Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤེས་རབ་སྙིང་པོ་ལས། བདུད་བཞིའི་གླུད་མདོས།
   
   
   
   
   
   
   
   
   
   
   
   
   
   


 
previousཤེས་རབ་སྙིང་པོ་ལས། བདུད་བཞིའི་གླུད་མདོས།next

ཤེས་རབ་སྙིང་པོ་ལས། བདུད་བཞིའི་གླུད་མདོས།


CMR038_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་སྙིང་པོ་ལས། བདུད་བཞིའི་གླུད་མདོས་བཞུགས་པའི་དབུའོ།།


CMR038_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་པྲཛྙཱ་པ་ར་མི་ཏ་ཡེ། ཡུམ་ཆེན་ཤེས་རབ་ཕ་རོལ་ཕྱིན་མ་ལ་ཕྱག་འཚལ་ལོ། །གཉིས་པ་གཞུང་གི་ཉམས་ལེན་དངོས་ལ། རང་གི་མཉྫིའི་ཁར་ཐུབ་པའི་གསེར་སྐུའམ། བྲིས་སྐུ་བཤམས་ལ། དེའི་མདུན་དུ་ཉེར་སྤྱོད་ལྔ་སོགས་མཆོད་པ་བཤམས། མདུན་དུ་གཞི་དཀར་སྟེང་དུ། ཤར་དུ་ལྷ་ཡི་བུའི་བདུད་མི་དཀར་རྟ་དཀར་ཅན་གཡས་མདའ་དར་དང་གཡོན་ཞགས་པ་འཛིན་པ་བདུན། ལྷོ་རུ་ཕུང་པོའི་བདུད་མི་སེར་རྟ་སེར་ཅན་གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ་བདུན། ནུབ་ཏུ་ཉོན་མོངས་པའི་བདུད་མི་དམར་རྟ་དམར་ཅན་གཡས་མདུང་དར་དང་། གཡོན་ཞགས་པ་འཛིན་པ་བདུན། བྱང་དུ་འཆི་བདག་གི་བདུད་ནག་པོ་མི་ནག་རྟ་ནག་ཅན་གཡས་ཁྲམ་ཤིང་དང་གཡོན་ཞགས་པ་འཛིན་པ་བདུན་བཤམས། ལྷ་བདུད་


CMR038_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལྷ་བཤོས་གཅིག །ཕུང་བདུད་ལ་གཏོར་མ་མེ་ཏོག་དབྱིབས་ཅན། ཉོན་མོངས་བདུད་ལ་དཀར་གཏོར་རྩེ་རྒྱལ་གཅིག །འཆི་བདག་བདུད་ལ་དམར་གཏོར་གཅིག་བཤམས། བདུད་བཞིའི་མདུན་དུ་ཁལ་བདུན་རེ། ཁྱི་བདུན་རེ། ཆངས་བུ་བདུན་རེ། ཤ་དུམ་བདུན་རེ། མཐེབ་སྐྱུ་བདུན་རེ། ཟན་བཅད་བདུན་རེ་དེ་རྣམས་ཆུ་བཞི་བདུད་བཞིའི་མདུན་དུ་བཤམས། ངར་མི་རྒྱན་ལྡན་དར་ཚོན་གྱི་གོས་བཀོན་ཆངས་བུ་ཏིང་ལོ་དང་བཅས་པ་ཁ་ཕར་བསྟན་ལ་བཞག །ཐུབ་པའི་ཞལ་རང་ལ་བསྟན་ནས་བཤམས། དེ་ནས་སྐྱབས་འགྲོ་སེམས་བསྐྱེད་སྔོན་དུ་བཏང་ནས། བདག་མདུན་གཉིས་ཐ་མི་དད་པར་བསམས་ལ། བདག་མདུན་མི་དམིགས་པ་སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེའི་


CMR038_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་ཅན། དབུ་ལ་གཙུར་ཏོར་དང་ཞབས་ལ་འཁོར་ལོ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་གྱི་ཚོགས་དཔག་ཏུ་མེད་པར་འཕྲོ་བ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གསལ་བའི་འཁོར་དུ། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་གཡོན་དུ་སེམས་དཔའ་བྱམས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་རང་རྒྱལ་དང་། ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བ་གཙོ་བོའི་ཐུགས་ཀར་ཟླ་བའི་སྟེང་དུ། ཡུམ་ཆེན་མོ་དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཨ་དེའི་མཐར་ཤེས་རབ་སྙིང་པོའི་མདོ་ཡིག་འབྲུ་རྣམས་གསལ་བ་ལས་རང་སྒྲ་དང་བཅས་པ་ལས་འོད་ཟེར་འཕྲོས་རྒྱལ་བ་ཐམས་ཅད་ལ་མཆོད་པ་འབུལ། བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ནས་རང་དང་བསྲུང་བྱ་རྣམས་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་


CMR038_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

དག །ནད་གདོན་བར་ཆད་ཐམས་ཅད་ཞི་ནས་སྟོང་ཉིད་བཅོ་བརྒྱད་ཀྱི་དོན་རྒྱུད་ལ་སྐྱེ་བར་གྱུར་སྙམ་པའི་ངང་ནས་ཤེས་རབ་སྙིང་པོ་ཅི་ནུས་བཟླ། དེ་ནས་མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ཁཾ་སྭཱ་ཧཱ། དེ་བཞིན་དུ། པཱཧུཾ་པུབྦེ་དྷ་པེ་ཨཱ་ལོ་ཀེ་གྷནྡྷེ་ནི་ཝི་དྱ་ཤརྡ་པྲ་ཏིཙྪ་སོགས། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་པ་གང་མོས་བྱ། འདོད་པའི་དོན་ལ་གསོལ་བ་བཏབ། དེ་ནས་མདུན་གྱི་གླུད་བྲན་ལ། བདུད་བཞི་སྤྱན་འདྲེན་པ་ནི། ཀྱཻ། ལྷ་བུའི་བདུད་ནི་དཀར་པོ་ཁྱོད། །སེམས་ཅན་ཆོས་སྤངས་ལས་བྱེད་པ། །ཅི་ཡང་མེད་པའི་གནས་སུ་ནི། །ལྷ་བདུད་དཔུང་དང་སྤྲུལ་པ་བཅས། །གདན་བཤམས་རང་གཟུགས་དམ་པ་འདིར། །སྔགས་འཆང་བདག་གིས་སྤྱན་འདྲེན་ན། །སྐད་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ཀྱཻ། ཕུང་པོའི་བདུད་ནི་སེར་པོ་ཁྱོད། །རྣམ་


CMR038_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་མཐའ་ཡས་གནས་ནས་ནི། །འདུས་པ་བཞི་ནི་འབྱུང་བ་ཡི། །གྲིབ་ལྟར་ལྷན་ཅིག་སྐྱེས་པའི་ཕྱིར། །ཕུང་པོའི་བདུད་ཀྱི་དམག་ཚོགས་རྣམས། །སྔགས་འཆང་བདག་གིས་སྤྱན་འདྲེན་ན། །སྐད་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ཀྱཻ། ཉོན་མོངས་བདུད་ནི་དམར་པོ་ཁྱོད། །ཡོད་མིན་མེད་མིན་གནས་ནས་ནི། །སེམས་ཅན་ཉོན་མོངས་འཁོར་བར་འཁྱམས། །ཉོན་མོངས་བདུད་ཀྱི་དམག་ཚོགས་རྣམས། །སྔགས་འཆང་བདག་གིས་སྤྱན་འདྲེན་ན། །སྐད་ཅིག་ཡུད་ཙམ་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །ཀྱཻ། འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་ནས་ནི། །སེམས་ཅན་འཆི་བའི་ལས་བྱེད་པ། །འཆི་བདག་དམག་ཚོགས་དཔུང་དང་བཅས། །།ཡོན་བདག་བར་ཆད་བསལ་བའི་ཕྱིར། །དེ་རིང་ཡོན་བདག་འདི་དག་གིས། །མཆོད་པ་འབུལ་ཕྱིར་འདིར་གཤེགས་ལ། །རང་གཟུགས་འདི་ལ་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿགཉིས་མེད་ཐིམ། །


CMR038_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་བཞི་གཡོས་པ་བསྒྱུར་དུ་གསོལ། །དེ་ནས་ཤེར་སྙིང་ཚར་གསུམ་ཟློག་པ་གསུམ། མཉམ་དུ་གླུད་དང་བདུད་བཞིའི་སོ་སོར་ཁ་བསྒྱུར་ལ་བཞག །སྙིང་པོ་ཚར་གསུམ་ཟློག་པ་རེ་བཅས། བདུད་སྐྱ་མི་ཆ་ཚང་མ་ནོར་བར་བྱས་ལ། ༈ དང་པོ་ལྷ་ཡི་བདུད་ཀྱི་མདུན་དུ་ལྷ་བཤོས་བཞག །ཁལ་དང་། ཁྱི་དང་། ལན་ཆགས་ཤ་དུམ་སོགས་བཞག་ལ་བྲན། ཤེར་སྙིང་འདོན་མི་གསུམ་ཡོད་ན་ལེགས། ཚར་གསུམ་ལ་དགུ་འགྲོ། ཨོཾ་ཨཱཿཧཱུྃ། གིས་བྱིན་གྱིས་བརླབས་ལ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་སོགས་ཚང་བར་བྱ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞལ་ཟས་རོ་བརྒྱ་དང་ལྡན་པའི་ལོངས་སྤྱོད་འདི་དག་ལྷ་ཡི་བུ་ཡི་བདུད་ཀྱི་དམག་ཚོགས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པ་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམས་ནས་བདུད་བཞིའི་གཡོས་པའི་གནོད་པ་བསྒྱུར་དུ་གསོལ། །ཅེས་བརྗོད་ལ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་


CMR038_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་པ་མེད་པ་ལ། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །དེ་བཞིན་ཕུང་པོའི་བདུད་ལ་གཏོར་མ་མེ་ཏོག་དབྱིབས་ཅན་བཞག་ལ། ཁལ་དང་། ཁྱི་དང་ལན་ཆགས་སོགས་བཞག་ལ་བྲན། ཨོཾ་ཨཱཿཧཱུྃ། དང་སམྦྷ་རའི་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། གཏོར་མ་མེ་ཏོག་དབྱིབས་ཅན་རོ་བརྒྱ་དང་ལྡན་པར་ལོངས་སྤྱོད་ཕུན་ཚོགས་པ་འདི་ཉིད་ཕུང་པོའི་བདུད་ཀྱི་དམག་ཚོགས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམས་ནས་བདུད་བཞིའི་གཡོས་པའི་གནོད་པ་བསྒྱུར་དུ་གསོལ། ཐམས་ཅད་ནམ་མཁའ་མཛོད་སོགས་ནས། འབྱུང་གྱུར་ཅིག ༈ ཉོན་མོངས་བདུད་ལ་དཀར་གཏོར་དང་། ཁལ་དང་ཁྱི་དང་ལན་ཆགས་ཤ་དུམ་སོགས་བཞག་ལ་བྲན། གོང་ལྟར། ཨོཾ་ཨཱཿཧཱུྃ་དང་སམྦྷ་རའི་བྱིན་གྱིས་བརླབས་ལ་དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། །


CMR038_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་གཏོར་རོ་བརྒྱ་དང་ལྡན་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་ཉིད་ཉོན་མོངས་པའི་བདུད་ཀྱི་དམག་ཚོགས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམས་ནས་བདུད་བཞིའི་གཡོས་པའི་གནོད་པ་བསྒྱུར་དུ་གསོལ། ཐམས་ཅད་ནམ་མཁའ་མཛོད་བཞིན་སོགས་ནས། འབྱུང་གྱུར་ཅིག །དེ་ནས་འཆི་བདག་བདུད་ཀྱི་མདུན་དུ་དམར་གཏོར་དང་། ཁལ་དང་ཁྱི་དང་ལན་ཆགས་མཐེབ་སྒྱུ་ཤ་དུམ་ཟན་བཅད་བཞག་ལ་གོང་ལྟར། ཨོཾ་ཨཱཿཧཱུྃ། དང་སམྦུ་རའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ། དེ་བཞིན་གཤེགས་པ་བཞིའི་མཚན་བརྗོད་ལ། དམར་གཏོར་རོ་བརྒྱ་དང་ལྡན་པ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འདི་ཉིད་འཆི་བདག་བདུད་ཀྱི་དམག་ཚོགས་རྣམས་ལ་འབུལ་ལོ། །རང་རང་སོ་སོའི་བསམ་པ་དང་མཐུན་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཅིག །ཐམས་ཅད་མཉེས་ཤིང་ཚིམས་ནས་བདུད་བཞིའི་གཡོས་པའི་གནོད་པ་བསྒྱུར་དུ་གསོལ། ཐམས་ཅད་ནམ་མཁའ་མཛོད་བཞིན་དུ་སོགས། འབྱུང་གྱུར་ཅིག །དེ་ནས་ངར་མིའི་སྟེང་དུ་ནད་པའམ། ཆག་ཆེ་བ་ལ་ཁྲུས་བྱས་ལ། ཡི་གེ་གསུམ་དང་། སམྦྷ་ར་སོགས་དང་བདེ་གཤེགས་


CMR038_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་མཚན་བརྗོད་ལ་བྱིན་གྱིས་བརླབས་ནས། ཧཱུྃ། ངར་གྱི་མི་ཕོ་མཛེས་པ་འདི། །ཡོན་བདག་འདི་ཞེས་བྱ་བའི་གླུད། །རྒྱུ་ནི་རིན་ཆེན་ལྔ་ལས་གྲུབ། །དར་ཚོན་རྣམས་ཀྱི་ཆས་ཀྱིས་བརྒྱན། །རྒྱན་ཆ་དེ་ནི་ལྷུབས་སེ་ལྷུབ། །ཁ་རུ་ཟས་སྐོམ་གཡོས་སུ་བཅུག །ལག་ཏུ་གསེར་སྐྱེམས་སྔོན་མོ་བསྐུར། །བདུད་བཞི་རྣམས་ཀྱི་ཕྱག་ཏུ་འབུལ། །བདུད་ལ་འཕྲད་དེ་ནི་ལ་རུ་ཟློག །ལུང་འཕྲད་དེ་ནི་ལུང་དུ་ཟློག །སྨྲ་མཁས་དེ་ནི་སི་ལི་ལི། །འགྲོ་མཁན་དེ་ནི་ལྡེམས་སེ་ལྡེམ། །མགོ་ལ་ཐོད་བཅིངས་བཀྲག་རེ་ཆེ། །ལུས་བཟང་དེ་ནི་གོས་ཀྱིས་བརྒྱན། །མིང་དང་གཟུགས་བཟང་སྟོབས་པོ་ཆེ། །བཟུང་བའི་ཡུལ་ནི་མ་མཆིས་སོ། །ཡོན་གྱི་བདག་པོ་བསླུ་བའི་ཕྱིར། །དེ་རིང་བདག་གིས་འདི་བཏང་ངོ། །གླུད་བདག་ཆེན་པོས་གླུད་བཞེས་ཤིག །རྣམ་ཤེས་ཚོགས་བརྒྱད་འབྱུང་བ་ལྔ། །རྟེན་ཅིང་འབྲེལ་བར་འབྱུང་བའི་གླུད། །ཁམས་དང་སྐྱེ་མཆེད་རྣམས་ཀྱི་གླུད། །དབང་པོ་ཚོགས་དྲུག་རྣམས་ཀྱི་གླུད། །འབྲུ་མཆོག་ངར་གྱི་མི་ཕོ་ཆེ། །རིན་ཆེན་སྣ་ལྔའི་ན་བཟའ་ཅན། །འཁོར་བའི་གཡུལ་བཟློག་དར་མདུང་གཡས། །གཡོན་པས་ཐར་དགུ་ལམས་


CMR038_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ལམ། །རྐང་པ་གཡས་པ་ཐབས་ཆེན་ལྕགས། །རྐང་པ་གཡོན་པ་ཤེས་རབ་ཟངས། །དེ་འདྲའི་འབྲུ་མཆོག་མི་ཕོ་ཆེ། །བདུད་བཞིའི་དམག་ཚོགས་ཐམས་ཅད་ལ། །ཡོན་བདག་འདི་ཡི་གླུད་དུ་འབུལ། །མི་བས་གླུད་བཟང་ཡ་མཚན་ཅན། །བདུད་བཞིའི་དམག་ཚོགས་ཐམས་ཅད་ཀུན། །གླུད་བཟང་མཛེས་པ་འདི་ཁྱེར་ལ། །ད་ནི་རང་རང་གནས་སུ་ཆོས། །དཀོན་མཆོག་གསུམ་གྱི་བཀའ་མ་བཅག།སྔོན་ཚེ་ལྷ་དབང་བརྒྱ་བྱིན་དུས། །བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །བདུད་བཞི་བཀུག་ནས་ཡས་གླུད་བྱིན། །བཀའ་བསྒོས་དམ་བཞག་མཛད་པ་བཞིན། །དམ་ཚིག་དེ་ཉིད་དྲན་གྱིས་ལ། །འཁོར་འདིར་གནོད་པ་མ་བྱེད་ཅིག །བདུད་རྣམས་རང་རང་གནས་སུ་སོང་། །བདུད་ཁ་གླུད་ཀྱིས་ཆོད་པ་གྱིས། །གནོད་པའི་བསམ་པ་ཞི་གྱུར་ཅིག །ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པ་དང་། །རྩོད་པ་མེད་ཅིང་འཚེ་མེད་པ། །རང་དབང་དུ་ནི་སྤྱོད་པར་ཤོག །བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་


CMR038_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པ་འབྱུང་གྱུར་ཅིག །ངར་མི་བདུད་བཞིའི་དཀྱིལ་དུ་འབུལ། །དེ་ནས་རྫོངས་འདེབས་བྱ་བ་ནི༔ ཧཱུྃ། ང་ནི་བཅོམ་ལྡན་ཤཱཀྱ་ཐུབ། །ང་ནི་དཔལ་ཆེན་ཧེ་རུ་ཀ །ང་ནི་དཔལ་ཆེན་གསང་བའི་བདག །བདག་ནི་རིག་འཛིན་སྒྲུབ་པ་པོ། །ང་ནི་བདུད་བགེགས་གཉེན་པོ་སྟེ། །བདུད་ཆེན་དང་ནི་ལྷ་དང་ཀླུ། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །ནད་བདག་མ་མོ་ལ་སོགས་པ། །ང་ཡི་བཀའ་ལས་མ་འདའ་བར། །ངར་གླུད་གཏོར་མ་འདི་བཞེས་ལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ནད་གདོན་བར་ཆད་ཞི་བར་མཛོད། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །བསྡམས་པ་གློད་ལ་མནན་པ་ཁྱོག །ཟབཅོལ་བའི་ཕྲིན་ལས་མ་བསྒྲུབས་ན། །སྔོན་གྱི་བདེ་གཤེགས་ཆད་པ་ཡིས། །སེམས་ཅན་དམྱལ་བ་རྣམས་སུ་ཡང་། །ཡང་ནས་ཡང་དུ་སྐྱེ་འགྱུར་ཞིང་། །ཤིན་ཏུ་སྡུག་བསྔལ་སྣ་ཚོགས་སྤྱོད། །དེ་བས་བར་ཆད་གནོད་མ་བྱེད། །བདུད་བཞི་རང་རང་གནས་སུ་ཆོས། །བདེན་ཅིང་བསླུ་མེད་རྒྱལ་བའི་བཀའ། །དེ་བཞིན་སྒྲུབས་དང་བདེ་བ་ཐོབ། །


CMR038_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བདག་དང་རྒྱུ་སྦྱོར་ཡོན་བདག་ཀུན། །བདུད་ཆེན་བཞི་ལས་ཐར་བ་དང་། །བར་ཆད་ནད་གདོན་མྱུར་ཞི་ནས། །བསམ་པའི་དོན་རྣམས་འགྲུབ་པར་མཛོད། །དེ་ནས་རྫོངས་འདེབས་ནི། ཀྱཻ། བདུད་ཀྱི་རྒྱལ་པོ་ཁྱེད་བཞི་ལ། །ལྷ་མིའི་ལོངས་སྤྱོད་རྫོངས་སུ་འདེབས། །འབྲུ་དང་དར་ཚོན་རྫོངས་སུ་འདེབས། །ཤ་དུམ་ཆང་ཕུད་རྫོངས་སུ་འདེབས། །རྫོངས་འདེབས་དྲག་པོ་འདི་ཁྱེར་ལ། །ལྷ་བུའི་བདུད་ནི་དཀར་པོ་ཁྱོད། །ཅི་ཡང་མེད་པའི་གནས་སུ་དེངས། །ཕུང་པོའི་བདུད་ནི་སེར་པོ་ཁྱོད། །རྣམ་ཤེས་མཐའ་ཡས་གནས་སུ་དེངས། །ཉོན་མོངས་བདུད་ནི་དམར་པོ་ཁྱོད། །ཡོད་མིན་མེད་མིན་གནས་སུ་དེངས། །འཆི་བདག་བདུད་ནི་ནག་པོ་ཁྱོད། །ནམ་མཁའ་མཐའ་ཡས་གནས་སུ་དེངས། །ཤེས་སྒྲིབ་ཉོན་མོངས་ལས་བྱུང་བའི། །ལྷ་ཡི་བདུད་དང་ཉོན་མོངས་བདུད། །ཕུང་པོའི་བདུད་དང་འཆི་བདག་བདུད། །བདུད་བཞི་བདུད་ཀྱི་དམག་ཚོགས་རྣམས། །མཆོད་སྦྱིན་མདོས་གཏོར་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་རྣམས། །བཟུང་བ་ཐོངས་ལ་བཅིངས་བ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་


CMR038_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཀློད། །བདུད་ཆེན་མི་ལ་མ་འབེབས་རང་སར་དེངས། །སྐྱེ་མཆེད་མུ་བཞིའི་གནས་སུ་དེངས། །རང་རང་མཛེས་པའི་ཕོ་བྲང་དུ། །བདེ་བའི་སེམས་དང་ལྡན་པར་མཛོད། །འཁོར་འདིར་གནོད་པ་མ་བྱེད་ཅིག །རང་རང་གནས་སུ་བདེ་བར་དེངས། །ས་མ་ཡ་པྲ་བེ་ཤ་ཡ་ཕཊ༔ ཕྱོགས་གཙང་སར་ཅུང་ཟད་དཔག་ལ་ཁ་ཕྱིར་བསྟན་ལ་བཞག །སྤར་ཁའི་བཅོས་ཡིན་ན་བཞི་གཤེད་བདུན་ཟུར་དགྲ་གཤེད་ཐོག་ཏུ་བསྐྱལ། བདེ་རིམ་ལ་ཡས་ལམ། བྱད་བཟློག་ཡིན་ན་དགྲ་ཕྱོགས་སུ་བསྐྱལ། རྒྱལ་གདོན་ལ་ཚ་ཁང་མཆོད་རྟེན། འདྲེ་མོའི་གདོན་ལ་ལུང་གསུམ་མདོ། ཆར་འབོད་ཡིན་ན་ཆུ་མིག་རྩར། མདོར་ན་གང་གནོད་ཕྱོགས་སུ་བསྐྱལ། སྐབས་འདིར་དཀར་གཏོར་གསེར་སྐྱེམས་སྤྱི་འགྲོས་བྱ། དེ་ནས་ལག་ཏུ་མདོས་བླངས་ལ། གདུགས་དཀར་བཟློག་བསྒྱུར་སྐབས་འདིར་སྦྱར་ལ་འདི་སྐད་དོ།། ༈ བྷྱོ༔ མ་གཅིག་ཡམས་བདག་འཁོར་དང་བཅས། །ཁྱོད་ཀྱི་ལག་པ་གཡས་པ་ན། །བདུད་ཀྱི་ཁྲམ་བམ་རེ་རེ་ཡོད། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །གལ་ཏེ་ཁྲམ་ལ་བཏབ་སྲིད་ན། །ཁྲམ་ཁ་ཕྱེས་ཤིག་མ་གཅིག་མ། །ཁྱོད་ཀྱི་ལག་པ་གཡོན་པ་ན། །བཙན་གྱི་ཤྭ་རྡེལ་དཀར་ནག་བཀྲམ། །བདག་ཅག་ཡོན་མཆོད་འཁོར་བཅས་རྣམས། །གལ་ཏེ་


CMR038_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ལ་བཏབ་པ་ན། །ཤྭ་རྡེལ་དཀར་ནག་ད་ཕྱེས་ཤིག །ཁྱོད་ཀྱི་མཆན་ཁུང་གཡས་པ་ན། །གཤིན་རྗེའི་ཁྲམ་ཤིང་དམར་པོ་ཡོད། །བདག་དང་རྒྱུ་སྦྱོར་ཡོན་བདག་རྣམས། །གལ་ཏེ་ཁྲམ་ལ་བཏབ་པ་ན། །བྱད་དམར་དཀྱུས་ནས་ད་ཕྱུངས་ཤིག །ཁྱེད་ཀྱི་མཆན་ཁུང་གཡོན་པ་ན། །ནད་ཀྱི་རྐྱལ་པ་རེ་རེ་ཡོད། །སྦྲུལ་ནག་ལྔ་བརྒྱའི་ཁ་ཆིངས་ཅན། །སྤྲུལ་པ་མང་པོ་དེ་ནས་འགྱེད། །སྤྲུལ་པའི་དམག་ཚོགས་ད་ཕྱུངས་ཤིག །ཡོན་བདག་བསླུ་ཕྱིར་བདུད་ཟློག་འབུལ། །འབུལ་བ་བདག་གིས་མ་ནོར་ལ། །ལེན་པ་ཁྱོད་ཀྱིས་མ་ནོར་ཞིག །བཞེས་ཤིང་ཀུན་གྱིས་དགྱེས་པར་རོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བན་བོན་བྱེད་ཁ་ད་ཟློག་ཅིག །ཀླུ་གཉན་གཏད་ཁྲམ་ད་ཟློག་ཅིག །དགྲ་ཇག་ཆོམ་རྐུན་ད་ཟློག་ཅིག །མི་ཁ་ངན་པ་ད་ཟློག་ཅིག །ནོར་ཕྱུགས་གོད་ཁ་ད་ཆོད་ཅིག །མི་ཡི་ཤི་འཕྲོ་ད་ཆོད་ཅིག །ཡམས་ནད་རིམས་ནད་ད་ཆོད་ཅིག །མ་ཉེས་ཁ་ཡོག་ད་ཆོད་ཅིག །མི་མཐུན་གནོད་པའི་བྱད་མ་ཀུན། །ཤེས་རབ་སྙིང་པོའི་ཡས་ཟློག་འདིས། །ད་ལྟ་མྱུར་བ་ཉིད་དུ་ཟློག །ཤེར་སྙིང་ཟློག་བཅས་བྱིན་རླབས་


CMR038_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས། །ས་ཆུ་མེ་རླུང་སྐལ་ངན་ཟློག །ངར་གླུད་ཡས་སོགས་གཟུགས་འགྲོས་ཀྱི། །ལྟས་ངན་རང་སར་ཞི་བར་མཛོད། །ནད་ཡམས་གོད་ཁ་བཟློག་ཏུ་གསོལ། །དེ་བཞིན་གང་ལ་གང་འཚེ་བ། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །ཤེས་རབ་སྙིང་པོའི་བྱིན་རླབས་དང་། །སྔགས་འཆང་བདག་གི་ནུས་མཐུ་ཡིས། །བདུད་བཞིའི་གནོད་པ་མ་ལུས་ཀུན། །སོ་སོ་རང་རང་གནས་སུ་ཟློག །ད་ལྟ་ཉིད་དུ་ཕྱིར་ཟློག་ཅིག །ས་མ་ཡ་པྲ་ཝེ་ཤ་ཡ་ཕཊ། ཞེས་དྲག་ཏུ་བརྗོད་ལ་རོལ་མོ་འུར་བརྡུང་བྱ། དྲག་སྔགས་བརྗོད། དེ་ནས་སྲུང་འཁོར་བསྒོམ། དེ་ནས་ནད་པ་གདན་དཀར་སྟེང་དུ་ཁ་གྲུ་ལ་འདུག །རང་གིས་མེ་ཏོག་འཐོར་ཞིང་ཤིས་བརྗོད་ནི། ཧཱུྃ། དབུས་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །རྣམ་པར་སྣང་མཛད་བཀྲ་ཤིས་ལགས། །སྐུ་ལུས་བཟང་པོའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །ཧཱུྃ། ཤར་གྱི་ཕྱོགས་ནས་བཀྲ་ཤིས་པ། །རྡོ་རྗེ་སེམས་དཔའི་བཀྲ་ཤིས་ལགས། །མི་འགྱུར་བརྟན་པའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །ཧཱུྃ། ལྷོ་ཡི་ཕྱོགས་ནས་བཀྲ་ཤིས་པ། །རིན་ཆེན་འབྱུང་ལྡན་


CMR038_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་ལགས། །འདོད་དགུ་འབྱུང་བའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །ཧཱུྃ། ནུབ་ཀྱི་ཕྱོགས་ནས་བཀྲ་ཤིས་པ། །སྣང་བ་མཐའ་ཡས་བཀྲ་ཤིས་ལགས། །དབང་སྡུད་སྙན་གྲགས་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །ཧཱུྃ། བྱང་གི་ཕྱོགས་ནས་བཀྲ་ཤིས་པ། །དོན་ཡོད་གྲུབ་པའི་བཀྲ་ཤིས་ལགས། །ཕྲིན་ལས་ལྷུན་གྲུབ་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །ཧཱུྃ། འོག་གི་ཕྱོགས་ནས་བཀྲ་ཤིས་པ། །ལྷ་མོ་བརྟན་མའི་བཀྲ་ཤིས་ལགས། །ཚེ་འཛིན་འབྲུ་སྣའི་བཀྲ་ཤིས་གང་ཡིན་པ། །ཛ་ཡེ་དེ་རིང་སྦྱིན་བདག་འདི་ལ་བཀྲ་ཤིས་ཤོག །བཀྲ་ཤིས་དེས་ཀྱང་ཁྱོད་ལ་བཀྲ་ཤིས་ཤོག །ཉིན་ཡང་བཀྲ་ཤིས་འབྱུང་བ་ཡ་ལ་ལ། །མཚན་ཡང་བཀྲ་ཤིས་འབྱུང་བ་ཀྱི་ལི་ལི། །དུས་གསུམ་བཀྲ་ཤིས་འབྱུང་བ་གང་ཡིན་པ། །བཀྲ་ཤིས་དེས་ཀྱང་དེང་འདི་བདེ་ལེགས་ཤོག །གཞན་ཡང་བཀྲ་ཤིས་གང་ཤེས་བརྗོད། །སླར་ཡང་ཐུབ་དབང་ལ་མཆོད་བསྟོད་བྱ། །ཡི་གེ་བརྒྱ་པས་ལྷག་ཆད་ཁ་བཀང་། །བཟོད་གསོལ་ཕུལ། གཙོ་འཁོར་འོད་ཞུ་རྟེན་ལ་བསྟིམ།


CMR038_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་གཞུག་བྱ་དངོས་གྲུབ་ཞུ། དགེ་རྩ་བསྔོ། གཞུང་འདི་རྒྱུན་ཁྱེར་ལས་བྱུང་བའི་རཱ་ག་ཨ་སྱས་ལག་ལེན་སྦྱར་བའོ། བཀྲ་ཤིས་པར་ཤོག། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཤེས་རབ་སྙིང་པོ་ལས། བདུད་བཞིའི་གླུད་མདོས།next