་ནག་


CMR038_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བསད་དང་དྲེལ་ནག་ཛ༔ ཁྱི་ནག་བརྡུངས་དང་གཡག་ནག་བསད༔ བོང་ངའི་ལོ་མ་མཆོད་པ་དང་༔ བྱང་གི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ བདུད་ཀྱི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ བཙན་གྱི་རྒྱལ་པོ་བཙན་གྱི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ རྟ་དམར་བསད་དང་ཁྱི་དམར་བརྡུངས༔ ཝ་ཤ་ཟོས་དང་ཁྱི་ཤ་ཟོས༔ ལྕང་ལོ་དམར་པོ་གནམ་དུ་ཧ༔ ཤར་ལྷོའི་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ བཙན་གྱི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ རྭ་ཙའི་རྒྱལ་པོ་རཱ་ཙའི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ ཕོ་བྲང་བཤིག་དང་ལྟུང་ལ་བརྒྱ༔ སྡེ་དགོན་གཉན་པོ་བཤིག་པ་དང་༔ ལྷོ་ནུབ་མཚམས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ རྒྱལ་པོའི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔


CMR038_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ གནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ རམ་པ་བཏོགས་དང་བྱ་ཕོ་བསད༔ བྱ་མོ་བསད་དང་ལུག་ནག་བསད༔ སྟག་མོ་བསད་དང་གཟིག་དུག་བྱིན༔ སྟག་ལ་སྦྱང་བླུད་འོལ་ལྕམ་བསད༔ ཤིན་ཏུ་རྩི་ལ་ཝ་སྦྱར་དང་༔ ནུབ་བྱང་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ གནོད་སྦྱིན་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ཀླུ་ཡི་རྗེ༔ ཡང་ཅིག་ཚུར་ལ་གཟིགས་མཛོད་དང་༔ རྣལ་འབྱོར་བདག་དང་འཁོར་གཏོགས་རྣམས༔ སྦལ་ནག་བསད་དང་སྤྲུལ་སྔོན་བསད༔ གཟུགས་མ་ཚང་བའི་ཆུ་སྲིན་བྲིས༔ གློག་འབྲུག་ཐོག་ལ་འཚེ་བ་དང་༔ མཚོ་དང་ཆུ་མིག་སྐམ་པ་དང༔ ཉ་མོ་བསད་དང་ལྕོང་མོར་འཚེ༔ བྱང་ཤར་ཕྱོགས་སུ་དམག་དྲངས་དང་༔ བསྟན་ལ་གནོད་པའི་ལས་བྱས་རྣམས༔ ཀླུ་ཡི་ཁེང་ལོག་དེ་ལས་བྱུང་༔ མཐོལ་ལོ་བཤགས་སོ་བསལ་དུ་གསོལ༔ ཅེས་བཤགས་པ་བྱའོ༔ ༈ དེ་ནས་སྤྱི་ལ་བཀའ་བསྒོ་བ་ནི༔ ཧཱུྃ༔ གཟའ་ཐེལ་ལྷ་སྲིན་སྡེ་བརྒྱད་བཅས༔ ཡང་


CMR038_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ ཧཱུྃ༔ གཟའ་ཡི་རྒྱལ་པོ་གཟའ་ཡི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ ཐོག་སེར་མི་འབྱུང་གཟའ་ནད་ཞི༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཐེའུ་རང་རྒྱལ་པོ་ཐེའུ་རང་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ ཕོ་ནད་ཞི་ཞིང་ར་ལུག་སྤེལ༔ འདོད་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་ལྷ་ཡི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ ནོར་གོད་མ་གཏོང་གནག་ཕྱུགས་སྤེལ༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་རྗེ༔ ཡང་ཅིག་ཚུར་ལ་


CMR038_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ ཚེ་བསྲིང་དུས་མིན་འཆི་བ་ཟློག༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ མ་མོའི་རྒྱལ་པོ་མ་མོའི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ སྲིད་སྤེལ་རིམས་ནད་ཡམས་ནད་ཆོད༔ ཐན་པ་ལོ་ཉེས་མ་བཏང་ཞིག༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བདུད་ཀྱི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ དགྲ་དང་ཤི་ཆད་མ་བཏང་ཞིག༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཙན་གྱི་རྒྱལ་པོ་བཙན་གྱི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ རྟ་ནད་རྟ་གོད་འཐབ་རྩོད་ཆོད༔ བསམ་པའི་དོན་


CMR038_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ རྭ་ཙའི་རྒྱལ་པོ་རཱ་ཙ་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ དགོན་གནས་ཡུལ་འཁོར་བརྟན་པར་མཛོད༔ སྨྱོ་ཞི་བསྟན་པ་དར་བར་མཛོད༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ ནོར་ནད་ཞི་ཞིང་འབྲུ་འཕེལ་མཛོད༔ བསམ་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ཀླུ་ཡི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ མཆོད་དང་བཤགས་པ་དེ་ལྟར་བྱེད༔ ཁེང་ལོག་མ་མཛད་སྲུང་མགོན་མཛོད༔ མཐའ་དམག་དུས་འཁྲུག་ཐོག་སེར་དང་༔ ཀླུ་ནད་ཐམས་ཅད་ཞི་བར་མཛོད༔ འདོད་པའི་དོན་རྣམས་ཐམས་ཅད་སྒྲུབས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གེལ་མདོས་ལ་


CMR038_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་གསོལ་སོ་སོར་སྦྱར་ཤེས་པར་བྱའོ༔ ༈ དེ་ནས་ལམ་བསྟན་ནི༔ གསེར་སྐྱེམས་གཏོར་ཞིང་འདི་སྐད་དོ༔ ཧཱུྃ༔ གཟའ་ཡི་རྒྱལ་པོ་གཟའ་ཡི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་སྟེང་དུ་བསྟན༔ སྟེང་དུ་ཚངས་པ་ཆེན་པོ་སྟེ༔ ལྷ་ཡི་ཕོ་བྲང་བཅས་པ་ཡོད༔ མི་ཚད་གཟའ་ཡི་ཕོ་བྲང་ཡོད༔ སྟེང་གི་ཕྱོགས་སུ་ལམ་བསྟན་ན༔ ཚངས་པ་ཆེན་པོ་གཡས་སུ་གཟུར༔ གཟའ་ཡི་ཚོགས་རྣམས་གཡོན་དུ་བཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་སྟེང་གི་དགྲ་ལ་བསྟན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཐེའུ་རང་རྒྱལ་པོ་ཐེའུ་རང་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་འོག་ཏུ་བསྟན༔ འོག་ཏུ་ས་ཡི་ལྷ་མོ་སྟེ༔ ས་བདག་ཕོ་བྲང་བཅས་པ་ཡོད༔ མི་ཚད་ཐེའུ་རང་ཕོ་བྲང་ཡོད༔ འོག་གི་ཕྱོགས་སུ་ལམ་བསྟན་ན༔ ས་ཡི་ལྷ་མོ་གཡས་སུ་གཟུར༔ ཐེའུ་རང་ཚོགས་


CMR038_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས་དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་འོག་གི་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ལྷ་ཡི་རྒྱལ་པོ་ལྷ་ཡི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་ཤར་དུ་བསྟན༔ ཤར་དུ་རྒྱལ་ཆེན་ཡུལ་འཁོར་སྲུང་༔ དྲི་ཟའི་ཕོ་བྲང་བཅས་པ་ཡོད༔ མི་ཚད་ལྷ་ཡི་ཕོ་བྲང་ཡོད༔ ཤར་གྱི་ཕྱོགས་སུ་ལམ་བསྟན་ན༔ རྒྱལ་ཆེན་ཡུལ་འཁོར་གཡས་སུ་གཟུར༔ ལྷ་ཡི་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་མར་ཆུམས༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་ཤར་གྱི་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ གཤིན་རྗེའི་རྒྱལ་པོ་གཤིན་རྗེའི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་


CMR038_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ་རུ་བསྟན༔ ལྷོ་རུ་རྒྱལ་ཆེན་འཕགས་སྐྱེས་པོ༔ གཤིན་རྗེའི་འཁོར་དང་བཅས་པ་ཡོད༔ མི་ཚད་གཤིན་རྗེའི་ཕོ་བྲང་ཡོད༔ ལྷོ་ཡི་ཕྱོགས་སུ་ལམ་སྟོན་ན༔ རྒྱལ་ཆེན་འཕགས་སྐྱེས་གཡས་སུ་གཟུར༔ གཤིན་རྗེའི་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ལ༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་ལྷོ་ཡི་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ མ་མོའི་རྒྱལ་པོ་མ་མོའི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་ནུབ་ཏུ་བསྟན༔ ནུབ་ཏུ་རྒྱལ་ཆེན་སྤྱན་མི་བཟང་༔ ཀླུ་ཡི་འཁོར་དང་བཅས་པ་ཡོད༔ མི་ཚད་ཀླུ་ཡི་ཕོ་བྲང་ཡོད༔ ནུབ་ཀྱི་ཕྱོགས་སུ་ལམ་སྟོན་ན༔ རྒྱལ་ཆེན་སྤྱན་མི་གཡས་སུ་གཟུར༔ ཀླུ་ཡི་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཚུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་ནུབ་ཀྱི་


CMR038_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བདུད་ཀྱི་རྒྱལ་པོ་བདུད་ཀྱི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་བྱང་དུ་བསྟན༔ བྱང་དུ་རྒྱལ་ཆེན་རྣམ་ཐོས་སྲས༔ གནོད་སྦྱིན་འཁོར་དང་བཅས་པ་ཡོད༔ མི་ཚད་གནོད་སྦྱིན་ཕོ་བྲང་ཡོད༔ བྱང་གི་ཕྱོགས་སུ་ལམ་སྟོན་ན༔ རྒྱལ་ཆེན་རྣམ་སྲས་གཡས་སུ་གཟུར༔ གནོད་སྦྱིན་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཚུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་བྱང་གི་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ བཙན་གྱི་རྒྱལ་པོ་བཙན་གྱི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་ཤར་ལྷོར་བསྟན༔ ཤར་ལྷོར་ཨཧྥེ་ར་ཙ་ཡོད༔ དྲང་སྲོང་འཁོར་དང་བཅས་པ་ཡོད༔ མི་ཚད་བཙན་གྱི་ཕོ་བྲང་ཡོད༔ ཤར་ལྷོའི་ཕྱོགས་སུ་ལམ་སྟོན་ན༔ ཨགེ་ར་ཙ་གཡས་སུ་གཟུར༔ བཙན་གྱི་ཚོགས་


CMR038_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་ཤར་ལྷོའི་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ རྭ་ཙའི་རྒྱལ་པོ་རཱ་ཙའི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་ལྷོ་ནུབ་བསྟན༔ ལྷོ་ནུབ་སྲིན་པོ་ནི་རི་ཏི༔ སྲིན་པོའི་ཕོ་བྲང་བཅས་པ་ཡོད༔ མི་ཚད་ར་ཙའི་ཕོ་བྲང་ཡོད༔ ལྷོ་ནུབ་ཕྱོགས་སུ་ལམ་སྟོན་ན༔ སྲིན་པོ་ནི་རི་ཏི་གཡས་སུ་གཟུར་རྒྱལ་པོའི་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་ལྷོ་ནུབ་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ གནོད་སྦྱིན་རྒྱལ་པོ་གནོད་སྦྱིན་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་ནུབ་བྱང་བསྟན༔ ནུབ་བྱང་


CMR038_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

རླུང་ལྷ་བྷ་ཡ་བྷེ༔ རླུང་ལྷའི་ཕོ་བྲང་བཅས་པ་ཡོད༔ མི་ཚད་གནོད་སྦྱིན་ཕོ་བྲང་ཡོད༔ ནུབ་བྱང་ཕྱོགས་སུ་ལམ་སྟོན་ན༔ བྷ་ཡ་བྷེ་ནི་གཡས་སུ་གཟུར༔ གནོད་སྦྱིན་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་ནུབ་བྱང་དགྲ་ལ་སྟོན༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ༔ ཀླུ་ཡི་རྒྱལ་པོ་ཀླུ་ཡི་རྗེ༔ ཡང་ཅིག་ཚུར་ལ་སྙན་གསོན་དང་༔ གཏོར་མའི་ལམ་བསྟན་གང་དུ་བསྟན༔ གཏོར་མའི་ལམ་བསྟན་བྱང་ཤར་བསྟན༔ བྱང་ཤར་དབང་ལྡན་ཨི་ཤྭ་ར༔ དབང་ལྡན་ཕོ་བྲང་བཅས་པ་ཡོད༔ མི་ཚད་ཀླུ་ཡི་ཕོ་བྲང་ཡོད༔ བྱང་ཤར་ཕྱོགས་སུ་ལམ་སྟོན་ན༔ ཨི་ཤྭ་ར་ནི་གཡས་སུ་གཟུར༔ འབྱུང་པོའི་ཚོགས་རྣམས་གཡོན་དུ་གཟུར༔ མཐོ་བ་རྣམས་ཀྱིས་ཞབས་ཡར་སྐུམས༔ དམའ་བ་རྣམས་ཀྱིས་དབུ་ཆུམས་ལ༔ བར་པ་རྣམས་ཀྱིས་སྐུ་གཟུར་ཅིག༔ མདོས་དང་གསེར་སྐྱེམས་འདི་བཞེས་ལ༔ གཏོར་ལམ་བྱང་ཤར་དགྲ་ལ་སྟོན༔ བཅོལ་


CMR038_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་ལམ་སྟོན་ནོ༔ ༈ དེ་ནས་གཟའ་མདོས་དེ་ཕུལ་བ༔ ཕུག་པ་བྱང་གྲུའམ༔ དུར་ཁྲོད་དམ༔ རི་མཐོན་པོའི་རྩེ་ལ་བཞག༔ དེས་གཟའ་ནད་མི་འབྱུང་༔ ཐོག་སེར་མི་འོང་བསམ་པ་འགྲུབ་བོ༔ ༼ཨྠྀི༽ ཐེའུ་རང་མདོས་ནི༔ ས་ཕུག་སྟོང་པའམ་གད་པ་སྟོང་པར་བསྐྱལ་ལོ༔ དེ་ལྟར་བྱས་པས་ཕོ་ནད་ཞི༔ ར་ལུག་འཕེ་ལ་ལོ༔ ༼ཨྠྀི༽ ལྷའི་མདོས་དེ༔ ས་མཐོ་སར་བཞག་གོ༔ དེ་ལྟར་བྱས་པས་ནོར་གོད་ཆད༔ གནག་ཕྱུགས་འཕེལ་ལོ༔ ༼ཨྠ྄ྀི༽ གཤིན་རྗེའི་མདོས་དེ༔ ནགས་ཚལ་ལམ༔ ཤིང་གཅིག་སོགས་སུ་བཞག་གོ༔ དེ་ལྟར་བྱས་པས་དུས་མིན་འཆི་བ་བཟློག་ཅིང་ཚེ་རིང་ངོ་༔ མ་མོའི་མདོས་དེ༔ བྲོག་གི་སྐར་ཁུང་ངོམ༔ དེའི་ཐད་དུ་འབུལ༔ བྲག་གམ་རིའི་གནམ་སྒྲོན་གཤིན་རྗེའི་མཆེ་ཟུར་མཐོང་ས༔ དེ་མ་རྙེད་ན་རི་གཉིས་གཤིབ་པའི་བར་དུ་བཞག་གོ༔ དེས་རིམས་ནད་དང་ཡམས་ནད་ཆད་ཅིང་མི་འབྱུང་ངོ་༔ ཐན་པ་དང་ལོ་ཉེས་མི་འབྱུང་ངོ༔ ༼ཨྠྀི༽ བདུད་ཀྱི་མདོས་དེ༔ བྲག་ནག་གམ༔ རི་ནག་ཕ་བོང་ནག་པོའམ༔ གད་པ་ནག་པོའི་རྩར་བཞག་གོ༔ དེས་མི་ལ་ཤི་ཆད་ཉུང་༔ དགྲ་མི་འབྱུང་ངོ་༔ ༼ཨྠྀི༽ བཙན་མདོས་ནི༔ བྲག་དམར་པོ་ཡི་རྩ་བའམ་རིའམ་དེའུ་དམར་པོ༔ རྒྱ་ལམ་དམར་པོའམ༔ ལ་བཙས་སོགས་ཀྱི་དྲུང་དུ་བཞག་པར་བྱའོ༔ དེས་རྟ་ནད་དང་རྟ་གོད་ཆད༔ འཐབ་རྩོད་དང་གྲི་འཁྲུག་ཞིའོ༔ ༼ཨྠྀི༽ རྒྱལ་པོའི་མདོས་དེ༔ ཚྭ་ཁང་ངམ༔ ལྷ་ཁང་ངམ༔ མཆོད་


CMR038_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

རྟེན་ནམ༔ གྱང་རལ་ལམ༔ མ་ཎི་བརྒྱ་མཁར་སོགས་སུ་བཞག་གོ༔ དེས་སངས་རྒྱས་ཀྱི་བསྟན་པ་དར༔ དགོན་གནས་ཡུལ་གྲོང་བརྟན༔ སྨྱོ་འབོག་ཞིའོ༔ ༼ཨྠྀི༽ གནོད་སྦྱིན་མདོས་དེ༔ སྣང་གཡེར་ཆེ་སར་བཞག་གོ༔ དེས་ལྷོག་པ་སོགས་ནོར་ནད་ཐམས་ཅད་ཆད་དོ༔ འབྲུ་འཕེལ་ལོ༔ ༼ཨྠྀི༽ ཀླུའི་མདོས་དེ༔ ཆུ་མིག་ཏུ་བསྐྱལ་ལོ༔ དེས་མཐའ་དམག་དང་དུས་འཁྲུག་ཐོག་སེར་ཀླུ་ནད་ཞིའོ༔ ༼ཨྠྀི༽ འདིའི་ཞལ་གདམས་ལ༔ དཔེའུ་རིས་ལྟར་བྲིས་ནམ་མཁའ་རྣམས་སོ་སོར་བཙུགས༔ གེལ་མདོས་ལ་མེད་ཀྱང་རུང་༔ གྲུབ་ན་ལེགས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེ་དགུང་ལོ་བཅུ་བཞི་པ་ལ༔ རྒྱལ་ཟླའི་ཡར་ཚེས་ལ་དགོངས་གཏེར་ལས་བྱུང་བ་སྟེ༔ བརྩམས་ཆོས་སོགས་ནི་མ་ཡིན་ཏེ་ངོ་མཚར་ཆེའོ༔ བཀའ་ཐང་སྡེ་ལྔ་ནས་སྙིགས་དུས་སྡེ་བརྒྱད་ཁེང་ལོག་འབྱུང་ཚུལ་རྒྱ་ཆེར་གསུངས་པ་འདི་ལ་བཅོས་ཐབས་ཤིག་མེད་ལགས་སམ་ཞུས་པས༔ དེ་ཡོད་གསུངས་ནས་གནང་བའོ༔ བཀའ་ཐང་ནས་རྒྱ་ཆེར་གསུངས་པའི་དོན་བསྡུས་ནི༔ ལྷའི་ཁེང་ལོག་རྫུན་མར་བློ་གཏད་བྱེད༔ ནག་ཕྱོགས་ཁ་རྒྱལ་མུན་གླིང་ནང་དུ་ཤོར༔ བཙན་གྱི་ཁེང་ལོག་གཡོག་པོའི་དཔོན་ལ་བསྡོས༔ ཕུ་ནུ་སྤུན་ཟླ་དམེ་བྱེད་སྲོལ་ངན་བཞག༔ བདུད་ཀྱི་ཁེང་ལོག་མི་ཆོས་བསྟན་པ་ནུབ༔ གཟའ་ཡི་ཁེང་ལོག་རྗེ་འབངས་མི་འཆམ་ནང་དམེ་བྱེད༔ ཆར་ཆུ་མི་སྙོམས་མུ་གེ་ཆེན་པོ་འབྱུང་༔ གནོད་སྦྱིན་ཁེང་ལོག་ས་གཡོས་ས་འགུལ་འཁྲུགས༔ རྒྱལ་པོ་བླ་མ་གང་


CMR038_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བཟང་སྐུ་ཚེ་ཐུང་༔ གཙུག་ལག་ཁང་འཇིག་ཅི་ནུས་སྡིག་ལ་འབད༔ མ་མོས་རྒྱལ་ཁམས་ཐམས་ཅད་ནད་ཡམས་ཁེངས༔ དམེ་དང་དུག་དང་ཡུལ་དབུས་ཁྲག་མཚོར་འཁྱིལ༔ ཐེའུ་རང་རྒྱལ་ཁམས་འཇིགས་ཤིང་དམག་སྣ་ཁྲིད༔ ཀླུ་ཡིས་མི་འདོད་ཀུན་འབྱུང་འདོད་དགུ་བྲལ༔ མི་ནད་ཕྱུགས་ནད་ཆར་ཆུ་སྒང་གཤོང་ཆེ༔ ཞྭ་ལོང་རབས་ཆད་ལོ་ཉེས་མང་བར་བཤད༔ ཁེང་ལོག་ཞེས་པ་ནད་འཁྲུག་མིང་ཡིན་ཏེ༔ སྡེ་བརྒྱད་འདི་དག་ལྷ་དང་སྲུང་མ་ཡིན༔ དུས་ངན་མི་རྣམས་སྤྱོད་པ་ངན་པའི་ཕྱིར༔ ཁ་འཛིན་མི་བྱེད་གནོད་པ་བྱེད་པའི་ཕྱིར༔ གཙོ་བོ་བཅུ་པོ་ས་བརྒྱད་སེམས་དཔའ་སྟེ༔ དེ་དག་རྣམས་ཀྱི་རིགས་དང་འཁོར་རྣམས་སུ༔ མ་འདུས་པ་ནི་ལྷ་སྲིན་གཅིག་ཀྱང་མེད༔ འདི་ཡི་སྤྱི་མདོས་རྒྱས་པ་གྲུབ་ན་ནི༔ རིམ་གྲོའི་མཆོག་ཡིན་ཡུལ་ཕྱོགས་ལ་ཡང་ཕན༔ བསྡུས་པ་བཅས་སམ་སོ་སོར་བཅའ་ན་ཡང་༔ གོང་དུ་གསུངས་ལྟར་སོ་སོར་དེ་དག་གི༔ སྤར་སྨེའི་བཅོས་ཀྱང་འདི་ཡིས་ཆོག་པ་སྟེ༔ ལི་ལ་བཙན་མདོས་ཁོན་ལ་མ་མོའི་མདོས༔ དྭ་ནི་སྐྱེས་ཕྲན་ཐེའུ་རང་སྐྱེས་བུའི་མདོས༔ ཁེན་ནི་གནམ་ལྷ་ཡིན་ཕྱིར་གཟའ་མདོས་བྱ༔ ཁམ་ནི་མི་ནག་རལ་ཆེན་བདུད་ཀྱི་མདོས༔ གིན་ལ་དཀོར་བདག་རྒྱལ་པོའི་མདོས་བྱའོ༔ ཟིན་ནི་ལྗང་གུ་གནོད་སྦྱིན་མདོས་བྱའོ༔ རི་རབ་ཡོད་ཕྱིར་རི་རབ་བརྩེགས་མདོས་ཚང་༔ ཟོན་ནི་གཤེད་སྒོ་ཡིན་ཕྱིར་གཤིན་རྗེའི་མདོས༔ སྨེ་བ་གཅིག་དཀར་དྲུག་དཀར་ལྷ་ཡི་མདོས༔ གཉིས་ནག་བདུད་དང་གསུམ་མཐིང་དམུ་བདུད་དེ༔ གཉིས་ཀ་ལ་ཡང་བདུད་ཀྱི་མདོས། །


CMR038_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བྱའོ༔ ཀླུ་ནི་གཙོ་བོ་ཡིན་ཕྱིར་ས་བདག་དེ་ཡི་འཁོར༔ བཞི་ལྗང་ཀླུ་ཡིན་ལྔ་སེར་ས་བདག་སྟེ༔ གཉིས་ཀ་ལ་ཡང་ཀླུ་ཡི་མདོས་བྱའོ༔ བདུན་དམར་དགུ་དམར་ལ་ཡང་བཙན་གྱི་མདོས༔ བརྒྱད་དཀར་དགྲ་ལྷའི་རྒྱལ་པོ་བེ་དཀར་མདོས༔ སྤར་ཁ་གང་དང་སྨེ་བ་གང་ལ་རྩུབ༔ ལེགས་པར་རྩིས་ལ་དེ་ཡི་མདོས་བྱའོ༔ དེ་བཞིན་གཟའ་ནད་ཅན་ལ་གཟའ་ཡི་མདོས༔ ཕོ་ལྷོག་གླང་ཐབས་དུག་ཏུ་མཁྲིས་པའི་ནད༔ དེ་ལ་ཐེའུ་རང་མདོས་ཀྱི་ཕན་པའོ༔ གཞི་བདག་ཕོག་ཐུག་ཤོར་ན་ལྷ་མདོས་བཅའ༔ ཤི་ཆད་མང་ན་གཤིན་རྗེའི་མདོས་ཀྱིས་ཕ༔ རིམས་ནད་ནོར་ནད་གཅོད་ལ་མ་མོའི་མདོས༔ ན་ཚ་རྒོད་དང་གང་བསམ་ལོག་པར་འགྲོ༔ དེ་ལ་བདུད་མདོས་བྱས་ན་ཕན་པའོ༔ ཁྲག་སྐྱུག་རྟ་གོད་རྨ་ངོ་བཙན་མདོས་བྱ༔ རྒྱལ་འགོང་གནོད་པ་ཆེ་ན་རྒྱལ་མདོས་བྱ༔ གོད་ཁ་ཆེ་ཞིང་རྟོགས་འགོང་ཞུགས་པ་ནི༔ གཏེར་བདག་གནོད་སྦྱིན་མདོས་ཀྱིས་ཕན་པའོ༔ སྤྱི་མདོས་བཅས་པ་དེ་དག་ཀུན་ལ་ཕན༔ དེ་དག་རྣམས་ནི་སྙིགས་སོ་དུས་སྔགས་འཆང་བ༔ རཱ་ག་ཨ་སྱ་བདག་གི་ཞལ་གདམས་ཡིན༔ དེ་མན་གཞུང་ནི་སྤྲུལ་སྐུའི་དགོངས་གཏེར་ཏེ༔ བརྩམས་ཆོས་མ་ཡིན་སྤྲུལ་སྐུའི་དགོངས་གཏེར་གཏེར་གཞུང་ཡིན༔ དེ་ཡང་འཁྲུགས་ཆེ་འགྲེས་སོགས་བཤངས་ཀའ་བས༔ འཁྲུགས་བསྡེབ་འགྲེས་བཤང་ཕྱག་ལེན་གཏན་ལ་ཕབ༔ མཆོད་པ་བྱིན་རླབས་སོགས་ཀྱིས་ཁ་བཀང་སྟེ༔ གཏེར་བློན་༧ རཱ་ག་ཨ་སྱས་བསྒྲིགས་པ་ཡིན༔ ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཡིན༔ ཉེས་འགལ་མཆིས་ན་སྣང་


CMR038_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

སྲིད་ལྷ་འདྲེ་ཡི༔ གཙོ་བོ་རྒྱལ་པོ་བཅུ་ཡི་མདུན་དེར་བཤགས༔ དགེ་བས་ཇི་སྲིད་འཁོར་བ་གནས་ཀྱི་བར༔ འདི་ཉིད་མི་ནུབ་ཕྱོགས་བཅུར་འཕེལ་ཞིང་དར༔ སྣང་སྲིད་ལྷ་འདྲེ་མཆོད་པས་མཉེས་ཤིང་ཚིམས༔ མི་རྣམས་ཀུན་ལ་བཀྲ་ཤིས་བདེ་ལེགས་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མངྒ་ལཾ༔ ཤུ་བྷཾ༔ རྫས་ཀྱི་གྲངས་ལ༔ ཡུངས་ལ་ཤྭ་མིག་མང་དུ་བྲིས་པ་སུམ་ཅུ༔ དམར་གཏོར་ལྕོག་རྡོག་སུམ་ཅུ༔ ལྕོག་རྡོག་ཙམ་གྱི་ཚོགས་བུ་སུམ་ཅུ༔ ཟན་ནག་གི་ཤྭ་མིག་གཉིས་རེ་ཡོད་པ་སུམ་ཅུ༔ སེ་ཝ་ལྟུང་ཤིང་དམར་པོ་དུམ་བུ་མཛུ་གུ་ཙམ་སུམ་ཅུ༔ རྡོ་དཀར་པོ་གཙང་མ་ཐེ་བོང་ཙམ་སུམ་ཅུ༔ ཟན་ལ་སྟག་གི་སྤར་བཏབ་པ་སུམ་ཅུ༔ ཟན་ནག་པོ་མཐེབ་སྐྱུ་འདྲ་བ་སྤྲུལ་བའི་གཟུགས་དོད་ཙམ་སུམ་ཅུ་ལྕགས་ཏེ་སུམ་ར༔ ཏིལ་པ་སུམ་ཅུ་བྱའོ་གསུངས༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདགོངས་གཏེར་ཐུགས་ཀྱི་ཀློང་གསལ་ལས་སྡེ་བརྒྱད་ཁེང་ལོག་བཅོས་པའི༔ མདོས་ཆེན་གཅིག་དང་མདོས་ཕྲན་བརྒྱ༔ དེ་ལ་བཅའ་ཐབས་རྒྱས་བསྡུས་འབྲིང་གསུམ༔ ཤིན་ཏུ་བསྡུས་དང་བཞི་རེ་སྟེ༔ སྲིད་པ་སྤྱི་མདོས་ཟེར༔ མདོས་སྣ་བཞི་བཅུ་ཞེ་བཞི་བཞུགས།next