Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བརྒྱ་བཞི་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྒྱ་བཞི་བསྡུས་པ།next

བརྒྱ་བཞི་བསྡུས་པ།


CMR038_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་བཞི་བསྡུས་པ་ནི། ཟངས་སྡེར་གཅིག་གི་ནང་དུ། དབུས་སུ་སཱཙྪགཅིག་བཞག །ཤར་དུ་དཀར་གཏོར་བཞི། བྱང་དུ་ཕོ་གླུད་མོ་གླུད། ལྷོར་མར་མེ་དང་དར་སྣ་ཚོགས། གོས་སྣ་ཚོགས། མི་ཁའི་ཡས་རྫས། ཤ་དུམ། ཆངས་བུ། ཕྱེ་མར་བཅས་བཤམས་ལ་ཆུ་གཙང་གིས་བྲན་ལ་འདི་སྐད་དོ།། རཾ་ཡཾ་ཁཾ། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་སྭ་བྷ་ཝ་ཤུདྡྷསོགས། གླུད་གཏོར་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ ལན་གསུམ་བརྗོད། མཆོད་སྦྱིན་གྱི་གླུད་གཏོར་རྒྱ་ཆེན་པོ་འདི། བསྔོ་ཞིང་སྦྱིན་པའི་གནས་སུ་གྱུར་པ་ནི་བདག་དང་བསྲུང་བྱ་ལ་གནོད་ཅིང་འཚེ་བར་བྱེད་པའི། ལྷ་ཡི་བུའི་བདུད། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་བདུད་ཀྱི་རིགས་སུ་གྱུར་པ་ལ་སྦྱིན་ནོ། །བསྔོ་ཞིང་འབུལ་ལོ། །བདུད་བཞིའི་གནོད་པ་དང་། བསམ་


CMR038_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གདུག་རྩུབ་མཚན་ལྟས་ངན་པ་ཐམས་ཅད་ཞི་ཞིང་བསྒྱུར་དུ་གསོལ། མོ་རྩིས་རྨི་ལམ་ངན་པ་ཐམས་ཅད་དང་། ནད་གདོན་བར་ཆད་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ཟློག་ཅིག །འདི་ཡན་གྲངས་བསོགས་དགོས། ཧཱུྃ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདུད་བཞི་བདུད་ཀྱི་སྡེར་གཏོགས་པའི། །སྣང་སྲིད་ལྷ་འདྲེ་བགེགས་ཀྱི་ཚོགས། །ལན་ཆགས་བདག་པོ་ཐམས་ཅད་ལ། །སཱཙྪ་བརྒྱ་དང་མར་མེ་བརྒྱ། །ཞལ་ཟས་བརྒྱ་དང་ངར་གླུད་བརྒྱ། །མདོས་ཚང་བརྒྱ་དང་ཆུ་གཏོར་བརྒྱ། །ལྷ་སྲིན་སྡེ་བརྒྱད་ཕྱག་ཏུ་འབུལ། །སྐྱེས་པ་བུད་མེད་བྱི་སྦ་དང་། །ནོར་དང་ཕྱུགས་ཀྱི་གླུད་དུ་འབུལ། །སྡེ་བརྒྱད་ཞལ་ཁ་ད་སྒྱུར་ཅིག །ཆག་ཆེན་ཉམ་ང་འདི་ཡིས་ཟློག །སྔོན་ལས་འཕྲལ་རྐྱེན་ངན་པ་ཟློག །ནད་གདོན་བར་ཆད་བགེགས་རིགས་ཟློག །དུས་མིན་འཆི་བའི་འཇིགས་པ་ཟློག།གཟའ་ཀླུ་རྒྱལ་བཙན་གནོད་པ་ཟློག །ཆོས་ཉིད་སྟོང་པའི་ཀློང་དུ་ཟློག་སྒྱུར་ཅིག །ཨ་ར་པ་ཙ་ཧྲི་ཧི། ཨ་ཡ་མ་དུ་རུ་ཙ་ཤ་ན་དུ་ཧྲི་སརྦ་ཨ་པ་ར་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་བཞི་དོན་བསྡུས། ༧ རཱ་ག་ཨ་སྱས་བཀོད་ནས། འགྲོ་བ་སེམས་ཅན་ཐམས་ཅད་བདུད་བཞིའི་


CMR038_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་ལས་གྲོལ་ནས་བཀྲ་ཤིས་པར་ཤོག །ཤེས་རབ་སྙིང་པོའི་མདོ་བཟློག་གམ་ག་ཏེའི་གཟུངས་ཟློག་བྱས་ལ་སྟོང་ཉིད་བསྒོམ་མོ། །སརྦ་མངྒ་ལཾ། བཀྲ་ཤིས་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབརྒྱ་བཞི་བསྡུས་པ།next