Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བསྟན་སྲུང་གིང་གི་མགོན་པོ་ནག་པོ་པེ་ཧ་རིའི་གསོལ་མགྱོགས་སྦྲགས་མ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབསྟན་སྲུང་གིང་གི་མགོན་པོ་ནག་པོ་པེ་ཧ་རིའི་གསོལ་མགྱོགས་སྦྲགས་མ།next

བསྟན་སྲུང་གིང་གི་མགོན་པོ་ནག་པོ་པེ་ཧ་རིའི་གསོལ་མགྱོགས་སྦྲགས་མ།


CMR038_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་སྲུང་གིང་གི་མགོན་པོ་ནག་པོ་པེ་ཧ་རིའི་གསོལ་མགྱོགས་སྦྲགས་མ་བཞུགས་པའི་དབུ་ཕྱོགས་སོ༔


CMR038_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་པདྨ་ཀྲོ་ཏ་ཡེ༔ དབང་དྲག་པདྨའི་ཞབས་ལ་ཕྱག་འཚལ་ནས༔ གིང་གི་མགོན་པོ་པེ་ཧར་མཆོད་ཐབས་བཀོད༔ པད་འབྱུང་བཀའ་སྲུང་བཅས་པས་བཀའ་གནང་སྩོལ༔ དེ་ཡང་སྡེ་བརྒྱད་སྲོག་དབང་གི་དམ་ཚིག་སུ་ཡང་སྡེ་བརྒྱད་སྲུང་མར་བརྟེན་དགོས་པར་གསུངས་ཏེ༔ དུས་འདི་ནས་སྲུང་མར་བཟུང་སྟེ་གཏོར་མ་མ་ཆག་པར་བཏང་༔ ཞེས་དང་༔ དྲག་པོའི་ལོ་རྒྱུས་ལས༔ ཕྱི་རབས་ཆོས་བྱེད་བུ་བཞིན་སྐྱོང་བ་དང་༔ སངས་རྒྱས་བསྟན་པ་བསྲུང་བ་དང་༔ ཁྱད་པར་གཙུག་ལག་སྐྱོང་བ་དང༔ སྔགས་པའི་སྲུང་མ་བྱེད་དེ་ཕྲིན་ལས་སྒྲུབ་པ་དང་༔ ཁྱད་པར་གསང་སྔགས་རྙིང་མ་དང་༔ ཨོ་རྒྱན་ཆེན་པོའི་བརྒྱུད་འཛིན་ལ་འཁུ་ལྡོག་མི་བྱེད་ཅིང་༔ བུ་བཞིན་སྐྱོང་ནས་


CMR038_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་གང་བཅོལ་བསྒྲུབ་པར་བྲོ་བོར་དམ་བཅས་པ་བཤད་པ་དང་དྲག་པོ་མེ་ལྕེ་ཕྲེང་བ་འི་ལོ་རྒྱུས་ལས༔ བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་པ༔ དགྲ་རྣམས་ཟས་སྐལ་དུ་བསྔོ་བ༔ སློབ་དཔོན་གྱི་གདུང་བརྒྱུད་འཛིན་པ་རྣམས་ཀྱི་བྲན་དུ་ཁས་བླངས་སོ༔ ཞེས་དང་༔ མགོན་པོའི་སྤྱི་རྒྱུད་ཆེན་པོ་ཁྲག་མཚོ་ཁོལ་ཆེན་ལས༔ གིང་ཆེན་ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་སོགས་ཁྲི་ཕྲག་བཞི་ནི༔ དགྲ་བོ་སྨྱོ་འབོག་བརྒྱལ་ནད་གཏོང་བ་དང་༔ གིང་ཆེན་ཁུ་ལེ་ལག་དགུ་ནི་གཟེར་ནད་གླང་ཐབས་གཏོང་བ༔ གིང་ཆེན་ནག་པོ་འཛུམ་མེད་ཀྱིས་ནི་གྲི་རྒོད་མཛེ་ནད་གཏོང་བ༔ གིང་ཆེན་གནམ་ལྷདབང་ཕྱུག་གིས་ནི་ཡེ་འདྲོགས་དང་ཁྲག་སྐྱུགས་གཏོང་བར་བྱེད་པ་སྟེ༔ གིང་ཆེན་ཁྲི་ཕྲག་བཅོ་བརྒྱད་ནི་བྲན་དུ་འཁོར་བའོ༔ ཞེས་དང་


CMR038_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་མ་ནིང་རྒྱུད་ལས༔ མགོན་པོ་སྟག་ཞོན་རྒྱུད་སོགས༔ རྒྱུད་སྡེ་ཆེན་པོ་དུ་མ་ནས༔ ཆོས་སྐྱོང་འདི་ཉིད་སྒྲུབ་པ་དང་མཆོད་པའི་ཐབས་གསུངས་ལ༔ ཁྱད་པར་བཀའ་བརྒྱུད་བྱེ་བྲག་གི་རྒྱུད་འཇིག་རྟེན་མཆོད་བསྟོད་ལས༔ རྒྱལ་པོ་སྐུ་ལྔའི་རྒྱུད་ཆེན་པོ་ལྔ་ཡོད༔ དེ་ལ་སོགས་པའི་གིང་དཀར་ནག་ཁྲ་གསུམ་གྱི་སྒྲུབ་བསྐོར་དྲག་སྔགས་མཐའ་ཡས་པར་ཡོད་པ་གཡུང་སྟོན་པས་གསུངས་སོ༔ སངས་རྒྱས་གླིང་པའི་གཏེར་མ་རྒྱལ་གསོལ་ལས༔ གཙུག་ལག་ཁང་དང་མཆོད་རྟེན་དང་༔ གསུང་རབ་ལ་སོགས་བཞེངས་པ་དང་༔ རབ་གནས་ལ་སོགས་བྱ་བ་དང་༔ གཞན་ཡང་དགེ་བའི་ལས་གང་བྱེད་ཀྱང་འདི་དགོས་སོ༔ འཇིག་རྟེན་ལྷ་འདྲེའི་གཙོ་བོ་ཡིན་པས༔ འདི་མཆོད་ན་ཅི་བསམ་གྱི་དོན་འགྲུབ་བོ༔ ཁྱད་པར་སྲིའུ་གསོ་བ་ལ་འདི་གལ་ཆེའོ༔ ཞེས་དང་གཞན་ཡང་ཕན་ཡོན་རྒྱ་ཆེར་གསུངས་པ་དང་༔ རྟ་མགྲིན་ཡང་གསང་ཁྲོས་པའི་རྒྱུད་ལས༔ སྲོག་བདག་ཡོངས་ཀྱི་སྡེ་བརྒྱད་ཀྱི་སྐྱེས་བུ་ཞེས་བྱ་སྟེ༔ ཆོས་སྐྱོང་འདི་ཉིད་རྟ་མགྲིན་སྤྲུལ་པར་གསུངས་པ་དང་༔ རྒྱལ་པོ་པུ་ཏྲ་ནག་པོ་འདི་ཉིད་མགོན་པོ་གུར་གྱི་སྤྲུལ་པ་ཡིན་པའི་ཕྱིར༔ ཆོས་སྐྱོང་འདི་ཉིད་འདྲེར་བཟུང་ནས་གླུད་དང་ཚངས་སྤྲད་སྦྱིན་ནས་བཀར་ཡང་མི་རུང་ལ༔ གལ་ཏེ་ལྷར་བརྟེན་ན་ཡང་འདི་ཡི་འཁོར་དུ་སྔགས་པ་དམ་ཉམས་དང་༔ བཙུན་པ་ཁྲིམས་ཉམས་སློབ་དཔོན་དམ་ཚིག་ཉམས་པ་ཐམས་ཅད་སྐྱེས་ནས་ཡོད་པའི་ཕྱིར༔ ཤིན་ཏུ་རྩུབ་ཆ་ཆེ་ཞིང་འཁུ་ལྡོག་རྐྱེན་པས༔ འདིར་གསོལ་མགྱོགས་སྦྲགས་མའི་ཚུལ་དུ་བྱས་པ་འདི་


CMR038_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་སོ༔ ༈ དེ་ལ་རྡོ་ལེབ་གཙང་མའི་སྟེང་དུ་རི་རབ་བང་རིམ་གསུམ་པ༔ དེའི་སྟེང་དུ་རྒྱལ་བཤོས་རྩེ་ལྔ༔ དེའི་གཡས་སུ་གསང་ཕྱི༔ གཡོན་དུ་སྨན་ཏིང་༔ མདུན་དུ་ཟུར་གསུམ༔ རྒྱབ་ཏུ་ཧ་ཞལ༔ མཐར་མཐེབ་སྒྱུ༔ ཆངས་བུ་ཏིང་ལོ༔ ཤ་དུམ༔ དེ་ལ་དཀར་དམར་བརྒྱན་དང་འབྲུ་སྣ་དར་ཚོན་སོགས་ཀྱིས་བརྒྱན༔ ནད་པའི་དོན་ཡིན་ན་ངར་མི་གཙང་མ་གཅིག༔ གསེར་སྐྱེམས་བདུད་རྩི་རཀྟ་རྣམས་ཀྱིས་བྲན་ལ་མདུན་དུ་བཤམས་ནས༔ རང་ཉིད་དྲག་པོ་རྟ་མགྲིན་དུ་གསལ་བས༔ ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་རང་གི་མདུན་དུ༔ ཚངས་པ་འཕྲུལ་གྱི་གཞལ་ཡས་ཁང་ཆེན་པོ་ཡིད་དུ་འོང་བ་ལྟ་ན་སྡུག་པ༔ རིན་པོ་ཆེའི་རྒྱན་དུ་མས་བལྟམས་པའི་དབུས་སུ༔ སྟོབས་ལྡན་སེང་གེ་དཀར་མོའི་སྟེང་དུ༔ ཡི་གེ་ཙཡོངས་སུ་གྱུར་པ་ལས༔ ཚངས་པ་འཕྲུལ་གྱི་རྒྱལ་དམར་སྨུག་ཅུང་ཟད་ཁྲོ་ཞིང་འཛུམ་པ༔ ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་དང་གསེར་གྱི་རྒྱལ་མཚན་ནམ་མཁའ་ལ་ཕྱར་བ༔ གཡོན་པས་ཡིད་བཞིན་ནོར་བུ་་པོ་ཆེ་དབང་གི་རྒྱལ་པོ་བསྣམས་ནས༔ སེམས་ཅན་ཐམས་ཅད་ལ་དགོས་འདོད་ཆར་ལྟར་འབེབས་པ༔ དབུ་ལ་དར་གདུགས་དང་སྐུ་ལ་ཟ་འོག་དགུ་བརྩེགས་གསོལ་བ༔


CMR038_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་ལ་སག་ལྷམ་གསོལ་ཞིང་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པ༔ དེ་ཡི་གཡས་སུ་ཐུགས་ཀྱི་རྒྱལ་པོ་མཐིང་ནག་རྔམ་ཞིང་ཁྲོས་པ༔ ཟ་འོག་གི་འཇོལ་བེར་དང་དོམ་གྱི་སླག་པ་གྱོན་པ༔ དར་ནག་གི་འཐིབ་ཞུ་ཅན་གཡས་སྤུ་གྲི་ཕྱར་ཞིང་༔ གཡོན་བདུད་ཞགས་བསྣམས་པ༔ བ་གླང་སྣ་རིང་ལ་ཞོན་པ༔ དེ་ལ་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་ཀྱི་རྒྱལ་པོ་བཞིས་བསྐོར་བོ༔ གཡོན་དུ་ཡུམ་ཤན་ཏི་རོ་ཟན་མ་དར་དང་རིན་པོ་ཆེས་བརྒྱན་པ༔ རལ་གྲི་ཕྱར་ཞིང་ནེའུ་ལེ་དཀུར་བརྟེན་པ་ལ་སོགས་ཡུམ་ཆེན་ལྔ༔ རྒྱབ་ཏུ་བློན་པོ་ཤན་པ་བྱ་ཁྲི་མིག་གཅིག་སྔོན་པོ་སྒ་ནག་ལ་ཆིབས་ནས་ཞིང་དབྱུག་དང་རྡོ་རྗེ་གསོར་བ་ལ་སོགས་པ་བློན་པོ་ལྔ༔ མདུན་དུ་ཙི་དམར་བ་བསེ་ཡི་ཁྲབ་རྨོག་བགོས་ཤིང་མདུང་དམར་དང་ཞགས་པ་བཟུང་ནས་རྟ་རྒོད་བྲ་བོ་གཡུ་རྔོག་ཞོན་པ་སྤྲུལ་པ་ལྔས་བསྐོར་བ༔ གཞན་ཡང་སྤྲུལ་པ་ཤེལ་གིང་དཀར་པོ་དང་༔ དཀར་པོ་སྤྱན་གཅིག་དང་༔ ཁུ་ལེ་ལག་དགུ༔ ཡམ་ཤུད་དམར་པོ༔ བྱེ་བ་གུང་རིང་གནམ་ས་བར་གསུམ་གྱི་ཐེའུ་རང་གཟའ་ཐེལ་དམར་པོ་དང་གནོད་སྦྱིན་བསེའི་གདོང་ཅན་དང་༔ ཚངས་


CMR038_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

པ་དུང་གི་ཐོར་ཚུགས་ནག་པོ་འཛུམ་མེད་དང་༔ གིང་ཆེན་ཁྲི་ཕྲག་བཅོ་བརྒྱད་དང་༔ རུ་འདྲེན་སྡེ་བཞི༔ བྲན་གར་ཚེ་དང་གུར་ཚེ༔ སོག་པོ་མེ་ཉག་ན་ཆུང་། མིག་རིང་ཨ་ཙ་ར༔ རྒྱལ་བསེན་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་ཀྱིས་བསྐོར་བ་ཐམས་ཅད་ཀྱང་བྱམས་པའི་སེམས་དང་ལྡན་པ་འཛུམ་པའི་མདངས་ཅན༔ ཕྱག་ན་ནོར་བུ་དང་རྒྱལ་མཚན་བཀྲ་ཤིས་པའི་རྫས་རྟགས་ཀྱི་བྱེ་བྲག་བསྣམས་པའོ༔ བདག་གི་ཐུགས་ཀ་ནས་ཁྲོ་བོ་འདོད་རྒྱལ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཅན་དཔག་ཏུ་མེད་པ་འཕྲོས་པས་མགྲོན་རྣམས་སྐད་ཅིག་ལ་བཀུག་པར་གྱུར༔ ཊཀི་རཱ་ཙ་ཧཱུྃ༔ ཧཱུྃ༔ སྔོན་ཚེ་དགུང་སྔོན་མཐོན་པོར་བཞུགས༔ བར་དུ་ཧོར་གྱི་སྒོམ་གྲྭར་བཞུགས༔ ད་ལྟ་བསམ་ཡས་གླིང་དུ་སྒྱུ་བཞུགས༔ ཆོས་འཁོར་རྒྱལ་པོ་གཤེགས་སུ་གསོལ༔ དགའ་རབ་ཤྲཱི་སེང་ཨོ་རྒྱན་གྱིས༔ གསེར་གྱི་རྡོ་རྗེ་སྤྱི་བོར་བཞག༔ རྒྱལ་མཚན་བརྒྱད་ཀྱི་དབང་ཡང་བསྐུར༔ གསང་བའི་གནས་ནས་གཤེགས་སུ་གསོལ༔ རྒྱལ་ཆེན་ཡབ་ལྔ་ཡུམ་ལྔ་དང་༔ བློན་པོ་ལྔ་དང་སྤྲུལ་པ་ལྔ༔ ཁྱད་པར་ལས་མཁན་གནོད་སྦྱིན་ཆེ༔ འཁོར་དང་བཅས་པ་གཤེགས་སུ་


CMR038_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ གནམ་ལྷ་ལ་སོགས་མཆེད་སྡེ་དགུ༔ གཙུག་ལག་ཆོས་འཁོར་ཐམས་ཅད་ནས༔ བཞུགས་པའི་འཁོར་དང་སྤྲུལ་པའི་ཚོགས༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ ཁྱེད་ཀྱི་འཁོར་དུ་གཏོགས་པ་ཡི༔ བདག་དང་ཡོན་བདག་འཁོར་བཅས་ལ༔ གནོད་པའི་འགོང་པོ་དམ་སྲིའི་ཚོགས༔ ལན་ཆགས་སྦྱངས་ཕྱིར་འདིར་འདུས་ཤིག༔ ལུས་ལ་མཚོན་ཆ་མ་ཐོགས་ལ༔ ཐུགས་ལ་ཞེ་སྡང་མ་འཆང་བར༔ མཆོད་སྦྱིན་གཏོར་མ་བཞེས་སླད་དུ༔ བྱམས་པའི་ཐུགས་ཀྱིས་གཤེགས་སུ་གསོལ༔ རྒྱལ་ཆེན་ཡབ་ཡུམ་བློན་པོ་འབངས༔ གཙོ་དང་འཁོར་དུ་འཚམས་པ་ཡི༔ རིན་ཆེན་གསེར་གྱི་ཁྲི་སྟེང་དུ༔ དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ༔ རཱ་ཙ་གིང་ཀ་ར་ས་པཱ་རི་ཝཱ་ར་ཨེ་ཧྱེ་ཧིཿ མཱ་ཡ་ཛ༔ ཛཿཧཱུྃ་བཾ་ཧོཿ ས་མཱ་ཡ་སཾ༔ ནང་མཆོད་གཏོར་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཀུན་གྱི་གསང་བའི་ཆུ༔ རྡོ་རྗེ་མནའ་ཆུ་བདེན་པའི་བདུད་རྩི་འདི༔ རྒྱལ་ཆེན་ཡབ་ཡུམ་བློན་འབངས་རྣམས་ལ་སྦྱིན༔ རྡོ་རྗེ་ཅན་གྱི་ཆུ་འདི་འཐུང་བར་གྱིས༔ དམ་ཚིག་བསྲུངས་ན་དངོས་གྲུབ་རྣམ་གཉིས་ཐོབ༔ དམ་ཚིག་ཉམས་ན་མནར་མེད་དམྱལ་བར་


CMR038_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ལྟུང་༔ འདི་ནི་བཛྲ་ན་ར་ཀན༔ རྡོ་རྗེ་ཐོགས་ལ༔ ཧཱུྃ༔ སངས་རྒྱས་ཀུན་གྱི་བྱིན་རླབས་གཅིག་བསྡུས་པའི༔ འགྱུར་བ་མེད་པའི་ཡེ་ཤེས་རྡོ་རྗེ་མཆོག༔ ཅིས་ཀྱང་མི་ཆོད་མི་ཤིགས་སྐྲག་པ་མེད༔ འགྱུར་དུ་མེད་པའི་དངོས་པོ་མེད་པ་ཡི༔ སྟོང་ཉིད་རྡོ་རྗེ་ཁྱོད་སྙིང་གནས་པར་གྱུར༔ མ་འདའ་འདས་ན་ལུས་ངག་ཡིད་གསུམ་བསྲེགས༔ འདི་ནི་བཛྲ་ས་མཱ་ཡ༔ ཞེས་བརྗོད་པས་བདག་གི་བཀའ་ཉན་གསུང་སྡོད་པར་དམིགས༔ མཆོད་པ་བྲན༔ རཾ་ཡཾ་ཁཾ༔ མི་གཙང་བ་ཐམས་ཅད་བསྲེགས་གཏོར་བཀྲུས༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས༔ ཨོཾ་ལས་རིན་པོ་ཆེའི་སྣོད་དུ་རྒྱལ་བཤོས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ༔ དར་ཚོན་གྱི་བླ་བྲེ་ཡོལ་བ་ཕྱེ་མ་ཕུར་མ་འདོད་པའི་ཡོན་ཏན་སྣ་ཚོགས༔ རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྟགས་བརྒྱད༔ རིན་པོ་ཆེ་སྣ་ཚོགས༔ དར་སྣ་ཚོགས་འབྲུ་སྣ་ཚོགས༔ མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བློ་སོགས། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་བྱའོ།། ཧཱུྃ༔ བསྟན་སྲུང་གིང་གི་མགོན་པོ་མཆོད་པའི་ཕྱིར༔ མཉེས་པའི་སྤྱན་གཟིགས་ཟག་མེད་མཆོད་སྦྱིན་འདི༔ ས་གཞི་ནམ་མཁའ་


CMR038_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བར་སྣང་གླིང་བཞི་གང་༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་དང་༔ གདུགས་དང་རྒྱལ་མཚན་བ་དན་བླ་བྲེ་དང་༔ འཁོར་ལོ་ནོར་བུ་བཙུན་མོ་རིན་ཆེན་དང་བློན་པོ་གླང་པོ་རྟ་མཆོག་རིན་ཆེན་དང་༔ དམག་དཔོན་ལ་སོགས་རྒྱལ་སྲིད་སྣ་བདུན་རྣམས༔ ཆོས་སྐྱོང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ རིན་ཆེན་གསེར་གཡུ་དངུལ་དང་མུ་ཏིག་དང་༔ བྱུ་རུ་དུང་ལྕགས་རིན་ཆེན་གཏེར་བུམ་འདི༔ རྒྱལ་པོ་པེ་ཧར་འཁོར་དང་བཅས་ལ་འབུལ༔ རྔ་དང་ཆ་ལང་དྲིལ་བུ་ཅང་ཏེ་དང་༔ འཁར་རྔ་ཟངས་གླིང་རྒྱ་གླིང་རྔ་གླིང་དང་༔ དུང་དཀར་གཡས་འཁྱིལ་རྐང་གླིང་རོལ་མོ་ཡི༔ སྒྲ་སྙན་ཡིད་འོང་མདངས་དང་ལྡན་པ་འདི༔ ཆོས་སྐྱོང་གིང་ཆེན་གི༔ འཁོར་དང་བཅས་ལ་འབུལ༔ འབྲུ་བཅུད་ཆང་གི་རྒྱ་མཚོ་ཀྱི་ལི་ལི༔ རཀྟ་ཁྲག་གི་རྒྱ་མཚོ་མེ་རེ་རེ༔ ཚིལ་ཆེན་བསྲེགས་པའི་དུད་པ་ཐུ་ལུ་ལུ༔ ཞལ་ཟས་གཏོར་མའི་ཚོགས་ནི་མདངས་དང་ལྡན༔ སྤོས་མཆོག་བསྲེགས་པའི་དུད་པ་ཐུ་ལུ་ལུ༔ དགྲ་བླ་ཆེན་པོ་འཁོར་དང་བཅས་ལ་འབུལ༔ རྒྱལ་བཤོས་རི་རབ་རིན་ཆེན་གྲུ་བཞི་ལ༔ བང་རིམ་གསུམ་


CMR038_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ནམ་མཁའི་མཐའ་དང་མཉམ༔ གྲུ་བཞི་སྒོ་བཞི་གསེར་གྱི་མདངས་དང་ལྡན༔ རིན་ཆེན་ཕྲ་བཀོད་སྤོས་ཀྱི་ངད་དང་ལྡན༔ འདོད་ཡོན་ཆར་འབེབས་དགོས་འདོད་ལྷུན་གྱིས་གྲུབ༔ འདབ་ཆགས་རྒྱལ་པོ་ཁྱུང་ཆེན་མཁའ་ལ་ལྡིང་༔ གཅན་གཟན་རྒྱལ་པོ་སེང་གེ་དཀར་མོ་འགྱིང་༔ སྡེར་ཆགས་རྒྱལ་པོ་གཡུ་འབྲུག་ང་རོ་ལྡིར༔ སེམས་ཅན་སྣ་ཚོགས་མཛེས་པའི་རྒྱན་དང་ལྡན༔ རོ་བརྒྱ་ལྡན་པའི་ཟས་ཀྱི་མཆོད་པ་འདི༔ བཀའ་སྲུང་རྒྱལ་པོ་འཁོར་དང་བཅས་ལ་འབུལ༔ བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད༔ ར་ཙ་གིང་ཀ་ར་ས་པཱ་རི་ཝཱ་ར་ཨཧཱུྃ་ནས། ཤབྡ་པྲ་ཏིཙྪ་སྭཱ་ཧཱ༔ དེ་ནས་གཏོར་མ་བསྔོ་བ་ནི༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཧཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར༔ གཏོར་མ་བདུད་རྩིའི་རྒྱ་མཚོ་བསམ་གྱིས་མི་ཁྱབ་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས་བྱིན་གྱིས་བརླབས་ནས། ཧཱུྃ༔ ཆོས་འཁོར་རྒྱལ་པོ་འཁོར་བཅས་ལ༔ མཐུན་པའི་བཤོས་བུ་དམ་རྫས་དང་༔ བདུད་རྩི་སྨན་གཏོར་རཀྟ་དང་༔ གསང་ཕྱི་དཀར་མོའི་


CMR038_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

ལག་གཡས་དང་༔ ཤ་ཁྲག་འདོད་ཡོན་དཔག་མེད་ཀྱིས༔ རྒྱལ་ཆེན་འཁོར་བཅས་ཐུགས་དམ་བསྐང་༔ ཚངས་པ་འཕྲུལ་གྱི་རྒྱལ་པོ་དང་༔ ཡབ་ལྔ་ཡུམ་ལྔ་བློན་པོ་ལ༔ སྤྲུལ་པ་ལྔ་དང་རུ་འདྲེན་ཚོགས༔ ཡང་འཁོར་རྣམས་ཀྱི་ཐུགས་དམ་བསྐང་༔ གནམ་ལྷ་ལ་སོགས་མཆེད་སྡེ་དགུ༔ གནོད་སྦྱིན་ཆེན་པོ་ཙི་དམར་བ༔ བསྟན་སྲུང་ཆེན་པོ་གཡུ་ཕྲེང་ཅན༔ འཁོར་དང་བཅས་པའི་ཐུགས་དམ་བསྐང་༔ གིང་ཆེན་ཁྲི་ཕྲག་བཅོ་བརྒྱད་དང་༔ རྒྱལ་ཕྲན་བྱེ་བ་ས་ཡ་དང་༔ ཡང་འཁོར་དུང་ཕྱུར་གྲངས་འདས་རྣམས༔ ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཅིག༔ ཨོཾ་ར་ཙ་སིདྡྷི་ས་མ་ཡ་ཤྲཱི་ཛ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ར་ཙ་གིང་ཀ་ར་སརྦ་སིདྡྷི་ཧཱུྃ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨོཾ་རཀྵ་ཙིཏྟ་ར་ག་ཧཱུྃ་ཛ༔ ཨི་དཾ༴ ཨོཾ་བཛྲ་སུ་ཏྲ་རཀྵ་རཱ་ཛ༔ ས་མ་ཡ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཨི་དཾ༔ ཏྲེ་དུ་དུ་ཧཱུྃ་ཏྲེ་དུ་དུ་ཧ་རི་ཏི་ཛ༔ ཨི་དཾ༔ སྔགས་ལན་གསུམ་གྱིས་བསྔོས་ལ། བསྟོད་པ་ནི། ཧཱུྃ༔ ཆོས་འཁོར་རྒྱལ་པོ་ཆེན་པོ་ནི༔ སྐུ་ནི་སྤྲུལ་པ་ཅིར་ཡང་སྟོན༔ སེང་གེ་གླང་ཆེན་རྐྱང་ལ་ཆིབས༔ སྐུ་ལ་མེ་ཏྲི་དམར་པོ་གསོལ༔ དབུ་ལ་སག་ཞུ་ཆེན་པོ་


CMR038_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ རྡོ་རྗེ་སྙིང་དང་གསེག་ཤིང་ཐོགས༔ གཙུག་ལག་དཀོར་སྲུང་ཁྱོད་ལ་བསྟོད༔ ཧཱུྃ༔ ཚངས་པ་འཕྲུལ་གྱི་རྒྱལ་པོ་ཆེ༔ སྐུ་མདོག་དམར་སྨུག་ཁྲོ་འཛུམ་བརྗིད༔ ཕྱག་གཡས་རྡོ་རྗེ་རྒྱལ་མཚན་ཕྱར༔ གཡོན་པས་ཡིད་བཞིན་ནོར་བུ་བསྣམས༔ སྐུ་ལ་ཟ་འོག་དགུ་བརྩེགས་གསོལ༔ སེང་གེའི་སྟེང་ན་རོལ་པར་བཞུགས༔ ནོར་ལྷ་ཆེན་པོ་ཁྱོད་ལ་བསྟོད༔ ཁྱོད་ཀྱི་སྲུང་མ་མཛད་ཙམ་ན༔ ཉན་ཐོས་ཆ་ལུགས་ཆོས་གོས་གསོལ༔ དར་གྱི་གདུགས་ཆེན་དབུ་ལ་མནབས༔ ལྷུང་བཟེད་འཁར་གསིལ་ཀྱི་ཕྱག་ན་བསྣམས༔ ཤེལ་ཕྲེང་རིག་པ་རྒྱན་དུ་མཛེས༔ གླང་ཆེན་ས་སྲུང་སྟེང་ན་བཞུགས༔ སྒྲ་ཚད་དོན་རྣམས་ཐུགས་སུ་ཆུད༔ དཀོན་མཆོག་དབུ་འཕང་མཐོ་བར་བྱེད༔ དགེ་རྒྱུའདུན་འབུམ་གྱི་བསྟན་པ་སྲུང་༔ དཀོར་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ བཙན་གྱི་དམག་དཔོན་མཛད་ཙ་ན༔ སོག་པོའི་ཆ་ལུགས་གཟི་མདངས་ཅན༔ སྐུ་ལ་དར་དཀར་རལ་ག་གསོལ༔ སྟག་རལ་གཡས་ལ་གཟིག་ཤུབས་གཡོན༔ དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད༔ དམག་དཔོན་མགྲོན་དཔོན་མཛད་ཙ་ན༔ བྷ་ཏ་ཧོར་གྱི་ཆ་ལུགས་མཛད༔ དགྲ་


CMR038_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་སྣ་དགུ་གཡང་དུ་ལེན༔ ནོར་སྲུང་ཆེན་པོ་ཁྱོད་ལ་བསྟོད༔ ཧཱུྃ༔ ཚངས་པ་གིང་ཆེན་ཐོར་ཚུགས་ཅན༔ སྲིད་པའི་རྒྱལ་པོ་ལི་བྱིན་ཧར༔ ཁུ་ལེ་ལག་དགུ་དམུ་རྗེ་བཙན། སྐུ་ལྔར་བརྫུ་བའི་བརྒྱ་བྱིན་ཏེ༔ མཐིང་ནག་ཤིན་ཏུ་ཁྲོས་པ་བཞིན༔ མི་སྡུག་དགྲ་བོའི་ཕྱོགས་སུ་བསྟན༔ ཞགས་པས་འཆིང་ཞིང་སྤུ་གྲིས་བསིལ༔ བེར་དང་དོམ་གྱི་སླག་པ་གསོལ༔ དར་ནག་མཐིང་ཞྭ་དབུ་ལ་མནབ༔ བ་ལང་ཆེན་པོ་སྣ་རིང་ཆིབས༔ དཔལ་གྱི་ལྷ་མོ་འཆར་ཁའི་མདོག༔ ཤན་ཏི་རོ་ཟན་མ་ལ་རོལ༔ གཙུག་ལག་ཁང་གི་སྲུང་མ་མཛད༔ དམ་པ་ཆོས་ཀྱི་ཁུར་རྩ་བ༔ དགེ་འདུན་ཡོངས་ཀྱི་འབངས་གཅིག་པུ༔ ནང་བློན་མོན་བུ་པུ་ཏྲ་དང་༔ བྷ་དྲ་སྲིང་མོ་ནག་མོ་དང་༔ མངག་གཞུག་མཛད་པ་རྩི་དམར་བ༔ རུ་འདྲེན་ཆེན་པོ་སྡེ་བཞིས་བསྐོར༔ གདུག་པ་ཐལ་བར་བརླགས་ལ་བསྟོད༔ ཅེས་བསྟོད་ལ། སླར་གཏོར་མ་དེ་གསོ་བྲན་བྱས་ལ༔ སྔོན་གྱི་ཁུང་སྨོས་ཤིང་དམ་བརྡར་བ་ནི༔ ཨོཾ་ཨ་ཀཱ་རོ༴ ལན་གསུམ་གྱིས་བྱིན་གྱིས་བརླབས་ནས༔ ཧཱུྃ༔ སྤྱན་རས་གཟིགས་དབང་ཧྲིལས་རྔམ་ཆེན་སྐུ༔ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༔ སྐྱེ་འཆི་མེད་པ་ཚེ་ཡི་དངོས་གྲུབ་


CMR038_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

དེ༔ བདག་ཅག་སྒྲུབ་པ་པོ་ལ་བསྩལ་དུ་གསོལ༔ ཀྱཻ༔ དགེ་བསྙེན་དགྲ་བླ་པེ་དཀར་ཁྱོད༔ ཕ་དང་དེ་ནི་ཡབ་སྨོས་པ༔ ཡབ་ལྷ་ཤོད་ཀྱི་སྐྱེས་ཏ་རེ༔ ཡ་བདུད་དེ་ནི་རྒྱལ་པོ་ལགས༔ མ་དང་དེ་ནི་ཡུམ་སྨོས་པ༔ ས་བདག་པདྨའི་ཕྲེང་བ་དེ༔ དབྱིངས་ཀྱི་དེ་ནི་རྒྱལ་མོ་ལགས༔ ཡབ་ཡུམ་གཉིས་སུ་བཤོས་པའི་སྲས༔ ལྕམ་དྲལ་དེ་ནི་མཆེད་གཉིས་བལྟམས༔ མིང་པོ་དེ་ནི་དྲག་པོ་ལགས༔ ཤར་ཕྱོགས་ཤེལ་གིང་དཀར་པོ་ལ༔ སྲིང་མོ་དེ་ནི་ལྕམ་མོ་ལ༔ པདྨ་གར་གྱི་དབང་ཕྱུག་མ༔ མིང་པོ་དེ་ནི་དྲག་པོ་ལ༔ རྒྱ་གར་ཆོས་ཀྱི་རྒྱལ་པོ་ཡིན༔ ཁྱོད་ལ་མིང་དང་མཚན་གསོལ་བ༔ ཚངས་པ་དུང་གི་ཐོར་ཚུགས་ཅན༔ བྷྱོ༔ སྤུ་རྒྱལ་བོད་ཀྱིས་མཚན་བཏགས་པ༔ ཞལ་གསུམ་སྟོད་ཀྱི་མི་བོ་ཆེ༔ ཞང་ཞུང་སྟོད་ཀྱིས་མཚན་བཏགས་པ༔ སྐུ་ལྷ་སྨུག་ཐོར་མཐུ་བོ་ཆེ༔ གཙུག་ལག་བོན་གྱིས་མཚན་བཏགས་པ༔ ཉེ་དབང་སྲས་ཀྱི་འཕྲུལ་པོ་ཆེ༔ ཤཱཀྱ་ཐུབ་པས་མཚན་བཏགས་པ༔ དགེ་བསྙེན་གཏེར་སྲུང་གཉེར་ལེགས་པོ༔ ཁྱོད་ནི་བཞུགས་པའི་ཡུལ་བཙལ་བ༔ དགུང་སྔོན་མཐོན་པོའི་ཡང་སྟེང་ན༔ ཉི་ཟླ་པདྨའི་གདན་སྟེང་


CMR038_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ན༔ རྒྱལ་པོ་སྐུ་གཅིག་བཞུགས་པ་ནི༔ སྐུ་ལ་དར་དཀར་རལ་ག་གསོལ༔ ཕྱག་ན་ཤེལ་གྱི་འགྱིང་དཀར་བསྣམས༔ ཤེལ་གྱི་དབྱིག་ལྕག་སྐེད་ལ་བཅུག༔ དབུ་ལ་སྒྲ་གཅིག་པུ་རུ་རུ༔ ཞལ་ནས་ཚེམས་གཅིག་ལྷངས་སེ་ལྷང་༔ དཔྲལ་བར་སྤྱན་གཅིག་ཡེ་རེ་རེ༔ ཁྱོད་ནི་གནམ་ལྷ་བབ་ཙམ་ན༔ ཆིབས་སུ་སྔོན་པོ་ཉ་འདྲ་ཆིབས༔ སྐུ་ལ་ཟ་འོག་ཐུལ་པ་གསོལ༔ དབུ་ལ་ཝ་ཏི་སྨུག་པོ་གསོལ༔ ཕྱག་ན་བདུད་ཞགས་ནག་པོ་བསྣམས༔ ལྕགས་ཀྱི་བྱ་ཁྲ་མཁའ་ལ་ལྡིང་༔ ལྕགས་ཀྱི་སྤྱང་མོ་ཕྱི་ནས་འབྲང་༔ ཟངས་ཀྱི་འཕར་བ་རོལ་དུ་ཁྲིད༔ ཕྱག་བརྙན་མང་པོ་སྐར་ལྟར་འཁྲུག༔ སྤྲུལ་པ་མང་པོ་ཁྲ་ལྟར་ཉུལ༔ བདག་ལ་སྡང་བའི་དགྲ་བོ་འདི༔ ཁྱོད་ལ་གཏད་དོ་ཤོར་ར་རེ༔ དེ་ནས་རྒྱ་གར་ཡུལ་དུ་བྱོན༔ དཔལ་གྱི་ཤྲཱི་ནཱ་ལེནྡྲའི༔ གཙུག་ལག་ཁང་གི་ནང་ཤེད་ན༔ སློབ་དཔོན་བུདྡྷ་གུཔ་ཡིས༔ གསང་བ་ཡི་ནི་དཀྱིལ་འཁོར་བཞེངས༔ རྫས་དང་ལག་ཆ་སྔོན་དུ་བཀྲམ༔ ལག་ཏུ་དེ་ནི་རྡོ་རྗེ་བྱིན༔ གསང་བ་དེ་ནི་མཚན་བཏགས་པ༔ གནམ་ལྷ་དེ་ནི་བྱང་ཆུབ་ལ༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་ཅིག༔ རྣལ་འབྱོར་བདག་


CMR038_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་བྷ་ཏ་ཧོར་གྱི་ཡུལ༔ བསམ་གྲུབ་ཤེལ་གྱི་བྲག་ཕུག་ཏུ༔ སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དབང་ཆེན་དེ་ནི་དཀྱིལ་འཁོར་བཞེངས༔ རྫས་དང་ལག་ཆ་སྔོན་དུ་བཀྲམ༔ ལག་ཏུ་དེ་ནི་རྡོ་རྗེ་བྱིན༔ གསང་བ་དེ་ནི་མཚན་བཏགས་པ༔ རྡོ་རྗེ་ཁྱུང་ཆེན་ཀླུ་འབྲུག་འདུལ༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་ཅིག༔ རྣལ་འབྱོར་བདག་ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་བོད་ཡུལ་དབུས་སུ་བྱོན༔ ལྷོ་བྲག་དེ་ནི་མཁར་ཆུ་རུ༔ སློབ་དཔོན་བོ་དྷི་ས་ཏྭ་ཡིས༔ གསང་བ་དེ་ནི་དཀྱིལ་འཁོར་བཞེངས༔ རྫས་དང་ལག་ཆ་སྔོན་དུ་བཀྲམ༔ གོས་སུ་ཆོས་གོས་སྣམ་སྦྱར་གྱོན༔ ལག་ཏུ་གསེག་ཤང་པར་བུ་བསྐུར༔


CMR038_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

དགེ་བསྙེན་ཆེན་པོར་གཏན་ཁྲིམས་ཕོག༔ གསང་བ་དེ་ནི་མཚན་བཏགས་པ༔ རྡོ་རྗེ་དེ་ནི་འགྱིངས་པ་ལགས༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་ཅིག༔ རྣལ་འབྱོར་བདག་ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་ལྷ་ས་འཕྲུལ་སྣང་དུ༔ སློབ་དཔོན་ཤྲཱི་ཀུ་མཱ་ར༔ གསང་བ་དེ་ནི་དཀྱིལ་འཁོར་བཞེངས༔ རྫས་དང་ལག་ཆ་སྔོན་དུ་བཀྲམ༔ ལག་ཏུ་དེ་ནི་རྡོ་རྗེ་བྱིན༔ དེ་ལ་གསང་བའི་མཚན་བཏགས་པ༔ རྡོ་རྗེ་དེ་ནི་གབ་པའི་གཏེར༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་ཅིག༔ རྣལ་འབྱོར་བདག་ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག་བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་དབུ་རུ་ཀླུང་འགྲམ་སྟེ༔ ཀོང་རྗེ་དེ་ནི་བཙན་པོ་དང་༔ སྐྱེས་བུ་དེ་ནི་ལུང་བཙན་དང་ཟུར་ཕུད་དེ་ནི་


CMR038_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལ་བསྡུས༔ མདུན་ན་དེ་ནི་སུ་སུ་གནས༔ ཤ་ཁྲག་དེ་ནི་མནའ་ཐོ་བཅད༔ བཙན་དང་དེ་ནི་ཀླུ་གཉིས་ཀྱི༔ རྒྱལ་པོའི་ཆ་བསྙེན་ཞལ་གྱིས་བཞེས། བཙན་ལ་བཙན་རྒྱང་དམར་པོ་ཕུལ༔ ཀླུ་ལ་ནེའུ་ར་གཅིག་ཕུལ༔ རྒྱལ་པོ་ཀླུ་དང་བཙན་དང་བསྡོང་༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་ཅིག༔ རྣལ་འབྱོར་བདག་ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ དེ་ནས་སྔགས་པའི་གླིང་ཤེད་དུ༔ བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ དབང་ཆེན་དེ་ནི་དཀྱིལ་འཁོར་བཞེངས༔ རྫས་དང་ལག་ཆ་སྔོན་དུ་བཀྲམ༔ ལག་ཏུ་གསེག་ཤང་པར་བུ་བསྐུར༔ དེ་ལ་གསང་བའི་མཚན་རྟགས་པ༔ དཔེ་དཀར་དེ་ནི་དགྲ་ལྷ་ལ༔ གཏན་གྱི་དེ་ནི་གྲོགས་དངོས་ལ༔ ཤཱནྟི་དེ་ནི་རོ་ཟན་ལགས༔ གཏན་གྱི་དེ་ནི་འབངས་དངོས་པ༔ མོན་ཕྲུག་དེ་ནི་སྤུ་ར་ལགས༔ གཏན་གྱི་དེ་ནི་ཡུལ་བཙན་པ༔ བྱང་ཤར་དེ་ནི་པེ་དཀར་གླིང་༔ རྣལ་འབྱོར་ཡོངས་ཀྱི་


CMR038_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་ལྷར་བསྐོས༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་ཅིག༔ རྣལ་འབྱོར་བདག་ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ ལྷ་རྡོ་དེ་ནི་དཀར་པོ་དང་༔ ལྷ་ཤུག་དེ་ནི་རྟིང་དཀར་དང་༔ ཆ་རྒོད་སྨྱུག་རྒོད་ཚིགས་དགུ་ཡང་༔ རྒྱལ་པོ་མཐུན་པའི་རྫས་སུ་འབུལ༔ གསང་བ་ཡེ་ནི་ཆེ་བ་དང་༔ དཀར་མོ་ལག་གཡས་ཤ་ཕུད་དང་༔ གསེར་སྐྱེམས་དེ་ནི་བདུད་རྩི་འབུལ༔ དཀར་ཕུད་དམར་ཕུད་ཆང་ཕུད་འབུལ༔ འབྲུ་སྣ་དར་ཟབ་རིན་པོ་ཆེ༔ གསོལ་ཁའི་མཆོད་པ་རྒྱ་ཆེན་འདི༔ བདག་ཅག་དད་པས་འབུལ་ལགས་ན༔ དད་པ་ལོག་ཏུ་མ་བཅུག་ཅིག༔ བསྟོད་ན་དེ་ནི་ཡ་མ་ང་༔ བསྐུལ་པ་དེ་ནི་ཕྲག་མ་དོག༔ མངགས་ན་དེ་ནི་བང་མ་བུ༔ རྦད་ན་དེ་ནི་མཐུ་མ་ཆུང་༔ འཇང་དང་དེ་ནི་ཤགས་འདྲེན་ན༔ སྨྲ་གོང་དེ་ནི་ཤོར་ར་རེ༔ གྱད་དང་དེ་ནི་སྟོབས་འདྲེན་ན༔ རྩལ་གོང་དེ་ནི་ཤོར་ར་རེ༔ ཕྱུགས་དང་དེ་ནི་ནོར་འགྲན་ན༔ རྫས་གོང་དེ་ནི་ཤོར་ར་


CMR038_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

རེ༔ འཕན་དང་དེ་ནི་བུ་འགྲན་ན༔ མི་གོང་དེ་ནི་ཤོར་ར་རེ༔ བྱས་དང་དེ་ནི་ལེགས་འགྲན་ན༔ དགེ་གོང་དེ་ནི་ཤོར་ར་རེ༔ ཤེས་དང་དེ་ནི་ལེགས་འགྲན་ན༔ དཔལ་གོང་དེ་ནི་ཤོར་ར་རེ༔ ནུས་པ་དེ་ནི་མཐུ་འགྲན་ན༔ མཐུ་གོང་དེ་ནི་ཤོར་ར་རེ༔ རིག་པ་དེ་ནི་གནས་འགྲན་ན༔ ལྔ་གོང་དེ་ནི་ཤོར་ར་ར༔ ནུས་མཐུ་དེ་ནི་མ་ཆུང་ཞིག༔ དྲག་རྩལ་དེ་ནི་མ་ཞན་ཅིག༔ དགྲ་བླ་ཡབ་ཡུམ་འཁོར་བཅས་ཀྱིས༔ དགྲ་བགེགས་དགྲ་བླ་རྩད་ནས་ཆོད༔ ཕྱི་དགྲ་དེ་ནི་ཤོར་ར་ར༔ བཟློག་ཅིང་བསྒྱུར་བར་མཛད་དུ་གསོལ༔ ཁྱེའུ་ཆུང་དེ་ནི་ཟུར་ཕུད་ཅན༔ མོན་ཕྲུག་པུ་ར་ནག་པོ་དང་༔ མོན་ཕྲུག་དེ་ནི་དར་བསྟན་དང་༔ མོན་ཕྲུག་དེ་ནི་སྟག་འདུལ་དང་༔ མོན་ཕྲུག་དེ་ནི་གཞི་འཛིན་དང་༔ མོན་ཕྲུག་དེ་ནི་ཆང་ཁུང་དང་༔ མོན་ཕྲུག་ལེགས་པའི་ཤེས་རབ་དང་༔ མོན་ཕྲུག་རྡོ་རྗེ་ཀུན་འབར་དང་༔ མོན་ཕྲུག་དར་བསྟན་རྡོ་རྗེ་རྒྱལ༔ མོན་ཕྲུག་དེ་ནི་བྱིལ་ཆུང་མཁར༔ རྡོ་རྗེའི་གནས་བརྟན་རྡོ་རྗེ་མཁར༔ རྡོ་ཕྲུག་རྡོ་རྗེ་དྲག་པོ་རྒྱལ༔ ཤ་ཁྲག་དེ་ནི་མནའ་ཐོ་བཅད༔ བཀའ་ལ་དེ་ནི་མ་འདའ་ཞིག༔ དམ་ལ་དེ་ནི་མ་ལྡོག་


CMR038_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ རྣལ་འབྱོར་བདག་ལ་མ་འཁུ་ཞིག༔ ཡོན་བདག་འདི་ལ་མ་གནོད་ཅིག༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོག༔ དགྲ་བོ་འདི་ལ་རྟགས་ཕྱུངས་ཤིག༔ ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད༔ ཅེས་དམ་བདར་ནས༔ ༈ སྐུ་ལྔའི་གསོལ་ཁ་ནི༔ ཧཱུྃ༔ དགྲ་བགེགས་ལོག་འདྲེན་ཚར་གཅོད་གནས་མཆོག་འདིར། རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་ཁང་༔ ཉི་ཟླ་པདྨ་རུ་ཏྲའི་གདན་གྱི་སྟེང་༔ སྤྲུལ་པའི་རྒྱལ་ཆེན་སྐུ་ལྔ་དབྱིངས་ནས་བཞེངས༔ སྐུ་མདོག་སྨུག་ནག་དོམ་གྱི་སླག་པ་གསོལ༔ གཡས་གཡོན་ཕྱག་ན་བདུད་ཞགས་སྤུ་གྲི་བསྣམས༔ དར་ནག་བེར་གསོལ་བ་གླང་སྣ་རིང་ཆིབས༔ ཐུགས་ཀྱི་རྒྱལ་ཆེན་གསོལ་ལོ་ཕྲིན་ལས་མཛོད༔ མོན་བུ་མཐིང་ནག་མན་ཏྲི་དམར་པོ་གསོལ༔ གཡས་གཡོན་ཕྱག་ན་རྡོ་རྗེ་གསེག་ཤང་ཐོགས༔ མཐིང་ཞུ་གསོལ་ཞིང་དོམ་ནག་སྨྱོན་པ་ཁྲིད༔ སྐུ་ཡི་རྒྱལ་ཆེན་གསོལ་ལོ་ཕྲིན་ལས་མཛོད༔ གནོད་སྦྱིན་ནག་པོ་སྦྲུལ་སྟག་གཡང་གཞིས་བརྒྱན༔ གཡས་གཡོན་སྟ་གྲི་བདུད་ཞགས་དགྲ་ལ་འདེབས༔ ཁྱུང་མགོས་དབང་སྡུད་སྲིད་པའི་གཡུ་འབྲུག་ཁྲིད༔ ཡོན་ཏན་རྒྱལ་ཆེན་གསོལ་ལོ་


CMR038_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲིན་ལས་མཛོད༔ དགྲ་ལྷ་སྐྱེས་གཅིག་དར་ནག་འཇོལ་བེར་གསོལ༔ གཡས་གཡོན་སྦ་མཁར་ཙནྡན་བེང་ཆེན་གསོར༔ སྤྱང་མོ་ཁྲིད་ཅིང་ཕོ་ཉ་བྱ་ཁྲ་གཏོང་༔ གསུང་གི་རྒྱལ་ཆེན་གསོལ་ལོ་ཕྲིན་ལས་མཛོད༔ པེ་དཀར་ཞལ་གསུམ་ཕྱག་དྲུག་སག་ཞུ་གསོལ༔ ལྕགས་ཀྱུ་སྤུ་གྲི་མདའ་རལ་ཞིང་དབྱུག་ཐོགས༔ དར་དཀར་གསོལ་ཞིང་སྟག་ཆས་སེང་གེ་ཆིབས༔ ཕྲིན་ལས་རྒྱལ་ཆེན་གསོལ་ལོ་ཕྲིན་ལས་མཛོད༔ རྒྱལ་ཆེན་སྐུ་ལྔ་ཡབ་ཡུམ་འཁོར་བཅས་ལ༔ སྨན་རཀ་ཤ་ཁྲག་གཏོར་མས་ཐུགས་དམ་བསྐང་༔ ཉམས་བཤགས་ཡུལ་འཁོར་ལོངས་སྤྱོད་བསྟན་པ་སྲུངས༔ ཐུགས་ཡུམ་ཤན་ཏི་རོ་ཟན། ཡོན་ཏན་ཡུམ་གསེར་གྱི་སྤུ་གྲི་མ། གསུང་ཡུམ་མཛེས་བྱེད་པདྨ་སྟེ། ཕྲིན་ལས་ཡུམ་གཟའ་བདུད་སྨན་དཀར་མ། བུད་མོ་རོ་ལངས་མིག་དམར་མའོ།། ཕྲིན་ལས་རྣམ་བཞི་དངོས་གྲུབ་བསྩལ་དུ་གསོལ༔ དེ་ནས་ཙི་དམར་གསོལ་ཁ་ནི༔ ཧཱུྃ༔ སྔོན་ཚེ་རྒྱལ་བའི་བསྟན་པ་བསྲུང་བ་ཡི༔ ལས་སྨོན་མཐུ་ལས་གྲུབ་པའི་དམ་ཚིག་ཅན༔ ཆོས་སྐྱོང་གནོད་སྦྱིན་དམར་པོ་ཞེས་གྲགས་པའི༔ བཀའ་སྡོད་སྟོབས་ལྡན་ཁྱོད་ལ་བདག་བསྟོད་དོ༔ རབ་འཇིགས་བསྐལ་པའི་མེ་ལྟར་འབར་


CMR038_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

བའི་སྐུ༔ ཁྲོ་གཉེར་བཞིན་བསྡུས་ཨག་ཚོམ་སྡང་མིག་བགྲད༔ མདུང་དམར་ཞགས་པས་རུ་ཏྲ་འཆིང་ཞིང་སྒྲོལ༔ དམ་ཉམས་གཤེད་མ་ཁྱོད་ལ་བདག་བསྟོད་དོ༔ རིག་འཛིན་ལྷཔདྨའི་རྗེ་འབངས་སྤྱན་སྔ་རུ༔ ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་ཞིང་༔ དཔལ་གྱི་བསམ་ཡས་མི་འགྱུར་བར་ཁང་དུ༔ སྨོན་ལམ་གཅིག་བསྡུས་ལྷ་སྲིན་འདུལ་བའི་བཀའ་ཡི་ཐུགས་དམ་གཉེན་པོ་ཇི་བཞིན་དུ༔ རིག་འཛིན་རྣམས་དང་བརྒྱུད་པར་བཅས་པ་ཡི༔ དམ་ཆོས་བསྒྲུབ་དང་ཚུལ་བཞིན་སྐྱོང་བ་ལ༔ བསྟན་པའི་དགྲ་ལྷ་ཆོས་སྐྱོང་ཁྱོད་རྫོགསོལ་ལོ༔ སངས་རྒྱས་བསྟན་སྲུང་བསྟན་དང་བསྟན་འཛིན་སྤེལ༔ བར་ཆད་བགེགས་ཐུལ་སྡང་བའི་དགྲ་བོ་སྒྲོལ༔ ཆོས་འཁོར་བསྟན་སྐྱོང་མཐའ་ཡི་དམག་དཔུང་ཟློག༔ ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད༔ དམ་རྫ་ས་བརྒྱན་པའི་གཏོར་མ་འདི་བཞེས་ལ༔ རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ སྐུ་ལྔ་དང་ཙི་དམར་བ་འདི་འབྲི་གུང་ཞབས་དྲུང་རིན་ཆེན་ཕུན་ཚོགས་ཀྱིས་མཛད་པའོ༔ དེ་ནས་ཡོན་ཏན་བསྔགས་པ་བརྗོད་དེ༔ ཧཱུྃ༔ ས་བརྒྱད་ནོན་པའི་སེམས་དཔའ་ཆེན་པོ་ཁྱོད༔ ཁྱོད་ཀྱི་ཡོན་ཏན་བརྗོད་ལས་འདས་པ་སྟེ༔


CMR038_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

འཇིག་རྟེན་ལྷ་འདྲེ་ཀུན་གྱི་དེད་དཔོན་མཆོག༔ ད་ལྟ་སྔགས་འཆང་ཀུན་གྱི་མཆོད་ཅིང་བསྟོད༔ ཁྱེད་ལ་མཆོད་པའི་ཡོན་ཏན་བསམ་མི་ཁྱབ༔ སྙན་དང་གྲགས་པ་འབྲུག་ལྟར་གྲགས་པ་ཡང་༔ དགྲ་ལྷ་ཆེན་པོ་མཆོད་པའི་ཡོན་ཏན་ཡིན༔ བསོད་ནམས་འབྱོར་པ་ལོངས་སྤྱོད་ཆེ་བ་ཡང་༔ ནོར་ལྷ་པེ་དཀར་མཆོད་པའི་ཡོན་ཏན་ཡིན༔ ཟས་ནོར་ཟང་ཟིང་མང་པོ་འདུ་བ་ཡང་༔ གནམ་ལྷ་བྱང་ཆུབ་མཆོད་པའི་ཡོན་ཏན་ཡིན༔ ཕ་རོལ་ཐམས་ཅད་ཟིལ་གྱིས་གནོན་པ་ཡང་༔ དགྲ་འདུལ་ཆེན་པོ་མཆོད་པའི་ཡོན་ཏན་ཡིན༔ ཁམས་གསུམ་དབང་དུ་འདུ་ཞིང་འཁོར་བ་ཡང་༔ དཀོར་སྲུང་ཆེན་པོ་མཆོད་པའི་ཡོན་ཏན་ཡིན༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་ཡང་༔ དེ་ཡང་རྒྱལ་ཆེན་མཆོད་པའི་ཡོན་ཏན་ཡིན༔ སྣང་སྲིད་མ་ལུས་ཟིལ་གྱིས་གནོན་པ་ཡང་༔ དེ་ཡང་གིང་ཆེན་མཆོད་པའི་ཡོན་ཏན་ཡིན༔ འཇིག་རྟེན་འདི་ན་ཆེ་བཙན་ལྡན་པ་ཡང་༔ ཆོས་འཁོར་རྒྱལ་པོ་མཆོད་པའི་ཡོན་ཏན་ཡིན༔ སྡང་བའི་དགྲ་བོ་རྡུལ་དུ་བརླག་པ་ཡང་༔ ཆོས་སྐྱོང་རྒྱལ་པོ་མཆོད་པའི་ཡོན་ཏན་ཡིན༔ རྒྱལ་པོའི་ཡོན་ཏན་བསམ་གྱིས་མི་ཁྱབ་སྟེ༔ རྩིས་


CMR038_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འདས་ཤིང་བརྗོད་ཀྱིས་མི་ལོང་ངོ་༔ ཁྱོད་ཀྱི་དགེ་ཕྱོགས་མཛད་པ་བསམ་མི་ཁྱབ༔ དགྱེས་པར་མཛོད་ལ་དངོས་གྲུབ་བདག་ལ་སྩོལ༔ ཨོཾ་ར་ཙ་གིང་ཀ་རི་སརྦ་སིདྡྷི་ཤྲཱི་ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཧོཿ དམ་རྫས་བརྒྱན་པའི་གཏོར་མ་རྒྱ་ཆེན་པོ་འདི༔ ཚངས་པ་འཕྲུལ་གྱི་རྒྱལ་པོ༔ རྒྱལ་ཆེན་ཡབ་ལྔ་ཡུམ་ལྔ༔ བློན་པོ་ལྔ༔ སྤྲུལ་པ་ལྔ༔ གནམ་ལྷ་བྱང་ཆུབ༔ ཁུ་ལེ་ལག་དགུ་ལ་སོགས་པ་མཆེད་སྡེ་ཆེན་པོ་དགུ༔ པུ་ཏྲ་བྷ་ཏྲ་སྲིན་མོ་ཁྲག་མིག་མ་རྒྱལ་པོ་གཡུ་ཕྲེང་ཅན༔ གནོད་སྦྱིན་རྩི་དམར་བ༔ བྲན་གར་ཚེ་གུར་ཚེ༔ རུ་འདྲེན་སྡེ་བཞི༔ གིང་ཆེན་ཁྲི་ཕྲག་བཅོ་བརྒྱད༔ རྒྱལ་ཕྲན་བྱེ་བ་ས་ཡ༔ ཡང་འཁོར་དུང་ཕྱུར་གྲངས་མེད་རྣམས་ལ་འབུལ་ལོ༔ བསྔོའོ༔ སྦྱིན༔ མཉེས་ཤིང་ཚིམ་དགའ་ཞིང་མགུ་ནས༔ སྔོན་ཚེ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་དང་དཔལ་རྟ་མགྲིན་དང་༔ གཤིན་རྗེའི་གཤེད་དང་༔ ཕྱག་ན་རྡོ་རྗེ་དང་༔ ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་དང་༔ མཁན་པོ་བྷྱོ་དྷི་ས་ཏྭ་དང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་དང་གཏེར་སྟོན་རཏྣ་གླིང་པ་རྣམས་ཀྱི་སྤྱན་སྔར་ཁས་བླངས་དམ་བཅས་པའི་


CMR038_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ཚིག་ལས་མ་འདའ་བར༔ སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས༔ དཀོན་མཆོག་གི་དབུ་འཕང་བསྟོད༔ རྣལ་འབྱོར་པ་བདག་ལ་སྡང་བའི་དགྲ་སོད༔ གནོད་པའི་བགེགས་ཐུལ༔ བར་ཆད་ཀྱི་རྐྱེན་ཟློག༔ ཁྱད་པར་དུ་བདག་ཅག་དཔོན་སློབ་མི་ནོར་འཁོར་དང་བཅས་པ་རྣམས་དང་༔ བསྲུང་བྱ་ཡོན་བདག་མི་ནོར་མི་ནོར་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་མ་བྱེད༔ བཟུང་བ་ཡོད་ན་ཐོངས༔ བཅིངས་པ་ཡོད་ན་ཁྲོལ༔ བསྡམ་པ་ཡོད་ན་ཀློད༔ མནན་པ་ཡོད་ན་ཁྱོག༔ དེང་ཕྱིན་ཆད་ནམ་ཡང་གནོད་འཚེ་འཁུ་ལྡོག་མ་བྱེད་ཅིག༔ བཀའ་དང་དམ་ལས་མ་འདའ་ཞིག༔ བཛྲ་ས་མ་ཡ་ནཱ་ར་ཀན༔ ཞེས་ནས་དཀར་མོ་ལ་ཇི་ལྟར་འདོད་པའི་དོན་སྨོད་ནས་བཤོས་བུ་ནང་དུ་གཏོར་ལ༔ ༈ དེ་ནས་གཏོར་མ་ཁ་ཕྱིར་བསྒྱུར་ལ་ཆང་ཕུད་མཆོད༔ ཀྱཻ༔ རིན་ཆེན་གསེར་ལས་རིན་ཆེ་མེད༔ བདུད་རྩི་ཆང་བས་ངོ་ཆེ་མེད༔ བདུད་རྩི་གསེར་སྐྱེམས་འདི་བཞེས་ལ༔ རྒྱལ་ཆེན་བཙུན་མོ་འཁོར་བཅས་ལ༔ འཇིག་རྟེན་གང་བའི་གླུད་བཟང་དང་༔ གཙང་མར་སྦྱར་བའི་ཕུད་རྣམས་དང་༔ རིན་ཆེན་གུ་ལང་གསེར་གྱི་མཆོད༔ བདག་དང་ཡོན་བདག་


CMR038_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་ལ༔ སྲོག་ལ་བར་ཆད་མ་བྱེད་ཅིག༔ ནོར་ལ་གོད་ཁ་མ་བཏང་ཞིག༔ གློ་བུར་ཡེ་འདྲོག་མ་བཏང་ཞིག༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ རྒྱལ་ཆེན་རང་གི་གནས་སུ་གཤེགས༔ རྒྱལ་པོའི་བཞུགས་ས་འདི་ན་མེད༔ ར་ཚང་ནང་དུ་མཛོ་མ་བཏགས༔ ཁང་ཆུང་ནང་དུ་རྒྱལ་མ་བཞུགས༔ རྒྱལ་པོ་བཞུགས་ས་འདི་ན་མེད༔ འོད་དཀར་སྤྲིངས་སེ་ཡུལ་དུ་གཤེགས༔ གཡོག་འཁོར་མང་པོར་བཅས་པ་རྣམས༔ རྒྱལ་གསོལ་དམ་པ་འདི་བཞེས་ལ༔ གནམ་གྱི་སྟེང་དུ་གཤེགས་ན་ཆེ༔ སྲོག་བདག་དཀར་པོ་གྱེན་ལ་གཤེགས༔ རིན་ཆེན་གསེར་སྐྱེམས་འདི་བཞེས་ལ༔ འཁོར་འདིར་གནོད་པ་མ་བྱེད་ཅིག༔ དེ་ནས་གཏོར་མ་བཀྱགས་ལ༔ ཀྱཻ༔ དགྲ་བླའི་རྒྱལ་པོ་པེ་དཀར་ཁྱོད༔ འཁོར་དང་ཡང་འཁོར་བཅས་པ་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ སྔོན་གྱི་ལན་ཆགས་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་བྱང་བར་གྱིས༔ འཕྲལ་གྱི་འགལ་རྐྱེན་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ བུ་ལོན་ཤ་འཁོན་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་བྲལ་བར་གྱིས༔ དོན་


CMR038_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གནོད་པ་ཡོད་ན་ཡང་༔ མཆོད་སྦྱིན་འདི་ཡིས་ཚིམས་གྱུར་ཅིག༔ རང་གི་ལུས་ལ་དཔེ་ལོངས་ལ༔ གཞན་ལ་གནོད་པ་མ་བྱེད་ཅིག༔ ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག༔ ཇི་ལྟར་ས་བོན་གང་བཏབ་པ༔ འབྲས་བུ་དེ་ལྟར་སྨིན་པ་ལྟར༔ རང་བྱས་རང་ལ་སྨིན་པར་འགྱུར་ཞེ་སྡང་གདུག་པའི་སེམས་སྤོངས་ལ་ཞི་བའི་སེམས་དང་ལྡན་པར་མཛོད༔ རྒྱལ་བའི་བཀའ་ལས་མ་འདའ་བར༔ རྒྱལ་པོ་འཁོར་དང་བཅས་པ་ཀུན༔ གཙང་རིས་གནས་སུ་ད་གཤེགས་ཤིག༔ གསོལ་ཀ་ཤོ་ལོ་ཀ་འདི་གཉིས་བསྒྱུར་རོ༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ སྤྱན་རས་གཟིགས་དབང་ཐུགས་ཁྲོས་ནས༔ དཔལ་ཆེན་རྟ་མགྲིན་སྐུར་གྱུར་ནས༔ རྡོ་རྗེ་མཚོན་ཆའི་ཆར་ཕབ་སྟེ༔ ལུས་སེམས་རྡུལ་དུ་བརླགས་ནས་ཀྱང་༔ ཚེ་འདིར་སྡུག་བསྔལ་དཔག་མེད་མྱོང་༔ ཕྱི་མ་མནར་མེད་དམྱལ་བར་ལྟུང་༔ དེ་བས་རང་གི་གནས་སུ་གཤེགས༔ ༈ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ གནོད་པའི་ཞེ་སྡང་སེམས་སྤོངས་ལ༔ བྱམས་པའི་སེམས་དང་ལྡན་པར་མཛོད༔ འདི་ལྟར་མཆོད་སྦྱིན་གཏོར་མ་ཡིས༔ ཁྱོད་ཀྱི་རེ་བ་སྐོང་གྱུར་


CMR038_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག༔ ད་ནི་བསམ་ཡས་གླིང་དུ་གཤེགས༔ ལྷ་ས་ཁྲ་འབྲུག་དེ་རུ་གཤེགས༔ ལྷོ་བྲག་མཁར་ཆུ་དེ་རུ་གཤེགས་སྤུ་བོ་ཆུ་མདོ་དེ་རུ་གཤེགས༔ འཁོར་རྣམས་རང་རང་གནས་སུ་གཤེགས༔ གཤེགས་སོ་དེ་ནི་ཤ་ར་ར༔ བཞུད་དོ་དེ་ནི་ས་ལི་ལི༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཨོཾ་ར་ཙ་གིང་ཀ་ར་ས་པ་རི་ཝཱ་ར་སརྦ་བྷུ་ཏ་གཙྩ་གཙྩ༔ ཞེས་མ་ཎི་ཚ་ཁང་ཕྱོགས་སུ་བསྐྱལ་ལོ༔ ཞེས་པ་འདི་བཀའ་བརྒྱུད་བྱེ་བྲག་གི་རྒྱུ༔ རྒྱལ་པོ་སྐུ་ལྔའི་རྒྱུད་ཆེན་པོ་ལྔ་དང་༔ འཇིག་རྟེན་མཆོད་བསྟོད་རྒྱུད་དང་དྲག་སྔགས་རྒྱུད༔ མགོན་པོའི་སྤྱི་རྒྱུད་ཁྲག་མཚོ་ཁོལ་ཆེན་དང་༔ མ་ནིང་ལས་རྒྱུད་མགོན་པོ་སྟག་ཞོན་རྒྱུད༔ ཨོ་རྒྱན་རྗེས་མཛད་རྒྱལ་པོའི་གསོལ་ཁ་ནི༔ སངས་རྒྱས་གླིང་པའི་གཏེར་དང་རཀཱ་གཏེར༔ ཉང་གིས་མཛད་དང་འཕྲེང་པོ་གཏེར་སྟོན་མཛད༔ འབྲུག་པ་པདྨ་དཀར་པོས་མཛད་པ་དང་༔ འབྲི་གུང་རིན་ཆེན་ཕུན་ཚོགས་མཛད་པ་དང་དེ་བཞིན་གསོལ་མགྱོགས་མི་གཅིག་དུ་མ་རྣམས༔ ཕྱོགས་གཅིག་གུང་བསྡེབས་ལེགས་པར་བསྒྲིགས་པ་འདི༔ སྙིགས་དུས་རྒྱལ་པོས་གནོད་འཚེ་ཆེ་བའི་དུས༔ འགྲོ་བ་ཀུན་ལ་ཕན་པའི་བསམས་པས་བྲིས༔ འདི་ལ་འགལ་འཁྲུལ་ཉེས་པ་ཅི་མཆིས་པ༔ གིང་ཆེན་མགོན་པོ་འཁོར་དང་བཅས་ལ་བཤགས༔ དགེ་བས་འགྲོ་ཀུན་བར་ཆད་རྐྱེན་བྲལ་ནས༔ མྱུར་དུ་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག༔ ཅེས་པ་རཱ་ག་ཨ་སྱས་ལེགས་པར་


CMR038_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྲིགས་པའོ༔ ༈ མགྱོགས་མི་བྱེད་གསོལ་ཁ་རྐྱང་པ་ལ་ཡང་གཤེགས་གསོལ་དགོས་པ་འདི་སྦྱར་རོ༔ ཧཱུྃ༔ དབང་ཆེན་རྟ་མགྲིན་ཡང་སྤྲུལ་ཏེ༔ གུར་གྱི་མགོན་པོའི་ཐུགས་ལས་སྤྲུལ༔ ས་བརྒྱད་ནོན་པའི་སེམས་དཔའ་ཆེ༔ ཆོས་སྐྱོང་རྒྱལ་པོ་པེ་ཧ་ར༔ རྒྱལ་པོ་སྐུ་ལྔ་ཡབ་དང་ཡུམ༔ སྤྲུལ་པ་ལྔ་དང་བློན་པོ་ལྔ༔ ལས་མཁན་ཆེན་པོ་ཅི་དམར་བ༔ ཁྱེད་རྣམས་སྔོན་གྱི་དམ་ཚིག་ཅན༔ རྟ་མགྲིན་གསང་བདག་པད་འབྱུང་གིས༔ དམ་བཏགས་དབང་བསྐུར་སྲུང་མར་བསྐོས༔ ཆོས་སྐྱོང་སྲུང་མ་ཆེན་པོ་ཡིན༔ དེ་ཕྱིར་རྒྱུ་སྦྱོར་ཡོན་བདག་གིས༔ ལོ་དུས་བཞིན་དུ་མཆོད་ལགས་ཀྱིས༔ ལ་ཆེན་ཁ་འཛིན་དབྱིངས་ནས་མཛོད༔ བདག་དང་ཡོན་བདག་འཁོར་བཅས་རྣམས༔ ལྟ་བ་འཕང་དམའ་སྤྱོད་པ་རྩིང་༔ བསྐྱེད་རིམ་མ་གསལ་བཟླས་བརྗོད་ཉུང་༔ དམ་རྫས་མ་འཛོམས་མཆོད་གཏོར་ཞན༔ མངོན་ཤེས་མི་ལྡན་ཕོག་ཐུག་འཆོར༔ དེ་ཕྱིར་རྒྱལ་ཆེན་འཁོར་བཅས་དང་༔ རྒྱུན་དུ་འགྲོགས་པའི་སྐལ་པ་མེད༔ གནམ་ལྷ་བྱང་ཆུབ་གནམ་དུ་གཤེགས༔ གནམ་བདུད་མི་ལ་མ་འབེབས་ཤིག༔ དགུང་ལྷ་དཀར་པོ་དགུང་དུ་གཤེགས༔ མ་ཧཱ་ར་ཙ་བཛྲ་


CMR038_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

མུ༔ དགུང་སྔོན་མཐོན་པོའི་ཡང་སྟེང་ན༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ སེར་ཆགས་ཡོངས་ཀྱི་དགྲ་བླ་ཆེ༔ སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི༔ བསྟན་པ་སྤྱི་དང་། བྱ་ར་མཛོད༔ གཙུག་ལག་བྱེ་བ་དགུ་ཁྲི་ལ༔ སྐྱོང་དར་ཞིག་གསོས་ཕྲིན་ལས་མཛོད༔ རྒྱལ་ཆེན་འཁོར་དུ་གཏོགས་པ་ཡི༔ རྒྱལ་འགོང་དམ་སྲི་ཐེའུ་རང་༔ བགེགས་དང་འབྱུང་པོ་བསེ་རག་རིགས༔ རིག་འཛིན་རྒྱལ་བའི་ཞལ་མ་མཐོང་༔ དམ་ལ་མ་ཐོགས་ནག་པོའི་རིགས༔ འདི་རུ་མ་འདུག་གཞན་དུ་དེངས༔ རང་གི་ལུས་ལ་དཔེ་ལོངས་ལ༔ ཆ་གཞན་ལ་གནོད་པ་མ་བྱེད་ཅིག༔ སློབ་དཔོན་པདྨ་འབྱུང་གནས་ཀྱི༔ བཀའ་བརྒྱུད་འཛིན་པ་ང་ཡིན་པས༔ ང་ཡི་བཀའ་ལ་མ་འདའ་ཞིག༔ གལ་ཏེ་མི་འགྲོ་གནོད་བྱེད་ན་དུས་ཆེན་ཚེས་བཅུ་ཤར་བའི་ཚེ༔ སློབ་དཔོན་པདྨ་འབྱུང་གནས་ནི༔ མཁའ་འགྲོ་སྡེ་བཞི་འཁོར་དང་བཅས༔ སྤྲུལ་པ་བྱེ་བ་ཕྲག་བརྒྱ་ཡིས༔ བོད་ཁམས་ཁྱབ་པར་འབྱོན་པའི་ཚེ༔ སློབ་དཔོན་པདྨ་ཐུགས་ཁྲོས་ནས༔ གུ་རུ་དྲག་པོའི་སྐུར་བཞེངས་ཏེ༔ བཀའ་ལ་འདས་པའི་འབྱུང་པོ་ལ༔ གནམ་ལྕགས་རྡོ་རྗེའི་ཆར་ཕབས་ནས༔ ལུས་ངག་ཡིད་


CMR038_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་རྡུལ་དུ་བརླག༔ གནམ་ལྕགས་སྡིག་པས་སྙིང་ཁྲག་འཇིབས༔ ཤི་ནས་མནར་མེད་དམྱལ་བར་ལྟུང་༔ དེ་བས་དོན་ཆུང་གལ་མ་བསྐྱེད༔ བདག་དང་ཡོན་བདག་འཁོར་བཅས་ལ༔ གནོད་ཅིང་འཚེ་བ་མ་བྱེད་ཅིག༔ རང་རང་སོ་སོའི་གནས་སུ་སོང་༔ མྱུར་དུ་ད་ལྟ་ཉིད་དུ་སོང་༔ ཕྱིན་ཆད་གནོད་པ་མ་བྱེད་ཅིག༔ ཨོཾ་སརྦ་བྷཱུ་ཏ་གཙྩ་གཙྩ༔ ཨོཾ་སུམ་བྷ་ནི་སོགས་བརྗོད༔ ཅེས་པ་ཆོས་སྐྱོང་གང་ལ་ཡང་གསོལ་མཆོད་མཇུག་ཏུ་གཤེགས་གསོལ་ཡོད་པས༔ རྒྱལ་གསོལ་ལ་གཤེགས་གསོལ་དགོས་པ་དང་༔ འཁོར་རྣམས་དམ་སྲི་གདུག་པ་ཅན་ཡང་མང་བས་བགེགས་བསྐྲད་དམ་བདར་གལ་ཆེ་བ་དང་༔ རྒྱལ་ཆེན་རྒྱུན་དུ་བརྟེན་ན་རྩུབ་ཆ་ཆེ་ཞིང་ཆུན་དཀའ༔ ལོ་དུས་ཟླ་དྲུག་ཙམ་ལ་གསོལ་ཁ་བཏང་ཞིང་ཤེས་ན་འཇམ་པའི་ཕྱིར་གཤེགས་གསོལ་འདི་ཡང༔ ༧ སྔགས་འཆང་རཱ་ག་ཨ་སྱས་འཕྲལ་དུ་སྦྱར་བའོ༔ གསོལ་མགྱོགས་སྦྲགས་མ་བྱེད་ན་གཞུང་ལྟར་རོ༔ སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབསྟན་སྲུང་གིང་གི་མགོན་པོ་ནག་པོ་པེ་ཧ་རིའི་གསོལ་མགྱོགས་སྦྲགས་མ།next