Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་སྙིང་པོའི་བརྒྱུད་པའི་གསོལ་འདེབས།
   
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་སྙིང་པོའི་བརྒྱུད་པའི་གསོལ་འདེབས།next

ཤེས་རབ་སྙིང་པོའི་བརྒྱུད་པའི་གསོལ་འདེབས།


CMR038_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་སྙིང་པོའི་བརྒྱུད་པའི་གསོལ་འདེབས་ནི། ན་མོ་པྲཛྙཱ་པཱ་ར་མི་ཏ་ཡེ། སེང་ཁྲི་པདྨ་ཟླ་བའི་སྟེང་། །གསེར་མདོག་ས་གནོན་མཉམ་བཞག་མཛད། །ཆོས་གོས་གསུམ་གསོལ་སྐྱིལ་ཀྲུང་བཞུགས། །རྫོགས་སངས་རྒྱས་ལ་གསོལ་བ་འདེབས། །ཤེས་རབ་རྫུ་འཕྲུལ་ཆེ་བའི་མཆོག །ཉེ་རྒྱལ་དང་ནི་སང་ནས་སྐྱེས། །ཉོན་མོངས་གཡུལ་ལས་རབ་རྒྱལ་བའི། །ཉན་ཐོས་གཉིས་ལ་ཕྱལ་འཚལ་ལོ། །རང་གི་སྙིང་ཁར་ཟླ་བའི་སྟེང་། །ཤེས་རབ་སྙིང་པོ་ཟབ་པའི་མདོ། །ཡིག་འབྲུ་དཀར་ཞིང་རབ་གསལ་བའི། །དམ་ཆོས་དེ་ལ་གསོལ་བ་འདེབས། །གསོལ་བ་བཏབ་པའི་བྱིན་རླབས་ཀྱིས། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །རྟོགས་པ་རྒྱུད་ལ་སྐྱེ་བ་དང་། །འཕེལ་ཞིང་བརྟན་པར་བྱིན་གྱིས་རློབས། །ཁྱོད་ཀྱི་མཛོད་སྤུའི་འོད་ཟེར་གྱིས། །སྣོད་བཅུད་བདག་དང་བཅས་པ་ཀུན། །མེ་ལོང་ནང་གི་གཟུགས་བརྙན་ལྟར། །སྣང་སྟོང་རྟོགས་པར་བྱིན་གྱིས་རློབས། །ཕུང་པོ་ཁམས་དང་སྐྱེ་མཆེད་མེད། །བདེན་པ་བཞི་དང་རྟེན་འབྱུང་མེད། །སྐྱེ་འགག་འགྲོ་འོང་ཀུན་མེད་པ། །བདག་མེད་རྟོགས་པར་བྱིན་གྱིས་རློབས། །སྔོན་


CMR038_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་བདུད་ཀྱི་དཔུང་གཡོས་ཚེ། །དབང་པོའི་ཡུལ་དོན་རབ་བསྒོམ་མཐུས། །ལོག་འདྲེན་དཔུང་ཆེན་བཟློག་པ་ལྟར། །རྐྱེན་ངན་བཟློག་པར་བྱིན་གྱིས་རློབས། །ཞེས་པ་འདི་སྔ་སོར། རྒྱལ་བ་མཆོག་གི་སྤྲུལ་པའི་སྐུ་དྲུག་པའི་ཞབས་དྲུང་ནས་མདོ་ཤེར་སྙིང་ལེགས་པར་ཐོབ་པས། ཕྱིས་དེའི་སྒྲུབ་ཐབས་མཐུན་པའི་གསོལ་འདེབས་འདི་༧ ཨ་རཱ་གས་སྦྱར་བའོ།། །།


previousཤེས་རབ་སྙིང་པོའི་བརྒྱུད་པའི་གསོལ་འདེབས།next