Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྡེ་བརྒྱད་སྲོག་དབང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྡེ་བརྒྱད་སྲོག་དབང་།next

སྡེ་བརྒྱད་སྲོག་དབང་།


CMR038_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་རིན་པོ་ཆེ་ལ་ཕྱག་འཚལ་ལོ༔ སྡེ་བརྒྱད་སྲོག་དབང་ལ་སོགས་བྱེད་པའི་དུས༔ དཀར་གཏོར་དམར་གཏོར་གཉིས་བཤམས་བྱིན་གྱིས་བརླབས་ནས༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བཀའ་དང་དམ་ལ་བཏགས་པའི་ལྷ་འདྲེ་རྣམས། འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ སྔོན་ཚེ་སློབ་དཔོན་དམ་ལས་མ་འདའ་བར༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གདོང་དམར་སྲིན་པོ་ལྷ་འདྲེ་གདུག་པའི་ཡུལ༔ ཤམ་པོས་གཙོར་བྱས་ལྷ་རིགས་ལུག་ཁྱུ་འདྲ༔ མི་དཀར་རྟ་དཀར་ཚོགས་ནི་མེ་རེ་རེ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ལྷ་ཡི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ རྫོང་བཙན་གཙོར་བྱས་བཙན་དམག་སེར་བ་འདྲ༔ མི་དམར་རྟ་དམར་ཚོགས་ནི་ཁྲིགས་སེ་ཁྲིག༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ བཙན་གྱི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ ནག་པོ་བཀྲག་མེད་གཙོར་བྱས་བདུད་ཀྱི་ཚོགས༔ གཡག་ཁྱུ་བསྐོལ་འདྲ་མགར་ནག་མི་རྟ་ནག༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ བདུད་ཀྱི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ རཱ་ཧུ་ལ་ཡི་


CMR038_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

གཙོར་བྱས་གཟའ་ཡི་དམག༔ གཡུལ་ཆེན་བཤམས་འདྲ་དམག་དཔོན་ཀྱི་ལི་ལི༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ གཟའ་ཡི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ རྡོ་རྗེ་བདུད་འདུལ་གཙོར་བྱས་གནོད་སྦྱིན་ཚོགས༔ རྒྱལ་བློན་མང་པོ་དུང་དང་སྐར་ཚོགས་འདྲ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ གནོད་སྦྱིན་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ པེ་ཀར་རྒྱལ་པོའི་གཙོར་བྱས་ངང་ཁྱུ་འདྲ༔ དགེ་བཤེས་བཙུན་པ་མང་པོ་ཤིགས་སེ་ཤིག༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ རྒྱལ་པོའི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ འབར་བ་སྤུན་བདུན་གཙོར་བྱས་མ་མོའི་ཚོགས༔ ལྟད་མོའི་ཁྲོམ་ཚོགས་བུད་མེད་སྒ་ར་ར༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ མ་མོའི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ ཡ་མ་ར་ཙས་གཙོར་བྱས་གཤིན་རྗེའི་ཚོགས༔ མ་ཧེ་ནག་པོ་ཞོན་ནས་དམག་དཔོན་འདྲ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ གཤིན་རྗེའི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ རྡོ་རྗེ་ལེགས་པས་གཙོར་བྱས་ཐེའུ་རང་རྣམས༔ དཀར་དམར་བྱིསྶ་སྤྱང་སྤྱང་


CMR038_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ཡུང་བ་འདྲ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཐེའུ་རང་ཁེང་ལོག་གནོད་པ་དགྲ་ལ་སྒྱུར་མ་དྲོ་གཟི་ཅན་ལ་སོགས་ཀླུ་རིགས་ཚོགས༔ དབྱར་ཁའི་རྩྭ་བཞིན་སྦྲུལ་སྡིག་མེ་རེ་རེ༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་བཞེས༔ ཀླུ་ཡི་ཁེང་ལོག་གནོད་པ་དགྲ་ལ་སྒྱུར༔ དེ་ལྟར་སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཀུན༔ མཆོད་སྦྱིན་གཏོར་མ་འདི་ཡིས་མགུ་བྱོས་ལ༔ བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ༔ གནོད་འཚེ་མ་བྱེད་ཁ་འཛིན་སྡོང་གྲོགས་མཛོད༔ ནད་གདོན་བར་ཆད་རྐྱེན་ངན་ཐམས་ཅད་ཟློག༔ རང་རང་འཁུ་ལྡོག་ནང་འཁྲུག་དགྲ་ལ་ཐོངས༔ རང་རང་སོ་སོའི་གནས་སུ་གཤེགས་ནས་ཀྱང་༔ ཕ་ཁུ་སྤུན་ཟླ་ཤག་རོགས་ཇི་བཞིན་དུ༔ རྟོག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་ཅིག༔ ཨཡཐམདུརཿཙཤན༔ ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ པཱུ་ཛ་ཧོ༔ གཤེགས་དུས༔ གཙྪགཙྪ༔ ཞེས་ཕྱོགས་གཙང་སར་ཆུ་བོར་དོར་ཞེས་པ་འདི་ནི་སྙིགས་དུས་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེར་འོང་བ་དང་༔ ལྷ་སྲིན་སྡེ་བརྒྱད་ཀྱི་འཁྲུག་རྩོད་ཐམས་ཅད་ཞི་ཞིང་༔ ཡུལ་ཕྱོགས་ཐམས་ཅད་བདེ་ལེགས་སུ་འགྱུར་བའི་ཆེད་དུ་དགོངས་ནས༔ བཀའ་ཐང་སྡེ་ལྔའི་ནང་ལྟར་དོན་


CMR038_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་འདི༔ ༧ཀརྨ་ཨ་རྭ་གས་བགྱིས་པའོ༔ ཡི་གེ་པ་ནི་བི་རྱ་ས་ག་རས་བྲིས་སོ༔ ཞལ་དྲོ༔


previousསྡེ་བརྒྱད་སྲོག་དབང་།next