Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
ལྷ་སྲིན་སྡེ་བརྒྱད་ཀྱི་ཁེང་ལོག་བཅོས་ཐབས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྷ་སྲིན་སྡེ་བརྒྱད་ཀྱི་ཁེང་ལོག་བཅོས་ཐབས།next

ལྷ་སྲིན་སྡེ་བརྒྱད་ཀྱི་ཁེང་ལོག་བཅོས་ཐབས།


CMR038_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་ཀྱི་ཁེང་ལོག་བཅོས་ཐབས་བཞུགས་སོ༔


CMR038_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ ལྷ་འདྲེའི་ཁེང་ལོག་བཅོས་པའི་ཐབས༔ ཟན་ལ་གླང་ཆེན་གཟུགས་གཅིག་བྱ༔ དཀར་གཏོར་དཀར་གསུམ་མངར་གསུམ་རིན་པོ་ཆེ་སྣ་ཚོགས༔ འབྲུ་སྣ་ཚོགས་ཤིང་ཐོག་སྣ་ཚོགས་སྟག་རས་གཟིག་རས་སྣ་ཚོགས༔ ངར་གླུད་ཆངས་བུ་གཙང་མ་དང་༔ དེ་ལ་རྫོངས་འདེབས་རྒྱུ་ཡང་བཞག༔ བསྡུ་ན་དེ་ཡིས་ཆོག་པ་སྟེ༔ རྒྱས་པར་ཀླུ་ཡི་གཟུགས་རྣམས་ནི༔ འོག་ནས་འབྱུང་བ་བཞིན་དུ་བྱ༔ དར་ཟབ་སྣ་ཚོགས་ཐམས་ཅད་ནི༔ ཕྱོགས་དང་ཁ་དོག་བསྟུན་ལ་བཞག༔ བསྡུ་ན་སྦལ་སྦྲུལ་ལ་སོགས་པ། ཆུ་གནས་སྣ་ཚོགས་གཟུགས་ཀྱིས་བསྐོར༔ རང་ཉིད་པདྨ་འབྱུང་གནས་བསྒོམ༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝས་སྦྱངས། འདོད་ཡོན་བདུད་རྩིའི་རྒྱ་མཚོར་


CMR038_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

བསམ༔ ཨ་ཀཱ་རོས་བྱིན་གྱིས་བརླབས༔ ཧཱུྃ༔ ཡུལ་གྱི་མིང་ནི་བོད་ཀྱི་ཡུལ༔ མ་དྲོ་བ་ལམ་གྲམ་པ་ཕུག༔ གྲམ་པ་མཛོད་ཀྱི་གནས་མཆོག་ནས༔ ཀླུ་རྒྱལ་མ་དྲོ་གཟི་ཅན་ནི༔ གནས་འདིར་མཆོད་ཕྱིར་གཤེགས་སུ་གསོལ༔ བཙུན་མོ་གཉེར་པ་བྱང་ཐལ་སོགས༔ སྣང་སྲིད་ས་བདག་ཀླུ་གཉན་རྣམས༔ ལྷ་སྲིན་སྡེ་བརྒྱད་མ་ལུས་རྣམས༔ མཆོད་པའི་གནས་འདིར་མྱུར་དུ་བྱོན༔ གཙོ་འཁོར་འཚམས་པའི་གདན་ལ་བཞུགས༔ སྔོན་ཚེ་སློབ་དཔོན་པདྨ་ཡི༔ བཀའ་དང་དམ་ལ་མ་འདའ་བར༔ བདག་གིས་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ནཱ་ག་རཱ་ཙ་


CMR038_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

ཨཿཡཿམཿདུཿརཿཙཿཤཿམཿ ས་པཱ་རི་ཝ་ར་བཛྲ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ ཨརྒྷཾ་སོགས། ཧཱུྃ༔ ཀླུ་རྒྱལ་མ་དྲོ་གཟི་ཅན་ནི༔ སྐུ་མདོག་དཀར་པོ་སྦྲུལ་མགོ་བདུན༔ སྐུ་སྨད་སྦྲུལ་འཁྱིལ་གླང་ཆེན་ཆིབས༔ ཀླུ་རིགས་ཀུན་གྱི་རྗེ་བོ་སྟེ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ གླང་ཆེན་རབ་ཏུ་བརྟན་ནས་ནི༔ རིན་ཆེན་སྣ་ཚོགས་འབྲུ་སྣ་དང་༔ སྟག་རས་གཟིག་རས་དར་སྣ་དང་༔ ཤིང་རྩི་ཀླུ་སྨན་སྣ་ཚོགས་འབུལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས༔ ཁེངས་ལོག་གནོད་པ་མ་བཏང་ཞིག༔ མལ་དྲོ་ཀླུ་རྒྱལ་གཡས་གཡོན་ན༔ བཙུན་མོ་བུད་མེད་སྔོན་མོ་གཉིས༔ དབུ་ལ་གཡུ་ཡི་ཐོར་ཅོག་ཅན༔ ཀླུ་ཡི་བཙུན་མོ་ཆེན་མོ་སྟེ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ གླང་ཆེན་རབ་ཏུ་བརྟན་པ་ནི༔ རིན་ཆེན་སྣ་ཚོགས་མཆོད་པ་འབུལ༔ སྟག་རས་གཟིག་རས་དར་སྣ་དང་༔ ཤིང་རྩི་ཀླུ་སྨན་སྣ་ཚོགས་འབུལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས༔ ཁེང་ལོག་གནོད་པ་མ་བཏང་ཞིག༔ གཉེར་པ་སེ་འཕང་ནག་པོ་ནི༔ སྐུ་མདོག་


CMR038_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་མི་ཡི་གཟུགས༔ སྦྲུལ་མགོ་བདུན་པ་སྐུ་སྨད་སྦྲུལ༔ གཟི་ཆེན་གཡས་གཡོན་རུ་འདྲེན་པ༔ ཚོང་དཔོན་ནག་པོ་མི་ལུས་དཀར༔ སྦྲུལ་མགོ་ལྔ་ཡི་གདེངས་ཀ་ཅན༔ གཟི་ཅན་གཡོན་གྱི་རུ་འདྲེན་པ༔ ཁམས་ཀྱི་བྱ་ཐུལ་མི་ལུས་སེར༔ སྦྲུལ་མགོ་གཉིས་ཀྱི་གདེངས་ཀ་ཅན༔ བློན་པོ་རུ་འདྲེན་བཅས་པ་ལ་ཁྱོད་ལ་མཆོད་པ་འབུལ་བ་ནི༔ གླང་ཆེན་རབ་ཏུ་བརྟན་པ་ནི༔ རིན་ཆེན་སྣ་ཚོགས་མཆོད་པ་འབུལ༔ སྟག་རས་གཟིག་རས་དར་སྣ་དང་༔ ཤིང་རྩི་ཀླུ་སྨན་སྣ་ཚོགས་འབུལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས༔ ཁེང་ལོག་གནོད་པ་མ་བཏང་ཞིག༔ གཟི་ཅན་སྔོན་གྱི་ཤུལ་སེལ་བ༔ གཅུང་པོ་དགྲ་བོའི་ཆུ་ཡི་ལྷ༔ ཁ་རྒྱལ་ཞྭ་མོ་ཞེས་བྱ་བ༔ སེར་མོ་གླང་གི་མགོ་བོ་ཅན༔ འཁོར་གྱི་གདུག་པ་ཅན་བཞི་ནི༔ མཐོང་བའི་དུག་ཅན་སྦྲུལ་མགོ་ཅན༔ བསམ་པའི་དུག་ཅན་རྟ་མགོ་ཅན༔ ཁ་རླངས་དུག་ཅན་ཁྱི་མགོ་ཅན༔ རེག་པའི་དུག་ཅན་བྱ་མགོ་ཅན༔ ཤུལ་སེལ་དང་ནི་གདུག་པ་ཅན༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ གླང་ཆེན་རབ་ཏུ་བརྟན་པ་ནི༔ རིན་ཆེན་སྣ་


CMR038_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་མཆོད་པ་འབུལ༔ སྟག་རས་གཟིག་རས་དར་སྣ་དང་༔ ཤིང་རྩི་ཀླུ་སྨན་སྣ་ཚོགས་འབུལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས༔ ཁེང་ལོག་གནོད་པ་མ་བཏང་ཞིག༔ ཚལ་ནགས་ཀླུ་ནི་སྦྲུལ་ནག་གཟུགས༔ རྒྱང་བུ་ཚལ་གྱི་ཀླུ་ཆེན་ནི༔ ཁྱེའུ་ཆུང་ཟུར་ཕུད་ཅན་གྱི་གཟུགས༔ ནག་པོ་ཀླུ་གདོལ་ཞེས་པའི་ནག་པོ་ཀླུ་ལ་མེ་ཐོགས་པ༔ ལུ་མ་ནག་པོའི་ཀླུ་ཆེན་ནི༔ རྟ་སྔོན་མི་ཡི་མགོ་བོ་ཅན༔ ཟངས་གྲི་མཚོ་དམར་གླང་དམར་གཟུགས༔ ཁྱེད་ཅག་འཁོར་བཅས་ཐམས་ཅད་ལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི་གླང་ཆེན་རབ་ཏུ་བརྟན་པ་ནི༔ རིན་ཆེན་སྣ་ཚོགས་མཆོད་པ་འབུལ༔ སྟག་རས་གཟིག་རས་དར་སྣ་དང་༔ ཤིང་རྩི་ཀླུ་སྨན་སྣ་ཚོགས་འབུལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས༔ ཁེང་ལོག་གནོད་པ་མ་བཏང་ཞིག༔ མ་དྲོ་ཀླུ་ཡི་ནང་འཁོར་ནི༔ འབུམ་ཕྲག་ལྔ་ཡི་གྲངས་དང་མཉམ༔ གཞན་ཡང་གཟའ་ཀླུ་ས་བདག་སོགས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་དང་༔ བོད་ཡུལ་ས་བདག་ཐམས་ཅད་ལ༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ གླང་


CMR038_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་རབ་ཏུ་བརྟན་པ་ནི༔ རིན་ཆེན་སྣ་ཚོགས་མཆོད་པ་འབུལ༔ སྟག་རས་གཟིག་རས་དར་སྣ་དང་༔ ཤིང་རྩི་ཀླུ་སྨན་སྣ་ཚོགས་འབུལ༔ བདག་ཅག་དཔོན་སློབ་འཁོར་བཅས་ལ༔ ཀླུ་དང་ས་བདག་སྡེ་བརྒྱད་ཀྱིས༔ ཁེང་ལོག་གནོད་པ་མ་བཏང་ཞིག༔ ཨོཾ་ནཱ་ག་ར་ཙ༔ ཨཡཐམདུརཿཙཤན༔ ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ རྫོངས་འདེབས་བྱེད་པ་འདི་སྐད་དོ༔ ཧཱུྃ༔ ཀླུ་རྒྱལ་མ་དྲོ་འཁོར་དང་བཅས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ༔ ཡས་སྟགས་གླང་ཆེན་རབ་བརྟན་གཟུགས༔ དར་ཟབ་འབྲུ་སྣ་རིན་ཆེན་འདི༔ རྩི་ཤིང་སྣ་ཚོགས་རྫོངས་སུ་འདེབས༔ ལྷ་འདྲེའི་འཁྲུག་པ་ཞི་གྱུར་ཅིག༔ རྫུན་ལ་བློ་གཏད་ནག་ཕྱོགས་རྒྱལ༔ ཕ་ཚན་ནང་དུ་དུག་གཡོས་དང་༔ ལྷ་ཡི་ཁེང་ལོག་གནོད་པ་ཟློག༔ བུ་ཡིས་ཕ་བརྡུང་ཕུ་ནུ་གསོད༔ གཡོག་གིས་དཔོན་བསྡོ་ངན་རྗེས་འགུགས༔ བཙན་གྱི་ཁེང་ལོག་གནོད་པ་ཟློག༔ མི་སྐྱ་ཐམས་ཅད་སེར་གོས་གྱོན༔ སྐྱེ་བོའི་ཁྱིམ་ཐབས་བཙུན་མས་བྱེད། བུད་མེད་ཕོ་སྐད་ཞྭ་ལྷམ་ལོག༔ བདུད་ཀྱི་ཁེང་ལོག་གནོད་པ་ཟློག༔ གློ་བུར་མི་ཡི་སྐྱེ་བོ་འགྱུར༔ རྗེ་འབངས་མི་འཆམས་འཁྲུག་པ་


CMR038_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད༔ ཆར་ཆུ་མི་སྙོམས་མུ་གེ་འབྱུང་༔ ནམ་མཁའ་ཁྲག་མདོག་ཉི་ཟླ་དུས་གཅིག་འཆི༔ གཟའ་ཡི་ཁེང་ལོག་གནོད་པ་ཟློག༔ གཟའ་མི་མ་རབས་ངན་སྤྱོད་གཏིང་ནས་བརྙས༔ ངན་པས་གྲོས་བཤོལ་རྒྱལ་ཕྲན་འཁྲུག༔ ལྷ་ཆོས་བརྙས་ཤིང་ས་གཡོས་ཆེ༔ ཡུལ་ཕུང་སྡིག་ཅན་རྒྱལ་པོ་དར༔ གཙུག་ལག་གསུང་རབ་རྟེན་གསུམ་འཇིག༔ གནོད་སྦྱིན་ཁེང་ལོག་གནོད་པ་ཟློག༔ བླ་མ་བཟང་པོ་སྐུ་ཚེ་ཐུང་༔ སྡིག་ལ་བརྩོན་ཤིང་དམག་དཔུང་གཡོ༔ གཙུག་ལག་ཁང་རྣམས་རི་རྡོལ་འབྱུང་༔ རྒྱལ་པོའི་ཁེང་ལོག་གནོད་པ་ཟློག༔ དམེ་དང་དུག་དང་ཡམས་ནད་མང་༔ ཡུལ་དབུས་ཁྲག་གི་མཚོ་མོ་འཁྱིལ༔ མ་མོའི་ཁེང་ལོག་གནོད་པ་ཟློག༔ སྙིགས་དུས་འདྲེ་འཁྲུག་རྒྱལ་ཁྲིམས་འཁྲུག༔ དམག་དཔུང་བཅའ་ཞིང་དམག་སྣ་འཁྲིད༔ མི་སྐྱེས་ཚེ་ཟད་སྡེ་བརྒྱད་འཁྲུག༔ ཐེའུ་རང་ཁེང་ལོག་གནོད་པ་ཟློག༔ འདོད་དགུ་འདྲེས་ཁྱེར་མི་འདོད་འབྱུང་༔ དུས་གཉན་བརླགས་ཤིང་ཁྲིམས་གཉན་ཞིག༔ ན་སྨོན་ཤི་སྨོན་འདེབས་པ་སོགས༔ ཀླུ་ཡི་ཁེང་ལོག་གནོད་པ་ཟློག༔ མ་དྲོས་ཁེང་ལོག་རྒྱ་དམག་གཡོ༔ ཚོང་དཔོན་ཁེང་ལོག་འབྲུག་ཐང་ལྷུང་༔ བྱ་


CMR038_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཐུལ་ཁེང་ལོག་ས་འགུལ་ཆེ༔ ཁ་རྒྱལ་ཁེང་ལོག་བསྡའ་ཀུན་བསྡུད༔ གདུག་ཅན་བཞི་ཡི་ཁེང་ལོག་པས༔ དམ་སྲི་སྤུན་དགུ་བོད་དུ་འོང་༔ བཙུན་མོའི་ཁེང་ལོག་ཆར་མི་སྙོམ༔ ནག་པོ་ཀླུ་ཡི་ཁེང་ལོག་པས༔ མི་ཕྱུགས་ལོ་ལ་ནད་མང་འབྱུང་༔ ཞྭ་ལོང་རབས་ཆད་མང་བ་དང་༔ དུས་ལོག་ས་མི་ཟིན་པ་དང་༔ གྲགས་པ་ངན་ཞིང་རང་སྐྱིད་ཕུང་༔ སྐྱིད་པ་གང་ཡང་མེད་པ་དང་༔ གླང་དམར་མཁའ་རྒྱུག་འབུ་ཡིས་བདས༔ མི་བདེ་བ་ཡི་འཚུབ་མ་ལྡང་༔ དེ་སོགས་ཀླུ་ཡི་ཁེང་ལོག་པས༔ གནོད་པ་ཐམས་ཅད་བཟློག་ཏུ་གསོལ༔ བདག་ཅག་དཔོན་སློབ་འཁོར་བཅས་རྣམས༔ སློབ་དཔོན་པདྨའི་རྗེས་འཇུག་ཡིན༔ སྙིགས་དུས་མི་ཡི་སྤྱོད་ངན་ལས༔ ཁྱེད་ཅག་ལྷ་འདྲེ་མ་དགྱེས་ཀྱང་༔ བཀའ་ཆད་ཁེང་ལོག་གནོད་པ་རྣམས༔ གང་ཡིན་ལས་ངན་དེ་ལ་ཕོབ༔ སངས་རྒྱས་བསྟན་དང་བདག་ཅག་ལ༔ ཁེང་ལོག་གནོད་པ་མ་བཏང་ཞིག༔ རང་རང་གནས་སུ་གཤེགས་ནས་ཀྱང་༔ རྟག་ཏུ་ཁ་འཛིན་སྡོང་གྲོགས་མཛོད༔ ཨཡམདུ༔རུཙཤན༔ གཙྩ་གཙྩ༔ ཞེས་ཆུ་བོ་ཆེན་པོ་ལ་བསྐྱལ༔ ལུས་ལ་ནད་སྣ་ཚོགས་བཏང་བ་དང་༔ ལྷ་འདྲེའི་


CMR038_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ཁེང་ལོག་འཇིགས་པ་བཅུ་དྲུག་ཞི་བའི་ཐབས༔ དུས་ནི་རྩི་ཐོག་མ་ནོར་བའི་དུས་སུ་བྱས་པས་ཟློག༔ ཅེས་པ་བཀའ་ཐང་སྡེ་ལྔའི་ནང་ནས༔ ༧ ཨ་རཱ་གས་བསྡུས་པའོ༔ ཞལ་དྲོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྷ་སྲིན་སྡེ་བརྒྱད་ཀྱི་ཁེང་ལོག་བཅོས་ཐབས།next