Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤེད་གཏོ་གཙང་གྱེར།
   
   
   
   
   
   
   


 
previousགཤེད་གཏོ་གཙང་གྱེར།next

གཤེད་གཏོ་གཙང་གྱེར།


CMR038_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་གཏོ་གཙང་གྱེར་ལ་གཏོར་ཆུང་ཤ་དུམ་ཁྲག་ཐིག་འབྲུ་སྣ་ཡོས་བཀྲ་བཏབ་ལ་བྲན་ཅིང་འདི་སྐད་དོ། །ཧཱུྃ། བདག་ནི་འཕགས་པ་འཇམ་དཔལ་ལ། །ཁྲོས་པ་ཡབ་གཅིག་གཤིན་རྗེ་གཤེད། །ཟློག་སྒྱུར་བྱེད་པའི་བདག་པོ་ཡིན། །ཉོན་ཅིག་སྣང་སྲིད་ལྷ་འདྲེ་ཉོན། །བྷྱོ༔ དྲག་པོ་རྩང་དང་ཕུར་པའི་ལྷ། །སྲིད་པ་ལས་ཀྱི་མདོས་བཤམས་ན། །ཐ་མ་རྒྱལྕགས་རི་མུ་ཁྱུད་ལ། །དྲག་པོ་ལས་ཀྱི་རྩང་ཕུར་བཙུགས། །ཞེ་སྡང་མཚོན་ཆར་བྱིན་གྱིས་བརླབས། །རྩང་སྟོད་མེ་འབར་ལྷབས་སེ་ལྷབ། །བཙན་གྱི་ལས་བྱེད་ཤ་ར་ར། །རྩང་སྨད་མུན་ནག་ཐིབས་སེ་ཐིབ། །བདུད་དམག་བྲོ་བརྡུང་ཁྲིགས་སེ་ཁྲིག །བདུད་བཙན་དམག་སྣ་དགྲ་ལ་འགྱེད། །རྐེད་པ་རྒྱ་མདུད་ཁོང་སེང་ལ། །ཁྲོས་པའི་འབྲུག་སྒྲ་འུ་རུ་རུ། །ལས་ཀྱི་རྩང་ཕུར་བཞེངས་སུ་གསོལ། །ཞེ་སྡང་གཙང་ཕུར་ཟུར་གསུམ་ལ། །ཛདང་བྷྱོ་ཡི་ཡི་གེ་བྲིས། །གྲུ་གསུམ་མཐིང་ནག་ལྕགས་རི་ལ། །རྣལ་འབྱོར་སྔགས་འཆང་ལས་གྲུབ་པའི། །སྤྲུལ་པའི་ཕོ་ཉར་བྱིན་གྱིས་བརླབས། །ཁྲོ་བོ་ཆེན་པོ་ཡང་དག་གསལ། །མཚོན་གྱི་སྤྲུལ་པའི་ཕྱག་རྒྱ་གསལ། །གདུག་པ་འདུལ་ཕྱིར་དབལ་དང་


CMR038_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན། །རྩེ་མོ་ཆོས་ཉིད་དབྱིངས་སུ་འཕྱོ། །རྩ་བ་དུག་གསུམ་གནས་སུ་ཟུག །རྐེད་པ་ཕོ་ཉ་དབྱིངས་སུ་འགྱེད། །རྩེ་མོར་གྲི་ཁྲག་དམར་པོ་བྱུག །བསྐལ་པའི་མེ་འབར་ལམས་སེ་ལམ། །རྩ་བར་དུར་ཁྲོད་སོལ་བ་བྱུག །འཇིགས་པའི་མུན་པ་ཐིབས་སེ་ཐིབ། །དེ་འདྲའི་རྩང་ཕུར་བཞེངས་སུ་གསོལ། །ཡར་གྱི་རྩེ་མོ་ལྷ་མཐོང་ཡུལ་དུ་འཛུགས། །ལྷ་མ་ཡིན་གྱི་ཁ་རླངས་སྟོང་བ་དང་། །མི་མ་ཡིན་གྱི་ཆོ་འཕྲུལ་བཟློག་ཏུ་གསོལ། །མར་གྱི་རྩེ་མོ་དུར་ཁྲོད་གནས་སུ་ཟུག །ནད་སྣ་ཡམས་སྣ་དལ་སྣ་བསྒྱུར་དུ་གསོལ། །རྐེད་པ་རྒྱ་མདུད་ཁམས་གསུམ་དབལ་དང་ལྡན། །དགྲ་འདྲེ་མི་ཁ་གཤེད་ཁ་བྷྱོ་ཐུན་བྷྱོ། །ལྟས་ངན་མ་ལུས་བསྒྱུར་དུ་གསོལ། །གནག་པའི་དགྲ་བོ་མི་ནོར་ལ། །ཡུལ་མཁར་གླིང་ལ་རྩང་ཕུར་ཡ། །སྒོ་ཡི་ནོར་ལ་རྩང་ཕུར་ཡ། །མཁྱེན་གྱི་བུ་ལ་རྩང་ཕུར་ཡ། །དམ་ཉམས་དགྲ་བགེགས་རྡུལ་དུ་རློགས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཨ་རྭ་གས་སྦྱར་བའོ།། ༈ གཏོ་སྒོ་དབྱེ་བ་ནི། ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །གཏོ་ཡས་གླུད་ཀྱིས་ཐམས་ཅད་བཅོས། །རྒྱ་རྗེ་སྟོང་འབྱམ་འཁོར་བཅས་ཀྱིས། །གཏོ་ཡས་


CMR038_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

གླུད་ཀྱིས་ཐམས་ཅད་བཅོས། །ངན་དགུ་དུག་བཅུ་ཐམས་ཅད་སྒྱུར། །གཏོ་དང་ཡས་ཀྱིས་ཐམས་ཅད་འཆིང་། །མགུ་ཞིང་དགྱེས་པའི་སྨོན་ལམ་བཏབ། །འདོད་པའི་ལོངས་སྤྱོད་ཡ་མཚན་ཅན། །གླུད་དུ་བསགས་པའི་ཡས་སྟགས་རྣམས། །སོ་སོར་འདོད་པ་ཚིམ་གྱུར་ཅིག །ཀྱཻ། ད་ནི་ཐ་མ་སྒོ་དབྱེ་འཚལ། །ཕྱོགས་བཞིའི་སྒོ་བཞི་མ་ཕྱེས་ན། །གཏོ་ཡས་བསགས་པ་གང་དུ་སྟོང་། །ད་ནི་གཏོ་སྒོ་ཤར་དུ་དབྱེ། །ཤར་ཕྱོགས་དྲི་ཟ་ཡུལ་འཁོར་སྲུང་། །ཕྲག་མ་དོག་ལ་རུ་མ་ཐུར། །ས་བདག་སྟག་སྐྱ་ཞེ་སྡང་ཅན། །གདུག་པའི་ཞེ་སྡང་མ་སྟོན་ཅིག །གཏོ་ཡས་གླུད་ཀྱི་སྣ་མ་སྐྱིལ། །གསེར་སྐྱེམས་དམ་པ་འདི་གསོལ་ལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །གདུག་པའི་པའི་མདའ་རྒོད་མ་འཕེན་ཅིག །ཡང་ཅིག་གཏོ་སྒོ་ལྷོ་རུ་དབྱེ། །གཏོ་ཡི་ལམ་བསྟན་ལྷོ་རུ་བསྟན། །ལྷོ་ཕྱོགས་གྲུ་བུམ་འཕགས་སྐྱེས་པོ། །ཕྲག་མ་དོག་ལ་རུ་མ་ཐུར། །ས་བདག་འབྲུག་སྔོན་ང་རྒྱལ་ཅན། །གདུག་པའི་ང་རྒྱལ་སྐད་མ་འདོན། །གཏོ་ཡས་གླུད་ཀྱི་སྣ་མ་སྐྱེལ། །གསེར་སྐྱེམས་དམ་པ་འདི་གསོལ་ལ། །གཏོ་མཁན་ཡོན་བདག་འཁོར་


CMR038_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་ལ། །ང་རྒྱལ་གདུག་པ་མ་སྟོན་ཅིག །ཡང་ཅིག་གཏོ་སྒོ་ནུབ་ཏུ་དབྱེ། །གཏོ་ཡི་ལམ་བསྟན་ནུབ་ཏུ་བསྟན། །ནུབ་ཕྱོགས་ཀླུ་གདོན་མིག་མི་བཟང་། །ཡ་ང་ཕྲག་དོག་མ་བྱེད་ཅིག །ས་བདག་བྱ་དམར་འདོད་ཆགས་ཅན། །གདུག་པའི་འདོད་ཆགས་དུག་མ་སྦྱོར། །གསེར་སྐྱེམས་དམ་པ་འདི་བཞེས་ལ། །གཏོ་ཡས་གླུད་ཀྱི་སྣ་མ་སྐྱིལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །འདོད་ཆགས་མེ་ཆེན་མ་སྔར་ཅིག །ཡང་ཅིག་གཏོ་སྒོ་བྱང་དུ་དབྱེ། །གཏོ་ཡི་ལམ་བསྟན་བྱང་དུ་བསྟན། །བྱང་ཕྱོགས་གནོད་སྦྱིན་རྣམ་ཐོས་སྲས། །ཡ་ང་ཕྲ་དོག་མ་བྱེད་ཅིག །ས་བདག་སྦལ་ནག་གཏི་མུག་ཅན། །གདུག་པའི་གཏི་མུག་ཐོག་མ་འབེབས། །གཏོ་ཡས་གླུད་ཀྱི་སྣ་མ་སྐྱིལ། །གསེར་སྐྱེམས་དམ་པ་འདི་གསོལ་ལ། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །གཏི་མུག་ཁྲོས་པའི་ཞེ་མ་གནག །ཡང་གཏོ་ཡི་སྒོ་ནི་མཚམས་བཞིར་དབྱེ། །གཏོ་ཡི་ལམ་བསྟན་མཚམས་བཞིར་བསྟན། །མཚམས་བཞིར་བསྲུང་བའི་མ་ལྷ་དང་། །སྲིན་པོ་རླུང་ལྷ་དབང་ལྡན་དང་། །ས་བདག་རྒྱལ་བློན་འཁོར་དང་བཅས། །རུ་ང་ཕྲག་དོག་མ་བྱེད་ཅིག །གསེར་


CMR038_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེམས་དམ་པ་འདི་གསོལ་ལ། །གཏོ་ཡས་གླུད་ཀྱི་སྣ་མ་འདྲེན། །གཏོ་མཁན་ཡོན་བདག་འཁོར་བཅས་ལ། །ཕྲག་དོག་རུ་ཡུག་མ་མཛད་ཅིག །ཀྱཻ། གཏོ་ཡི་ལམ་བསྟན་སྟེང་དུ་བསྟན། །རིམ་པ་བཅུ་གསུམ་ཡང་སྟེང་ན། །གནམ་གྱི་གུང་རྒྱལ་འབོད་སྟོང་དང་། །དགུ་ཐིག་ཤུག་རིང་གཏོ་གླུད་ལམ། །གཏོ་གླུད་གཉེན་པོ་དེར་གཤེགས་ལ། །ལྷ་སྲིན་སྡེ་བརྒྱད་ཁ་ཁོག་ཅིག །ཡང་གླུད་ཀྱི་ལམ་བསྟན་ཐུར་དུ་བསྟན། །རྒྱ་མཚོ་མཐའ་མེད་གཏིང་རུམ་ན། །ཀླུ་སྲིན་རྒྱལ་མོ་འབོད་སྟོང་སྟོང་། །ཆུ་བོ་གཞུང་རིང་གཏོ་གླུད་ལམ། །གཏོ་གླུད་གཉེན་པོ་དེར་གཤེགས་ལ། །ཆུ་སྲིན་གདུག་པའི་ཁ་ཁོག་ཅིག །ཀརྨ་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤེད་གཏོ་གཙང་གྱེར།next