Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཌཀི་སྡེ་ལྔའི་གཤེད་འགུགས།
   
   
   
   
   
   
   
   


 
previousཌཀི་སྡེ་ལྔའི་གཤེད་འགུགས།next

ཌཀི་སྡེ་ལྔའི་གཤེད་འགུགས།


CMR038_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ཌཀི་སྡེ་ལྔའི་གཤེད་འགུགས་ཡོད། གཤེད་འགུགས་བྱེད་ན་འདི་སབ་རྒྱུ་ཡིན། ༈ མི་ཤི་སར་གཤེད་འདུལ་མི་བྱེད་གཤེད་འགུགས་བྱེད་ན་འདི་རུང་བ་ཡིན་ནོ།། ༈ ན་མོ་བཛྲ་ཀྲོ་དྷ་ཡེ། གཤེད་འགུགས་བྱ་ཚུལ་མཆོད་གཡོག་པས། སྣ་རེ་ཕྲག་པ་གཡོན་ལ་གཟར། །ལག་གཡོན་ཟོར་བ་བཟུང་བྱས་ཏེ། །བྲེང་པ་གྲུ་མོ་གཡོན་དུ་བསྐོན། །ལག་གཡས་སྒྲོ་བའི་ཁ་ཕྱེས་ལ། །ནང་དུ་ཟན་ལིང་གཅིག་འཕངས་ནས། །གཤེད་གཏོ་གཞུང་གི་འགུགས་གཞུག་དེ། །ལན་གསུམ་ཚར་བའི་དེ་མ་ཐག །སེ་ཆིངས་མདུད་ཀྱིས་སྒྲོ་ཁ་བཅིངས། །ཤར་ལྷོ་ནུབ་བྱང་དབུས་དང་ལྔ། །རིམ་བཞིན་ཁ་གྱུས་ལངས་ཏེ་འདུག །སྔགས་ཀྱི་མཚམས་སུ་སྒོ་བ་རྡེབ། །འདོན་ཆོག་དང་མཚུངས་དམིགས་པ་བྱ། །ཧཱུྃ། དཔལ་ཆེན་ཐུགས་ལས་སྤྲུལ་པ་ནི། །ཤར་ནས་འགུགས་པའི་ཕོ་ཉ་མོ། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །དུང་གི་བུད་མེད་དཀར་མོ་ཞོན། །བླ་བྱ་དཀར་པོ་ཀླད་ན་ལྡིང་། །བླ་ཁྱི་དཀར་མོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །སྲོག་གཅོད་སྤུ་གྲི་ལག་ན་ཐོགས། །གཤེད་ལྟ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ཏུ་འཛིན། །གཤེད་བྲེང་འདོམ་དགུ་གྲུ་ལ་བཀོན། །གཤེད་སྒོ་རླུང་ཐུབ་མཆན་དུ་བཅུག །ལས་ངན་གཤེད་པོ་མི་ཟན་འདི། །རང་དབང་མེད་པར་ཁུག་ལ་


CMR038_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །གཤེད་ལྟ་ཁ་ཆེ་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུངས་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །གཤེད་བྲེང་འདོམ་དགུས་དོམས་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །རང་གཟུགས་ཡས་གླུད་འདི་ལ་ཁུག །ཧ་བཛྲ་ཌཱཀི་ནི་ཧཱུྃ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཛ༔ ཧཱུྃ། དཔལ་ཆེན་ཡོན་ཏན་སྤྲུལ་པ་ནི། །ལྷོ་ནས་འགུགས་པའི་ཕོ་ཉ་མོ། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གསེར་གྱི་བུད་མེད་སེར་མོ་ཞོན། །བླ་བྱ་སེར་པོ་ཀླད་ན་ལྡིང་། །བླ་ཁྱི་སེར་མོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །སྲོག་གཅོད་སྤུ་གྲི་ལག་ན་ཐོགས། །གཤེད་སྐུ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ཏུ་འཛིན། །གཤེད་བྲེ་འདོམ་དགུ་གྲུ་ལ་བཀོན། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །ལས་ངན་གཤེད་པོ་མི་ཟན་འདི། །རང་དབང་མེད་པར་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །གཤེད་སྟ་ཁ་ཆེས་རྒྱབ་


CMR038_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཤོག །གཤེད་ཟོར་འགུགས་མོས་ཟུངས་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །གཤེད་བྲེང་འདོམ་དགུས་དོམས་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །རང་གཟུགས་ཡས་གླུད་འདི་ལ་ཁུག །རི་རཏྣ་ཊཱ་ཀི་ནི་ཧཱུྃ་ཏྲི་བཛྲ་པ་ཤ་ཧཱུྃ་ཧཱུྃ་ཧཱུྃ། ཧཱུྃ། དཔལ་ཆེན་གསུང་གི་སྤྲུལ་པ་ནི། །ནུབ་ནས་འགུགས་པའི་ཕོ་ཉ་མོ། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །བྱི་རུའི་བུད་མེད་དམར་མོ་ཞོན། །བླ་བྱ་དམར་པོ་ཀླད་ན་ལྡིང་། །བླ་ཁྱི་དམར་མོ་རོལ་དུ་ཁྲིད། །བླ་འཛིན་དྲི་བ་རྒྱབ་ཏུ་ཁུར། །སྲོག་གཅོད་ཐོསྤུ་གྲི་ལག་ན་ཐོགས། །གཤེད་སྟུ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ཏུ་འཛིན། །གཤེད་བྲེང་འདོམ་དགུ་གྲུ་ལ་བཀོན། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །ལས་ངན་གཤེད་པོ་མི་ཟན་འདི། །རང་དབང་མེད་པར་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །གཤེད་ལྟ་ཁ་ཆེ་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུངས་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །གཤེད་བྲེང་འདོམ་དགུས་དོམས་ལ་


CMR038_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །རང་གཟུགས་ཡས་གླུད་འདི་ལ་ཁུག །ནི་པདྨ་ཌཀི་ནཱི་ནི་ཏྲེ་བཛྲ་སྤོ་ཊ་ཐཾ་ཐཾ་ཐཾ། ཧཱུྃ། དཔལ་ཆེན་ཕྲིན་ལས་སྤྲུལ་པ་ནི། །བྱང་ནས་འགུགས་པའི་ཕོ་ཉ་མོ། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །གཡུ་ཡི་བུད་མེད་ལྗང་མོ་ཞོན། །བླ་བྱ་ལྗང་ཁུ་ཀླད་ན་ལྡིང་། །བླ་ཁྱི་ལྗང་ཁུ་རོལ་དུ་ཁྲིད། །བླ་འཛིན་དྲྭ་བ་རྒྱབ་ཏུ་ཁུར། །སྲོག་གཅོད་སྤུ་གྲི་ལག་ན་ཐོགས། །གཤེད་སྣ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ཏུ་འཛིན། །གཤེད་བྲེང་འདོམ་དགུ་གྲུ་ལ་བཀོན། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །ལས་ངན་གཤེད་པོ་མི་ཟན་འདི། །རང་དབང་མེད་པར་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །གཤེད་སྟ་ཁ་ཆེས་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུངས་ལ་ཤོག །བླ་འཛིན་དྲྭ་བས་དྲིལ་ལ་ཤོག །གཤེད་བྲེང་འདོམ་དགུས་དོམས་ལ་ཤོག །གཤེད་སྒྲོ་རླུང་ཐུབ་ནང་དུ་ཆུག །རང་གཟུགས་ཡས་གླུད་འདི་ལ་ཁུག །ས་ཀརྨ་ཊཱ་ཀི་ནི་ནི་ཏྲེ་བཛྲ་གནྡྷེ་ཧོ་ཧོ་ཧོ༔ ཧཱུྃ། དཔལ་ཆེན་སྐུ་ཡི་སྤྲུལ་པ་


CMR038_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །དབུས་ནས་འགུགས་པའི་ཕོ་ཉ་མོ། །ལྕགས་ཀྱི་སྤྱང་ཀི་སྔོན་མོ་ལ། །མཐིང་གི་བུད་མེད་སྔོན་མོ་ཞོན། །བླ་བྱ་སྔོན་པོ་ཀླད་ན་ལྡིང་། །བླ་ཁྱི་སྔོན་མོ་རོལ་དུ་ཁྲིད། །བླ་འཛིན་དྲ་བ་རྒྱབ་ཏུ་ཁུར། །སྲོག་གཅོད་སྤུ་གྲི་ལག་ན་ཐོགས། །གཤེད་སྐུ་ཁ་ཆེ་ཕྲག་ལ་གཟར། །གཤེད་ཟོར་འགུགས་མོ་ལག་ཏུ་འཛིན། །གཤེད་བྲེང་འདོམ་དགུགྲུ་ལ་བཀོན། །གཤེད་སྒྲོ་རླུང་ཐུབ་མཆན་དུ་བཅུག །ལས་ངན་གཤེད་པོ་མི་ཟན་འདི། །རང་དབང་མེད་པར་ཁུག་ལ་ཤོག །ཟ་འདྲེ་ཤི་གཤེད་ཁུག་ལ་ཤོག །སྲོག་གཅོད་དབུགས་ལེན་ཁུག་ལ་ཤོག །གསོན་བདུད་གཤིན་ལྕགས་ཁུག་ལ་ཤོག །གཤེད་སྣ་ཁ་ཆེ་རྒྱོབ་ལ་ཤོག །གཤེད་ཟོར་འགུགས་མོས་ཟུང་ལ་ཤོག །བླ་འཛིན་དྲ་བས་དྲིལ་ལ་ཤོག །གཤེད་བྲིང་འདོམ་དགུའི་དོམས་ལ་ཤོག །གཤེད་སྒོ་རླུང་ཐུབ་ནང་དུ་ཆུག །རང་གཟུགས་ཡས་གླུད་འདི་ལ་ཁུག །ཨ་བུདྡྷ་ཌཱཀི་ནཱི་ནཾ་ཏྲི་བཛྲ་ཨཱ་ཝེ་ཤ་ཡ་ཨ་ཨ་ཨ༔ དེ་ནས་གཤེད་ཀྱི་གབ་སྐུང་ཕུད་པ་ནི་མཛོད་དང་བང་བ་རྣམས་ཀྱི་སྒོ་ཕྱེས་ཏེ། སྟེང་ཁང་འོག་ཁང་བར་ཁང་། ཁྱིམ་གྱི་ཕྱོགས་མཚམས་ཀུན་ཏུ་སྒོ་བ་རྡེབ་བཅུག་ལ་འདི་སྐད་དོ།། ཧཱུྃ། བདག་ཉིད་དཔལ་ཆེན་


CMR038_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ་ཡི། །སྤྲུལ་པའི་ཁྲོ་བོ་ཡབ་ཡུམ་བཅུ། །ཡང་སྤྲུལ་ཁྲ་ཐབས་ཉི་ཤུ་འགྱེད། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །མི་དང་ནོར་ལ་གནོད་བྱེད་པའི། །ཟ་འདྲེ་གསོན་བདུད་གཤིན་ལྕགས་རྣམས། །གབ་སྐུང་ཕུད་པའི་དུས་ལ་བབ། །ཤིང་སྤྱད་ཤིང་ཐོག་སྤུ་ཤུན་དང་། །ཁྱིམ་གྱི་ཤར་དུ་གཤེད་གབ་ན། །ཤར་གྱི་ཁྲོ་བོ་རྣམ་པར་རྒྱལ། །སྤྲུལ་པ་སྟག་དང་བྱ་རྒོད་མགོས། །ཁྱིམ་གྱི་ཤར་ནས་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །ཚོས་དང་ཟངས་སྤྱད་དམར་པོའི་རིགས། །ཁྱིམ་གྱི་ལྷོ་རུ་གཤེད་གབ་ན། །ལྷོ་ཕྱོགས་ཁྲོ་བོ་གཤིན་རྗེའི་གཤེད། །སྤྲུལ་པ་ཤ་བ་འུག་པའི་མགོས། །ཁྱིམ་གྱི་ལྷོ་ནས་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །གོ་མཚོན་ལྕགས་སྤྱད་དཀར་པོའི་རིགས། །ཁྱིམ་གྱི་ནུབ་ཏུ་གཤེད་གབ་ན། །ནུབ་ཕྱོགས་ཁྲོ་བོ་རྟ་མགྲིན་རྒྱལ། །སྤྲུལ་པ་བྱི་ལ་ཕུག་ཤུད་མགོས། །ཁྱིམ་གྱི་ནུབ་ནས་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །སྤྱད་ནག་གྲུ་གུ་སྔོ་ནག་རིགས། །ཁྱིམ་གྱི་བྱང་དུ་གཤེད་གབ་ན། །བྱང་ཕྱོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྤྲུལ་པ་སེང་གེ་ཕ་ཝང་མགོས། །


CMR038_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱིམ་གྱི་བྱང་ནས་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །དར་དང་ཟ་འོག་ནོར་གཡུའི་རིགས། །ཁྱིམ་གྱི་ཤར་ལྷོར་གཤེད་གབ་ན། །ཤར་ལྷོའི་ཁྲོ་བོ་དབྱུག་སྔོན་ཅན། །སྤྲུལ་པ་གཡག་དང་བྱ་རོག་མགོས། །ཁྱིམ་གྱི་ཤར་ལྷོའི་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །བལ་དང་ཐག་ཆ་གདན་གྱི་རིགས། །ཁྱིམ་གྱི་ལྷོ་ནུབ་གཤེད་གབ་ན། །ལྷོ་ནུབ་ཁྲོ་བོ་མི་གཡོ་མགོན། །སྤྲུལ་པ་གཟིག་དང་ཁྭ་ཏའི་མགོས། །ཁྱིམ་གྱི་ལྷོ་ནུབ་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །ཞྭ་ཕྱིང་མཆིག་དང་སྒོ་ཁྱིའི་རིགས། །ཁྱིམ་གྱི་ནུབ་བྱང་གཤེད་གབ་ན། །ནུབ་བྱང་ཁྲོ་བོ་འདོད་པའི་རྒྱལ། །སྤྲུལ་པ་སྤྱང་ཀི་ཁྲ་ཡི་མགོས། །ཁྱིམ་གྱི་ནུབ་བྱང་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །མཆོད་ཆའི་རིགས་དང་འོད་ཅན་རྫས། །ཁྱིམ་གྱི་བྱང་ཤར་གཤེད་གབ་ན། །བྱང་ཤར་ཁྲོ་བོ་ཁམས་གསུམ་རྒྱལ། །སྤྲུལ་པ་དོམ་དང་སྲེ་མོང་མགོས། །ཁྱིམ་གྱི་བྱང་ཤར་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །ཁང་ཐོག་ཡང་ཐོག་བྱ་ཁྲིའི་ལྕམ། །སྦྲ་ཁྱིམ་སྟེང་ཕྱོགས་གཤེད་


CMR038_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གབ་ན། །སྟེང་གི་ཁྲོ་བོ་ཧཱུྃ་ཀཱ་ར། །སྤྲུལ་པ་ཕག་དང་སྒྲིག་བུའི་མགོས། །སྟེང་ཕྱོགས་ཁྱིམ་གྱི་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །རྨིག་ཟླུམ་རྔ་བྲན་རྐང་ཕྲན་སོགས། །འོག་ཁང་ནོར་ལ་གཤེད་གབ་ན། །འོག་ཕྱོགས་ཁྲོ་བོ་སྟོབས་པོ་ཆེ། །སྤྲུལ་པ་དྲེད་དང་བྱི་བའི་མགོས། །འོག་ཁང་ནོར་ཕྱུགས་གཤེད་ཕུད་ལ། །རང་གཟུགས་གཏོ་གླུད་འདི་ལ་ཁུག །ཧཱུྃ་ཧཱུྃ་མ་ཧཱ་ཀྲོ་དྷ་བྷི་ཤྭ་ཙཀྲ་མ་ཧཱ་བྷ་ལ་ཧ་ལ་ཧ་ལ་ཧཱུྃ་ཕཊ། ཀྲྀ་ཏྲི་ཛཿཧཱུྃ་བཾ་ཧོཿ དེ་ནས་གཤེད་གཏོའི་ནང་དུ་བྱོ་བཅུག །ཚྭ་ཡོས་རམ་རུག་བླུག་ལ་བྲན། དེ་ནས་གཤེད་གཏོ་གཞུང་ལྟར་གྱེར། །དེ་ལྟར་བྱས་པས་ཟ་འདྲེ་ཁ་བྲལ་བསྡུས་པ་ཡིན། །ཞེས་པ་འདི་སྔོན་གྱི་སྔགས་པ་བགྲེས་པོ་རྣམས་ཀྱིས། །གསུང་རྒྱུན་ཡོད་པ་རྣམས་ལ་གཞི་བྱས་ཤིང་། །འདོན་ཆའི་ཚིག་བཙུན་ཞིང་དོན་ཟབ་པར་དྲན་ནས། །སྔགས་རྒན་འདས་པའི་སྔགས་ཆུང་གསར་བུ་འགས། །རྔ་ཡུ་མ་ཤོར་ཙམ་ཞིག་དགོས་ཟེར་ནས། །རྒྱང་རིང་ཕྱོགས་ནས་བྱུང་བས་ནན་ཏན་ཆེ། །ཕ་མྱེས་དཔེ་ཧྲུལ་ཉལ་ཉིལ་མང་འདུག་ཀྱང་། །མགོ་རྐང་ཚང་བ་འགའ་ཡང་མ་མཆིས་པས། །སྦྱོར་དངོས་རྗེས་ཚང་ལག་ལེན་བདེ་བ་འདི། །གཤེད་མདོས་གཤེད་གཏོ་གཏེད་འགུགས་ཚན་གསུམ་པོ། །མ་འོངས་སྔགས་ཆུང་གསར་བུ་མང་པོ་ཞིག །མགོ་བསྐོར་ཉེ་ས་པས་ཕྱི་མ་མི་སྡིག་ཤིང་། །ཡི་དྭགས་དྲི་ཟ་ཟ་


CMR038_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེ་ངན་པ་རྣམས། །བཀྲེས་སྐོམ་ཞི་ནས་གནོད་སེམས་ཞི་བ་ལ། །མཆོག་དམན་བར་མའི་སྐྱེ་འགྲོ་མང་པོ་རྣམས། །ན་ཚ་གོད་ཁ་ཞི་ནས་སྐྱིད་པའི་ཕྱིར། །གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་བསླངས་ནས། །ཆུང་ཚེ་འདི་ལ་གོམས་པའི་སྔགས་རྒན་ནི། །རཱ་ག་ཨ་སྱ་ཞེས་བྱའི་དགེ་སློང་དེས། །སྤྲེལ་ལོ་རྒྱལ་ཟླའི་ཚེས་བདུན་ནས་བཟུང་སྟེ། །ཞག་པོ་དྲུག་གི་ཐུན་མཚམས་རྣམས་སུ་བསྒྲིགས། །ཡི་གེ་པ་ནི་པདྨ་དད་པས་བྱས། །ཉེས་འགལ་མཆིས་ན་མཁྱེན་ལྡན་རྣམས་ལ་བཤགས། །དགེ་བས་ཇི་སྲིད་འཇིག་རྟེན་གནས་ཀྱི་བར། །འདི་ཡིས་ཕན་ཐོགས་རྒྱ་ཆེན་འགྲུབ་པར་ཤོག །དགེ་ལེགས་འཕེལ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཌཀི་སྡེ་ལྔའི་གཤེད་འགུགས།next