Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཏོ་གླུད་གསེར་སྐྱེམས།
   
   
   
   
   


 
previousགཏོ་གླུད་གསེར་སྐྱེམས།next

གཏོ་གླུད་གསེར་སྐྱེམས།


CMR038_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་གླུད་གསེར་སྐྱེམས་བཞུགས་པའི་དབུ་ཕྱོགས་ལགས་སོ།། ཧཱུྃ། ཉོན་ཅིག་སྣང་ཞིང་སྲིད་པ་ཡི། །ཡིད་ཀྱི་གཟུགས་ཅན་ཐམས་ཅད་ཉོན། །མདོ་སྔགས་ལུང་ལས་གསུངས་པ་ཡི། །དེ་རིང་སྲིད་པའི་མདོས་གླུད་འདི། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །ལོ་ལྷ་སྲོག་ལྷ་ལུས་ཀྱི་ལྷ། །དཔལ་དང་གཡང་དང་རྣམ་སྨན་གྱི། །སྟེང་དུ་མདོས་འདི་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །སེ་བ་བླ་མཁྱེན་གཙང་ཀུན་སོགས། །ལོ་དང་ཟླ་བར་འཁོར་བ་ཡི། །ས་བདག་རྒྱལ་བློན་བཅུ་བདུན་གྱི། །སྟེང་དུ་མདོས་འདི་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །རྣལ་འབྱོར་མ་བརྒྱད་བིཥི་དང་། །ལྔ་སེར་བྱི་ལིང་ཁྲ་ཚ་དང་། །གཟའ་བརྒྱད་ཐུན་བྱེད་སྒྲ་གཅན་དང་། །སྟོབས་ཆེན་རྒྱུ་


CMR038_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

བའི་གདོང་ལ་ནི། །སྟེང་དུ་མདོས་འདི་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །གཞི་བདག་བཙན་བདུད་དྲག་རྩལ་ཅན། །ཀླུ་བདུད་གཉན་དང་མཚོ་སྨན་གྱི། །སྟེང་དུ་མདོས་འདི་མི་གཏོང་ངོ། །གལ་ཏེ་ནོར་འཁྲུལ་ཤོར་སྲིད་ན། །ཀོ་ལོང་རུ་ང་མ་མཛད་པར། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །བདག་དང་ཡོན་བདག་མགོན་སྐྱབས་དང་། །གཏོ་ཡས་ལེན་པའི་སྡོང་གྲོགས་མཛོད། །འོ་ན་མདོས་འདི་གང་དུ་བཏང་། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །ལོ་བདུད་གནས་པའི་སྟེང་དུ་བཏང་། །འདྲེ་ལྔ་སྡོད་པའི་སྟེང་དུ་བཏང་། །བདུད་གཅོད་གནས་པའི་སྟེང་དུ་བཏང་། །ཟ་རེ་འཐུང་སྐོམ་བྱེད་པ་ཡི། །ཟ་འདྲེ་ཆུང་སྲིའི་སྟེང་དུ་བཏང་། །བསེ་རག་གོད་འདྲེའི་སྟེང་དུ་བཏང་། །སྡང་དགྲ་གནོད་བྱེད་སྟེང་དུ་བཏང་། །ལྷ་དང་འདྲེ་ཡང་བརྒྱལ་མང་བས། །གལ་ཏེ་ཕྱོགས་གཅིག་འཛོམ་གྱུར་ན། །གནོད་


CMR038_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

པའི་འདྲེ་བདུད་མ་གཏོགས་པའི། །ལྷ་དང་ལྷ་འདྲེ་མཐུ་ཆེན་ཀུན། །མཐོ་མཐོ་རྣམས་ཀྱིས་ཞབས་ཡར་སྐུམས། །དམའ་བ་རྣམས་ཀྱིས་དབུ་མར་ཁུག །བར་མ་རྣམས་ཀྱིས་སྐུ་གཟུར་ལ། །སྒོ་ཆོད་སྤྱན་གཡོར་ན་བཟའ་སྡུས། །གལ་ཏེ་མདོས་གླུད་གྲིབ་ཕོག་ན། །ང་ནི་མ་ཉེས་མ་ལན་གྱིས། །ཉེས་ལན་དགྲ་དང་བགེགས་ལ་ཆོད། །ཉེས་སྐྱོན་གསེར་སྐྱེམས་འདི་ཡིས་བཅོས། །ཨོཾ་སརྦ་ལོ་ཀ་པཱ་ལ་ཨ་མྲྀ་ཏ་ཁཱ་ཧི་ཁཱ་ཧི། ཞེས་ཨོ་རྒྱན་རིག་འཛིན་གྱིས་བསྐུལ་ནས། །གཏོ་པ་༧ ཀརྨ་ཨ་རཱ་གས་སྦྱར་བ་ཡིན་པས། སྔགས་འཆང་གསར་བུ་མང་ཙྪ་པོ་ལ་ཕན་ཐོགས་པར་ཤོག །སརྦ་མངྒ་ལཾ། ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏོ་གླུད་གསེར་སྐྱེམས།next