Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་གནམ་སྒོ་གཅོད་ཐབས།
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་གནམ་སྒོ་གཅོད་ཐབས།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་གནམ་སྒོ་གཅོད་ཐབས།


CMR038_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་གནམ་སྒོ་གཅོད་ཐབས་བཞུགས་སོ༔


CMR038_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་ཌཀི་ནི་ཧཱུྃ༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ སྤར་ཁའི་སྐག་བསྒྱུར་ཆེན་མོ་དང་༔ དགོངས་གཏེར་སྐག་ཟློག་ཆེན་མོ་དང་༔ སྡེ་བརྒྱད་ཁེང་ལོག་བརྒྱད་རྣམས་ཀྱི༔ དོན་བསྡུས་ས་སྒོ་གནམ་སྒོ་ཡི༔ ཡར་གྱི་གནམ་སྒོ་བཅོས་པ་ལ༔ ཁྱི་ཡི་ཐོད་པ་ཤ་མེད་བཞར༔ དཔྲལ་བར་ཁེན་གྱི་ཕྱག་རྒྱུ་དང་༔ ཡིག་མགོ་ཕྱི་བསྟན་འདི་དག་བྲི༔ ཨོཾ་མ་མ་དཾ་དཾ་སྭཱ་ཧཱ༔ བྷ་ཏ་ལི་ཟློག་ཅིག༔ གནམ་རིམ་པ་བཅུ་གསུམ་གྱི་གནམ་སྒོ་བྱེ་བ་གྱེན་དུ་ཆོད་ཅིག་བྲི༔ མཚུལ་པ་གཡས་ལ་ཉི་མ་དང་༔ ཨོཾ་ཁེན་ཁོ་ཧཱུྃ་ཕཊ༔ ཁེན་ཁེན་ཁེན་ཁེ་བྲི༔ མཚུལ་པ་གཡོན་ལ་ཟླ་བ་དང་༔ ཨེ་མོ་ཐེ་གནམ་ཟློག༔ ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག་བྲི༔


CMR038_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་བཀྲ་གཅིག་དང་འཕང་བཀྲ་གཅིག༔ ནམ་མཁའ་གཅིག་དང་ཤིང་རིས་གཅིག༔ རྩང་དམར་བཅུ་གསུམ་མཚུལ་པར་བཙུགས༔ ཟན་ཟོས་མི་རྒན་རྒུར་པོ་ཁྱི་བཅིབས་རལ་པ་སེར་ལ་སྐུ་མདོག་སེར༔ བཤོས་བུ་རྩེ་རིང་རྐང་པ་འཐིང་༔ རྩེ་ལ་མར་རྒྱན་ཟུར་གསུམ་བརྒྱན༔ དེ་དག་ཤུག་ལོ་མཉམ་དུ་ནི༔ ཆག་པ་གང་ཙམ་མཉམ་དུ་བཅིང་༔ ཉི་མ་ནུབ་བྱང་མཚམས་སུ་བཙུགས༔ དུས་ཚོད་ཁྱི་ཐོག་བཙུགས་ན་ལེགས༔ ཡང་ན་དང་པོ་བསངས་བྱས་ལ༔ བསང་གཞུང་ཐོན་ནས་བཏོན་ན་ལེགས༔ དེ་ནས་ཁ་འཛིན་ཁུ་ཡེ་བྱ༔ སྐྱབས་འགྲོ་ལ་སོགས་སྔོན་སོང་ནས༔ ཆུ་གཙང་བྲན་ཞིང་འདོན་སྒོམ་སྦྲགས༔ ཧཱུྃ༔ རང་ཉིད་སྐད་ཅིག་ཡི་དམ་གནས་འགྱུར་ནས༔ བཅོམ་ལྡན་གཤིན་རྗེའི་གཤེད་


CMR038_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས༔ ཕྱག་གཡས་མི་མགོ་རློན་པའི་དབྱུག་པ་ཕྱར༔ གཡོན་པས་ཁྲག་གི་ཐོད་པ་ཐུགས་ཀར་འཛིན༔ ཞབས་གཡས་བསྐུམས་པས་མ་ཧེའི་རྭ་བར་བརྫིས༔ ཞབས་གཡོན་བརྐྱང་བས་མ་ཧེའི་འཕོང་སྟེང་མནན༔ རང་འོད་རིག་མ་གྲི་ཐོད་འཛིན་པས་འཁྱུད༔ ཐོད་པ་སྐམ་རློན་སྟག་ཤམ་ཞིང་ལྤགས་སོགས༔ དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་ཀློང་བཞུགས༔ རིགས་བདག་རང་ཆས་དམ་ཡེ་དབྱེར་མེད་པའི༔ ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གཡས་སུ་འཁོར༔ ཨོཾ་ཧིཏྠི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཁེན་གྱི་ཕྱོགས་ནི་ནུབ་བྱང་མཚམས་ན་འདུག༔ ཀྱཻ༔ ས་བདག་རྒྱལ་པོ་ཁེན་པ་ཁྱོད༔ ནུབ་བྱང་མཚམས་ནས་འདིར་གཤེགས་ལ༔ གླུད་དང་གཏོར་མ་འདི་ཁྱེར་ལ༔ བདག་ཅག་ཡོན་མཆོད་འཁོར་བཅས་ལ༔ ཡར་གྱི་གནམ་སྒོ་བྱེ་བ་དང་༔ ལོ་སྐག་ཟླ་སྐག་ཞག་སྐག་དང་༔ ཟ་མའི་སྐག་རྣམས་ཐམས་ཅད་ལས༔ ཐར་བའི་ཕྲིན་ལས་ད་མཛོད་ཅིག༔ ཨོཾ་ཁེན་ཁེན་ཁེན་ཁེ༔ ཨི་དཾ་བ་ལི་ཏ་ཁཱ་ཧི་ཁཱ་ཧི༔ ཀྱཻ༔ ཉི་མ་ནུབ་བྱང་མཚམས་ཤེད་ནས༔ རུས་སྦལ་རྐང་པ་


CMR038_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་པའི་ཐད༔ རིམ་པ་བཅུ་གསུམ་ཡར་སྟེང་ནས༔ ཉི་མ་ཟླ་བའི་འགྲིམ་ལམ་ན༔ དགུང་སྔོན་མཐོན་པོའི་ཡར་སྟེང་ན༔ སྲིད་པའི་ཡབ་རྒན་རྒྱལ་པོ་སྟེ། ཕ་རྒན་དུང་གི་རལ་པ་ཅན༔ སྐུ་ལ་དར་སེར་འཇོལ་བེར་གསོལ༔ ཕྱག་ན་ཤེལ་གྱི་འཁར་བ་ཐོགས༔ ཆིབས་སུ་གནམ་ཁྱི་སེར་པོ་ཆིབས༔ གནམ་ཐེལ་གཟའ་སྐར་འཁོར་གྱིས་བསྐོར༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ བཤོས་བུ་རྩེ་རྒྱལ་ཟླུམ་པོ་ལ༔ རྩེ་ལ་མར་རྒྱན་ཟུར་གསུམ་བརྒྱན༔ བཤོས་བུ་རྐང་པ་འཐིང་བའི་ཚུལ༔ ལྷམ་ཡུ་གཡོན་གྱི་དུམ་བུ་དང་༔ དར་སེར་འབྲུ་སྣ་གསེར་ར་གན༔ ཁྱི་ཐོད་རྐང་གཡོན་ཤ་དུམ་འབུལ༔ ཁྱོད་ལ་མཐུན་པའི་རྫས་འབུལ་གྱིས༔ ཡབ་རྒན་མཉེས་ཤིང་ཚིམས་གྱུར་ནས༔ ཡོན་བདག་མི་ནོར་འཁོར་བཅས་ཀྱི༔ ཡར་གྱི་གནམ་སྒོ་བྱེ་བ་དང་༔ ལོ་ཟླ་ཞག་དང་དུས་ཚོད་ཀྱི༔ གནམ་སྒོ་བྱེ་བ་ད་ཆོད་ཅིག༔ ཀྱཻ༔ ཉི་མ་ཤར་གྱི་ཕྱོགས་རོལ་ན༔ མི།དཀར་རྟ་དཀར་སྤུངས་སེ་སྤུང་༔ ཕྱག་ན་མདུང་དར་དཀར་པོ་བསྣམས༔ གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད༔ གནམ་ཁྱི་དཀར་པོ་ལས་ལ་འགྱེད༔ ཤར་ཕྱོགས་གནམ་ཁྱིའི་


CMR038_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

བདག་པོ་ལ༔ ཁྱོད་ལ་མདོས་མཆོད་འབུལ་བ་ནི༔ རིན་ཆེན་དུང་ལས་གྲུབ་པ་ཡི༔ ཁྱི་ཐོད་འགྲམ་པ་གཡས་གཡོན་ལ༔ གསེར་གྱི་ཉི་མ་ཀྱི་ལི་ལི༔ དུང་གི་ཟླ་བ་སྒ་ར་ར༔ དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི༔ ནམ་མཁའ་སྤྲིན་ཕུང་ཕྱུ་རུ་རུ༔ འཇའ་ཚོན་གུར་ཁང་ཀྱི་ལི་ལི༔ མདའ་བཀྲ་འཕང་བཀྲ་སི་ལི་ལི༔ རྩང་ཟོར་དམར་པོ་ཟངས་སེ་ཟང་༔ བལ་ཚོན་དཀར་པོ་སྤུངས་སེ་སྤུང་༔ ཞལ་ཟས་རྩེ་རྒྱལ་འཕང་རེ་མཐོ༔ མདོས་མཆོད་དམ་པ་འདི་བཞེས་ལ༔ ཤར་གྱི་གནམ་སྒོ་བྱེ་བ་ཆོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ ཉི་མ་ལྷོ་ཡི་ཕྱོགས་རོལ་ནས༔ མི་སེར་རྟ་སེར་སྤུངས་སེ་སྤུང་༔ ཕྱག་ན་མདུང་དར་སེར་པོ་བསྣམས༔ གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད༔ གནམ་ཁྱི་དཀར་པོ་ལས་ལ་འགྱེད༔ ལྷོ་ཕྱོགས་གནམ་ཁྱིའི་བདག་པོ་ལ༔ ཁྱོད་ལ་གླུད་མཆོད་འབུལ་བ་ནི༔ རིན་ཆེན་དུང་ལས་གྲུབ་པ་ཡི༔ ཁྱི་ཐོད་འགྲམ་པ་གཡས་གཡོན་ལ༔ གསེར་གྱི་ཉི་མ་ཀྱི་ལི་ལི། དུང་གི་ཟླ་བ་སྒ་ར་ར༔ དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི༔ ནམ་


CMR038_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་སྤྲིན་ཕུང་ཕྱུ་རུ་རུ༔ འཇའ་ཚོན་གུར་ཁང་ཀྱི་ལི་ལི༔ མདའ་བཀྲ་འཕང་བཀྲ་སི་ལི་ལི༔ ཆུང་ཟོར་དམར་པོ་ཟངས་སེ་ཟང་༔ བལ་ཚོན་དཀར་པོ་སྤུངས་སེ་སྤྱང་༔ ཞལ་ཟས་རྩེ་རྒྱལ་འཕང་རེ་མཐོ༔ མདོས་མཆོད་དམ་པ་འདི་བཞེས་ལ༔ ལྷོ་ཕྱོགས་གནམ་སྒོ་བྱེ་བ་ཆོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ ཉི་མ་ནུབ་ཀྱི་ཕྱོགས་རོལ་ནས༔ མི་དམར་རྟ་དམར་སྤུངས་སེ་སྤུང་༔ ཕྱག་ན་མདུང་དར་དམར་པོ་བཟུང་༔ གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད༔ གནམ་ཁྱི་དཀར་པོ་ལས་ལ་འགྱེད༔ ནུབ་ཕྱོགས་གནམ་ཁྱིའི་བདག་པོ་ལ༔ ཁྱོད་ལ་གླུད་མཆོད་འབུལ་བ་ནི༔ རིན་ཆེན་དུང་ལས་གྲུབ་པ་ཡི༔ ཁྱི་ཐོད་འགྲམ་པ་གཡས་གཡོན་ལ༔ གསེར་གྱི་ཉི་མ་ཀྱི་ལི་ལི༔ དུང་གི་ཟླ་བ་སྒ་ར་ར༔ དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི༔ ནམ་མཁའ་སྤྲིན་ཕུང་ཕྱུ་རུ་རུ༔ འཇའ་ཚོན་གུར་ཁང་ཀྱི་ལི་ལི༔ མདའ་བཀྲ་འཕང་བཀྲ་སི་ལི་ལི༔ རྩང་ཟོར་དམར་པོ་ཟངས་སེ་ཟང་༔ བལ་ཚོན་དཀར་པོ་སྤུངས་སེ་སྤུང་༔ ཞལ་ཟས་རྩེ་རྒྱལ་འཕང་


CMR038_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

རེ་མཐོ༔ མདོས་མཆོད་དམ་པ་འདི་བཞེས་ལ༔ ནུབ་ཀྱི་གནམ་སྒོ་བྱེ་བ་ཆོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཀྱཻ༔ ཉི་མ་བྱང་གི་ཕྱོགས་རོལ་ནས༔ མི་ལྗང་རྟ་ལྗང་སྤུངས་སེ་སྤུང་༔ ཕྱག་ན་མདུང་དར་ལྗང་གུ་བསྣམས༔ གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད༔ གནམ་ཁྱི་དཀར་པོ་ལས་ལ་འགྱེད༔ བྱང་ཕྱོགས་གནམ་ཁྱིའི་བདག་པོ་ལ༔ ཁྱོད་ལ་གླུད་མཆོད་འབུལ་བ་ནི༔ རིན་ཆེན་དུང་ལས་གྲུབ་པ་ཡི་ཁྱི་ཐོད་འགྲམ་པ་གཡས་གཡོན་ལ༔ གསེར་གྱི་ཉི་མ་ཀྱི་ལི་ལི༔ དུང་གི་ཟླ་བ་སྒ་ར་ར་་དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི༔ ནམ་མཁའ་སྤྲིན་ཕུང་ཕྱུ་རུ་རུ༔ འཇའ་ཚོན་གུར་ཁང་ཀྱི་ལི་ལི༔ མདའ་བཀྲ་འཕང་བཀྲ་སི་ལི་ལི༔ རྩང་ཟོར་དམར་པོ་ཟངས་སེ་ཟང་༔ བལ་ཚོན་དཀར་པོ་སྤུངས་སེ་སྤུང་༔ ཞལ་ཟས་རྩེ་རྒྱལ་འཕང་རེ་མཐོ༔ མདོས་མཆོད་དམ་པ་འདི་བཞེས་ལ༔ བྱང་གི་གནམ་སྒོ་ཆོད་པར་མཛོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔


CMR038_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱེ༔ ཉི་མ་སྟེང་གི་ཕྱོགས་རོལ་ནས༔ མི་སྔོན་རྟ་སྔོན་སྤུངས་སེ་སྤུང་༔ ཕྱག་ན་མདུང་དར་སྔོན་པོ་བསྣམས༔ གཟའ་ཆེན་སྤེན་པ་ཕོ་ཉར་འགྱེད༔ གནམ་ཁྱི་དཀར་པོ་ལས་ལ་འགྱེད༔ སྟེང་ཕྱོགས་གནམ་ཁྱིའི་བདག་པོ་སྟེ༔ ཁྱོད་ལ་མདོས་མཆོད་འབུལ་བ་ནི༔ རིན་ཆེན་དུང་ལས་གྲུབ་པ་ཡི༔ ཁྱི་ཐོད་འགྲམ་པ་གཡས་གཡོན་ལ༔ གསེར་གྱི་ཉི་མ་ཀྱི་ལི་ལི༔ དུང་གི་ཟླ་བ་སྒ་ར་ར༔ དཔྲལ་བར་ཁེན་གྱི་ཕྱག་རྒྱ་བྲི༔ ནམ་མཁའ་སྤྲིན་ཕུང་ཕྱུ་རུ་རུ༔ འཇའ་ཚོན་གུར་ཁང་ཀྱི་ལི་ལི༔ མདའ་བཀྲ་འཕང་བཀྲ་སི་ལི་ལི༔ རྩང་ཟོར་དམར་པོ་ཟངས་སེ་ཟང་༔ བལ་ཚོན་དཀར་པོ་སྤུངས་སེ་སྤུང་༔ ཞལ་ཟས་རྩེ་རྒྱལ་འཕང་རེ་མཐོ༔ མདོས་མཆོད་དམ་པ་འདི་བཞེས་ལ༔ སྟེང་གི་གནམ་སྒོ་བྱེ་བ་ཆོད༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ བར་ཆད་རྐྱེན་རྣམས་བཟློག་ཏུ་གསོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཁྱི་མགོ་ནུབ་བྱང་མཚམས་སུ་འཛུགས༔ གླུད་དང་སྤར་བཏབ་ལོ་བདུད་སྟེང་དུ་བསྐྱལ་ཀྱེ༔ གནམ་ས་རིམ་པ་བཅུ་གསུམ་ནས༔ ཡར་གྱི་གནམ་སྒོ་བྱེ་བ་ཆོད༔ འབྱུང་བ་གནམ་གྱི་དལ་ཁ་ཟློག༔ ཕྱི་ནང་གསང་བ་གནམ་


CMR038_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྐག༔ གནམ་སྒོ་ཆོད་ལ་སྐག་རྣམས་ཟློག༔ ལི་དང་ཁེན་ལ་སྤུང་པ་ཡི༔ བུག་པའི་གནམ་སྒོ་བྱེ་བ་ཆོད༔ ལོ་ཟླ་ཞག་དང་དུས་ཚོད་ལ༔ རྟ་སྦྲུལ་ཁྱི་དང་ཁེན་ལ་ཕྱིན༔ གནམ་གྱི་དུར་སྐག་ལང་བ་ཟློག༔ གནམ་སྐག་ཐོག་དང་སེར་བ་ཟློག༔ གནམ་རྡོ་དུས་མིན་ཁ་ཆར་ཟློག༔ གནམ་ཁྱིས་ངུ་ཟུག་བྱེད་པ་ཟློག༔ གནམ་ཐེལ་ས་ལ་བབ་པ་ཟློག༔ གཟའ་སྐར་ས་ལ་ལྷུང་བ་ཟློག༔ གནམ་ནད་ལྡང་བའི་གདོང་ཐུག་ཟློག༔ གནམ་གྱི་དལ་ཁ་བབ་པ་ཟློག༔ སྐར་མདའ་ས་ལ་བབ་པ་ཟློག༔ བྱ་ཐལ་ལུས་ལ་ཕོག་པ་ཟློག༔ གཟའ་ཆེན་བརྒྱད་ཀྱི་གཟེར་འདེབས་ཟློག༔ གཟའ་དང་རྒྱུ་སྐར་འཁྲུག་པ་ཟློག༔ རྒྱུ་སྐར་རྣམས་ཀྱི་ཉེས་སྐྱོན་ཟློག༔ འཇའ་སྣ་ཁྱིམ་དུ་ཟུག་པ་ཟློག༔ གཡུ་འབྲུག་ས་ལ་བབ་པ་ཟློག༔ གནམ་རྟ་གནམ་ལུག་བབ་པ་ཟློག༔ འུར་སྒྲ་ཐུག་ཆོམ་འབྱུང་བ་ཟློག༔ གཟའ་བདུད་རྒྱུག་གྲངས་མང་བ་ཟློག༔ གྲོང་ཁྱེར་སྟོང་པའི་གནམ་སྐག་ཟློག༔ སྦ་ཁྱིམ་སྟོང་པའི་གནམ་སྐག་ཟློག༔ བང་མཛོད་སྟོང་པའི་གནམ་སྐག་ཟློག༔ མེད་སྣང་ལྟོགས་སྣང་གནམ་སྐག་ཟློག༔ སྟོང་པ་ནམ་མཁའི་སྐག་རྣམས་ཀུན༔ བཟློག་ཅིང་གནམ་


CMR038_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

སྒོ་བྱེ་བ་ཆོད༔ གནམ་སྒོ་བྱེ་བ་ཆོད་པར་མཛོད༔ ས་སྒོ་བྱེ་བ་ཆོད་པར་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ ཨེ་མེ་ཐེ་གནམ་ཟློག༔ སྔགས་དེ་ཅི་མང་དང་རྟེན་འབྲེལ་སྙིང་པོ་དང་དབྱངས་གསལ་བྱེད་རྣམས་བརྗོད༔ དེ་ནས་བཀྲ་ཤིས་སོགས་བརྗོད་ན་ལེགས༔ དེ་ནས་ཁ་འཛིན་དང་ཁུ་ཡེ་བཀྱག་པར་བྱ༔ དེ་ལ་སྤར་ཁ་བརྒྱད་ཀྱི་སྐག་ཟློག་ནི༔ སྤར་ཁའི་སྐག་ཟློག་གཞུང་དུ་གསལ༔ དེ་ཕྱིར་འདིར་ནི་མ་བཀོད་དོ༔ ཕྱོགས་ཀྱི་སྐག་རྣམས་བཅའ་བ་དང་༔ དགྲ་ཡི་སྐག་ཟློག་བཅའ་བ་དང་༔ ཁ་མཆུའི་སྐག་ཟློག་བཅའ་བ་དང་༔ མེ་མཆོད་གྲུ་ཁ་རབ་སོ་དང་༔ གློ་བུར་ཇག་རྐུན་ལ་སོགས་ལ༔ དམིགས་པ་བསྒོམ་ཞིང་སྔགས་ཟློག་ཆོག༔ གཏེར་གཞུང་དེ་ཡི་ལུགས་སུ་གསུངས༔ ཆུང་གཏོའི་རིགས་ནི་འགའ་ཟུང་དང་༔ སྤར་ཁའི་གཟེང་ལྡན་གདན་བགོས་དང་༔ གནམ་སྒོ་ས་སྒོ་བལྟས་ཆོག་དང་༔ དེ་རྣམས་འདོན་ཆ་གཞུང་ན་མི་གསལ་བས༔ དེ་ཕྱིར་འདོན་ཆ་བཅས་པ་འདི༔ ཕྱོགས་སུ་དཔེ་ཚན་གཅིག་ལ་བསྒྲིགས༔ སྔགས་ཆུང་རྣམས་ལ་ཕན་པའི་ཕྱིར༔ ཕྱག་ལེན་གསལ་ཞིང་ཁྱེར་བདེ་བ༔ གཏེར་བློན་རཱ་ག་ཨ་སྱས་བྲིས༔ ཀརྨ་ཡང་དག་ཡི་གེར་བཀོད༔ ཉེས་འགལ་འཇམ་དབྱངས་ལྷ་ལ་བཤགས༔ དགེ་བས་འདི་ཉིད་ཆེར་འཕེལ་ནས༔ མ་འོངས་རྐང་གཉིས་འགྲོ་རྣམས་ལ༔ ཕན་ཐོགས་རྒྱ་ཆེན་འཕེལ་བར་ཤོག༔ མངྒ་ལཾ༔


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་གནམ་སྒོ་གཅོད་ཐབས།next