Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
འདྲེ་མོ་བཀར་ཡས། འདྲེ་མོ་རྫ་མདོས། འདྲེ་མོ་དགུ་མདོས། ཀུན་གྱི་དོན་བསྡུས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousའདྲེ་མོ་བཀར་ཡས། འདྲེ་མོ་རྫ་མདོས། འདྲེ་མོ་དགུ་མདོས། ཀུན་གྱི་དོན་བསྡུས།next

འདྲེ་མོ་བཀར་ཡས། འདྲེ་མོ་རྫ་མདོས། འདྲེ་མོ་དགུ་མདོས། ཀུན་གྱི་དོན་བསྡུས།


CMR038_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་མོ་བཀར་ཡས། འདྲེ་མོ་རྫ་མདོས། འདྲེ་མོ་དགུ་མདོས། ཀུན་གྱི་དོན་བསྡུས་བཞུགས་སོ།།


CMR038_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་རྒྱ་གྲི་ཝ་ཡེ། རྡོ་མདོས་བསྡུས་པའི་བཅའ་ཐབས་ནི། རྫ་ནག་ཉོབ་བཀང་ས་ཞིབ་བཀོད། །བུད་མེད་དགུ་ཡི་གཟུགས་བྱས་བཞག །གཙོ་མོའི་མདུན་དུ་རྫ་མའི་གཟུགས། །ལུང་དགུའི་རྩ་རུ་མིག་དགུ་གཏོད། །ཁ་དགུ་ལུང་དགུ་མཚོན་ཙམ་ཡིན། །འཇའ་རིས་བྲིས་པའི་ཤིང་རིས་དགུ། །མདའ་དགུ་འཕང་དགུ་མཐའ་ལ་བསྐོར། །དབུས་སུ་ནམ་མཁའ་ནག་པོ་བཙུགས། །བསྡུས་པ་འདྲེ་མོ་བཀར་ཡས་ཡིན། །དེང་སང་ཀུན་གྱི་འདི་རང་བྱེད། །རྫ་མ་ནག་པོ་ཆེན་པོ་ལ། །སྐེད་པར་ཐག་པས་དཀྲིས་བྱས་ཏེ། །ཐག་པ་ནག་པོའི་ལུང་དགུ་བཏགས། །ཉོབ་དང་ས་ཕྱེས་བཀང་བའི་སྟེང་། །ཤིང་ནག་རྒྱ་གྲམ་ཆོད་བྱས་ཏེ། །ཁ་དགུ་ལུང་དགུ་མཚོན་ཙམ་ཡིན། །རེ་མིག་རེ་རེའི་ནང་དུ་ནི། །བུད་མེད་ཐག་ཤ་ཁུར་བ་


CMR038_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །རེ་རེ་ངར་ཆུང་གཏོར་ཆུང་དང་། །བྱ་མོ་ར་ཕག་མཛོ་མོ་ཏོལ། །ཟན་ནག་བསྐང་པར་བཏབ་ལ་འཕང་། །དབུས་སུ་ནམ་མཁའ་ནག་པོ་ཞིག །ཐ་མ་མདའ་འཕང་ཤིང་རིས་དགུ། །འབྲིང་པོ་རྫ་མདོས་བཅའ་ལུགས་ཡིན། །ས་ནག་བརྡལ་ལམ་ཕྱར་ནག་བཏིང་། །གོ་ཐལ་སྐྱ་བོའི་དགུ་གྲམ་ནི། །རེ་རེས་ཁྲུ་ཚད་ཡོད་པར་བྲི། །ལིང་ཚེ་དགུ་ནང་རྫ་ནག་དགུའམ། །རེ་རེར་ཐག་ནག་ལུང་རེ་བཏགས། །དབུས་མར་ལྷ་ཁང་མཁར་འདྲེའི་སྟེང་། །བུད་མེད་སྤྱང་ཀི་ཞོན་པ་བཞག །འདོན་ཆོག་ནང་ནས་འབྱུང་བ་ལྟར། །ཞོན་པ་ཅན་གྱི་བུད་མེད་བརྒྱད། །རྫ་མ་བརྒྱད་པོའི་དཀྱིལ་ཁུག་བཞག །དེ་འདྲ་རེ་ཡི་དྲུང་དུ་ནི། །བྱ་མོ་ར་ཕག་མཛོ་མོ་ཁྱི། །ངར་མི་བཤོས་བུ་ནག་པོ་རེ། །སྲེ་ལོང་ལྟག་རྩ་འཁོར་མོ་རེ། །ནམ་མཁའ་ནག་པོ་


CMR038_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་འཕང་རེ། །རྩི་སྐྱ་རེ་དང་འགལ་དུམ་རེ། །རྒྱང་བུ་རེ་དང་ཤིང་རིས་རེ། །དེ་ནི་དགུ་མདོས་རྒྱས་པ་ཡིན། །ཆངས་བུ་ཏིང་ལོ་ཤ་དུམ་དང་། །ཡོས་བཀྲ་འབྲུ་ནག་ཚ་གཡེར་སོགས། །ཡས་སྟགས་རྣམས་ནི་འདུ་བར་བྱ། །རྒྱས་པར་གབ་སྐུང་ཕུད་འདོད་ན། །བུད་མེད་སྦལ་པ་ཞོན་པའི་གཟུགས། །ཁྱིམ་གུད་གཅིག་ཏུ་སྐུང་ལ་བཞག །དེ་ནས་སྔགས་པས་ཡོན་བདག་བོས། །ཀྱཻ། མི་ཁྱོད་ཀྱི་ཁྱིམ་ན་འདྲེ་མོ་འདུག་པ་མཐོང་ངམ། ལྷ་དང་སྲུང་མ་ལ་ཡོན་འབུལ་ལམ་མི་འབུལ། ཞེས་བརྗོད། ཡོན་བདག་དེས་འདི་སྐད་རྗེས་ཟློས་བྱ། བདག་གིས་ལྷ་གཉེན་པོ་དང་སྔགས་འཆང་རིག་པ་ཅན་གྱི་བཀའ་མི་བཅག །རྟ་དང་གླང་པོ་མ་ཧེ་དང་། །རིན་ཆེན་གསེར་གཡུ་དངུལ་ལ་སོགས། །འཇིག་རྟེན་གང་བའི་ནོར་དང་གཡུ། །ལྷ་ལ་རྟེན་དང་ཡོན་དུ་འབུལ་ལགས་ཀྱིས། །དམ་སྲི་བསེན་མོ་གབ་སྐུང་༄༅ཕུད་པར་ཞུ། དེ་ནས་སྔགས་པས་ཡི་དམ་ལྷའི་ང་རྒྱལ་གྱིས་ཞགས་པ་ནག་པོ་ཐོགས་ནས། འཇིམ་གཟུགས་དེ་ཞགས་པས་འདེབས་ཚུལ་གྱིས་བླངས་ལ། ཡོན་བདག་ལ་གནོད་པའི་འདྲེ་མོ་འདིར་གདའ། འདྲེ་མོ་ཨ་ལ་ལ། དམ་སྲི་མོའི་གབ་སྐུང་ཕུད། འདྲེ་མོའི་གབ་སྐུང་ཕུད། ཤི་འདྲེ་མོའི་གབ་སྐུང་ཕུད། གསོན་འདྲེ་མོའི་གབ་སྐུང་ཕུད། རག་མོ་སྤ་ར་ཎ་ཕཊ༔ རག་མོ་ཨུ་ཙ་


CMR038_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཏ་ཡ་ཕཊ༔ ཅེས་བརྗོད་རྫ་མ་དབུས་མའི་ནང་དུ་བཞག །ལྷ་གཞུང་ཚོགས་སོགས་སྔོན་དུ་སོང་བའི་རྗེས། མདོས་ལ་ཆུ་གཙང་བྲན་ལ་འདི་སྐད་དོ། །ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨུསྭ་བྷ་ཝ་ཤུདྡྷོཉཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བདག་ཉིད་ཡི་དམ་དུ་གསལ་བའི་མདུན་དུ། རཾ་ཡཾ་ཁཾ་གསུམ་དེའི་སྟེང་དུ་ཡུལ་གྲུ་ཚད་དགུའི་རྫ་མ་ནག་པོ་ཁ་དགུ། ལུང་དགུ་པ་རྣམས་ཀྱི་ནང་དུ། ཏྲི་དགུ་ཡོངས་སུ་གྱུར་པ་ལས། དབུས་སུ་དམ་སྲི་ལྟེ་ཕུར་ནག་མོ་འདྲེ་བསེན་མ། ཆིབས་སུ་སྤྱང་ཀི་ལ་ཆིབས་པ། དེའི་ཤར་དུ་ནགས་བསེན་མ། །ལྷོར་སྤང་བསེན་མ། ནུབ་ཏུ་བྲག་བསེན་མ། བྱང་དུ་གནམ་བསེན་མ། ཤར་ལྷོར་མཁར་བསེན་མ། ལྷོ་ནུབ་ཏུ་ཆུ་བསེན་མ། ནུབ་བྱང་དུ་མེ་བསེན་མ། བྱང་ཤར་དུ་རླུང་བསེན་མ། དེའི་འཁོར་དུ་ཡུལ་འདྲེ་མོ། ཤི་འདྲེ་མོ། གསོན་འདྲེ་མོ། སྒབ་འདྲེ་མོ་ལ་སོགས་པ། འདྲེ་བསེན་གྱི་རིགས་སུ་གྱུར་པ་ཐམས་ཅད་བདག་ལ་ཡས་སློང་ཤིང་གུས་པ་དང་། བཀའ་ཉན་པ་དང་། གསུང་སྡོད་པའི་ཚུལ་གྱིས་འདར་ལྡི་ལི་ལི་བྱེད་པར་གྱུར། ན་མོ། རྩ་བརྒྱུད་ཀྱི་བླ་མ་ཡི་དམ་ལྷ་ཚོགས་དང་། དཔའ་བོ་རྟ་མགྲིན་


CMR038_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཁྲོ་བོ་མི་གཡོ་མགོན་པོའི་བདེན་པ་དང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། གསང་སྔགས་རིག་སྔགས་རྣམས་ཀྱི་བདེན་པའི་མཐུས། བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་འདྲེ་མོ། དམ་སྲི་མོ། ཤི་འདྲེ་མོ། གསོན་འདྲེ་མོ། སྒབ་འདྲེ་མོ། ཡུལ་འདྲེ་མོ་ཐམས་ཅད་རང་གཟུགས་གཏོ་གླུད་འདི་ལ་ཁུག་ཅིག །ལྟེ་ཕུར་ནག་མོ་མཱ་ར་ཡ་ཛཿཛཿ ཛཿཧཱུྃ་བཾ་ཧོཿ ལན་གསུམ། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་དབུས་དང་ཕྱོགས་མཚམས་ནས། །ཉོན་མོངས་འདོད་ཆགས་རྒྱུ་ལས་བྱུང་། །དམ་ཚིག་ཉམས་པས་རྐྱེན་བྱས་ཏེ། །སྨོན་ལམ་ངན་པས་མཚམས་སྦྱར་ནས། །།ཡས་དང་གླུད་ལ་དབང་བའི་ཕྱིར། །གནོད་ཅིང་འཚེ་བར་བྱེད་པ་རྣམས། །མདོས་དང་ཡས་ལ་སྤྱན་འདྲེན་ན། །གདུག་པའི་སེམས་དང་མ་བྱོན་པར། །ཞི་ཞིང་བྱམས་པའི་སེམས་ཀྱིས་བྱོན། །དམ་སྲི་རྣམས་ཀྱི་ཆེ་བ་དེ། །བུད་མེད་ནག་མོ་བྱ་མཆུ་མོ། །སྤྱན་ནི་སྐར་ཆེན་ཤར་བ་འདྲ། །མཆེ་བ་ཟླ་བ་ཚེས་པ་འདྲ། །སྨིན་མ་ན་རོ་བྲིས་པ་འདྲ། །རྫི་མ་ཁྲ་གཤོག་བརྐྱང་བ་འདྲ། །ནུ་མ་རིན་ཆེན་འབུར་བ་


CMR038_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

འདྲ། །ལག་པས་ཡས་ལེན་ཧབས་སེ་ཧབ། །རྐང་པས་གར་སྟབས་ཁྱུགས་སེ་ཁྱུག །མདོས་དང་ཡས་ལ་གཤེགས་སུ་གསོལ། །དེ་ཡི་འཁོར་ཚོགས་བུད་མེད་བརྒྱད། །གངས་བསེན་མ་དང་གཡའ་བསེན་མ། །སྤང་བསེན་མ་དང་བྲག་བསེན་མ། །ནགས་བསེན་མ་དང་ས་བསེན་མ། །ཤིང་བསེན་མ་དང་ཆུ་བསེན་མ། །གྲོང་རྒྱུགས་མ་དང་བདུད་མོ་གསུམ། །རྡོ་རྗེ་སྣ་ཡོན་ཤ་ཞོན་དགུ། །ཚེ་སྤོང་གཟའ་དང་ཕོ་ཡོང་བཟའ། །ཤི་འདྲེ་མ་དང་གསོན་འདྲེ་མ། །བསེན་མོ་དུང་ཕྱུར་ལྔ་བརྒྱའི་ཚོགས། །ཀུན་ཀྱང་ཆ་ལུགས་མཐུན་པར་ངེས། །སྤྱན་ནི་སྐར་ཆེན་ཤར་བ་འདྲ། །མཆེ་བ་ཟླ་བ་ཚེས་པ་འདྲ། །སྨིན་མ་ན་རོ་བྲིས་པ་འདྲ། །རྫི་མ་ཁྲ་གཤོག་བརྐྱངས་བ་འདྲ། །ནུ་མ་རིན་ཆེན་འབུར་བ་འདྲ། །ལག་པས་ཡས་ལེན་ཧབས་སེ་ཧབ། །རྐང་པས་གར་སྟབས་ཁྲིགས་སེ་ཁྲིག །མདོས་དང་ཡས་ལ་སྤྱན་འདྲེན་ན། །གདུག་པའི་སེམས་དང་མ་བྱོན་ཅིག །ཁས་གདུག་པ་སྨྲ་ཞིང་མ་འབྱོན་ལ། །ཕྱག་གདུག་པ་བརྐྱང་ཞིང་མ་འབྱོན་ཅིག །དགའ་བདེ་ཞི་བའི་སེམས་ཀྱིས་བྱོན། །རང་རང་གཟུགས་ལ་ཐིམ་སྟེ་སྡོད། །ཧཱུྃ། །


CMR038_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་ལྷ་ཡིས་འདི་སྐད་གསུངས། །སྲིད་པ་བས་ཀྱང་ང་སྔའོ། །འོ་སྐོལ་བས་ཀྱང་ང་སྔའོ། །སངས་རྒྱས་བས་ཀྱང་ང་སྔའོ། །དམ་སྲི་བས་ཀྱང་ང་སྔའོ། །ང་ནི་ཐོག་མ་རང་ནས་ཡོད། །ཁུག་ཅིག་ཕོབ་ཅིག་གཟུགས་ལ་ཕོབ། །དེ་སྐད་བརྗོད་པས་འདྲེ་མོ་རྣམས། །སྐྲག་ཅིང་འདར་ནས་ཐལ་མོ་སྦྱར། །དཔའ་བོ་ཆེན་པོ་ཧེ་རུ་ཀའི། །བཀའ་དང་དམ་ལ་བདག་མི་འདའ། །ཡས་དང་གླུད་མདོས་བདག་ལ་སྦྱིན། །གནོད་པར་བྱེད་རེ་ན་ར་ཀན། །དེ་སྐད་ཟེར་ཞིང་འཁོད་པར་གྱུར། ལྟེ་ཕུར་ནག་མོ་མཱ་ར་ཡ་ཛ་ཛ༔ ལྟེ་ཕུར་ནག་མོ་མཱ་ར་ཡ་ནན། དམ་སྲི་འདྲེ་མོ་མཱ་ར་ཡ་ཛ་ཛ༔ དམ་སྲི་འདྲེ་མོ་མཱ་ར་ཡ་ནན། སླར་ཡང་ཡས་གླུད་ཆུ་གཙང་གིས་བྲན་ལ། ཡས་དང་གླུད་མདོས་མི་གཙང་བའི་ཉེས་སྐྱོན་ཐམས་ཅད་དག་པར་གྱུར། ཨོཾ་སྭ་བྷཱ་ཝ་བི་ཤུདྡྷེ་སརྦ་དྷརཿསྭ་བྷཱ་ཝ་ཤུདྡྷོཉཧཾ། རྫ་མ་མི་དམིགས་པ་ལས། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་ལིང་ཚེ་དགུ་དང་ལྡན་པ། ཤིང་རིས་ཐམས་ཅད་ནི་འདུག་པའི་དུས་ན་ཡུལ། གཤེགས་པའི་དུས་ན་ལམ། མདའ་བཀྲ་སྐྱེས་པ་སྟག་ཆས་ཅན། འཕང་བཀྲ་བུད་མེད་དར་ཟབ་ཀྱིས་བརྒྱན་པ། ནམ་མཁའ་


CMR038_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་སེམས་ཀྱི་གླུད། གཟུགས་འགྲོས་རྣམས་ནི་ལུས་ཀྱི་གླུད། ཚ་ཡོས་རམ་རུག་དཀོར་ནོར་གྱི་གླུད། གཏོར་མ་འབྲང་རྒྱས་ཆངས་བུ་ཏིང་ལོ་རྣམས་འདོད་པའི་ཡོན་ཏན་སྣ་ཚོགས་ཟད་མི་ཤེས་པར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྱ་སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ། ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཡས་གླུད་རྣམས་ཟད་མེད་བདུད་རྩིའི་རང་བཞིན་ལུས་དང་སེམས་ལ་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ གླུད་ཡས་རྣམས་ཀྱིས་ལན་ཆགས་བྱང་བུ་ལོན་སོད། བསྔོས་པ་ཙམ་གྱིས་ཚིམ་པར་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ་ཕཊ༔ མགྲོན་ཐམས་ཅད་ཀྱིས་འཐབ་རྩོད་ཕམ་རྒྱལ་མེད་པར་ཐོབ་པར་གྱུར། ཨོཾ་ཛཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྤ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། མགྲོན་རྣམས་དགའ་ཞིང་བདག་གི་དབང་དུ་འདུས་ནས། །ཇི་ལྟར་བཀའ་བསྒོས་པ་བཞིན་དུ་བྱེད་པར་གྱུར། ཨོཾ་ན་མཿས་མནྟ་བུདྡྷཱ་ནཾ། གྲ་ཧེ་ཤོ་རི་པྲ་བྷན་ཛྭ་ཏི་མ་ཧཱ་ས་མ་ཡེ་སྭཱ་ཧཱ། དེ་ནས་ཡི་དམ་ལྷའི་ང་རྒྱལ་གྱིས་ཟིལ་གྱིས་མནན་པ་ནི། ཧཱུྃ། ང་ནི་ཁྲོ་རྒྱལ་


CMR038_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །སྐུ་ནི་དྲག་ཏུ་བསྐྱོད་པའི་ཚེ། །སྣང་སྲིད་ཐམས་ཅད་གཡོ་ཞིང་འགུལ། །གསུང་ནི་ལྷང་ལྷང་སྒྲོག་པའི་ཚེ། །སྟོང་ཁམས་ཐམས་ཅད་དབང་དུ་སྡུས། །བགེགས་དང་གནོད་བྱེད་གདོན་གྱི་ཚོགས། །དམ་སྲི་ལྟེ་ཕུར་ནག་མོ་དང་། །འདྲེ་མོ་གནོད་བྱེད་གང་ཡིན་པ། །ཁྱོད་ཀྱི་སྙིང་ཁྲག་ང་ལ་ཡོད། །བདག་གི་བཀའ་ལ་མ་འདའ་ཞིག །ང་ནི་སྲིད་པ་ཀུན་གྱི་ཡབ། །ང་ནི་སྐྱེ་འགྲོ་ཀུན་གྱི་རྗེ། །ང་ནི་གླུད་བདག་ཀུན་གྱི་རྗེ། །ང་ཡི་བཀའ་ལ་མ་འདའ་ཞིག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གནོད་པར་བྱེད་པའི་འདྲེ་བསེན་རྣམས། །དེ་རིང་གླུད་དང་མདོས་ལ་བསྐྱོད། །དེ་ནས་འཕྲོག་མོ་བཀར་བ་དང་ཡར་བསེན་ཕྱེ་བ་ནི། ཟངས་ཐེབ་སོགས་སྣོད་གཙང་མར་ཆངས་བུ་གཙང་མ་དགུ་འབྲུ་སྣ་བཏབ་ལ་ཆུ་གཙང་གིས་བྲན། ཏིང་ངམ་ཐེབ་ཙེའི་ནང་དུ་ཇ་ཕུད་ཆང་ཕུད་གང་འཛོམ་བཤམས་ལ། ཧཱུྃ། བཅོམ་ལྡན་ཤཱཀྱ་ཐུབ་པ་ཡི། །བཀའ་དང་དམ་ལ་བཏགས་པ་ཡི། །འཇིག་རྟེན་ལས་ཀྱི་འདྲེ་མོ་ནི། །གླིང་བར་མུན་པའི་ནང་ན་འདུག །མཚན་མོ་རེ་ལ་སྟོང་གསུམ་ལ། །མཚན་མོ་ནག་མོའི་གདོན་ཞེས་བྱ། །སྐྲ་ཤད་ཟེང་བས་ཡུགས་སའི་


CMR038_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས། །མིག་ནི་སེར་ལ་སྡང་མིག་བགྲད། །མཆེ་བ་སྟག་གཟིག་ཁ་གདངས་འདྲ། །ལག་ན་གྲི་གུག་ཁྲག་རྫ་བཟུང་། །རྒྱབ་ན་རེ་སྐྱེ་རྒུ་དགུ་ཁུར། །འཛམ་གླིང་མི་ལ་གླུད་ཁྲལ་སྡུད། །གླུད་བདག་གྲོང་རྒྱུག་འདྲེ་མོ་ལ། །སོར་མཛུབ་ལྔ་ཡི་རྗེས་དོད་པའི། །རྒྱལ་བས་བྱིན་རླབས་ཆངས་བུ་འདི། །ཁྱོད་ལ་ཁྲག་དང་གླུད་དུ་འབུལ། །འདོད་ཡོན་ལྔ་ཡིས་ཚིམས་གྱུར་ནས། །ནད་རིམས་རྐྱེན་ཁ་ཁྱོད་ཀྱིས་ཟློག །ཧཱུྃ། དུར་ཁྲོད་འདྲེ་མོ་ཤ་ཟན་རིགས། །ནག་མོ་དུར་བྱ་རྒོད་ཀྱི་མགོ། །།ལ་ལ་གཅན་གཟན་སྣ་ཚོགས་གདོང་། །ཁྱི་སྤྱང་ཚོགས་རྣམས་རོལ་དུ་ཁྲིད། །སྐྱེ་ཤིང་ཟེར་བའི་མིང་གཅིག་མོ། །ལས་སུ་མི་ནད་སྣ་ཚོགས་གཏོང་། །ཁྱོད་རྣམས་ནད་ཀྱི་བདག་མོ་སྟེ། །འཁོར་དང་བཅས་པ་ཐམས་ཅད་ཀྱི། །འདོད་ཡོན་གླུད་གཏོར་འདི་བཞེས་ལ། །འཆི་བདག་བདུད་ལས་ཐར་བར་མཛོད། །མི་ལ་ན་ཚ་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །བདུད་མོ་འབར་མ་སྤུན་གསུམ་ནི། །རྒྱལ་མོ་སྨད་འཚོང་ཡུལ་ནས་བྱུང་། །གནས་མེད་ཀོ་བ་བྲག་ཕུག་བརྟེན། །ཉེས་མེད་འགྲོ་བ་མང་པོ་ལ།


CMR038_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་མེད་ཟས་སུ་ཟ་བར་བྱེད། །གོས་མེད་གོས་སུ་གྱོན་པར་བྱེད། །དལ་ཡམས་རྐྱེན་ཁ་སློང་བར་བྱེད། །ཁྲོས་ཚེ་བདུད་མོ་འཇིགས་པ་གསུམ། །སྟོབས་དང་རྫུ་འཕྲུལ་བསམ་མི་ཁྱབ། །ཞི་བ་ན་ཆུང་གཞོན་ནུ་གསུམ། །སྐྱེས་པ་ཕོ་ཡི་བླ་ཚེ་རྐུ། །རང་གཟུགས་མི་སྡུག་རྒན་མོ་གསུམ། །ར་ཙག་གྱོན་ནས་བྲང་ལག་སྦྱར། །མིག་འཕང་སྨད་ནས་ཤུམ་ཤུམ་ངུ། །དུས་ངན་བསྐལ་པའི་སྙིགས་མ་ལ། །བདུད་མོ་གསུམ་གྱི་སྤྲུལ་པ་འགྱེད། །བུད་མེད་ཕལ་གྱི་སྙིང་ལ་འཇུག །གསོན་འདྲེར་གྱུར་ནས་ཀུན་ལ་གནོད། །མི་ནོར་མང་པོའི་སྲོག་དབུགས་ལེན། །བདུད་མོ་འབར་མ་སྤུན་གསུམ་ལ། །གླུད་གཏོར་ཆངས་བུ་འདི་འབུལ་གྱིས། །ཁྱོད་ཀྱི་འདོད་པ་ཚིམས་གྱུར་ནས། །རྒྱུ་སྦྱོར་ཡོན་བདག་མོ་རྣམས་ལ། །ལུས་དང་གྲིབ་བཞིན་མ་འགྲོགས་ལ། །ཐག་ནག་བཞིན་དུ་མ་ཁྲིད་ཅིག །ཤ་རུལ་སྦྱང་བཞིན་མ་འཁོར་ཅིག །ཤ་ཁྱི་བཞིན་དུ་མ་འབྲང་ཞིག །མི་མོ་འདྲེ་མོར་མ་སྒྱུར་ཅིག །མི་དང་ནོར་ལ་མ་གནོད་ཅིག །ཧཱུྃ། དཔོན་མོ་རྡོ་རྗེ་སྣ་ཡོན་མ། །ཆིབས་སུ་གཏུམ་དྲག་ཤ་བ་ཆིབས། །གསེར་གཡུ་བྱི་རུའི་རྒྱན་གྱིས་བརྒྱན། །ཤ་


CMR038_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཞོན་སྤུན་དགུ་རི་རྩེ་འགྲིམས། །སྤྱང་ནག་ཞོན་ནས་རི་རྩེབ་འགྲིམ། །ཝ་མོ་ཞོན་ནས་དུར་ཁྲོད་འགྲིམ། །ཁྱི་མོ་ཞོན་ནས་གྲོང་མཐའ་འགྲིམ། །བསོད་ནམས་ཅན་གྱི་དཀོར་བདག་བྱེད། །བསོད་ཟད་རྣམས་ཀྱི་སྒབ་འདྲེ་བྱེད། །གླུད་གཏོར་མཆོད་པ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ངན་གྱི་སྣ་འདྲེན་མ་ག །ཏྲི་རག་མོ་སརྦ་པཱུ་ཙ་ཁཱ་ཧི། ཞེས་ཆངས་བུ་དང་ཕུད་དེ་རྣམས་རྫ་མདོས་ནང་དུ་འབུལ། སླར་རྫ་མདོས་སུ་ཡས་དང་གླུད་བླུགས་ལ་བྲན་ནས། མར་བསེན་གྱི་སྐྱེ་རྒྱུད་བཤད་ཅིང་མདོས་བསྔོ་བ་ནི། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །ང་ནི་པདྨ་ཧེ་རུ་ཀ །ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །ཁྱོད་ཀྱི་སྲོག་སྙིང་ང་ལ་ཡོད། །འདི་ཙམ་ཁྱོད་ཀྱི་མཚན་ནས་འབོད། །འདི་ཙམ་ཁྱོད་ཀྱི་སྐྱེ་རྒྱུད་བཤད། །སྐྱེ་རྒྱུད་ཕུག་ནས་མ་བཤད་ན། །མི་ཤེས་བསམ་ནས་གནོད་པ་བྱེད། །གནད་ནས་བསྐུལ་ཕྱིར་ཚིག་འདི་ཉོན། །སྔོན་གྱི་བསྐལ་པ་དང་པོ་ལ། །དཔལ་ལྡན་ལྷ་མོ་ནག་མོ་དེས། །རྒྱ་མཚོའི་འགྲམ་དུ་བཞུགས་པ་ལ། །ཀླུ་རྒྱལ་ཆུ་སྲིན་བྱ་བ་དེས། །ཡིད་ཀྱིས་སྦྱོར་བ་བྱས་པ་ལ། །ཆུ་སྲིན་ཡི་ནི་བུ་ཆགས་ཏེ། །ཟླ་དགུ་ཟླ་བ་ཅུང་


CMR038_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཞིག་ནས། །ཟླ་བ་བཅུ་གཉིས་ལྟོར་བསྡད་ནས། །མ་ལ་བུ་མོ་སྐྱེས་པ་ནི། །ཞེ་སྡང་ཆེ་བས་མིག་རྩ་སེར། །འདོད་ཆགས་ཆེ་བས་ས་རྩ་ཁམ། །གཏི་མུག་ཆེ་བས་ལྟེ་བ་ནག །དེ་ཕྱིར་ལྟེ་ཕུར་ནག་མོ་ཡིན། །ཡན་ལག་བྱ་རྐང་སྡེར་མོ་ཅན། །ལུས་པོ་མིག་གིས་གང་བ་སྟེ། །དེ་ཕྱིར་ལྟེ་ཕུར་སྟོང་ཁམས་ཁྱབ། །མི་ཡི་ལུས་ལ་བྱ་ཡི་གདོང་། །དེ་ཕྱིར་ལྟེ་ཕུར་བྱ་མཆུ་མ། །ཕུར་བུ་སྒྲུབ་པའི་དམ་སྲི་བྱས། །དེ་ཕྱིར་ལྟེ་ཕུར་དམ་སྲི་མ། །ཀླུ་དང་ས་བདག་སྣ་ཡང་འདྲེན། །དེ་ཕྱིར་ལྟེ་ཕུར་ཀླུ་བསེན་མོ། །སྐྱེས་པ་དར་མའི་བདུད་ཡང་བྱེད། །དེ་ཕྱིར་ལྟེ་ཕུར་མི་རྐུན་མ། །མ་ཡམས་བརྟན་མའི་སྣ་ཡང་འདྲེན། །དེ་ཕྱིར་ལྟེ་ཕུར་ཡམས་བདག་ཡིན། །བུད་མེད་རྣམས་ཀྱི་སྲི་ལ་རྐུ། །དེ་ཕྱིར་ལྟེ་ཕུར་སྲི་རྐུན་མ། །བྱིས་སྦ་ཆུང་གི་ཚེ་ལ་རྐུ། །དེ་ཕྱིར་ལྟེ་ཕུར་ཚེ་རྐུན་མ། །བུད་མེད་ནག་མོ་གདུག་པ་ཅན། །ཁྱོད་ཀྱིས་ལས་ངན་ཅི་ཡང་བྱས། །དང་པོ་འཛམ་གླིང་རྒྱལ་ཁམས་ཕུང་། །ལྷ་མོ་སྒྲུབ་ལ་བར་ཆད་བྱས། །བར་དུ་ཕུར་སྒྲུབ་གྲོགས་ངན་བྱས། །ནོར་ལུག་བུ་ཆུང་ཚེ་ལ་གནོད། །ཐ་མ་བུད་མེད་མཛེས་མའི་གཟུགས། །དུས་དང་བསྐལ་པ་དེ་


CMR038_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ལ། །ལྷ་ཆེན་གར་གྱི་དབང་ཕྱུག་གི །དགོངས་པ་མཛད་པའི་ཉམས་ལས་བྱུང་། །འདི་སྐད་ཅེས་ནི་གསོལ་པ་དང་། །དམ་སྲི་མོ་དང་ས་སྲི་མོ། །ངས་ནི་ངོས་བཟུང་འདྲེ་རུ་བཟུང་། །དེ་སྐད་ཀྱིས་ནི་གསོལ་བ་དང་། །རྟ་མགྲིན་ལྷ་བསྒོམ་ཞལ་ན་རེ། །ངོས་ནི་དམ་སྲི་འདྲེ་རུ་བཟུང་། །དེ་སྐད་ཅེས་ནི་གསུངས་པ་དང་། །དབང་གི་རྒྱལ་པོ་ཐུགས་ཁྲོས་ནས། །དམ་སྲི་མོ་ཡི་མགོ་ནས་བཟུང་། །ཞགས་པ་ནག་པོས་སྐེ་ནས་བཅིངས། །ཁྱོད་ལྷ་རུ་མཆོད་ན་འདྲེ་རུ་སྡང་། །དམ་སྲི་ས་སྲིན་བཟུང་ལ་བཞག །ལྕགས་ཀྱུ་ཅན་གྱིས་སྙིང་ནས་ཟུངས། །ལྕགས་སྒྲོག་ཅན་གྱིས་ཡན་ལག་སྡོམས། །དྲིལ་བུ་ཅན་གྱིས་མྱོས་སུ་བཅུག །དབང་ཆེན་ལྷ་ཡིས་བཀའ་སྩལ་པ། །ལས་ངན་བུད་མེད་ནག་ཆགས་རིགས། །ད་ལྟ་འོང་བ་མ་ལགས་ཏེ། །སྔོན་གྱི་ལས་ངན་ཟབ་མོའི་ཡིན། །སྲིན་ཟ་ལྟེ་ཕུར་ནག་མོ་ནི། །འཁོར་དང་སྤྲུལ་པ་མང་པོ་ཡིས། །འཛམ་གླིང་བདེ་བར་མི་སྟེར་ཏེ། །མི་ནད་ཕྱུགས་ནད་དལ་ཡམས་གཏོང་། །དམ་སྲི་ལྷ་རུ་མི་མཆོད་ལ། །དམ་སྲི་འདྲེ་རུ་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །


CMR038_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་འདིར་གནོད་པ་མ་བྱེད་ཅིག །གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། སྔོན་གྱི་བསྐལ་པ་དང་པོ་ལ། །ཚེ་སྤོང་བཟའ་ཡི་དམར་རྒྱན་མ། །རྒྱལ་པོའི་བཙུན་མོ་དབང་ཆེན་མ། །ལྷ་ཁང་བཞེངས་པའི་སྟོབས་ཆེན་མ། །ས་བརྒྱད་ནོན་པའི་སེམས་དཔའ་ཆེར། །སྐུར་པ་འདེབས་པའི་ལས་ངན་མ། །བཀའ་ཆད་སྡིག་པའི་སྡུག་ཁུར་མ། །མནའ་མ་བསད་པའི་སྡིག་ཅན་མ། །དེ་ནས་བུ་བསད་དུག་སྐྱེ་མ། །སྨོན་ལམ་ངན་པའི་སྐྱེ་མཆེད་ཀྱིས། །བོད་ཁམས་ཕུང་བའི་ཕུང་སྲི་མོ། །དུས་ངན་བསྐལ་པའི་སྙིགས་མ་ལ། །ཁྱོད་ཀྱི་སྤྲུལ་པ་མང་པོ་ཡི། །རྫུ་འཕྲུལ་སྣ་ཚོགས་སྟོན་བྱེད་ཅིང་། །འབྲེལ་ཚད་ངན་སོང་གནས་སུ་ཁྲིད། །དེ་ཕྱིར་ལྷ་རུ་ཁྱོད་མི་མཆོད། །འདྲེ་རུ་ཡང་ནི་མི་བརྡུང་སྟེ། །གླུད་མདོས་རྒྱན་ཅན་འདི་བཞེས་ལ། །བདག་ཅག་ཡོན་མཆོད་མི་ནོར་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །ཟབ་ཡང་དཔལ་གྱི་བསམ་ཡས་ཀྱི། །ཁམས་གསུམ་ཟངས་ཁང་གླིང་དུ་གཤེགས། །གཙུག་ལག་དཀོར་གྱི་བདག་མོ་མཛོད། །ཧཱུྃ། སྔོན་ཚེ་རྒྱ་རྗེའི་སྲས་མོ་ནི། །བོད་ཀྱི་ཡུལ་དུ་ཆས་ཙམ་


CMR038_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

གྱི། །མག་པ་ལྷ་སྲས་ཐག་སེར་བླངས། །བོད་ཀྱི་ས་གནད་ཉམས་པར་བྱས། །སྐྱེ་བ་དེ་ཡི་ཕྱི་མ་ལ། །ཕོ་ཡོང་བཟའ་ཡི་རྒྱལ་མོ་བཙུན། །མཚར་སྡུག་ཨུ་དུམ་ཝ་ར་འདྲ། །འཛམ་གླིང་རྒྱལ་པོའི་ཐུགས་ཀྱི་གཅེས། །རིན་ཆེན་གསེར་གྱི་བདག་མོར་བསྐོས། །ལྷ་ཁང་གཡུ་རྩེ་འོད་འབར་བཞེངས། །མངའ་བདག་སྐུ་ཚེ་ཐུང་བར་གྱུར། །རྒྱལ་པོའི་སྲས་དང་སྡོད་ཙམ་ན། །ཆེན་མས་ཕྲག་དོག་གཤེད་མ་བསྐོས། །བྲོས་བསམ་མ་ཐར་སྐྱབས་མགོན་མེད། །གཡོག་མོ་གཉིས་དང་དཔོན་གཡོག་གསུམ། །བུ་ཚལ་གསེར་ཁང་གླིང་དུ་ལྕིབས། །ཕོ་ཡོང་བཟའ་ཡི་རྒྱལ་མོ་དང་། །འབྲོམ་བཟའ་དེ་ནི་ལྷ་ལྕམ་དང་། །གཙང་བཟའ་ཁྱི་ཐར་མ་དང་གསུམ། །པེ་ཀར་རྒྱལ་པོའི་བཙུན་མོར་སྐྱེས། །རྒྱལ་བསེན་བསྡོངས་ནས་ཀུན་ལ་གནོད། །སྐྱེས་པའི་ཐིག་ལེ་འཆོར་བར་བྱེད། །མཛེས་མར་སྤྲུལ་ནས་བླ་ཚེ་རྐུ། །དེ་ཡང་ཁྱོད་ཀྱི་ཆོ་འཕྲུལ་ཡིན། །བུད་མེད་ཀྱི་གཅེར་བུ་མོ་མཚན་སྟོན། །མཆེ་རིས་ཅན་དང་སྐུ་སིག་ཅན། །བྱི་སྦ་བསམ་མེད་རུམ་པ་རྨིས། །མི་རྒན་མགོ་སེ་རུམ་པ་རྨིས། །ངོ་ཚ་མེད་ཅིང་གཅེར་འགྲོས་བྱེད། །སེམས་


CMR038_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་རང་སྲོག་གཅོད་སྙིང་འདོད། །དེ་ཡང་ཁྱོད་ཀྱི་ཆོ་འཕྲུལ་ཡིན། །བསེན་མོ་དཔོན་གཡོག་འཁོར་དང་བཅས། །ལྷ་རུ་ཡང་ནི་མི་མཆོད་དེ། །འདྲེ་རུ་ཡང་ནི་མི་བརྡུང་ངོ། །གླུད་མདོས་རྒྱན་ཅན་འདི་ཁྱེར་ལ། །བདག་ཅག་ཡོན་མཆོད་མི་ནོར་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །བུ་ཚལ་གསེར་ཁང་གླིང་དུ་གཤེགས། །ཆོས་སྐྱོང་རྒྱལ་པོའི་སྐྱོང་རོགས་མཛོད། །དང་པོ་སྲིད་པ་ཆགས་ཙམ་ན། །སྒོ་ང་ནག་པོ་དགུ་རུ་སྲིད། །ལྕགས་སྒོང་ནག་པོ་བརྡོལ་ནང་ནས། །ས་སྲིན་ནག་མོ་སྤུན་དགུ་བྱུང་། །དམ་སྲི་ནག་མོ་ཆེ་བ་དེ། །བུད་མེད་ཁྲག་གི་གདོང་པ་ཅན། །ལྕགས་ཀྱི་ཐག་ཤ་རྒྱབ་ན་ཁུར། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིག་ཚག་ཕྲེང་བ་འདྲེན། །ཆིབས་སུ་སྤྱང་ཀི་སྔོན་མོ་བཅིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །ལྷ་ཁང་སྟོང་པའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་


CMR038_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་ཟངས་ཀྱི་གདོང་པ་ཅན། །རྒྱབ་ན་ཟངས་ཀྱི་ཐག་ཤ་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་སྤྱང་ཀི་སྔོན་མོ་བཅིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །ལྷ་ཁང་སྟོང་པའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་བསེ་ཡི་གདོང་པ་ཅན། །བསེ་ཡི་ཐག་ཤ་རྒྱབ་ཏུ་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་དོམ་ནག་


CMR038_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

གྲྭ་པ་ཆིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །མཆོད་རྟེན་རུལ་པའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག་སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་བྱི་རུའི་གདོང་པ་ཅན། །སྙུག་མའི་ཐག་ཤ་རྒྱབ་ན་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་དྲེད་མོང་ཁམས་པ་ཆིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །ཚ་ཚ་དུམ་པའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་


CMR038_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་མཚལ་གྱི་གདོང་པ་ཅན། །སྦ་ཡི་ཐག་ཤ་རྒྱབ་ན་ཁུར་། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་བོང་བུ་གྲྭ་པ་ཆིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །རྫ་བུ་ཤཱ་རིའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་མཆེ་རིས་གདོང་པ་ཅན། །ཡུགས་ས་མ་ཡི་གཟུགས་སུ་འདུག །གླང་མའི་ཐག་ཤ་རྒྱབ་ཀྱིལ་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་དྲེལ་ནག་མགོ་དགུ་ཆིབས། །ཁྱོད་ཀྱི་


CMR038_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

གནས་དང་འཕང་ར་ནི། །གླང་མ་དེ་མའི་རྐང་གཅིག་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་ནི། །བུད་མེད་ནག་མོ་དུང་གི་གདོང་པ་ཅན། །བསེ་ཡི་ཐག་ཤ་རྒྱབ་ལ་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་ཁྱི་མོ་ནག་མོ་ཆིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །དབེན་གནས་ཧྲིལ་པོའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་


CMR038_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་གཡུ་ཡི་གདོང་པ་ཅན། །གཡུ་ཡི་ཐག་ཤ་རྒྱབ་ལ་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས། །བུ་ཆུང་ཚིལ་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་ཁྱིམ་བྱ་རུ་མ་ཆིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །བྲག་ཕུག་རྙིང་པའི་ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ་། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །བུད་མེད་ནག་མོ་མཐིང་ཤུན་གདོང་པ་ཅན། །ཟངས་མའི་ཐག་ཤ་རྒྱབ་ལ་ཁུར། །བུ་ཆུང་ཐོད་ཕྲེང་མགོ་ལ་བཅིངས་། །བུ་ཆུང་ཚིག་ཚག་ཕྲེང་བ་འདྲེན། །ན་ཆུང་གཡང་གཞི་ཕྲག་ལ་བཀལ། །ཆིབས་སུ་རྔ་མོང་གཱ་པ་བཅིབས། །ཁྱོད་ཀྱི་གནས་དང་འཕང་ར་ནི། །ཆུ་མིག་ཚག་ཚིག་


CMR038_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ན་གནས། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། །སྔགས་སྡོམ་ཟབ་མོ་མ་ཐུབ་པས། །ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཧཱུྃ། དེ་ཡི་སྤྲུལ་པ་ཕྱག་བརྙན་མོ། །རྩང་གི་ཐིལ་མོ་ཝ་ཞོན་མ། །འདྲེ་མོ་ཕག་སྣ་མ་ལ་སོགས། །ས་སྲི་མོ་དང་ཕུང་སྲི་མོ། །ཤི་འདྲེ་མོ་དང་ཡུལ་འདྲེ་མོ། །གསོན་འདྲེ་མོ་དང་སྒབ་འདྲེ་མོ། །ཆུ་འདྲེ་མོ་དང་རྦབ་འདྲེ་མོ། །ན་འདྲེ་མོ་དང་ལྕིབས་འདྲེ་མོ། །དམེ་འདྲེ་མོ་དང་ཕུང་འདྲེ་མོ། །ཁྱོད་སྔོན་ཡང་སྔགས་སྡོམ་ཟབ་མོ་བསྲུང་། ད་ལྟ་དམ་སྲི་འདྲེ་མོར་སྐྱེས། །དམ་སྲི་ལྷ་ཡང་མི་མཆོད་ལ། །དམ་སྲི་འདྲེ་ཡང་མི་བརྡུང་ངོ། །ནག་མོ་དགུ་མདོས་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག༔ སྔར་གནོད་པ་བྱས་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །ཁྱེད་རྣམས་ཀུན་ལ་ཡས་གླུད་བསྔོ། །རྫ་མ་ཁ་དགུ་ལུང་དགུ་བཞེས། །འབྲུ་སྣ་དགུ་ལ་གཤེད་དེ་


CMR038_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས། །ནམ་མཁའ་དགུ་ལ་གཟིགས་ཏེ་གཤེགས། །རྒྱང་བུ་དགུ་ལ་བལྟས་ཏེ་གཤེགས། །མདའ་བཀྲ་དགུ་ལ་གསོར་ཏེ་གཤེགས། །འཕང་བཀྲ་དགུ་ལ་གཤེད་དེ་གཤེགས། །སྲེ་ལོང་དགུ་ལ་ཞོན་ཏེ་གཤེགས། །ལྟག་རུས་དགུ་ལ་བསྐོར་ཏེ་གཤེགས། །ཐོད་རུས་དགུ་ལ་བསྣམས་ཏེ་གཤེགས། །འགལ་པ་དགུ་ལ་བབ་སྟེ་གཤེགས། །འབྲང་རྒྱས་དགུ་ལ་གསོལ་ཏེ་གཤེགས། །མར་མེ་དགུ་ལ་བཤུས་ཏེ་གཤེགས། །ར་དགུ་ཁྱི་དགུ་ཕག་དགུ་དང་། །བ་དགུ་མཛོ་དགུ་རྟོལ་བུ་དགུ། །སྦྲུལ་དང་སྦལ་པ་ལྕོང་མོ་དང་། །དགུ་དགུ་འདུས་པའི་ཡས་སྟགས་རྣམས། །དམ་སྲི་ནག་མོ་འཁོར་བཅས་ལ། །འདོད་པའི་ནོར་དང་དཀོར་དུ་བཞེས། །རམ་པ་རུག་པ་ཚྭ་དང་བུལ་ཏོག་དང་། །གྲོ་མ་སྐྱུར་བ་ཤེལ་ཚིགས་དང་། །སྐག་དང་གཡེར་མ་མཚུར་དང་ཚེ། །འདི་རྣམས་འདོད་པའི་ཡས་སུ་བཞེས། །འདི་རྣམས་བཟའ་བའི་ཟས་སུ་བཞེས། །འདི་རྣམས་ལོངས་སྤྱོད་ནོར་དུ་བཞེས། །འདོད་ཡོན་ལྔ་ཡི་མཐུན་རྫས་ཡིན། །དབང་པོ་ལྔ་ཡི་ལྷ་ཚོགས་ཡིན། །འདོད་པའི་ཡས་སྟགས་འདི་རྣམས་ཀུན། །རྒྱུ་སྦྱོར་ཡོན་བདག་འདི་


CMR038_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ལ། །མེད་པ་དེ་ནི་མི་ལས་བཙལ། །ཡོད་པ་དེ་ནི་ཕུག་ནས་ཕྱུང་། །སྲ་བ་དེ་ནི་བྲག་ལས་བསྐོས། །སྙི་བ་དེ་ནི་ཆུ་ལས་བཅུས། །ལན་ཆགས་གླུད་དང་ཡས་སུ་འབུལ། །གླུད་མདོས་དམ་པ་འདི་བཞེས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །ཕོ་ཡི་སྟོང་ལ་མ་དགུག་ཅིག །མོ་ཡི་མངལ་ལ་མ་འཇབ་ཅིག །བྱི་སྦ་ཆུང་ནས་མ་གསོད་ཅིག །སྒོ་ཡི་ནོར་ལ་མ་འཕྲོག་ཅིག །ཕུག་གི་སྲིད་ལ་མ་རྐུ་ཞིག །ཁྱིམ་སྒོ་འདི་རུ་མ་འགྲིམ་ཞིག །སྔར་བྱས་གནོད་པས་ཁྱོད་རང་ཕུང་། །དེ་ཕྱིར་མི་གནོད་དམ་ཆོས་ཤིག །རང་གི་ལུས་ལ་དཔེ་ལོངས་ལ། །སེམས་ཅན་གཞན་ལ་གནོད་པ་མ་བྱེད་ཅིག །སྔར་བྱས་མི་དགེའི་ལས་རྣམས་ནི། །ཕྱི་མ་རྣམ་སྨིན་རང་ལ་སྡིག །བདག་ཅག་སྔགས་འཆང་རྣལ་འབྱོར་གྱི། །བདེན་པའི་བཀའ་དྲིན་བཀའ་ལ་ཉོན། །བྱིན་གྱིས་བརླབས་པའི་གླུད་མདོས་བཞེས། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་དེངས། །ཁྱོད་མི་ཤ་དག་ལ་ཟ་བསམ་སྟེ། །ཤ་འདི་ཡུམ་མཆོག་སངས་རྒྱས་སྤྱན། །ཟོས་ན་ཡི་ག་འཆིང་བར་བྱེད། །ཁྱོད་མི་ཡི་ཁྲག་ལ་འཐུང་བསམ་སྟེ། །


CMR038_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་འདི་ཡུམ་མཆོག་མཱ་མ་ཀཱི། །འཐུང་ན་ཡི་ག་འཆིང་བར་བྱེད། །ཁྱོད་མི་ཡི་དྲོད་ལ་བསྙག་བསམ་སྟེ། །དྲོད་འདི་ཡུམ་མཆོག་ན་བཟའ་དཀར། །བསྙག་ན་ཡི་ག་འཆིང་བར་བྱེད། །ཁྱོད་མི་ཡི་དབུགས་ལ་རྩུབ་བསམ་སྟེ། །དབུགས་འདི་ཡུམ་མཆོག་དམ་ཚིག་སྒྲོལ། །རྔུབ་ན་ཡི་ག་འཆིང་བར་བྱེད། །ཟས་ཀྱི་ལ་ཡོག་མྱུར་དུ་སྡིག །ཡང་བུད་མེད་ནག་མོ་གཏི་མུག་ཆེ། །ཕག་ནག་དགུ་པོ་དེད་ལ་སོང་། །བུད་མེད་ནག་མོ་འདོད་ཆགས་ཆེ། །བྱ་ནག་དགུ་པོ་དེད་ལ་སོང་། །བུད་མེད་ནག་མོ་ཞེ་སྡང་ཆེ། །སྦྲུལ་ནག་དགུ་པོ་དེད་ལ་སོང་། །བུད་མེད་ནག་མོ་ཕྲག་དོག་ཆེ། །ཁྱི་ནག་དགུ་པོ་དེད་ལ་སོང་། །ཁྱོད་ཧ་ཅང་སྐྱུར་ལ་དད་མ་ཆེ། །ཧ་ཅང་སྐྱུར་ལ་དད་ཆེ་ན། །གཏི་མུག་བྱོལ་སོང་གནས་སུ་སྐྱེ། །གླེན་ལྐུགས་གནས་ནས་ཐར་དུས་མེད། །ཧ་ཅང་དཀར་ལ་དད་མ་ཚེ། །ཧ་ཅང་དཀར་ལ་དད་ཆེ་ན། །སེར་སྣ་ཡི་དྭགས་གནས་སུ་སྐྱེ། །བཀྲེས་སྐོམ་གནས་ལས་ཐར་དུས་མེད། །ཧ་ཅང་དམར་ལ་དད་མ་ཆེ། །ཧ་ཅང་དམར་ལ་དད་ཆེ་ན། །ཐར་མེད་དམྱལ་བའི་གནས་སུ་འགྲོ། །ཚ་གྲང་སྡུག་བསྔལ་ཐར་དུས་མེད། །


CMR038_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཉིད་བདེན་པའི་བཀའ་ལ་ཉོན། །བསྔོས་པའི་གླུད་མདོས་འདི་བཞེས་ལ། །མ་ཆགས་མ་འཁོར་དམ་སྲི་མ། །རང་རང་གནས་སུ་བདེ་བར་དེངས། །སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟོ། །ལུས་ཀྱི་སྡོམ་པ་ལེགས་པ་ནི། །ངག་གི་སྡོམ་པ་ལེགས་པ་ཡིན་། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །ཐམས་ཅད་དུ་ནི་སྡོམ་པ་ལེགས། །རྒྱལ་བའི་བཀའ་འདི་བསྒྲགས་པའི་མཐུས། །ཁྱེད་ཅག་གདུག་རྩུབ་ཞི་གྱུར་ནས། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །དེ་ནས་མདོས་ཁ་ཕྱིར་བསྒྱུར་ལ་ཡོས་བཀྲ་འབྲུ་ནག་ཚྭ་སྒོག་རམ་རུག་སོགས་རྫོངས་སུ་འདེབས་ཟེར་དུས་འདེབས་འཇུག་ཅིང་། ཀྱཻ། ལྷ་ཡང་གསོན་ལ་འདྲེ་ཡང་ཉོན། །སྲིད་པའི་གཙུག་ལག་བདེན་པའི་གཉེན། །བདག་གི་སྲུང་མ་བཀའ་བདེན་ནོ། །ཡི་དམ་ལྷ་ཚོགས་བཀའ་བདེན་ནོ། །ཆོས་སྐྱོང་སྲུང་མ་བཀའ་བདེན་ནོ། །ཡུལ་ལྷ་ཟོ་དོར་བཀའ་བདེན་ནོ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །གནོད་པར་བྱེད་པའི་འདྲེ་བསེན་མ། །འདོད་པའི་ཡས་སྟགས་རྫོངས་སུ་འདེབས། །ཀྱཻ། ངར་གྱི་མི་ཆུང་དགུ། སྨྲ་དང་


CMR038_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ས་ལ་ལ། འགྲོ་བའི་ཡས་སུ་བཟང་། འདྲེ་བསེན་དགུ་ལ་རྫོ་ངས་སུ་འདེབས། གཏོར་མ་དམར་པོ་དགུ། དམར་དང་སྒ་ར་རོ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། འདྲེ་རི་ནག་པོ་དགུ། འབའ་དང་དི་རི་རི། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། འབྲང་རྒྱས་ཁྲ་བོ་དགུ། ཁྲ་དང་མེ་རེ་རེ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ཏིང་ལོ་ནག་པོ་དགུ། འཁོར་དང་སྒ་ར་ར། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ཕག་པ་ནག་པོ་དགུ། འདུར་དང་ཞུ་ལུ་ལུ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ལྕགས་ཀྱི་ཁྱི་རྒན་དགུ། ཟུག་པ་ལྷངས་སེ་ལྷང་། འདྲེ་བསེན་དགུ་ལ་རྫོ་ངས་སུ་འདེབས། རྔ་མོང་ག་པ་དགུ། འཕག་དང་ལིངས་སེ་ལིང་། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། སྲེག་པ་གལ་བྱེད་དགུ། འཕུར་དང་ཕྱ་ར་ར། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། མཆོང་གི་བྱེ་ལྡེབ་དགུ། སྐྱ་དང་ཐ་ར་ར། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། སྤྲེའུ་ངོ་དམར་དགུ། འཇག་དང་ཁྱུགས་སེ་ཁྱུག །འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། བྱ་མོ་ནག་མོ་དགུ། འཕུར་དང་ལྷབས་སེ་ལྷབ། །


CMR038_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ནམ་མཁའ་ནག་པོ་དགུ། ནག་དང་ཝངས་སེ་ཝང་། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། མདའ་བཀྲ་ཁྲ་མོ་དགུ། ཁྲ་དང་སི་ལི་ལི། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། འཕང་བཀྲ་གཡུ་ལོ་དགུ། འཁོར་དང་སྒ་ར་ར། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། རྒྱང་བུ་ནག་པོ་དགུ། ནག་དང་ལྕེ་ལྡེམས་སེ་ལྡེམ། འདྲེ་བསེན་དགུ་ལ་རྫོ་ངས་སུ་འདེབས། རེ་བའི་བ་དན་དགུ། ནག་དང་ཕྱ་ར་ར། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ཤིང་རིས་རྣམ་པ་སྣ་ཚོགས་རྣམས་ཁྲི་དང་མེ་རེ་རེ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། རྩྭ་སྐྱ་ལྡེམ་པ་དགུ། སྐྱ་དང་སི་ལི་ལི། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། སྟག་རས་གཟིག་རས་དགུ། ཁྲ་དང་མེ་རེ་རེ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ནོར་རུ་མིག་དོད་དགུ། ཁྲ་དང་སི་ལི་ལི། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས།ཐལ་བའི་མི་མགོ་དགུ། སྐྱ་དང་སུ་ལུ་ལུ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། མགལ་བུ་མཆུ་ནག་དགུ། ཁྲ་དང་ཚུབས་སེ་ཚུབ། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ལྟག་


CMR038_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

རུས་ཁོར་མོ་དགུ། འཁོར་དང་སྒ་ར་ར། འདྲེ་བསེན་དགུ་ལ་རྫོ་ངས་སུ་འདེབས། ཨ་འཁྲང་སྲེ་ལོང་དགུ། བཞད་གད་ལྷངས་སེ་ལྷང་། འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། གོ་སྒུམ་རམ་བརྒྱག་དགུ། ཐལ་དང་ཚུབས་སེ་ཚུབ། འདྲེ་བསེན་དགུ་ལ་རྫོ་ངས་སུ་འདེབས། ཟོ་བཤལ་རྐྱལ་བཤལ་དང་། ཚྭ་ཡོས་རམ་རུག་དང་། ཐག་ཆད་རྡང་ཆད་དང་། ནོར་གླུད་ངར་གླུད་འདི། མི་བས་གླུད་རེ་བཟང་། བྱ་བས་སྤུ་རེ་འཐུག །འདྲེ་བསེན་དགུ་ལ་རྫོངས་སུ་འདེབས། ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །དེ་ནས་མདོས་ཀྱི་མདུན་ནས་ཐལ་དཀར་གྱིས་ལམ་དགུ་བྲིས་ལ། ལམ་བསྟན་པ་ནི། ལྟེ་ཕུར་མ། དམར་རྒྱན་མ། ཕོ་ཡོང་བཟའ། འབྲོག་བཟའ་ལྷ་ལྕམ། རྩང་བཟའ་ཁྱི་ཐར། ཐིའུ་མོ་ར་ཞོན། གློག་བསེན་མ། རླུང་བསེན་མ། གངས་བསེན་མ། གཡའ་བསེན་མ། སྤང་བསེན་མ། བྲག་བསེན་མ། ནགས་བསེན་མ། ཆུ་བསེན་མ། ས་བསེན། མཁར་བསེན་མ། ཤི་འདྲེ་མ། གསོན་འདྲེ་མ། སྒབ་འདྲེ་མ། ཡུལ་འདྲེ། རྣ་འདྲེ་མ། ལྕིབ་འདྲེ་མ། ཆུ་འདྲེ། དམ་སྲི་མ་རྣམས་འགྲོ་


CMR038_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

རན༔ འདུག་ས་ལ་ཡུན་མ་རིང་། རང་རང་གནས་སུ་བདེ་བར་དེངས་ཤིག །ཀྱཻ། ཉི་མ་ཤར་ཕྱོགས་ཕ་ཀི་ན། །དུང་གི་མི་རྟ་ཆས་རེ་བཟང་། །དྲི་ཟའི་ཡུལ་དུ་ལམ་བསྟན་ནོ། །འདྲེ་མོ་མང་པོའི་འབོད་གདངས་དི་རི་རི། །གཡབ་དང་དེ་ནི་ལིངས་སེ་ལིང་། །དཔོན་མོ་འདིར་བྱོན་རྗེ་མོ་འདི་བྱོན་ཟེར། བྲོ་རྡུང་དེ་ནི་ཁྲིགས་སེ་ཁྲིག །གླུ་ལེན་དེ་ནི་ཀྱུ་རུ་རུ། །དེ་ཡུལ་དེ་ཡི་ས་ཆ་ན། །མ་མོ་བསེན་མོ་དེ་རུ་སོང་། །མོ་འདྲེ་གསོན་འདྲེ་དེ་རུ་སོང་། །ཡོན་བདག་སྐུ་གླུད་དེ་རུ་འཇལ། །མོ་ངན་འཚེར་རྩུབ་དེ་རུ་སྒྱུར། །ཀྱཻ། ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཡུ་ཡི་མི་རྟ་ཆས་རེ་བཟང་། །གཤིན་རྗེ་ཡུལ་དུ་ལམ་བསྟན་ནོ། །འདྲེ་མོ་མང་པོའི་འབོད་གདངས་དི་རི་རི། །གཡབ་དང་དེ་ནི་ལིངས་སེ་ལིང་། །དཔོན་མོ་འདིར་བྱོན་རྗེ་མོ་འདི་བྱོན་ཟེར། །བྲོ་བརྡུང་དེ་ནི་ཁྲིགས་སེ་ཁྲིག །གླུ་ལེན་དེ་ནི་ཀྱུ་རུ་རུ། །དེ་ཡུལ་དེ་ཡི་ས་ཆ་ན། །མ་མོ་བསེན་མོ་དེ་རུ་སོང་། །མོ་འདྲེ་གསོན་འདྲེ་དེ་རུ་སོང་། །ཡོན་བདག་སྐུ་གླུད་དེ་རུ་འཇལ། །མོ་ངན་འཚེར་རྩུབ་དེ་རུ་སྒྱུར། །ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །བྱི་རུའི་མི་རྟ་ཆས་རེ་བཟང་། །ཀླུ་


CMR038_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ཡུལ་དུ་ལམ་བསྟན་ནོ། །འདྲེ་མོ་མང་པོའི་འབོད་གདངས་དི་རི་རི། །གཡབ་དང་དེ་ནི་ལིངས་སེ་ལིང་། །དཔོན་མོ་འདིར་བྱོན་རྗེ་མོ་འདི་བྱོན་ཟེར། །བྲོ་བརྡུང་དེ་ནི་ཁྲིགས་སེ་ཁྲིག །གླུ་ལེན་དེ་ནི་ཀྱུ་རུ་རུ། །དེ་ཡུལ་དེ་ཡི་ས་ཆ་ན། །མ་མོ་བསེན་མོ་དེ་རུ་སོང་། །མོ་འདྲེ་གསོན་འདྲེ་དེ་རུ་སོང་། །ཡོན་བདག་སྐུ་གླུད་དེ་རུ་འཇལ། །མོ་ངན་འཚེར་རྩུབ་དེ་རུ་བསྒྱུར། །ཀྱཻ། ཉི་མ་བྱང་ཕྱོགས་ཕ་ཀི་ན། །གསེར་གྱི་མི་རྟ་ཆས་རེ་བཟང་། །གནོད་སྦྱིན་ཡུལ་དུ་ལམ་བསྟན་ནོ། །འདྲེ་མོ་མང་པོའི་འབོད་གདངས་དི་རི་རི། །གཡབ་དང་དེ་ནི་ལིངས་སེ་ལིང་། །དཔོན་མོ་འདིར་བྱོན་རྗེ་མོ་འདི་བྱོན་ཟེར། །བྲོ་བརྡུང་དེ་ནི་ཁྲིགས་སེ་ཁྲིག །གླུ་ལེན་དེ་ནི་ཀྱུ་རུ་རུ། །དེ་ཡུལ་དེ་ཡི་ས་ཆ་ན། །མ་མོ་བསེན་མོ་དེ་རུ་སོང་། །མོ་འདྲེ་གསོན་འདྲེ་དེ་རུ་སོང་། །ཡོན་བདག་སྐུ་གླུད་དེ་རུ་འཇལ། །མོ་ངན་འཚེར་རྩུབ་དེ་རུ་བསྒྱུར། །ངར་འགྲོ་དེ་ནི་ལྡེམས་སེ་ལྡེམ། །མདོས་འགྲོ་དེ་ནི་ཤིགས་སེ་ཤིག །གླུད་འགྲོ་དེ་ནི་སི་ལི་ལི། །མ་ཡམས་དང་ནི་མ་བདུད་དང་། །མོ་འདྲེ་དམ་སྲི་བསེན་མོ་རྣམས། །ཆུ་བོ་ཆེན་པོའི་གཞུང་


CMR038_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་། །ཀླུ་བདུད་རྣམས་ཀྱི་དགྱེས་སྡེ་མཛོད། །དུར་ཁྲོད་ཆེན་པོའི་གླིང་དུ་སོང་། །མ་མོ་རྣམས་ཀྱི་གཡོག་མོ་མཛོད། །བྲག་རི་དམར་པོའི་རྩ་རུ་སོང་། །བཙན་ཕྲན་རྣམས་ཀྱི་མཛའ་མོ་གྱིས། །བྲག་ཕུག་སྟོང་པའི་ནང་དུ་སོང་། །ཐེའུ་རང་རྣམས་ཀྱི་རྩེ་རོག་མཛོད། །ཀྱེ་མ་དམ་སྲི་དམན་མོའི་ཚོགས། །མཁའ་ལ་རྒྱུ་བའི་ཡི་དྭགས་རིགས། །རྟག་ཏུ་ལྟོགས་སྐོམ་མེ་ལྟར་འབར། །ཤ་ཁྲག་དྲི་ཚོར་བཟོད་གླག་མེད། །དེ་ཕྱིར་ཕྱག་ན་རྡོ་རྗེ་ཡིས། །གནང་བའི་ཟ་ལམ་ཁྱོད་ལ་སྟོན། །སངས་རྒྱས་བསྟན་པ་བཤིག་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །ཕྲག་དོག་དུག་སྦྱོར་བྱེད་པ་དང་། །བསྒྲལ་བའི་ཞིང་བཅུ་ཚང་བ་ཡི། །དགྲ་བོ་མ་སྲི་བུ་མང་ལ། །མགོ་ལ་གསེར་དང་གཡུ་ཡིས་བརྒྱན། །ལུས་ལ་དར་དང་ཟབ་ཀྱིས་བརྒྱན། །བྲོ་རྡུང་དེ་ནི་ཁྲིགས་སེ་ཁྲིག །གླུ་ལེན་དེ་ནི་ཀྱུ་རུ་རུ། །འབོད་དང་དེ་ནི་སྟོངས་སེ་སྟོང་། །རྗེ་མོ་འདིར་བྱོན་འདྲེ་མོ་འདིར་ཤོག་ཟེར། །དེ་རུ་སོང་དང་དེ་རུ་སྐྱིད། །ཟ་ཁ་འཐུང་ཁ་དེ་རུ་སྟོན། །ཟད་མེད་ལོངས་སྤྱོད་དེ་ལ་གྱིས། །འདྲེ་མོ་དམན་མོ་གཙཱ་གཙྪ། །ཞེས་ཕྱོགས་


CMR038_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་ས་དང་རིང་དུ་བསྐྱལ་ལོ། །དེ་ནས་མོ་འདྲེ་དང་འབྲེལ་གཅོད་པ་ནི། རང་གི་སྙིང་ཁར་ཡི་གེ་ཧཱུྃ་མཐིང་ནག་དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་བདག་ལུས་གདོས་བཅས། ཤ་ཁྲག་གྲིབ་དང་མི་གཙང་བ་ཐམས་ཅད་བསྲེགས་ནས། མེ་དཔུང་ཆེན་པོར་གྱུར་པའི་དབུས་སུ་རང་ཉིད་ཡེ་ཤེས་ཀྱི་ལུས་ཁྲོ་བོ་མི་གཡོ་བ་ནམ་མཁའ་དྭངས་པའི་མདོག་ཅན། ཞལ་གཅིག་སྤྱན་གསུམ་ཨམ་གཙིགས་བསྡམ་པ། དབུ་སྐྲ་སྤྱི་བོར་བཅིངས་ཤིང་སྨ་ར་དང་ཨག་ཚོམ་མེ་ལྟར་འབར་བ། གཡས་རལ་གྲི་ཀླད་ལ་བསྐོར་ཞིང་གཡོན་སྡིགས་མཛུབ་ཞགས་པ་ཐུགས་ཀར་འཛིན་པ། ཞབས་གཡས་ཀྱི་ཕྱི་རྟིང་དང་གཡོན་གྱི་པུས་མོ་ཉི་ཟླའི་གདན་ལ་བཙུགས་པ། དར་དང་རིན་པོ་ཆེ་སྤྲུལ་གྱིས་བརྒྱན་པ། ཐུགས་ཀར་ཧཱུྃ་ཡིག་གི་ནང་དུ་བསྲུང་བྱ་རྣམས་ཚུད་པར་གྱུར། ཨོཾ་ཨརྱ་ཨ་ཙ་ལ་དམན་མོ་ཙཀྵ་བྷནྡྷ་བྷནྡ་ཁ་ཐཾ་ཁ་ཐཾ། ཁ་ཆིངས་ཁ་ཆིངས་སྭཱ་ཧཱ། ཞེས་ལན་བདུན་ནམ་ཉེར་གཅིག་ཙམ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ བདག་ཅག་མི་ནོར་ཐམས་ཅད་ལ་སྲུངས་ཤིག་རཀྵ་རཀྵ། ཞེས་བརྒྱ་ཙམ་བཟླའོ། །འདི་མ་ཤེས་ན་རྫ་མདོས་མང་དུ་བཅས་པས་འདྲིས་འབག་གི་ཚུལ་དུ་ཆགས་སེམས་ཀྱིས་འདྲེ་མོ་རྗེས་སུ་འབྲངས་ནས། རང་གི་བུ་


CMR038_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

སྨད་དང་ནོར་སྒབ་ལ་གནོད་དོགས་ཡོད། རང་སྲུང་འདི་ཤིན་ཏུ་ཟབ་ཨྠྀི། ཤིང་རིས་བསྡུས་པ་འཇའ་རིས་ཀྱིས་ཆོག་ལ། རྒྱས་པར་ཤིང་རིས་དགུ་ཡི་སྟེང་དུ་ནོར་བུ་ཉི་ཟླ་སྐར་གསུམ་ཀུན་དང་འདྲ། དེ་འོག་ལྟེ་ཕུར་མ་ལ་ཕུར་པ་དང་སྤྱང་ཀི༔ དེ་བཞིན་དུ་ནགས་རི། བྲག་རི། སྤང་རི། སྤྲིན། མཁར། ཆུ། མེ། རླུང་རྣམས་ཀྱི་གཟུགས་བྲི། དེ་འོག་ཏུ་སོ་སོའི་ཞོན་པ་བརྒྱད། རྒྱས་པར་སྤྲོ་ན། བྱ་མོ་ནག་མོ་ལ་སོགས་ཡས་སྟགས་ཀྱི་གཟུགས་ཅི་རིགས་སུ་བྲིའོ། །སོ་སོའི་མཇུག་ཏུ་ལྟེ་ཕུར་མ་ལ་འབུལ་ལོ་སོགས་འབྲིའོ། །ཞེས་པ་འདི་ནི་དཔལ་ལྡན་ལྷ་མོའི་རྒྱུད་གཞུང་རྣམས་ནས། ལྟེ་ཕུར་མའི་མནན་བསྲེགས་རྐྱང་པ་དང་། ལྷ་འདྲེ་བཀའ་ཐང་། བཙུན་མོ་བཀའི་ཐང་། དགུ་མདོས་ཀྱི་བཅའ་ཐབས་ཡིག་རྙིང་དང་། རྫ་མདོས་ལྟེ་ཕུར་མ། ཤ་ཞོན་མ། གཡུ་རྩེ་མ། ཀུ་སུ་ལུས་གསུངས་པའི་གསོན་འདྲེ་མའི་བཅའ་ཐབས་རྣམས་མདོར་བསྡུས་ཏེ། མ་འོངས་སེམས་ཅན་རྣམས་ལ་ཕན་པའི་སེམས་བསྐྱེད་ནས། །སྔགས་ནག་༧ རཱ་ག་ཨ་སྱས་བསྒྲིགས་པ་སྟེ། ཡི་གེ་པ་ནི་གླིང་གི་བཙུན་པ་པདྨ་དད་པས་བྲིས། འདི་བྲིས་ཉེས་འགལ་མཆིས་ན་བཤགས་ཤིང་། འདྲེ་མོ་རྣམས་བླུད་ཀྱིས་ཚིམས་ནས་ཕན་པ་དང་། ཡོན་བདག་རྣམས་རྐྱེན་ངན་ཞི་ནས་བདེ་བས་ཡུན་རིང་འཚོ་བར་གྱུར་ཅིག །མངྒ་ལཾ། །། ༧ ནང་ཆེན་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousའདྲེ་མོ་བཀར་ཡས། འདྲེ་མོ་རྫ་མདོས། འདྲེ་མོ་དགུ་མདོས། ཀུན་གྱི་དོན་བསྡུས།next