Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤེད་གཏོ་གཤེད་ཟློག་གཤེད་མདོས་ཏེ། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་། འདོན་བྱ་ལ་ཁྱད་མེད་དེ། འདོན་བྱ་བལྟས་ཆོག་ཏུ་བཀོད་པ། བླ་གླུད་ཀྱང་དོན་གྱིས་འཐུས་ཏེ། ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་དང་། མོའུ་འགལ་གྱི་མདོ་དང་། གསར་རྙིང་གི་རྒྱུད་སྡེ་འགའི་དོན་བསྡུས་པ།
   
   
   
   
   
   
   
   
   


 
previousགཤེད་གཏོ་གཤེད་ཟློག་གཤེད་མདོས་ཏེ། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་། འདོན་བྱ་ལ་ཁྱད་མེད་དེ། འདོན་བྱ་བལྟས་ཆོག་ཏུ་བཀོད་པ། བླ་གླུད་ཀྱང་དོན་གྱིས་འཐུས་ཏེ། ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་དང་། མོའུ་འགལ་གྱི་མདོ་དང་། གསར་རྙིང་གི་རྒྱུད་སྡེ་འགའི་དོན་བསྡུས་པ།next

གཤེད་གཏོ་གཤེད་ཟློག་གཤེད་མདོས་ཏེ། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་། འདོན་བྱ་ལ་ཁྱད་མེད་དེ། འདོན་བྱ་བལྟས་ཆོག་ཏུ་བཀོད་པ། བླ་གླུད་ཀྱང་དོན་གྱིས་འཐུས་ཏེ། ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་དང་། མོའུ་འགལ་གྱི་མདོ་དང་། གསར་རྙིང་གི་རྒྱུད་སྡེ་འགའི་དོན་བསྡུས་པ།


CMR038_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་གཏོ་གཤེད་ཟློག་གཤེད་མདོས་ཏེ། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་། འདོན་བྱ་ལ་ཁྱད་མེད་དེ། འདོན་བྱ་བལྟས་ཆོག་ཏུ་བཀོད་པ། བླ་གླུད་ཀྱང་དོན་གྱིས་འཐུས་ཏེ། ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་དང་། མོའུ་འགལ་གྱི་མདོ་དང་། གསར་རྙིང་གི་རྒྱུད་སྡེ་འགའི་དོན་བསྡུས་པ་བཞུགས་སོ།།


CMR038_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨརྱ་ཡ་མཱནྟ་ཀ་ཡེ། འཕགས་པ་གཤིན་རྗེའི་གཤེད་ལ་ཕྱག་འཚལ་ནས། །མ་འོངས་འགྲོ་ལ་ཕན་ཕྱིར་གཤེད་ཟློག་བྲི། །འཁོར་འདས་ལྷ་རྣམས་ཀུན་གྱིས་གནང་བ་སྩོལ། །བཙོ་གཞོང་སླ་ང་ལ་སོགས་སྣོད་ནང་དུ། །ཕུབ་མའང་ཐང་ལུད་བཀང་སྟེང་ས་ཞིབ་བཀོད། །དེ་དབུས་འཇིམ་པ་སྲབ་མོ་གྲུ་བཞི་ལ། །རི་རབ་བང་རིམ་ལྔ་ཡི་རི་མོ་བྲི། །དེ་སྟེང་རུས་སྦལ་གཟུགས་ནི་སྲབ་མོ་བཞག །མགོ་བོ་ལྷོ་ཡིན་རང་གི་མདུན་ཕྱོགས་བསྟན། །དེ་སྟེང་ཐེ་སེ་རྒྱལ་པོ་མི་ནག་པོ། །གནམ་ལོ་བདུན་ཟུར་རྟ་ལ་ཆིབས་པ་བྱ། །དེ་རྒྱབ་རུས་སྦལ་མཇུག་མའི་ཐད་དེ་རུ། །གཤིན་རྗེ་ནག་པོ་ཁྲག་གྲོད་ཁུར་བ་གཅིག །རུས་སྦལ་རྐང་ལག་བཞི་ཡི་ཐད་དེ་རུ། །རུས་སྦལ་གན་རྐྱལ་གནས་པའི་ལག་གཡས་ནས། །རིམ་བཞིན་


CMR038_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བསྐོར་སྐྱ་མི་བཞི་པོ་ནི། །འབྲུག་ལུག་ཁྱི་དང་གླང་གི་མགོ་བཞི་སེར། །ལུས་དང་རྟ་ནི་དཀར་སེར་དམར་ལྗང་ནག །དྲུག་ཀའི་ཕྲག་གཡས་སྟེང་དུ་ཁྲམ་ཤིང་དང་། །ཕྲག་གཡོན་སྟེང་དུ་བཤའ་གྲི་དམར་པོ་བཙུགས། །མགོ་ནི་ཕ་ཡིན་ལུས་ནི་བུ་ཡིན་ལ། །རྟ་ནི་མ་ཡིན་མི་ནག་གཅིག་དེ་ལ། །ཁྲམ་ཐོགས་བཅུ་གསུམ་ལ་སོགས་འཁོར་ཀུན་ཚང་། །ཐེ་སེ་རྒྱལ་པོ་ལྷ་འདྲེ་ཀུན་འདུས་ཏེ། །བདུན་ཟུར་རྟར་ཆིབས་ལོ་གཤེད་བཅུ་གཉིས་འདུས། །རི་རབ་དང་ནི་རུས་སྦལ་གཟུགས་བརྙན་ལ། །ལོ་ཟླ་ཞག་དུས་འབྱུང་བའི་གཤེད་ཀུན་འདུས། །རི་རབ་གཟུགས་ལ་སྟོང་གསུམ་གླིང་བཞི་ཡི། །ཟ་འདྲེ་གཤེད་འཁྱམས་ཐམས་ཅད་འདུས་པའི་ཕྱིར། །སྔོན་གྱི་གཏོ་མཁན་མཁས་པ་ཐམས་ཅད་ཀྱིས། །བཅའ་ཚོགས་བསྡུས་པ་འདི་ཉིད་རྒྱུན་དུ་


CMR038_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། །དེ་ལ་ལོ་སྐོར་བཅུ་གཉིས་བསྐོར་བ་ནི། །གཤེ་གཏོ་ཞེས་བྱའི་མིང་དུ་བཏགས་པའོ། །དེ་རྒྱབ་མི་ནག་ཁྲམ་ཐོགས་བཅུ་གསུམ་བསྐོར། །དེ་ལ་གཤེད་མདོས་ཞེས་ནི་བྱ་བ་ཡིན། །དེ་ལྟར་རྒྱས་འབྲིང་བསྡུས་གསུམ་གང་ལ་ཡང་། །ཆངས་བུ་ཤ་དུམ་ཟན་དུམ་མང་དུ་བླུག །ཚྭ་ཡོས་རམ་རུག་བླུག་ལ་ཆུ་གཙང་བྲན། །ལྷ་གཞུང་བཏང་ཞིང་ཚོགས་མཆོད་ཚར་བ་དང་། །གཏོ་ཕྲན་གཞན་མ་ཡོད་ཀྱང་ཚར་བའི་རྗེས། །དེ་ནས་གཤེད་ཟློག་བྱ་བའི་རང་སྲུང་ནི། རང་ཉིད་སྐད་ཅིག་གིས་ཡི་དམ་གནས་འགྱུར་ནས། འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ། དབུ་སྐྲ་སྤྱིར་བོར་བཅིངས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲི་མེ་འབར་བས་དགྲ་བགེགས་ཐམས་ཅད་ལ་བསྣུན་པར་བྱེད་པ། གཡོན་པུ་སྟི་ཐུགས་ཀར་བསྣམས་པ། ལྟོ་བ་ཆེ་བ། ཞབས་གཡས་བསྐུམ་གཡོན་བརྐྱང་བ། སྤྱན་གསུམ་དམར་ཞིང་ཟླུམ་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། རང་སྲུང་བའི་སྔགས་ནི། ཨོཾ་པྲ་སོད། ཆུ་སོད། དུར་ཏ་སོད། དུར་མི་སོད། སྙིང་མགོ་ལ་ཆོད། གཉན་མགོ་ལ་ཆོད། ཁ་ལ་ཛ༔ ཀཾ་ཤཾ་ཏྲི་རྦད་ཕཊ་སྭཱ་ཧཱ། རང་གི་ཐུགས་ཀའི་ཧཱུྃ་ཡིག་གི་ནང་དུ་བསྲུང་བྱ་མི་ནོར་ཐམས་ཅད་ཚུད་ནས་སྲུང་བར་གྱུར། ཨོཾ་བཛྲ་


CMR038_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

རཀྟ་རཀྟ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྔགས་དེ་རབ་སྟོང་། འབྲིང་བརྒྱ། ཐ་མ་ཉེར་གཅིག་བཟླའོ། །དེ་མ་ཤེས་ན་ཟ་འདྲེ་རྗེས་སུ་འབྲངས་ནས་ཤེས་པ་ལ་གནོད་འོང་ཟེར་བ་དེ་འོང་ཉན་གདའ་འོ། །དེ་ནས་གཤེད་མདོས་གཤེད་གཏོ་གང་བྱས་ཀྱང་མདུན་བསྐྱེད་ནི། ཨོཾ་སྭ་བྷ་ཝ་སོགས། སྟོང་པར་གྱུར། སྟོང་པའི་ངང་ལས་རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་མུན་ནག་སྨག་རུམ་འཐིབ་པའི་དབུས་སུ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་གཤིན་རྗེའི་གཤེད་ནག་པོ་འཇིགས་སུ་རུང་བ། གཡས་བཤའ་གྲི་དམར་པོ་ནམ་མཁའ་ལ་ཕྱར་བ། གཡོན་གཤེད་བྲེང་གྲུ་མོར་བཀོན་པ། །ཞལ་གྱིས་འདྲེ་གདོན་གདུག་པ་ཅན་ཐམས་ཅད་ཟས་སུ་ཟ་བ་ཞིག་ཏུ་གྱུར། དེ་ཡི་མདུན་དུ་ས་བདག་ཐེ་སེ་རྒྱལ་པོ་གནམ་ལོ་བདུན་ཟུར་གྱི་རྟ་ལ་ཆིབས་པ། དེའི་ཤར་དུ་གཤེད་ཀྱི་བུ་མི་དཀར་རྟ་དཀར་ཅན། ལྷོར་གཤེད་ཀྱི་བུ་མི་སེར་རྟ་སེར་ཅན། ནུབ་ཏུ་གཤེད་ཀྱི་བུ་མི་དམར་རྟ་དམར་ཅན། བྱང་དུ་གཤེད་ཀྱི་བུ་མི་ནག་རྟ་ནག་ཅན། དེ་ཡི་མཚམས་བཞིར་ཁྱི་འབྲུག་གླང་ལུག་བཞི། གཞན་ཡང་ལོ་སྐོར་བཅུ་གཉིས་མི་ནག་ཁྲམ་ཐོགས་བཅུ་གསུམ་ལ་སོགས་པ་ཟ་འདྲེ་ཤི་གཤེད་ཀྱི་རིགས་སུ་གྱུར་པས་བསྐོར་ནས། བདག་གི་བཀའ་


CMR038_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ཉན་གསུང་སྡོད་དང་ཡས་སློང་བའི་ཚུལ་གྱིས་འདུག་པར་གྱུར། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང་། རིག་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་ལོ་བདུད་ལོ་གཤེད། ཟླ་བདུད་ཟླ་གཤེད། ཞག་བདུད་ཞག་གཤེད། གཤིན་པོ་རྣམས་ཐར་པ་ཐོབ་ཏུ་མི་འཇུག་པ་ལྕགས་དང་རྡོས་སུ་བྱེད་པ། གསོན་པོ་རྣམས་ཀྱི་ཚེ་སྲོག་གི་བདུད་བྱེད་པ། ཟ་བའི་འདྲེ། ཤི་བའི་གཤེད། ཉེ་དུ་ཉེ་འབྲེལ་གྱི་གཤེད་ཁ། ཟ་རེ་འཐུང་སྐོམ་བྱེད་པ། དོན་མེད་ཀྱི་འདྲེ་ལྟོགས་གཤེད་འཁྱམས། དོང་སྟོང་བཞིན་དུ་བླ་ལ་བཏགས་པ། ཐག་ནག་བཞིན་དུ་རྒྱུད་ལ་འཁྲིལ་བ། ཤ་ཁྱི་བཞིན་དུ་རྗེས་སུ་འབྲང་བ། ཡས་དང་གླུད་ལ་རེ་ཆེ་བ། སྒབ་འདྲེ། ཡུལ་འདྲེ། ལམ་འདྲེ། གྲི་བོ་གྲི་མོ།


CMR038_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ་ཐམས་ཅད་གཏོ་གླུད་གཟུགས་བརྙན་འདི་ལ་ཁུག་ཅིག །ཊཱཀི་རཱ་ཛ་ཧཱུྃ། བཛྲ་ཨཾ་ཀུ་ཤ་ཛ༔ བཛྲ་པཱ་ཤ་ཧཱུྃ། བཛྲ་སྤོ་ཊ། ཐཾ་བཛྲ་གནྡྷེ་ཧོ༔ ཞེས་ལན་གསུམ་བདེན་སྟོབས་བརྗོད་ལ་ཟ་འདྲེ་ཤི་གཤེད་གང་ཡིན་པ་ཐམས་ཅད་མདུན་གྱི་གླུད་གཟུགས་ལ་འུབ་ཀྱིས་འདུས་ནས་བཀའ་བསྒོས་པས་མ་རྫོངས་ཀྱི་བར་དུ་གར་ཡང་འགྲོ་དབང་མེད་པར་བསམས་ལ། བདེ་རིམ་དང་གཤེད་ཕུད་ལ་དེས་ཆོག །མི་ཤི་ནས་མགོ་རྡུང་མི་བྱེད་པར་གཤེད་ཕུད་བྱེད་པ་ཡིན་ན། སྐབས་འདིར་གཤེད་སྒྲོ་རྡེབ་པ་ཡིན་ཏེ། གཤེད་འགུགས་གཞན་ནས་འབྱུང་བ་ལྟར་ཁ་སབ་དགོས་སོ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་དབུས་ཕྱོགས་ཕ་ཀི་ན། །མུན་པ་ནག་པོའི་གཏིང་རུམ་ནས། །གཤེད་པོ་འཁོར་དང་བཅས་པ་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །གཤེད་པོ་འབྲུག་མགོ་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཤེད་པོ་ལུག་མགོ་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས།


CMR038_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གཤེད་པོ་ཁྱི་མགོ་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །གཤེད་པོ་གླང་མགོ་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །གཤེད་བུ་མི་དཀར་རྟ་དཀར་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཤེད་བུ་མི་སེར་རྟ་སེར་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གཤེད་བུ་མི་དམར་རྟ་དམར་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །གཤེད་བུ་མི་ནག་རྟ་ནག་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །དེ་ལ་འཁོར་བར་བྱེད་པ་ཡི། །ལོ་སྐོར་བཅུ་གཉིས་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །དེ་


CMR038_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ལ་འཁོར་བར་བྱེད་པ་ཡི། །མི་ནག་ཁྲམ་ཐོགས་བཅུ་གསུམ་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཕོ་གདོན་མོ་གདོན་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཟ་འདྲེ་ཤི་གཤེད་འཁོར་བཅས་ཀྱང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །དམའ་ན་རཀ་དམྱལ་ཁམས་ཡན་ཆད་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །རི་རབ་ཆེན་པོའི་སྟེང་ཤོད་དང་། །ཁམས་གསུམ་སྲིད་གསུམ་གར་གནས་ཀྱང་། །བདག་ཅག་མི་ནོར་འཁོར་བཅས་ལ། །གནོད་པར་བྱེད་པའི་ཤི་གཤེད་རྣམས། །མདོས་དང་ཡས་ལ་གཤེགས་སུ་གསོལ། །དཀོན་མཆོག་བདེན་པས་འདིར་ཁུག་ཅིག །གླུད་གཟུགས་འདི་དང་དབྱེར་མེད་གྱུར། །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། བདག་གིས་བཀའ་བསྒོས་ནས་རང་གནས་སུ་མ་བཏང་གི་བར་དུ་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་གཟི་བརྗིད་ཀྱིས་ཟིལ་གྱིས་མནན་ནས་བྲོས་དབང་མེད་པ་ཞིག་ཏུ་གྱུར། ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དེ་ནས་གཤེད་གཏོའི་ནང་དུ་ཤ་དུམ་ཆངས་བུ་སོགས་བཏབ་ལ་ཆུ་གཙང་གིས་བྲན་ལ་འདི་སྐད་དོ། །མི་གཙང་བ་


CMR038_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དག་པར་གྱུར་ཅིག །ཨོཾ་ཤུདྡྷེ་ཤཱ་དྷ་ན་ཡེ་སྭཱ་ཧཱ། ཨོཾ་སྭ་བྷཱ་ཝ་ཤུདྡྷསརྦ་དྷརྨཱསྭ་བྷཱ་ཝ་ཤུདྡྷོཉཧཾ། ཡས་དང་གླུད་རྣམས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡངས་ཤིང་རྒྱ་ཆེ་བ་སོ་སོའི་ཅི་འདོད་པའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གྱུར། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷུ་སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གླུད་དང་ཡས་རྣམས་ཟག་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཟ་འདྲེ་ཤི་གཤེད་འདྲེ་གདོན་གྱི་རིགས་སུ་གྱུར་པ་རྣམས་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ།སྣའི་ཡུལ་དུ་དྲི་ཞིམ་པ། ལྕེའི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། འདོད་པའི་ཡོན་ཏན་དཔག་ཏུ་མེད་པ་ཞིག་ཏུ་གྱུར། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། མགྲོན་རྣམས་ཐམས་ཅད་ཀྱི་ཕམ་རྒྱལ་མེད་པར་ཐོབ་ནས་བཀྲེས་པ་དང་སྐོམ་པ་ཞི་ནས། ན་བཟའ་སྣ་ཚོགས་ལུས་ལ་གྱོན་ནས་དགའ་མགུ་ཡི་རང་བར་གྱུར། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྤ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། མགྲོན་


CMR038_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཐམས་ཅད་བདག་གི་དབང་དུ་འདུས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར། ན་མཿས་མནྟ་བུདྡྷཱ་ནཾ་གྲ་བྱ་ཤྭ་རི་པྲ་བྷ་ཛྷཱ་ན་མ་ཧཱ་ས་མ་ཡ་སྭཱ་ཧཱ། ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ། །སྲིན་པོ་རཀཱ་མགོ་དགུ་དང་། །ཀླུ་མོ་ཕྲག་དོག་ཟ་བྱེད་གཉིས། །གཉིས་མེད་ཐབས་ཀྱི་སྤྲུལ་པ་ལས། །གཟའ་གཤེད་ངན་པ་མཆེད་བཞི་སྲིད། །ནང་གི་བུ་ཕོ་ཆེ་བ་དེ། །རུས་སྦལ་རྐང་པ་གཡས་པར་བསྐུང་། །མི་ལུས་གླང་གི་མགོ་བོ་ཅན། །ཞལ་ནས་ཐོག་གི་བུ་ཡུག་འཚུབ། །ལག་ན་ཐོག་གི་ཞགས་པ་འཛིན། །ཉི་མ་བྱང་ཤར་མཚམས་ན་གནས། །རྒྱུ་ནི་ཕྱོགས་མཚམས་ཀུན་ཏུ་རྒྱུ། །གཟའ་ཆེན་ཕུར་བུའི་རྒྱུད་ལས་སྤྲུལ་པའི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །གཟའ་གཤེད་དེ་ཡི་འོག་མ་དེ། །རུས་སྦལ་ལག་པ་གཡས་པར་བསྐུང་། །མི་ལུས་འབྲུག་གི་མགོ་བོ་ཅན། །ཞལ་ནས་འབྲུག་སྒྲ་ཆེམས་སེ་ཆེམ། །ལྗགས་ནི་མེ་ཡི་ཞགས་པ་ཅན། །སྲེག་བྱེད་མེ་ཡི་ཚྭ་ཚྭ་འཕྲོ། །གནས་ནི་ཤར་ལྷོ་མཚམས་ན་གནས། །རྒྱུ་ནི་ཕྱོགས་མཚམས་ཀུན་ཏུ་རྒྱུ། །གཟའ་ཆེན་མིག་དམར་


CMR038_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས་སྤྲུལ་པའི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །གཟའ་གཤེད་དེ་ཡི་འོག་མ་དེ། །ལྟོ་འཕྱེའི་རིགས་ཀྱི་རྒྱལ་པོ་སྟེ། །མི་ལུས་ལུག་གི་མགོ་བོ་ཅན། །གཅན་སྤྱང་གདོང་ལ་སྣ་ལྗགས་ཅན། །གནམ་ལྕགས་རྭ་ནི་དབུ་ལ་སྐྱེས། །རུ་སྦལ་ལག་པ་གཡོན་ལ་བསྐུང་། །གནས་ནི་ལྷོ་ནུབ་མཚམས་ན་གནས། །རྒྱུ་ནི་ཕྱོགས་མཚམས་ཀུན་ཏུ་རྒྱུ། །གཟའ་ཆེན་ཟླ་བའི་རྒྱུད་ལས་སྤྲུལ་པའི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །གཟའ་གཤེད་ནང་གི་ཆུང་བ་དེ། །ཕྲག་དོག་ཟ་བྱེད་ཁྱི་ཡི་མགོ །དྲེད་མོང་ལུས་ལ་ཆུ་སྲིན་སྣ། །གཅན་གཟན་སྟག་གི་རི་མོ་ཅན། །དུག་གི་ཁ་རླངས་ནག་པོ་ལ། །འཇའ་ཚོན་སྣ་ལྔ་གློག་ལྟར་འཁྱུག །རུས་སྦལ་རྐང་པ་གཡོན་ལ་བསྐུང་། །གནས་ནི་ནུབ་བྱང་མཚམས་ལ་གནས། །རྒྱུ་ནི་ཕྱོགས་མཚམས་ཀུན་ཏུ་རྒྱུ། །གཟའ་ཆེན་སྤེན་པའི་རྒྱུད་ལས་སྤྲུལ་པའི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཧཱུྃ། གཟའ་བདུད་ནག་པོའི་སྤྲུལ་པ་སྟེ། །ཁྱི་འབྲུག་གླང་ལུག་གཤེད་བཞི་


CMR038_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

པོ། །ལྟོ་འཕྱེ་སྦྲུལ་གྱི་མཇུག་མ་ཅན། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །བ་སྤུ་ཁབ་འདྲ་རྣོན་པོ་ལ། །སྤུ་གྲི་ངར་མའི་གཤོག་པ་ཅན། །མགོ་ལུས་མེད་པར་མིག་གིས་གང་། །ཁ་ནས་མེ་འབར་སྟོང་གསུམ་སྲེག །ཤངས་ནས་ཐོག་དང་སེར་བ་འཕྲོ། །རྣ་བར་དུད་པ་ཕྱུ་རུ་རུ། །རྔ་མའི་རྩེ་ནས་མེ་སྟག་འཕྲོ།། །ཐན་དང་ལྟས་ངན་འཁོར་གྱིས་བསྐོར། །ཕོ་ཡི་སྲོག་ལ་བརྐུ་བའི་གཤེད། །མོ་ཡི་མངལ་ལ་འཇུག་པའི་གཤེད། །ཕོ་ནི་མོ་རུ་བསྒྱུར་བའི་གཤེད། །སྒོ་ཡི་ནོར་ལ་བརྐུ་བའི་གཤེད། །བཙའ་སད་སེར་གསུམ་གཏོང་བའི་གཤེད། །བཞོ་བའི་ནུ་མ་སྐམ་པའི་གཤེད། །ཕུགས་ཀྱི་སྲིས་ལ་བརྐུ་བའི་གཤེད། །ཞོ་དང་ཆང་ལ་བརྐུ་བའི་གཤེད། །ཤ་ཡི་སྣ་འདྲེན་བྱེད་པའི་གཤེད། །དེ་ལྟར་གཤེད་པོ་སྤུན་བཞི་པོ། །གནོད་པ་བྱེད་པར་ཕྱིན་པའི་ཚེ། །རྐང་པའི་རྒྱུག་དང་སྤྲེངས་སེ་སྤྲེང་། །ལག་པས་བསྙབ་དང་ཡུགས་སེ་ཡུག །རྔ་མས་སྡེར་དང་ལྡི་ལི་ལི། །སྤྱན་རྩ་དམར་དང་ཀྱི་ལི་ལི། །མཆེ་བ་གཙིགས་དང་ཁྲིགས་སེ་ཁྲིག །རྐན་སྒྲ་རྡེབ་དང་ཐགས་སེ་ཐག །གཤེད་པོ་མི་ཟན་ལས་ངན་ཁྱོད། །མི་ཡི་ཤ་རིན་ཁྲག་


CMR038_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཚབ་ཏུ། །གླུད་མདོས་དམ་པ་འདི་བཞེས་ལ། །ད་ནི་ཆོ་འཕྲུལ་མ་སྟོན་ཅིག །དེ་སྔ་དེ་སྔོན་ཕན་ཆོད་ལ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །ཕོ་རྒྱུད་རྣམས་ཀྱི་ཚེ་ལ་བརྐུས། །མོ་རྒྱུད་རྣམས་ཀྱི་མངལ་ཁྲག་སྐྱེམས། །ཆུང་རྒྱུད་ཐམས་ཅད་རུམ་ནས་འཕྲོག །ཟས་ནོར་ཐམས་ཅད་མེད་པར་བྱས། །གཟའ་གཤེད་གདུག་པ་ཁ་དམར་ཁྱོད། །ཉལ་ཉལ་ནས་ནི་གཤོང་གཤོང་དོད། །ཟོས་ཟོས་ནས་ནི་མཆེ་བ་དམར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཁྱོད་ལ་གླུད་དུ་འབུལ་བ་ནི། །ངར་མི་ཆངས་བུ་ཏིང་ལོ་དང་། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་དང་། །གཏོར་ཆུང་ཤ་དུམ་ཁྲག་ཐིགས་འབུལ། །གཤེད་པོ་འཁོར་བཅས་ཚིམས་པར་མཛོད། །ཉི་མ་དེ་རིང་ཕྱིན་ཆད་ནས། །ཁ་གདུག་པ་ཅན་གྱིས་མ་སྨྲ་ཞིག །ལག་གདུག་པ་ཅན་གྱིས་མ་བསྙབ་ཅིག །མིག་གདུག་པ་ཅན་གྱིས་མ་བལྟ་ཞིག །རྣ་བ་གདུག་པ་ཅན་གྱིས་མ་ཉོན་ཞིག །རྭ་གདུག་པ་ཅན་གྱིས་མ་བརྡུང་ཞིག་སྙིང་གདུག་པས་ཚུལ་ལ་མ་སེམས་ཤིག །བཅོམ་ལྡན་འདས་ཀྱི་བཀའ་མ་བཅག །ཕྱག་ན་རྡོ་རྗེའི་དམ་མ་བཀྲལ། །དཔལ་ཆེན་རྟ་མགྲིན་བཀའ་མ་བཅག །བྱ་ཁྱུང་རྒྱལ་པོའི་


CMR038_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དམ་མ་བཀྲལ། །གླུད་མདོས་དམ་པ་འདི་བཞེས་ལ། །རང་རང་གནས་སུ་འགྲོ་བར་གྱིས། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་འབྲུག་གི་མགོ་བོ་ཅན། །གཤེད་ཀྱི་ཕ་ནི་འབྲུག་ཅེས་བྱ། །གཤེད་ཀྱི་མ་ནི་གློག་འགྱུ་མ། །ན་བཟའ་སྣ་ཚོགས་ལུས་ལ་གྱོན། །ཁྱོད་མི་རུ་དཀར་ལ་རྟ་རུ་དཀར། །སྟེང་ན་མི་དཀར་ལྡེམས་སེ་ལྡེམ། །འོག་ན་རྟ་དཀར་སྤྲེངས་སེ་སྤེང་། །ཀླད་ན་བྱ་དཀར་ཀྱི་ལི་ལི། །རྒྱབ་ན་ཁྱི་དཀར་ཁེངས་སེ་ཁེང་། །འོད་དཀར་འཚུབ་མ་ཀྱི་ལི་ལི། །ཁྱོད་ཀྱང་ཤར་བདུད་ཤར་བཙན་ཡིན། །ཁྱོད་ཀྱི་ཕྱག་ཏུ་ཡས་འབུལ་ལོ། །བཟུང་བ་བཏང་བའི་གླུད་དུ་འབུལ། །བཅིངས་པ་བཀྲོལ་བའི་གླུད་དུ་འབུལ། །བསྡམས་པ་གློད་པའི་གླུད་དུ་འབུལ། །ན་བ་གསོ་བའི་གླུད་དུ་འབུལ། །ཆད་པ་མཐུད་པའི་གླུད་དུ་འབུལ། །ཡོན་བདག་མིང་བཟུང་དེ་ནི་སྟོང་པ་ཡིན། །ཤ་བཟུང་དེ་ནི་ས་དང་འདྲ། །ཁྲག་བཟུང་དེ་ནི་ཆུ་དང་འདྲ། །རུས་བཟུང་དེ་ནི་རྡོ་དང་འདྲ། །སེམས་བཟུང་ནམ་མཁའ་སྟོང་པ་ཡིན། །འདི་ལ་བཟའ་བའི་ཤ་ཡང་མེད། །འདི་ལ་བཏུང་བའི་


CMR038_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲག་ཀྱང་མེད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །གཤེད་མདོས་རྒྱན་ལྡན་འདི་བཞེས་ལ། །གཤེད་མི་དང་ནོར་ལ་མ་གནོད་ཅིག །གཤེད་མི་དང་ནོར་ལ་མ་གབ་ཅིག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་ལུག་གི་མགོ་བོ་ཅན། །གཤེད་ཀྱི་ཕ་ནི་ལུག་ཅེས་བྱ། །གཤེད་ཀྱི་མ་ནི་གློག་འགྱུ་མ། །ན་བཟའ་སྣ་ཚོགས་ལུས་ལ་གྱོན། །ཁྱོད་མི་རུ་སེར་ལ་རྟ་རུ་སེར། །སྟེང་ན་མི་སེར་ལྡེམས་སེ་ལྡེམ། །འོག་ན་རྟ་སེར་སྤྲེངས་སེ་སྤྲེང་། །ཀླད་ན་བྱ་སེར་ཀྱི་ལི་ལི། །རྒྱབ་ན་ཁྱི་སེར་ཁེངས་སེ་ཁེང་། །འོད་སེར་འཚུབ་མ་ཀྱི་ལི་ལི། །ཁྱོད་ཀྱང་ལྷོ་བདུད་ལྷོ་བཙན་ཡིན། །ཁྱོད་ཀྱི་ལག་ཏུ་ཡས་འབུལ་ལོ། །བཟུང་བ་བཏང་བའི་གླུད་དུ་འབུལ། །བཅིངས་པ་བཀྲོལ་བའི་གླུད་དུ་འབུལ། །བསྡམས་པ་གློད་པའི་གླུད་དུ་འབུལ། །ན་བ་གསོ་བའི་གླུད་དུ་འབུལ། །ཆད་པ་མཐུད་པའི་གླུད་དུ་འབུལ། །ཡོན་བདག་མིང་བཟུང་དེ་ནི་སྟོང་པ་ཡིན། །ཤ་བཟུང་དེ་ནི་ས་དང་འདྲ། །ཁྲག་བཟུང་དེ་ནི་ཆུ་དང་འདྲ། །རུས་བཟུང་དེ་ནི་རྡོ་དང་འདྲ། །


CMR038_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་བཟུང་ནམ་མཁའ་སྟོང་པ་ཡིན། །འདི་ལ་བཟའ་བའི་ཤ་ཡང་མེད། །འདི་ལ་བཏུང་བའི་ཁྲག་ཀྱང་མེད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །གཤེད་མདོས་རྒྱན་ལྡན་འདི་བཞེས་ལ། །གཤེད་མི་དང་ནོར་ལ་མ་གནོད་ཅིག །གཤེད་མི་དང་ནོར་ལ་མ་གབ་ཅིག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་ཁྱི་ཡི་མགོ་བོ་ཅན། །གཤེད་ཀྱི་ཕ་ནི་ཁྱི་ཞེས་བྱ། །གཤེད་ཀྱི་མ་ནི་གློག་འགྱུ་མ། །ན་བཟའ་སྣ་ཚོགས་ལུས་ལ་གྱོན། །ཁྱོད་མི་རུ་དམར་ལ་རྟ་རུ་དམར། །སྟེང་ན་མི་དམར་ལྡེམས་སེ་ལྡེམ། །འོག་ན་རྟ་དམར་སྤྲེངས་སེ་སྤྲེང་། །ཀླད་ན་བྱ་དམར་ཀྱི་ལི་ལི། །རྒྱབ་ན་ཁྱི་དམར་ཁེངས་སེ་ཁེང་། །འོད་དམར་འཚུབ་མ་ཀྱི་ལི་ལི། །ཁྱོད་ཀྱང་ནུབ་བདུད་ནུབ་བཙན་ཡིན། །ཁྱོད་ཀྱི་ལག་ཏུ་ཡས་འབུལ་ལོ། །བཟུང་བ་བཏང་བའི་གླུད་དུ་འབུལ། །བཅིངས་པ་བཀྲོལ་བའི་གླུད་དུ་འབུལ། །བསྡམས་པ་གློད་པའི་གླུད་དུ་འབུལ། །ན་བ་གསོ་བའི་གླུད་དུ་འབུལ། །ཆད་པ་མཐུད་པའི་གླུད་དུ་འབུལ། །ཡོན་བདག་མིང་བཟུང་


CMR038_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་སྟོང་པ་ཡིན། །ཤ་བཟུང་དེ་ནི་ས་དང་འདྲ། །ཁྲག་བཟུང་དེ་ནི་ཆུ་དང་འདྲ། །རུས་བཟུང་དེ་ནི་རྡོ་དང་འདྲ། །སེམས་བཟུང་ནམ་མཁའ་སྟོང་པ་ཡིན། །འདི་ལ་བཟའ་བའི་ཤ་ཡང་མེད། །འདི་ལ་བཏུང་བའི་ཁྲག་ཀྱང་མེད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །གཤེད་མདོས་རྒྱན་ལྡན་འདི་བཞེས་ལ། །གཤེད་མི་དང་ནོར་ལ་མ་གནོད་ཅིག །གཤེད་མི་དང་ནོར་ལ་མ་གབ་ཅིག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་གླང་གི་མགོ་བོ་ཅན། །གཤེད་ཀྱི་ཕ་ནི་གླང་ཞེས་བྱ། །གཤེད་ཀྱི་མ་ནི་གློག་འགྱུ་མ། །ན་བཟའ་སྣ་ཚོགས་ལུས་ལ་གྱོན། །ཁྱོད་མི་རུ་ནག་ལ་རྟ་རུ་ནག །སྟེང་ན་མི་ནག་ལྡེམས་སེ་ལྡེམ། །འོག་ན་རྟ་ནག་སྤུངས་སེ་སྤེང་། །ཀླད་ནི་བྱ་ནག་ཀྱི་ལི་ལི། །རྒྱབ་ན་ཁྱི་ནག་ཁེངས་སེ་ཁེང་། །འོད་ནག་འཚུབ་མ་ཀྱི་ལི་ལི། །ཁྱོད་ཀྱང་བྱང་བདུད་བྱང་བཙན་ཡིན། །ཁྱོད་ཀྱི་ལག་ཏུ་ཡས་འབུལ་ལོ། །བཟུང་བ་བཏང་བའི་གླུད་དུ་འབུལ། །བཅིངས་བ་བཀྲོལ་བའི་གླུད་དུ་འབུལ། །བསྡམ་པ་གློད་པའི་གླུད་དུ་འབུལ། །ན་བ་


CMR038_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བའི་གླུད་དུ་འབུལ། །ཆད་པ་མཐུད་པའི་གླུད་དུ་འབུལ། །ཡོན་བདག་མིང་བཟུང་དེ་ནི་སྟོང་པ་ཡིན། །ཤ་བཟུང་དེ་ནི་ས་དང་འདྲ། །ཁྲག་བཟུང་དེ་ནི་ཆུ་དང་འདྲ། །རུས་བཟུང་དེ་ནི་རྡོ་དང་འདྲ། །སེམས་བཟུང་ནམ་མཁའ་སྟོང་པ་ཡིན། །འདི་ལ་བཟའ་བའི་ཤ་ཡང་མེད། །འདི་ལ་བཏུང་བའི་ཁྲག་ཀྱང་མེད། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །སྔགས་འཆང་བདག་གི་ཏིང་འཛིན་གྱིས། །གཤེད་མདོས་རྒྱན་ལྡན་འདི་བཞེས་ལ། །གཤེད་མི་དང་ནོར་ལ་མ་གནོད་ཅིག །གཤེད་མི་དང་ནོར་ལ་མ་གབ་ཅིག །ཀྱཻ། ཤར་ཕྱོགས་ཤིང་ལས་གྲུབ་པ་ཡི། །འབྱུང་བ་ཤིང་གི་མཁར་ནང་ནས། །མི་ལྗང་སྟག་གི་མགོ་བོ་ཅན། །བུད་མེད་ལྗང་མོ་རི་བོང་རྣ་བ་ཅན། །ལོ་ཡང་སྟག་དང་ཡོས་བུའི་ལོ། །གཤེད་ཀྱང་སྟག་དང་ཡོས་བུའི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །སྟག་དང་ཡོས་བུའི་གཤེད་ཟློག་ཅིག །ལྷོ་ཕྱོགས་མེ་ལས་གྲུབ་པ་ཡི། །འབྱུང་བ་མེ་ཡི་མཁར་ནང་ནས། །མི་དམར་རྟ་ཡི་མགོ་བོ་ཅན། །བུད་མེད་དམར་མོ་སྦྲུལ་མགོ་ཅན། །ལོ་ཡང་རྟ་དང་སྦྲུལ་གྱི་ལོ། །གཤེད་ཀྱང་རྟ་དང་སྦྲུལ་གྱི་


CMR038_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །རྟ་དང་སྦྲུལ་གྱི་གཤེད་ཟློག་ཅིག །ནུབ་ཕྱོགས་ལྕགས་ལས་གྲུབ་པ་ཡི། །འབྱུང་བ་ལྕགས་ཀྱི་མཁར་ནང་ནས། །མི་དཀར་སྤྲེལ་གྱི་མགོ་བོ་ཅན། །བུད་མེད་དཀར་མོ་བྱ་མགོ་ཅན། །ལོ་ཡང་བྱ་དང་སྤྲེལ་གྱི་ལོ། །གཤེད་ཀྱང་བྱ་དང་སྤྲེལ་གྱི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །སྤྲེལ་དང་བྱ་ཡི་གཤེད་ཟློག་ཅིག །བྱང་ཕྱོགས་ཆུ་ལས་གྲུབ་པ་ཡི། །འབྱུང་བ་ཆུ་ཡི་མཁར་ནང་ནས། །མི་སྔོན་བྱི་བའི་མགོ་བོ་ཅན། །བུད་མེད་སྔོན་མོ་ཕག་མགོ་ཅན། །ལོ་ཡང་ཕག་དང་བྱི་བའི་ལོ། །གཤེད་ཀྱང་ཕག་དང་བྱི་བའི་གཤེད། །གླུད་མདོས་དམ་པ་འདི་བཞེས་ལ། །ཕག་དང་བྱི་བའི་གཤེད་ཟློག་ཅིག །མཚམས་བཞིར་གཤེད་བཞི་གནས་པ་ཡང་། །འབྱུང་བ་ས་ཡི་མཁར་ནང་ནས། །ཁེན་ཁོན་གིན་ཟོན་ལས་བྱུང་བའི། །མི་སེར་ཁྱི་འབྲུག་མགོ་བོ་ཅན། །བུད་མེད་གླང་ལུག་མགོ་བོ་ཅན། །ལོ་ཡང་ཁྱི་འབྲུག་གླང་ལུག་ལོ། །གཤེད་ཀྱང་ཁྱི་འབྲུག་གླང་ལུག་གཤེད། །གླུད་ཆེན་དམ་པ་འདི་བཞེས་ལ། །ཁྱི་འབྲུག་གླང་ལུག་གཤེད་ཟློག་ཅིག །ལོ་གཤེད་ལོ་བདུད་བསྒྱུར་དུ་གསོལ། །ཟླ་


CMR038_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཟླ་བདུད་བསྒྱུར་དུ་གསོལ། །ཞག་གཤེད་ཞག་བདུད་བསྒྱུར་དུ་གསོལ། །ཟ་འདྲེ་ཤི་གཤེད་བདུད་བསྒྱུར་དུ་གསོལ། །ཧཱུྃ། ཚེ་འཕོས་ཇི་ལྟར་གྱུར་པ་ཡི། །མདོ་ལས་ཐུབ་པས་གསུངས་པ་ཡི། །གནོད་སྦྱིན་འབྱུང་པོ་ཤ་ཟའི་ཚོགས། །འཆི་ཁ་འཇུག་པ་དྲི་ཟའི་རིགས། །ཁྱབ་བྱེད་ཅེས་བྱའི་དྲི་ཟ་དང་། །དྲི་ཟ་པི་ཤ་པ་ཎ་དང་། །སྨྲ་འདོད་ཅེས་བྱ་གདོན་གྱི་རིགས། །ཀུན་ཏུ་རྟོག་འདོད་ཅེས་བྱ་བའི། །གནོད་སྦྱིན་ཝ་ར་ཧི་ཏའི་རིགས། །འཆི་ཁ་ཀུན་གྱིས་དབུགས་གཏིང་ཟ། །ཕུང་པོ་བདག་ཏུ་བཟུང་བའི་ཕྱིར། །ཟ་འདྲེ་ཞེས་ནི་བྱ་བ་ཡིན། །ཚེ་འདས་རྣམས་ཀྱི་གཟུགས་བཟུང་ནས། །གསོན་པོ་རྣམས་ཀྱི་གཤེད་མ་བྱེད། །དེ་ཕྱིར་གཤེད་ཅེས་བྱ་བ་ཡིན། །ཤི་བ་རྣམས་ཀྱི་ཉེ་དུར་སྤྲུལ། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །ཁྱོད་ཀྱི་ཉེ་དུ་ང་ཡིན་ཟེར། །འོ་དོད་ལྷང་ལྷང་འབོད་བྱེད་ཅིང་། །ཆགས་འཛིན་གདུང་སེམས་སྐྱེད་བྱེད་པ། །ཐར་པ་ཐོབ་ཏུ་མི་འཇུག་པ། །ལྕགས་དང་རྡོས་སུ་བྱེད་པའི་ཕྱིར། །ཤི་གཤེད་གཤིན་ལྕགས་ཞེས་བྱ་བ། །བྱེ་བ་དུང་ཕྱུར་གྲངས་མེད་ཚོགས། །ཁྱེད་ཅག་མ་ལུས་འཁོར་བཅས་ཀྱི། །


CMR038_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་མདོས་རྒྱན་ལྡན་འདི་བཞེས་ལ། །རང་རང་ཡིད་དང་མཐུན་པ་ཡི། །ལོངས་སྤྱོད་རྒྱུ་ཆེན་ཐོབ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །གཤིན་པོ་རྣམས་ཀྱི་བླ་མ་བཟུང་། །གསོན་པོ་རྣམས་ཀྱི་གཤེད་མ་བྱེད། །གསོན་བདུད་གཤིན་ལྕགས་མ་བྱེད་ཅིག །བྱམས་པའི་སེམས་ཀྱིས་གནས་པར་གྱིས། །གཞན་ཡང་གཤེད་དང་དྲི་ཟའི་རིགས། །མོའུ་འགལ་བུ་ཡིས་གཟིགས་པ་ལྟར། །ཕྱོགས་རྣམས་ཀུན་ཏུ་རྒྱུག་བྱེད་པ། །འདྲེར་གཏོགས་བྱེ་བ་གྲངས་མེད་པ། །ཟ་འདྲེ་གཤེད་འཁྱམས་ཞེས་བྱ་བ། །དེ་འདྲའི་རིགས་རྣམས་ཐམས་ཅད་ལ། །གཤེད་མདོས་རྒྱུན་ཅན་འདི་འབུལ་ལོ། །བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག །བཀྲེས་སྐོམ་སྡུག་བསྔལ་ཞི་གྱུར་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་


CMR038_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །རང་བྱས་རང་ལ་སྡིག་པ་ཡིན། །མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །རྒྱལ་བའི་བཀའ་ལ་རྫུན་མི་སྲིད། །དེ་ཕྱིར་རྒྱལ་བའི་བཀའ་མ་བཅགས། །ཡོན་བདག་མི་ནོར་འཁོར་བཅས་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །དེ་ནས་ཡས་ཁ་ཕྱིར་བསྟན་ལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་འབྲུག་གི་མགོ་བོ་ཅན། །ཕྱག་གཡས་གཤེད་ཀྱི་ཟོར་བ་འཛིན། །གཡོན་པས་གཤེད་ཀྱི་ཞགས་པ་སྡོག །གཤེད་ཁ་སྡང་བའི་དགྲ་ལ་སྒྱུར། །ཕ་ཁུའི་ཟ་འདྲེ་ཁ་སྒྱུར་ཅིག །མ་སྲུའི་བྱུར་འདྲེ་ཁ་སྒྱུར་ཅིག །བྱི་སྦའི་ཆུང་སྲི་ཁ་སྒྱུར་ཅིག །ཟ་འདྲེ་སྡང་བའི་དགྲ་ལ་སྒྱུར། །ཟ་འདྲེ་གནོད་པའི་བགེགས་ལ་སྒྱུར། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་ལུག་གི་མགོ་བོ་ཅན། །ཕྱག་གཡས་གཤེད་ཀྱི་ཟོར་བ་འཛིན། །གཡོན་པས་གཤེད་ཀྱི་ཞགས་པ་ལྡོག །གཤེད་ཁ་སྡང་བའི་དགྲ་ལ་ཟློག །ཕ་ཁུའི་ཟ་འདྲེ་ཁ་སྒྱུར་ཅིག །མ་སྲུའི་བྱུར་འདྲེ་ཁ་སྒྱུར་ཅིག །བྱི་སྦའི་


CMR038_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་སྲི་ཁ་སྒྱུར་ཅིག །ཟ་འདྲེ་སྡང་བའི་དགྲ་ལ་སྒྱུར། །ཟ་འདྲེ་གནོད་པའི་བགེགས་ལ་སྒྱུར། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་ཁྱི་ཡི་མགོ་བོ་ཅན། །ཕྱག་གཡས་གཤེད་ཀྱི་ཟོར་བ་འཛིན། །གཡོན་པས་གཤེད་ཀྱི་ཞགས་པ་ལྡོག །གཤེད་ཁ་སྡང་བའི་དགྲ་ལ་ཟློག །ཕ་ཁུའི་ཟ་འདྲེ་ཁ་སྒྱུར་ཅིག །མ་སྲུའི་བྱུར་འདྲེ་ཁ་སྒྱུར་ཅིག །བྱིསྦའི་ཆུང་སྲི་ཁ་སྒྱུར་ཅིག །ཟ་འདྲེ་སྡང་བའི་དགྲ་ལ་སྒྱུར། །ཟ་འདྲེ་གནོད་པའི་བགེགས་ལ་སྒྱུར། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །གཤེད་མི་ལུས་གླང་གི་མགོ་བོ་ཅན། །ཕྱག་གཡས་གཤེད་ཀྱི་ཟོར་བ་འཛིན། །གཡོན་པས་གཤེད་ཀྱི་ཞགས་པ་ལྡོག །གཤེད་ཁ་སྡང་བའི་དགྲ་ལ་ཟློག །ཕ་ཁུའི་ཟ་འདྲེ་ཁ་སྒྱུར་ཅིག །མ་སྲུའི་བྱུར་འདྲེ་ཁ་སྒྱུར་ཅིག །བྱི་སྦའི་ཆུང་སྲི་ཁ་སྒྱུར་ཅིག །ཟ་འདྲེ་སྡང་བའི་དགྲ་ལ་སྒྱུར། །ཟ་འདྲེ་གནོད་པའི་བགེགས་ལ་སྦྱར། །ཡོས་བཀྲ་འབྲུ་སྣ་རྫོངས་སུ་འདེབས་ཤིང་། །ཧཱུྃ། ཤི་གཤེད་ཀུན་གྱི་རྒྱལ་པོ་ནི། །སྲོག་གཅོད་ལས་ཀྱི་གཤིན་རྗེ་ལ། །གསེར་སྐྱེམས་འབྲུ་སྣ་རྫོངས་སུ་


CMR038_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

འདེབས། །ཟ་འདྲེ་ཤི་གཤེད་ཁ་གནོན་མཛོད། །ལྷ་ཆེན་ཚངས་པའི་སྤྲུལ་པ་སྟེ། །ས་བདག་རྒྱལ་པོ་ཐེ་སེ་ནི། །གཤེད་ཀྱི་སྡེ་དཔོན་མཛད་པའི་ཚེ། །གནམ་ལོ་བདུན་ཟུར་རྟ་ལ་ཆིབས། །ལོ་གཤེད་བཅུ་གཉིས་འཁོར་དང་བཅས། །འབྲུ་སྣ་ཤེལ་ཚིགས་རྫོངས་སུ་འདེབས། །འབྱུང་བའི་དགྲ་གཤེད་བསྒྱུར་དུ་གསོལ། །གཤེད་པོ་ཡབ་རྗེ་ཆར་སྤྲིན་མདོག །སྦྲུལ་ནག་ཐུལ་པ་གོས་སུ་གྱོན། །སྦྲུལ་མགོ་བདུན་གྱི་དུག་ལྕེ་རྐྱང་། །མི་ནག་ཁྲམ་ཐོགས་བཅུ་གསུམ་སོགས། །དུར་བདུད་དུར་གཤེད་མང་པོས་བསྐོར། །བྲ་སྲན་རམ་རུག་རྫོངས་སུ་འདེབས། །ཟ་འདྲེ་དབུགས་ལེན་ནག་པོ་ནི། །གོས་སུ་ཁྲག་གི་ཐུལ་པ་གྱོན། །འོག་ཏུ་རླུང་རྟ་ཁམ་པ་ཞོན། །ཁ་ན་མི་སྙིང་རློན་པ་ཟ། །ལག་ན་མི་ཡི་རྒྱུ་མ་ཐོགས། །རྒྱབ་ན་མི་ཡི་གློ་བ་ཁུར། །ཚྭ་ཡོས་རམ་རུག་རྫོངས་སུ་འདེབས། །དུར་ཁྱི་ཁྲག་ལྡག་སྐན་ལྡེབ་ནི། །ཁྱི་ཡི་ལུས་ལ་སྦྲུལ་མཇུག་ཅན། །བྱ་ཁྱུང་སྡེར་མོས་ཀུན་ལ་བསྙབ། །ཤ་ཁྲག་རུས་གསུམ་རྫོངས་སུ་འདེབས། །གཤེད་ཁ་ཆོད་ལ་དུར་ཁ་ཆོད། །གཟའ་ཆེན་བཞི་ཡི་སྤྲུལ་པ་སྟེ། །གཤེད་པོ་ཁྱི་འབྲུག་གླང་ལུག་


CMR038_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་། །ཐན་དང་ལྟས་ངན་འཁོར་གྱིས་བསྐོར། །གླུད་ཡས་སྣ་ཚོགས་རྫོ་ངས་སུ་འདེབས། །ཚེ་དང་སྲོག་ལ་མ་གནོད་ཅིག །གདོང་མོ་བཞི་ཡི་སྤྲུལ་པ་སྟེ། །གཤེད་མོ་བདུད་མོ་མཆེད་བཞི་ནི། །བུད་མེད་དམར་མོ་གློག་འོད་འཁྱུག །ཕོ་གཤེད་ལྕགས་སྲེག་འཐོར་བ་འདྲ། །མོ་གཤེད་ལྕགས་སྲེག་འབྲུག་ལྟར་སྤྲུལ། །ཡས་སྟགས་སྣ་ཚོགས་རྫོངས་སུ་འདེབས། །གནས་འདིར་མ་ཉེ་མ་འཁོར་ཅིག །བཙན་པོ་ཁ་བཞིའི་སྤྲུལ་པ་སྟེ། །ཤར་ལྷོ་ནུབ་བྱང་གཤེད་བུ་བཞི། །སྐུ་མི་དཀར་སེར་དམར་ནག་བཞི། །ཉི་མ་ཕྱོགས་བཞིའི་བདུད་པོ་སྟེ། །ཟ་འདྲེ་ཤི་གཤེད་འཁོར་བཅས་ལ། །གླུད་དང་ཡས་སྟགས་འདི་ལོངས་ལ། །ལན་ཆགས་བུ་ལོན་བྱང་གྱུར་ཅིག །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ལན་ཆགས་བུ་ལོན་འཇལ་ཟིན་པས། །ཟ་རེ་འཐུང་སྐོམ་མ་བྱེད་ཅིག །ཁྱེད་རྣམས་མཁའ་ལ་རྒྱུ་བའི་རིགས། །ཡི་དྭགས་རིགས་དེ་ལྟོགས་སྐོམ་ཆེ། །དེ་ཕྱིར་ཟ་བའི་ལམ་གཅིག་སྟོན། །སངས་རྒྱས་བསྟན་པ་བཤིགས་པ་དང་། །དཀོན་མཆོག་དབུ་འཕང་སྨད་པ་དང་། །བླ་མའི་སྐུ་ལ་བསྡོ་བ་དང་། །གསང་སྔགས་ཆོས་ལ་སྨོད་པ་


CMR038_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །དམ་ཆོས་མི་བདེན་ཟེར་བ་དང་། །རིག་འཛིན་བརྒྱུད་པ་བཅད་པ་དང་། །ཕྲག་དོག་དུག་སྦྱོར་བྱེད་པ་དང་། །དབེན་གནས་གཉེན་པོ་བཅོམ་པ་དང་་། །སངས་རྒྱས་བསྟན་པའི་སྤྱི་དགྲ་ལ། །གཤེད་ཀྱི་ཟ་ལམ་དེ་རུ་བསྟན། །སྔ་གཞིས་ཟུང་ལ་ཕྱི་གཞིས་ཐོབ། །ཟ་འདྲེའི་ཟ་ཁ་དེ་རུ་སྟོན། །མི་ཟད་ཕུག་ནས་ཟད་པར་གྱིས། །ནོར་ཟད་སྒོ་ནས་ཟད་པར་གྱིས། །མི་ནོར་བསོད་ནམས་ཕྱགས་མས་ཐོབ། །ལྗོངས་འདེབས་དྲག་པོ་འདི་ཁྱེར་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ལམ་བསྟན་པ་ནི་འདི་སྐད་དོ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །དུང་མཁར་དཀར་པོ་ལྡེམས་སེ་ལྡེམ། །དུང་སྒོ་དཀར་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །དྲི་ཟའི་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག །ཀྱཻ། ཕྱོགས་རྒྱུཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གསེར་མཁར་སེར་པོ་ལྡེམས་སེ་ལྡེམ། །གསེར་སྒོ་སེར་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །


CMR038_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

གཤིན་རྗེའི་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཟངས་མཁར་དམར་པོ་ལྡེམས་སེ་ལྡེམ། །ཟངས་སྒོ་དམར་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །ཀླུ་ཡི་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན།།ཉི་མ་བྱང་ཕྱོགས་ཕ་ཀི་ན། །ལྕགས་མཁར་ནག་པོ་ལྡེམས་སེ་ལྡེམ། །ལྕགས་སྒོ་ནག་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །གནོད་སྦྱིན་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག །ཟ་འདྲེ་ཤི་གཤེད་ད་སོང་ཞིག །གལ་ཏེ་མི་འགྲོ་འདུག་གྱུར་ན། །ང་ནི་འཇམ་དཔལ་ནག་པོ་སྟེ། །གཤིན་རྗེའི་གཤེད་པོ་ཐུགས་ཁྲོས་ནས། །མགོ་བོ་ཚལ་པ་བརྒྱ་རུ་འགས། །ལུས་ནི་དུམ་བུ་སྟོང་དུ་གཏུབ། །ཤ་རུས་སོ་སོར་བྱེ་བར་འགྱུར། །དེ་བས་རང་རང་གནས་སུ་དེངས། །ཨོཾ་པྲ་སོད། ཆུ་སོད། །


CMR038_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཏ་སོད། དུར་མི་སོད། སྙིང་མགོ་ལ་ཆོད། གཉེན་མགོ་ལ་ཆོད། ཁ་ལ་ཛ༔ ཀཾ་ཤཾ་ཏྲི་རྦད་ཕཊ་སྭཱ་ཧཱ། སརྦ་དུཏྟཾ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། སརྦ་བིགྷཱན་ཤཱནྟི་ཀུ་རུ་ཡེ་སྭཱ་ཧཱ། །དེ་ནས། སུམྦྷ་ནི་བརྗོད་ཅིང་ཐུན་གྱིས་བྲབ། སྟག་ཡོས་ལོ་པ་ཤི་བའི་གཤེད། །བྱ་སྤྲེལ་ལོ་པས་གྲི་དེད་བྱ། །རྟ་སྦྲུལ་ལོ་པ་ཤི་བའི་གཤེད། །བྱི་ཕག་ལོ་པས་ཆུ་གཏོར་དེད། །བྱ་སྤྲེལ་ལོ་པ་ཤི་བའི་གཤེད། །རྟ་སྦྲུལ་ལོ་པས་མེ་ཐོགས་དེད། །ཁྱི་འབྲུག་གླང་ལུག་ཤི་བའི་གཤེད། །སྟག་ཡོས་ལོ་པས་ཚེར་ལྕགས་དེད། །བྱི་ཕག་ལོ་པ་ཤི་བའི་གཤེད། །མཚམས་བཞི་ལོ་པས་ས་གཏོར་དེད། །ཡས་ལམ་མམ་ནི་ཕྱོགས་་གཙང་སར། །ནད་པ་དོན་ལ་ལོ་བདུད་ཐོགས། །ཁྱིམ་ནས་བཟུང་སྟེ་གོམ་པ་ནི། །དྲུག་ཅུ་རེ་བཞིའི་མཚམས་སུ་བསྐྱལ། །ཕྱི་མིག་མི་བལྟ་ཁྱིམ་དུ་ལོག །རང་ཉིད་འཇམ་དཔལ་ནག་པོ་རུ། །གསལ་བའི་སྐུ་གསལ་ཐུགས་ལས་ནི། །སྤྲུལ་པའི་ཁྲོ་བོའི་དམག་ཚོགས་ཀྱིས། །ཟ་འདྲེ་གཤེད་འཁྱམས་ཐམས་ཅད་དེད། །གླིང་བར་མུན་པའི་ནང་དུ་བྲོས། །ཁྲོ་བོ་ཐམས་ཅད་ཚུར་འདུས་ནས། །རྡོ་རྗེ་རྭ་གུར་ཡེ་ཤེས་ཀྱི། །མེ་རི་དྲག་ཏུ་འབར་བའི་ནང་། །བསྲུང་བྱ་ཐམས་ཅད་ཚུད་པར་བསྒོམ། །རྡོ་རྗེ་གདན་པ་ཆེ་ཆུང་གིས། །གདམས་པ་འཇམ་དཔལ་ནག་པོ་ཡི། །གཏོ་ཆོག་


CMR038_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

མཁས་པའི་རང་སྲུང་དུ། །རྒྱ་གར་ཡུལ་གྱི་པཎྜི་ཏ། །ཉི་མའི་སྙིང་པོས་མཛད་པ་དང་། །གཟའ་གཤེད་བཀར་བའི་ཆོ་ག་དང་། །རྒྱ་ནག་ཡུལ་གྱི་སློབ་དཔོན་ནི། །ཤྲཱི་ཧཱུྃ་ཆེན་གྱིས་མཛད་པའི། །གཤེད་བཞིའི་གཤེད་ཟློག་གཏོ་ཆོག་དང་། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་ལུགས། །གཤེད་གཏོ་དང་ནི་གཤེད་མདོས་སོགས། །ཡིག་རྙིང་མང་པོའི་དོན་བསྡུས་ཏེ། །གཏོ་མཁན་མཁས་པ་མང་པོ་ཡིས། །ཕྱག་ལེན་མཐོང་བ་བརྒྱུད་པ་ལྟར། །སྔགས་འཆང་གསར་བུ་མང་པོ་ལ། །ཕན་ཕྱིར་རཱ་ག་ཨ་སྱས་བསྒྲིགས། །ཇི་སྲིད་འཇིག་རྟེན་གནས་ཀྱི་བར། །འདི་ཉིད་མེད་ཐབས་མི་འདུག་ཀྱང་། །ཆ་ལག་ཚང་བར་དཀོན་འདུག་པས། །མ་འོངས་འགྲོ་ལ་ཕན་ཕྱིར་བཀོད། །བརྩམས་རྒྱུ་ཟད་པར་མི་དགོངས་འཚལ། །འགྲོ་དོན་དཔག་མེད་འབྱུང་བར་ཤོག །དགེ་ལེགས་འཕེལ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤེད་གཏོ་གཤེད་ཟློག་གཤེད་མདོས་ཏེ། རྒྱས་འབྲིང་བསྡུས་གསུམ་གང་བྱེད་ཀྱང་། འདོན་བྱ་ལ་ཁྱད་མེད་དེ། འདོན་བྱ་བལྟས་ཆོག་ཏུ་བཀོད་པ། བླ་གླུད་ཀྱང་དོན་གྱིས་འཐུས་ཏེ། ཚེ་འཕོས་ཇི་ལྟར་འགྱུར་བའི་མདོ་དང་། མོའུ་འགལ་གྱི་མདོ་དང་། གསར་རྙིང་གི་རྒྱུད་སྡེ་འགའི་དོན་བསྡུས་པ།next