Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གཤེད་ཟློག་གཏོ་དཀར།
   
   
   
   


 
previousགཤེད་ཟློག་གཏོ་དཀར།next

གཤེད་ཟློག་གཏོ་དཀར།


CMR038_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་ཟློག་གཏོ་དཀར་བཞུགས་པའི་དབུ་ཕྱོགས་ལགས་སོ། །


CMR038_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇམ་དཔལ་ལ་ན་མོ། གཤེད་འདུལ་བར་འདོད་ན་བླ་མ་ཡི་དམ་ཆོས་སྐྱོང་གི་གཏོར་མ་ཅི་འབྱོར་བཤམས་ལ། སྣོད་གཅིག་གི་ནང་དུ་དམར་གཏོར་གཅིག་ལ་བཞིས་བསྐོར་ལ། ཆངས་རྗེས་ལྔ་དང་མཐེབ་སྐྱུས་བསྐོར་ཞིང་། མཚམས་བཞིར་མི་ལུས་འབྲུག་གི་མགོ་བོ་ཅན་ཤར་ལྷོ། མི་ལུས་ལུག་གི་མགོ་བོ་ཅན་ལྷོ་ནུབ། མི་ལུས་ཁྱི་ཡི་མགོ་བོ་ཅན་ནུབ་བྱང་། མི་ལུས་གླང་གི་མགོ་བོ་ཅན་བྱང་ཤར་དུ་བཞག །མི་ལུས་ལོ་གཤེད་གང་ཡིན་པ་དེ་མི་གཟུགས་བྱས་ལ་གཏོར་མ་དབུས་མའི་རྩར་བཞག །དཀར་གཏོར་དང་གསུར་དུད་གཏོར་མའི་སྣར་བཞག །ལྕི་བ་མིན་པས་གསུར་དུད་མི་བྱ། དེ་ནས་ཡི་དམ་ཆོས་སྐྱོང་གི་གཏོར་བསྔོས་བྱ། དེ་ནས་གཤེད་འདུལ་ནི་འདི་སྐད་དོ། །གཤེད་ཟློག་བྱ་བའི་རང་སྲུང་ནི།


CMR038_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་སྐད་ཅིག་གིས་ཡི་དམ་གནས་འགྱུར་ནས་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོ་དབུ་སྐྲ་སྤྱི་བོར་བཅིངས་པ། ཞལ་གཅིག་ཕྱག་གཉིས་པ། གཡས་རལ་གྲིས་དགྲ་བགེགས་ཐམས་ཅད་གཏུབ་པར་བྱེད་པ། གཡོན་པོ་ཏི་ཐུགས་ཀར་བསྣམས་པ། ལྟོ་བ་ཆེ་བ། །ཞབས་གཡས་བསྐུམ་གཡོན་བརྐྱང་བ། སྤྱན་གསུམ་དམར་ཞིང་ཟླུམ་པ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་བྷྱོ། རྩ་སྔགས་ནི། ཨོཾ་པྲ་སོད་ཆུ་སོད་དུར་ཏེ་སོད་དུར་མི་སོད། སྙིང་མགོ་ལ་ཆོད། གཉན་མགོ་ལ་ཆོད། ཁ་ལ་ཛ་ཀཾ་ཤཾ་ཏྲི་རྦད་ཕཊ་སྭཱ་ཧཱ། རང་གི་ཐུགས་ཀའི་ཧཱུྃ་


CMR038_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཞབས་ཀྱུའི་ནང་དུ་རང་གི་མི་ནོར་ཐམས་ཅད་ཚུད་པར་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ རྩ་སྔགས་འགྲུབ་ན་རབ་སྟོང་འབྲིང་བརྒྱ་ཐ་མ་ཉེར་གཅིག་བཟླའོ། །དེ་མ་ཤེས་ན་ཟ་འདྲེ་རྗེས་སུ་འབྲངས་ནས་ཤེས་པ་བ་ལ་གོད་འོང་ཟེར་བ་དེ་འོང་ཉན་ཡོད། རང་ཡི་དམ་དུ་གསལ་བའི་མདུན་དུ་མུན་ནག་སྨག་རུམ་འཐིབ་པའི་དབུས་སུ་ནི་ཡོངས་སུ་གྱུར་པ་ལས་གཤེད་ཀྱི་རྒྱལ་པོ་རང་རང་གི་མགོ་བརྙན་ཅན་ཞལ་གྱིས་འདྲེ་གདོན་གདུག་པ་ཅན་ཐམས་ཅད་ཟས་སུ་ཟ་བ་ཞིག་ཏུ་གྱུར། ཤར་ལྷོར་གཤེད་པོ་མི་ལུས་འབྲུག་གི་མགོ་ཅན། ལྷོ་ནུབ་ཏུ་གཤེད་པོ་མི་ལུས་ལུག་གི་མགོ་ཅན། ནུབ་བྱང་དུ་གཤེད་པོ་མི་ལུས་ཁྱི་ཡི་མགོ་ཅན། བྱང་ཤར་དུ་གཤེད་པོ་མི་ལུས་གླང་གི་མགོ་ཅན། དེ་རྣམས་ཀྱི་མདུན་དུ་ཤ་ཁྲག་དམར་གྱི་གཏོར་མ་ཏིང་ལོ་ཆངས་བུ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི་བཀའ་བདེན་པ་དང་། རིག་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་བཀའ་བདེན་པ་


CMR038_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

དང་། བདེན་པ་ཆེན་པོའི་མཐུས་བདག་ཅག་ཡོན་མཆོད་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་ལོ་གཤེད་ལོ་བདུད། ཟླ་གཤེད་ཟླ་བདུད། ཞག་གཤེད་ཞག་བདུད་གཤིན་པོ་རྣམས་ལ་ཐར་པ་ཐོབ་ཏུ་མི་འཇུག་པའི་ལྕགས་དང་རྡོས་སུ་བྱེད་པ། གསོན་པོ་རྣམས་ཀྱི་ཚེ་སྲོག་གི་བདུད་བྱེད་པ། ཟ་བའི་འདྲེ། ཤི་བའི་གཤེད། ཉེ་དུ་ཉེ་འབྲེལ་གྱི་གཤེད་ཁ། ཟ་ལ་རེ་བ་འཐུང་ལ་སྐོམ་པར་བྱེད་པ་དོན་མེད་ཀྱི་འདྲེ་ལྟོགས་གཤེད་འཁྱམས། དོང་སྟོང་བཞིན་དུ་བླ་ལ་བཏགས་པ། ཐག་ནག་བཞིན་དུ་རྒྱུད་ལ་འཁྲི་བ། ཤ་ཁྱི་བཞིན་དུ་རྗེས་ལ་འབྲང་བ། ཡས་དང་གླུད་ལ་རེ་ཆེ་བ། སྒབ་འདྲེ་ཡུལ་འདྲེ་ལམ་འདྲེ་གྲི་བོ་གྲི་མོ་གནོད་ཅིང་འཚེ་བར་བྱེད་པ་གང་ཡིན་པ་ཐམས་ཅད་གཏོ་གླུད་རང་གཟུགས་འདི་ལ་ཁུག་ཅིག །ཊཀི་རཱ་ཛ༔ཧཱུྃ། བཛྲ་ཨཾ་ཀུ་ཤ་ཛ༔ ཞེས་ལན་གསུམ་བརྗོད། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་དབུས་ཕྱོགས་ཕ་ཀི་ན། །མུན་པ་ནག་པོའི་གཏིང་རུམ་ནས། གཤེད་པོ་འཁོར་དང་བཅས་པ་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་


CMR038_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཀི་ན། །ཉི་མ་ཤར་ལྷོ་ཕ་ཀི་ན། །གཤེད་པོ་འབྲུག་མགོ་འཁོར་བཅས་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ནུབ་ཕ་ཀི་ན། །གཤེད་པོ་ལུག་མགོ་འཁོར་བཅས་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་བྱང་ཕ་ཀི་ན། །གཤེད་པོ་ཁྱི་མགོ་འཁོར་བཅས་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཤར་ཕ་ཀི་ན། །གཤེད་པོ་གླང་མགོ་འཁོར་བཅས་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཕོ་གདོན་མོ་གདོན་འཁོར་བཅས་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །ཟ་འདྲེ་ཤི་གཤེད་འཁོར་བཅས་ཡང་། །མདོས་དང་ཡས་ལ་གཤེགས་སུ་གསོལ། །མཐོ་སྲིད་པའི་རྩེ་མོ་མན་ཆད་ནས། །ན་རཀ་དམྱལ་ཁམས་ཡན་ཆད་དུ། །རི་རབ་ཆེན་པོའི་སྟེང་ཤེད་དང་། །ཁམས་གསུམ་སྲིད་གསུམ་གར་གནས་ཀྱང་། །བདག་ཅག་མི་ནོར་འཁོར་བཅས་ལ། །གནོད་པར་བྱེད་པའི་ཤི་གཤེད་རྣམས། །དཀོན་མཆོག་བདེན་པས་འདིར་ཁུག་


CMR038_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །གཏོ་གཟུགས་འདི་དང་དབྱེར་མེད་གྱུར། །ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན། བདག་གིས་བཀའ་བསྒོས་ནས་རང་གནས་སུ་མ་བཏང་གི་བར་དུ་འཇམ་དཔལ་གཤིན་རྗེའི་གཤེད་ནག་པོའི་གཟི་བརྗིད་ཀྱིས་ཟིལ་གྱིས་མནན་ནས་བྲོས་དབང་མེད་པ་ཅིག་ཏུ་གྱུར་པར་བསམ། ས་མཱ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། གཏོར་མ་ཆུ་གཙང་གིས་བྲན། མི་གཙང་བ་རྣམས་དག་པར་གྱུར་ཅིག །ཨོཾ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། ཨོཾ་སྭ་བྷ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡས་གླུད་རྣམས་ཁ་དོག་དྲི་རོ་རེག་བྱ་ཕུན་སུམ་ཚོགས་པ་ཡངས་ཤིང་རྒྱ་ཆེ་བ་སོ་སོའི་ཅི་འདོད་པའི་ལོངས་སྤྱོད་ཟད་མི་ཤེས་པར་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བློ་བི་ཤྭ་མུ་ཁེ་བྷྱསརྦ་ཏད་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། གླུད་དང་ཡས་རྣམས་ཟག་མེད་བདུད་རྩི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཟ་འདྲེ་ཤི་གཤེད་འདྲེ་གདོན་གྱི་རིགས་སུ་གྱུར་པ་རྣམས་ཀྱི་མིག་གི་ཡུལ་དུ་གཟུགས་མཛེས་པ། རྣ་བའི་ཡུལ་དུ་སྒྲ་སྙན་པ། ལྕེ་ཡི་ཡུལ་དུ་རོ་མངར་བ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། འདོད་ཡོན་ལྔ་པོ་དཔག་ཏུ་མེད་པར་གྱུར། ན་མཿསརྦ་ཏ་ཐཱ་


CMR038_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། མགྲོན་རྣམས་ལ་ཕམ་རྒྱལ་མེད་པར་ཐོབ་ནས་བཀྲེས་པ་དང་སྐོམ་པ་ཞི་ནས་ན་བཟའ་སྣ་ཚོགས་ལུས་ལ་གྱོན་ནས་དགའ་མགུ་ཡི་རང་པར་གྱུར།་ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ་སྤ་ར་ཎ་རསྨི་སཾ་བྷ་ཝ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། མགྲོན་རྣམས་བདག་གི་དབང་དུ་འདུས་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་གྱུར། ན་མ་ས་མནྟ་བུདྡྷཱ་ནཾ། ག་རི་ཀྲོ་ཏི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། ཧཱུྃ། ང་ནི་དཔལ་ཆེན་རྡོ་རྗེ་འཛིན། །རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད། །རྒྱལ་བའི་བཀའ་ལ་མི་ཉན་གང་ཡང་མེད། །འཆི་བདག་གཤིན་རྗེ་ནག་པོ་ཁྱོད། །སྐུ་མདོག་མུན་པ་ནག་པོའི་མདོག །ཁྱོད་དང་མཐུན་པའི་ཡས་ལ་གཟིགས། །གླུད་དང་ཡས་ལ་གཟིགས་ནས་ཀྱང་། །གཟུགས་ཁམས་འདི་ལ་བཞུགས་སུ་གསོལ། །གཟུགས་དང་ཁམས་ལ་གནས་པར་མཛོད། །བདག་ལ་སྡང་བ་མ་འཆང་ཞིག །ཚེ་དང་སྲོག་ལ་མ་གནོད་ཅིག །ཕོ་གཤེད་མོ་གཤེད་ནོར་གཤེད་དང་། །འདྲེ་གདོན་གཤེད་ཀྱི་རིགས་རྣམས་དང་། །སྲིད་པའི་འདྲེ་དགུ་གཙུག་ལག་གདོན། །གཞན་ཡང་ལན་ཆགས་


CMR038_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདག་རྣམས། །གཟུགས་ཁམས་འདི་ལ་བཞུགས་སུ་གསོལ། །བཀྲག་དང་མདངས་ལ་བཞུགས་སུ་གསོལ། །རང་རང་མཐུན་པའི་དམ་རྫས་དང་། ཤ་ཁྲག་གཏོར་མ་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོག་ལ་བསྡམས་པ་གློད། །ཞི་བ་བྱང་ཆུབ་སེམས་ལྡན་མཛོད། །ཀྱཻ། ཉི་མ་བྱང་ཤར་མཚམས་ཀྱི་གཤེད་པོ་ནི། །མི་ལུས་གླང་གི་མགོ་བོ་ཅན། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །རྔ་མ་བརྡབ་དང་ཧྲི་ལི་ལི། །མཆེ་བ་གཙིགས་དང་ཁྲིགས་སེ་ཁྲིག །ཁྱོད་ཟོས་ཟོས་དེ་ནི་ཁ་ཡང་དམར། །ཉལ་ཉལ་ནས་ནི་གཤོང་ཡང་དོད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གནས་ཁང་འདི་ལ་མ་ཉེ་ཞིག །ཕྱིན་ཆད་གཤེད་བདུད་མ་བྱེད་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །ནད་པ་ཡོད་ན་ད་སློངས་ཤིག །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཀའ་དང་དམ་ལས་མ་འདའ་ཞིག །གལ་


CMR038_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་བཀའ་ལས་འདས་གྱུར་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་བཀའ་ལ་མ་འདའ་ཞིག །ཀྱཻ། ཉི་མ་ཤར་ལྷོའི་གཤེད་པོ་ནི། །མི་ལུས་འབྲུག་གི་མགོ་བོ་ཅན། །ལག་པ་བྱ་ཁྱུང་མཇུག་མ་སྦྲུལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །རྔ་མ་བརྡབ་དང་ཧྲི་ལི་ལི། །མཆེ་བ་གཙིགས་དང་ཁྲིགས་སེ་ཁྲིག །ཁྱོད་ཟོས་ཟོས་དེ་ནི་ཁ་ཡང་དམར། །ཉལ་ཉལ་ནས་ནི་གཤོང་ཡང་དོད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གནས་ཁང་འདི་ལ་མ་ཉེ་ཞིག །ཕྱིན་ཆད་གཤེད་བདུད་མ་བྱེད་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །ནད་པ་ཡོད་ན་ད་སློངས་ཤིག །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཀའ་དང་དམ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་བཀའ་ལ་མ་འདའ་ཞིག །ཀྱཻ། ཉི་མ་ལྷོ་ནུབ་གཤེད་པོ་ནི། །མི་ལུས་ལུག་གི་མགོ་བོ་ཅན། །ལག་པ་བྱ་ཁྱུང་མཇུག་མ་སྦྲུལ། །ལག་པ་བྱ་ཁྱུང་སྡེར་མོ་


CMR038_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །རྔ་མ་བརྡབ་དང་ཧྲི་ལི་ལི། །མཆེ་བ་གཙིགས་དང་ཁྲིགས་སེ་ཁྲིག །ཁྱོད་ཟས་ཟོས་དེ་ནི་ཁ་ཡང་དམར། །ཉལ་ཉལ་ནས་ནི་གཤོང་ཡང་དོད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གནས་ཁང་འདི་ལ་མ་ཉེ་ཞིག །ཕྱིན་ཆད་གཤེད་བདུད་མ་བྱེད་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་པ་གློད། །ནད་པ་ཡོད་ནི་ད་སློངས་ཤིག །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཀའ་དང་དམ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་བཀའ་ལ་མ་འདའ་ཞིག །ཀྱཻ། ཉི་མ་ནུབ་བྱང་གཤེད་པོ་ནི། །མི་ལུས་ཁྱི་ཡི་མགོ་བོ་ཅན། །ལག་པ་བྱ་ཁྱུང་མཇུག་མ་སྤྲུལ། །ལག་པ་བྱ་ཁྱུང་སྡེར་མོ་ཅན། །མཇུག་མ་སྦྲུལ་དུ་འདུག་པ་ལ། །རྔ་མ་བརྡབ་དང་ཧྲི་ལི་ལི། །མཆེ་བ་གཙིགས་དང་ཁྲིགས་སེ་ཁྲིག །ཁྱོད་ཟོས་ཟོས་དེ་ནི་ཁ་ཡང་དམར། །ཉལ་ཉལ་ནས་ནི་གཤོང་ཡང་དོད། །ཤ་ཁྲག་དམར་གཏོར་འདི་བཞེས་ལ། །


CMR038_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གནས་ཁང་འདི་ལ་མ་ཉེ་ཞིག །ཕྱིན་ཆད་གཤེད་བདུད་མ་བྱེད་ཅིག །བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ། །མནན་པ་ཁྱོགས་ལ་བསྡམས་་པ་གློད། །ནད་པ་ཡོད་ན་ད་སློངས་ཤིག །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་བཞིན། །བཀའ་དང་དམ་ལས་མ་འདའ་ཞིག །གལ་ཏེ་བཀའ་ལས་འདས་གྱུར་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་བཀའ་ལ་མ་འདའ་ཞིག །ཧཱུྃ། ཚེ་འཕོས་ཇི་ལྟར་འགྱུར་བ་ཡི། །མདོ་ལས་ཐུབ་པས་གསུངས་པ་ཡི། །གནོད་བྱེད་འབྱུང་པོ་ཤ་ཟའི་ཚོགས། །འཆི་ཁར་འཇུག་པ་དྲི་ཟའི་རིགས། །ཁྱབ་བྱེད་ཅེས་བྱ་དྲི་ཟ་དང་། །དྲི་ཟ་པི་ཤ་པ་ན་དང་། །སྨྲ་འདོད་ཅེས་བྱའི་གནོད་བྱེད་རིགས། །ཀུན་ཏུ་རྟོག་འདོད་ཅེས་བྱ་བའི། །གནོད་བྱེད་ཝ་ར་ཧི་ཏའི་རིགས། །འཆི་ཁ་ཀུན་གྱི་དབུགས་གཏིང་ཟ། །ཕུང་པོ་བདག་ཏུ་བཟུང་བའི་ཕྱིར། །ཟ་འདྲེ་ཞེས་ནི་བྱ་བ་སྟེ། །ཚེ་འདས་རྣམས་ཀྱི་བླ་མ་བཟུང་། །གསོན་པོ་རྣམས་ཀྱི་གཤེད་མ་བྱེད། །དེ་ཕྱིར་གཤེད་ཅེས་བྱ་བ་ཡིན། །ཤི་བ་རྣམས་ཀྱི་ཉེ་དུར་སྤྲུལ། །ཁྱོད་ཀྱི་ཕ་མ་ང་ཡིན་ཟེར། །འོ་དོད་


CMR038_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

ལྷང་ལྷང་འབོད་བྱེད་ཅིང་། །ཆགས་འཛིན་གདུང་སེམས་སྐྱེད་བྱེད་ནས། །ཐར་པ་ཐོབ་ཏུ་མི་འཇུག་པར། །ལྕགས་དང་རྡོས་སུ་བྱེད་པའི་ཕྱིར། །ཤི་གཤེད་གཤིན་ལྕགས་ཞེས་བྱ་བ། །བྱེ་བ་དུང་ཕྱུར་གྲངས་མེད་པ། །ཁྱེད་ཅག་མ་ལུས་ཐམས་ཅད་ལ། །གཤེད་མདོས་རྒྱན་ཅན་འདི་འབུལ་ལོ། །རང་རང་ཡིད་དང་མཐུན་པ་ཡི། །ལོངས་སྤྱོད་རྒྱ་ཆེན་ཐོབ་གྱུར་ཅིག །ལན་ཆགས་བུ་ལོན་བྱང་གྱུར་ཅིག །ཤི་ཕོ་རྣམས་ཀྱི་བླ་མ་བཟུང་། །གསོན་པོ་རྣམས་ཀྱི་གཤེད་མ་བྱེད། །གསོན་བདུད་གཤིན་ལྕགས་མ་བྱེད་པར། །བྱམས་པའི་སེམས་ཀྱིས་གནས་པར་མཛོད། །གཞན་ཡང་གཤེད་དང་དྲི་ཟའི་རིགས། །མོའུ་འགལ་བུ་ཡིས་གཟིགས་པ་ལྟར། །ཕྱོགས་རྣམས་ཀུན་ཏུ་རྒྱུག་པ་ཡི། །འདྲེ་གདོན་བྱེ་བ་གྲངས་མེད་དེ། །ཟ་འདྲེ་གཤེད་འཁྱམས་ཞེས་བྱ་བའི། །དེ་འདྲའི་རིགས་རྣམས་ཐམས་ཅད་ལ། །གཤེད་མདོས་རྒྱན་ཅན་འདི་འབུལ་ལོ། །བསྔོས་པ་ཙམ་གྱིས་ཚིམས་གྱུར་ཅིག །བཀྲེས་སྐོམ་སྡུག་བསྔལ་ཞི་གྱུར་ཅིག །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལས་འགོག་པ་


CMR038_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡིན་པ། །དགེ་སྦྱོང་ཆེན་པོའི་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །རང་བྱས་རང་ལ་སྡིག་པ་ཡིན། །མེ་ནི་གྲང་བར་འགྱུར་ཡང་སྲིད། །རླུང་ནི་ཞགས་པས་ཟིན་ཡང་སྲིད། །ཉི་ཟླ་ཐང་ལ་ལྷུང་ཡང་སྲིད། །རྒྱལ་བའི་བཀའ་ལ་རྫུན་མི་སྲིད། །དེ་ཕྱིར་བདེན་པའི་བཀའ་ལ་ཉོན། །ཡོན་བདག་མི་ནོར་འཁོར་བཅས་ལ། །གནོད་ཅིང་འཚེ་བར་མ་བྱེད་ཅིག །དེ་ནས་ལམ་བསྟན་ནི། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །དུང་མཁར་དཀར་པོ་ལྡེམས་སེ་ལྡེམ། །དུང་སྒོ་དཀར་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །དྲི་ཟའི་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག །ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །གསེར་མཁར་སེར་པོ་ལྡེམས་སེ་ལྡེམ། །གསེར་སྒོ་སེར་པོ་ཁྲིགས་སེ་ཁྲིག་


CMR038_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །གཤིན་རྗེའི་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག ། ཀྱི། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །ཟངས་མཁར་དམར་པོ་ལྡེམས་སེ་ལྡེམ། །ཟངས་སྒོ་དམར་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །ཀླུ་ཡི་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག། ཀྱཻ། ཕྱོགས་ཕྱོགས་དག་ཀྱང་ཕ་ཀི་ན། །ཉི་མ་བྱང་ཕྱོགས་ཕ་ཀི་ན། །ལྕགས་མཁར་ནག་པོ་ལྡེམས་སེ་ལྡེམ། །ལྕགས་མཁར་ནག་པོ་ཁྲིགས་སེ་ཁྲིག །འདོད་ཡོན་སྣ་ཚོགས་སྤུངས་སེ་སྤུང་། །གནོད་སྦྱིན་ཡུལ་གླིང་ཉམས་རེ་དགའ། །གཤེད་ཀྱི་ལམ་བསྟན་དེ་རུ་བསྟན། །ལམ་བསྟན་ཕྱིར་ལ་མ་ལྡོག་ཅིག །ཟ་འདྲེ་ཤི་གཤེད་ད་སོང་ཞིག །གལ་ཏེ་མི་འགྲོ་འདུག་གྱུར་ན། །ང་ནི་འཇམ་དཔལ་ནག་པོ་སྟེ། །གཤིན་རྗེ་ནག་པོ་ཐུགས་ཁྲོས་ནས། །མགོ་བོ་ཚལ་པ་བརྒྱ་རུ་འགས། །ལུས་ནི་དུམ་བུ་སྟོང་དུ་གཏུབ། །ཤ་རུས་སོ་སོར་ཕྱེ་བར་འགྱུར། །དེ་བས་རང་


CMR038_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

རང་གནས་སུ་བྱེར། །ཨོཾ་པྲ་སོད་ཆུ་སོད་དུར་ཏ་སོད་དུར་མི་སོད། སྙིང་མགོ་ལ་ཆོད། གཉན་མགོ་ལ་ཆོད། ཁ་ལ་ཛཀཾ་ཤཾ་ཏྲི་རྦད་ཕཊ་སྭཱ་ཧཱ། རྩ་སྔགས་དང་། སརྦ་དུཊྚ་ཤཱནྟཾ་ཀུ་རུ་སྭཱ་ཧཱ། སརྦ་བིགྷཱན་ཤཱནཾ་ཀུ་རུ་སྭཱ་ཧཱ། ཨཱ་ཀོ་ཏ་ཡེ་ཨཱ་ཀོ་ཏ་ཡེ་སྭཱ་ཧཱ། སུམྦྷ་ནི་སོགས་བརྗོད། ཕྱོགས་གཙང་སའི་ཕྱོགས་སུ་བསྐྱལ། ཞེས་པ་འདི་ནི་ཀརྨ་སྔགས་འཆང་རཱ་ག་ཨ་སྱས་སྦྱར་བའོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཤེད་ཟློག་གཏོ་དཀར།next