Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ངར་གླུད་བསྔོ་ཐབས།
   
   
   
   
   
   


 
previousངར་གླུད་བསྔོ་ཐབས།next

ངར་གླུད་བསྔོ་ཐབས།


CMR038_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ངར་གླུད་བསྔོ་ཐབས་སྤྱི་འགྲོ་འདི་མདོས་གང་ལ་སྦྱར་རུང་བ་བཞུགས་སོ།། ངར་གླུད་བསྔོ་འདོན་ནི། ཧཱུྃ། བགེགས་རྒྱལ་བྱི་ན་ཡ་ཀ་ནི། །བགེགས་རིགས་ཀུན་གྱི་སྡེ་དཔོན་ཆེན་པོ་ཡིན། །སྟོང་གསུམ་བདག་པོ་སྤྲིན་གྱི་སྒྲོན། །རྡོ་རྗེ་མཆུ་ལ་སོགས་པ་ཡི། །གཙོ་བོ་གདོན་ཆེན་བཅོ་བརྒྱད་དང་། །བྱི་སྦའི་གདོན་ཆེན་བཅོ་ལྔ་དང་། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སོགས། །ལན་ཆགས་བདག་པོ་ཐམས་ཅད་ལ། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཚེ་སྐྱིན་སྲོག་གླུད་ངར་མི་འབུལ། །ཆངས་རྗེས་དྲི་གླུད་ཤེལ་ཚིགས་སྦྱིན། །འབྲུ་ནག་ཡོས་ཚིགས་ཚ་སྒོག་སྦྱིན། །འབྲུ་མཆོག་ངར་གྱི་མི་བོ་ཆེ། །ཞོ་ཤའི་སྙིང་ལ་ལུང་ཐང་མིག །མགྲོན་བུའི་སོ་ལ་མུ་ཏིག་ཀླད། །དུང་གི་པའི་རུས་པ་བསེ་ཡི་ཤ །རླུང་གི་དབུགས་ལ་ནམ་མཁའི་སེམས། །མེ་ཡི་དྲོད་དང་དར་ཟབ་གོས། །ཚོན་རྩི་བཀྲག་ལ་ཟེར་མོའི་སྒྲ། །ལག་གཡས་གསེར་དང་གཡོན་པ་དངུལ། །རྐང་གཡས་ལྕགས་ལ་གཡོན་པ་ཟངས། །རྒྱུ་ནི་འབྲུ་སྣ་རྟེན་འབྲེལ་རྫ་ས། །རྐྱེན་ནི་རིག་པ་མཁའ་ལ་རྒྱས། །ཕ་ནི་གནམ་ལ་མ་ནི་ས། །ཕུང་ཁམས་སྐྱེ་མཆེད་ཐམས་ཅད་


CMR038_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ཚང་། །རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་པའི་བདེན་པ་དང་། །ན་མཿསརྦ་ཏ་ཐཱ་དང་། །ག་ཏ་ཨ་ཝ་ལོ་ཀི་ཏེ། །ཨོཾ་དང་སམ་བྷ་ར་དང་ནི། །སམ་བྷ་ར་ཧཱུྃ་བྱིན་གྱིས་བརླབས། །མི་བས་གླུད་བཟང་ལྷ་ཕྲུག་འདྲ། །ཕོ་གླུད་སྐྱེས་ཕྲན་སྟག་ཆས་ཅན། །མོ་གླུད་མོ་བཙུན་གཡུ་འབིལ་ཅན། །བཙུན་གླད་དགེ་སློང་སྣམ་སྦྱར་ཅན། །མཛེས་སྡུག་བཀྲག་མདངས་ཡིད་འཕྲོག་པ། །གཅིག་ལས་བྱེ་བ་བརྒྱ་སྟོང་ཕྲག །ལན་ཆགས་བདག་པོ་བདག་མོ་ཡི། །སྤྱན་སྔར་བརྒྱ་སྟོང་བརྒྱ་སྟོང་རེ། །གླུ་ལེན་བྲོ་བརྡུང་དགྱེས་པར་བསྐང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཚེ་སྲོག་ཉམས་པ་གླུད་ཀྱིས་བསླུ། །བྷི་ན་ཡ་ཀ་ལ་སོགས་པའི་།།དྲེགས་པའི་སྡེ་དཔོན་སུམ་ཅུ་ཡི། །སྔགས་བདག་དྲེགས་ཆེན་བཅོ་བརྒྱད་དང་། །མ་མོ་མཁའ་འགྲོ་ཐམས་ཅད་ནི། །ཁྱེད་རྣམས་ལྷ་ཡི་སྤྲུལ་པ་སྟེ། །ཁྱོད་ལ་བྱང་ཆུབ་སེམས་ཡོད་པས། །གཞན་ལ་གནོད་པ་ག་ལ་བྱེད། །ཁྱེད་རྣམས་འཁོར་དང་སྡེ་རིགས་སུ། །གཏོགས་པའི་འདྲེ་ངན་འབྱུང་པོ་དང་། །ལན་ཆགས་བདག་པོ་བདག་མོ་དང་། །


CMR038_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

བྱེ་བ་དུང་ཕྱུར་གྲངས་མེད་ལ། །ངར་མི་ཆངས་སྤྱད་གླུད་འདི་བསྔོ། །རེ་སྡེ་མགོ་ཉག་བྱི་བའི་བདུད། །བདུད་པོ་གཤེད་རྒྱལ་གླང་ལོའི་བདུད། །ཁ་སྟ་འབྲེང་ཡུག་སྟག་ལོའི་བདུད། །ཚེ་དབང་རྒྱལ་པོ་ཡོས་ལོའི་བདུད། །ཕོ་ཁྲམ་རྒྱལ་པོ་འབྲུག་ལོའི་བདུད། །ངུལ་མོ་ཆེན་མོ་སྦྲུལ་ལོའི་བདུད། །གཏུམ་པོ་ལག་རིང་རྟ་ལོའི་བདུད། །བདུད་རྒྱལ་རུ་རིང་ལུག་ལོའི་བདུད། །རེ་ཏི་མགོ་ཉག་སྤྲེལ་ལོའི་བདུད། །གཟུགས་མེད་སྒྲ་གཅན་བྱ་ལོའི་བདུད། །ཡོར་མོ་ནག་མོ་ཁྱི་ལོའི་བདུད། །ངུར་མོ་འགྲམ་རིང་ཕག་ལོའི་བདུད། །ལོ་བདུད་ལོ་གཤེད་བཅུ་གཉིས་ལ། །ངར་མི་གླུད་མདོས་འདི་འབུལ་ལོ། །ལོ་བདུད་ཟླ་བདུད་ཞག་བདུད་དང་། །དུས་ཚོད་བདུད་དུ་མ་འབེབས་ཤིག །ཡུལ་འདྲེ་ནག་མོ་ཁྱི་ཞོན་སོགས། །སྲིད་པའི་འཁྲུག་འདྲེ་བཅོ་བརྒྱད་དང་། །བྲལ་ཐེལ་ནག་པོ་འུག་ཞོན་སོགས། །ཐན་སྐྱ་ཉི་ཤུ་རྩ་གཅིག་ལ། །ངར་མི་ཆངས་བུ་དྲི་གླུད་བསྔོ། །ཁྱི་འབྲུག་གླང་ལུག་གཤེད་ཀྱི་ཕ། །གློག་འགྱུ་མ་ནི་གཤེད་ཀྱི་མ། །གཤེད་བུ་ཕྱོགས་བཞི་སྐྱ་པ་བཞི། །མི་ནག་ཁྲམ་ཐོགས་བཅུ་གསུམ་སོགས། །ཟ་བའི་འདྲེ་དང་


CMR038_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

ཤི་བའི་གཤེད། །ཐམས་ཅད་གླུད་འདིས་ཚིམ་པར་གྱིས། །བསེ་རག་རྒྱལ་པོ་གཞོན་ནུ་པ། །མི་རྒན་ཁོ་ཤོག་གྱོན་པ་དང་། །བསེ་རག་ལྟོགས་འགོང་དབུལ་སྲི་རྣམས། །གླུད་འདི་ཁྱེར་ལ་མྱུར་དུ་དེངས། །ལྟེ་ཕུར་ནག་མོ་བྱ་མཆུ་མ། །ཕོ་གྱོང་བཟའ་ནི་དཔོན་གཡོག་གསུམ། །འདྲེ་སྲིན་དགུ་པོ་འཁོར་དང་བཅས། །ངར་མི་ཆངས་སྤྱད་ཁྱེར་ལ་སོང་། །གཞན་ཡང་བདག་ཅག་ཡོན་མཆོད་ལ། །ཚེ་རབས་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་པ། །ཟ་རེ་འཐུང་སྐོམ་བྱེད་པ་ཡི། །འདྲེ་ངན་གདོན་རིགས་ཀུན་རྣམས་ལ། །ངོར་མི་ཤ་དུམ་ཆངས་བུ་དང་། །འབྲུ་ནག་རམ་རུག་སྦྲང་མ་སོགས། །ཡས་སྟགས་འདི་ཡིས་ཚིམ་གྱུར་ཅིག །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཁྱེད་ཅག་མི་རྟག་ཚེ་འཕོས་ཏེ། །རང་བྱས་རང་ལ་སྨིན་གྱུར་ནས། །མནར་མེད་སྡུག་བསྔལ་ཡ་རེ་ང་། །དེ་བས་མ་གནོད་གཞན་དུ་སོང་། །བྱང་ཆུབ་སེམས་དང་ལྡན་གྱུར་ཅིག །ཅེས་ངར་འཕྱོང་། ༧ ཀརྨ་ཨ་རཱ་གས་སྦྱར།། །།


previousངར་གླུད་བསྔོ་ཐབས།next