Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་སྒོ་གཅོད་ཐབས་ཟབ་མོ།
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་སྒོ་གཅོད་ཐབས་ཟབ་མོ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་སྒོ་གཅོད་ཐབས་ཟབ་མོ།


CMR038_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་སྒོ་གཅོད་ཐབས་ཟབ་མོ་བཞུགས་སོ༔


CMR038_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་དྷེ་ཝ་ཌཱཀྐི་ནཱི༔ གནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས༔ སྤར་ཁའི་སྐག་བསྒྱུར་ཕྱག་ལེན་དང་༔ ལས་ཧུར་དྲག་མོའི་སྐག་ཟློག་དང་འཕགས་པ་འཇམ་དབྱངས་མཛད་པ་དང་༔ དེ་དག་རྣམས་ཀྱི་དོན་བསྡུས་ནས༔ ས་སྒོ་བྱེ་བ་གཅོད་ཐབས་ནི༔ ལུག་མགོ་དངོས་སམ་བཟོས་པ་ལ༔ དཔྲལ་བར་ཁོན་གྱི་ཕྱག་རྒྱ་བྲི༔ འགྲམ་པ་གཡས་ལ་སྔགས་འདི་བྲི༔ ཨོཾ་ཁོན་ཁཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧི༔ འགྲམ་པ་གཡོན་ལ་འདི་དག་བྲི༔ ལཾ་མ་ན་ས་ཟློག༔ མཚུལ་པའི་ནང་དུ་འདི་དག་གོ༔ ཨོཾ་ཁ་བྷི་རུ་སྭ་ཧཱཿ དེ་ལ་ཞོན་པའི་ངར་མི་ནི༔ བུད་མེད་རྒན་མོ་ལུག་ཞོན་ཅན༔ འོག་ན་རྡོ་ལུག་གྲོ་མོ་བཅིབས༔ གཉེར་མ་སྐྲ་དཀར་སྐུ་མདོག་སེར༔ གཡས་གཡོན་འཇོར་དང་དབྱག་པ་


CMR038_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

ཐོགས༔ གཡས་སུ་བཤོས་ཟླུམ་མདུན་ཤྭ་དང་༔ གཡོན་དུ་ལྕོག་རྡོག་ཟླུམ་པོ་བཞག༔ ཆུ་གཙང་བྲན་ཞིང་འདི་ལྟར་དུ༔ གྱེར་སྒོམ་སྦྲགས་པས་འཐུས་པ་ཡིན། ཧཱུྃ༔ རང་ཉིད་སྐད་ཅིག་ཡི་དམ་གནས་འགྱུར་ནས༔ བཅོམ་ལྡན་གཤིན་རྗེའི་གཤེད་པོ་སྐུ་མདོག་དམར༔ ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས༔ ཕྱག་གཡས་མི་མགོ་རློན་པའི་དབྱུག་པ་ཕྱར༔ གཡོན་པས་ཁྲག་གི་ཐོད་པ་ཐུགས་ཀར་འཛིན༔ ཞབས་གཡས་བསྐུམས་པས་མ་ཧེའི་རྭ་བར་བརྫི་ས༔ ཞབས་གཡོན་བརྐྱང་བས་མ་ཧེའི་འཕོང་སྟེང་མནན༔ རང་འོད་རིག་མ་གྲི་ཐོད་འཛིན་པས་འཁྱུད༔ ཐོད་པ་སྐམ་རློན་


CMR038_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་ཤམ་ཞིང་ལྤགས་སོགས༔ དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་ཀློང་བཞུགས༔ རིགས་བདག་རང་ཆས་དམ་ཡེ་དབྱེར་མེད་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གཡས་སུ་འཁོར༔ ཨོཾ་ཧྲཱིཿཥྚི་ཝི་ཀྲྀ་ཏ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ བཟླས་པ་གང་ཐོན་འགྲུབ་ནས་འདི་ཉིད་གྱེར། ༈ ཁོན་ཕྱོགས་ནི་ལྷོ་ནུབ་ཕྱོགས་ན་འདུག༔ དུས་ཚོད་གཅིག་ཏུ་མེད་ན་ཡང་དེ་རིང་ལྷོ་ནུབ་མཚམས་ནས་གཤེགས༔ གཏོར་མ་འདི་བཞེས་ས་སྒོ་བྱེ་བ་ཆོད༔ ཀྱཻ༔ ས་བདག་ཁོན་མ་ཁྱོད་ཀྱིས་ནི༔ ལུག་མགོ་གཏོར་མ་འདི་བཞེས་ལ༔ བདག་ཅག་རྣམས་ལ་ལོ་ཟླ་ཞག༔ ཟ་མའི་ས་སྒོ་བྱེ་བ་ལ༔ ཆོད་པའི་ཕྲིན་ལས་ད་མཛོད་ཅིག༔ ཨོཾ་ཁོན་ཁོ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ༔ ཨོཾ་ཁོན་ཁོན་ཁོ་སྭཱ་ཧཱ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ལན་བདུན་བརྗོད། ཀྱཻ༔ ཉི་མ་ལྷོ་ནུབ་ཕ་ཀི་ནས༔ རུས་སྦལ་ལག་པ་གཡོན་པ་ན༔ རིམ་པ་བདུན་གྱི་ས་འོག་ནས༔ དབང་ཆེན་གསེར་གྱི་ས་གཞིའི་སྟེང་༔ གསེར་གྱི་ཁང་བཟང་འབར་བ་ནས༔ བྱོན་པའི་བུད་མེད་རྫུ་འཕྲུལ་ཅན༔ སྲིད་པ་གསུམ་གྱི་ཡུམ་རྒན་ཏེ༔ རྒན་མོ་སྒུར་མོ་ལུག་ལ་ཞོན༔ དབུ་སྐྲ་དུང་ལྟར་དཀར་བ་ལ༔ གཉེར་མ་


CMR038_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ཅུ་ཐམ་པ་བགྲངས༔ སྐུ་ལ་དར་སེར་ན་བཟའ་གསོལ༔ ལག་ན་འཇོར་དང་དབྱིག་པ་ཐོགས༔ ས་སྒོ་བྱེ་བ་གཅོད་པར་བྱེད༔ ས་བདག་ས་སྲིན་འཁོར་སྐོར༔ ཁྱོད་ལ་མཆོད་པ་འབུལ་བ་ནི༔ ངར་མི་ལུག་གི་མགོ་བོ་ལ༔ དཔྲལ་བར་ཁོན་གྱི་ཕྱག་རྒྱ་བྲི༔ བཤོས་བུ་ཟླུམ་པོ་མདུན་ཤྭ་ལ༔ གཡས་གཡོན་ལྕོག་ཟླུམ་གཉིས་ཀྱིས་བརྒྱན༔ ལག་གཡོན་ཤ་དང་ལུག་མགོ་ཕུ་དུང་གཡོན༔ དར་སེར་གསེར་གཡུ་གྲོ་ནས་མཆོད་པ་འབུལ༔ མཐུན་རྫས་འདི་བཞེས་མཉེས་ཤིང་ཚིམས་གྱུར་ནས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི༔ ས་བདག་གནམ་ཁྱི་མ་འཁོང་ཞིག༔ ལྷོ་ནུབ་མཚམས་ཀྱི་ས་སྒོ་ཆོད༔ ས་སྲི་དུར་སྲི་མ་ལྡང་ཞིག༔ ས་སྒོ་བྱེ་བ་བཟློག་ཏུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ལུག་ཞོན་གླུད་ལོ་བདུད་སྟེང་དུ་ཕུལ། ཀྱཻ༔ ཡེ་མཁྱེན་འཕྲུལ་གྱི་ཞལ་ན་རེ༔ མར་གྱི་ས་སྒོ་བཅད་པ་ནི༔ ས་རིམ་པ་གཅིག་གི་ས་སྒོ་ནི༔ ཐོད་པ་སྣ་དགུས་མར་ལ་བཅད༔ ས་སྒོ་བྱེ་བ་བཅད་དུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་བྱེ་བ་ཆོད༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་གཉིས་ཀྱི་ས་སྒོ་


CMR038_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

ནི༔ གཡག་དང་དོམ་གྱི་ཐོད་པས་ཆོད༔ ས་སྒོ་བྱེ་བ་བཅད་དུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་གསུམ་གྱི་ས་སྒོ་ནི༔ དུར་ཕག་ཐོད་པས་མར་ལ་བཅར༔ ས་སྒོ་བྱེ་བ་བཅད་དུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་བཞི་ཡི་ས་སྒོ་ནི༔ དྲེད་མོང་ཐོད་པས་མར་ལ་བཅད༔ ས་སྒོ་བྱེ་བ་བཅད་དུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་ལྔ་ཡི་ས་སྒོ་ནི༔ གཡག་རུ་གཡོན་མས་མར་ལ་བཅད༔ ས་སྒོ་བྱེ་བ་བཅད་དུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་དྲུག་གི་ས་སྒོ་ནི༔ ར་རོག་ཐོད་པས་མར་ལ་བཅད༔ ས་སྒོ་དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་མ་བྱེ་ཅིག༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་བདུན་གྱི་ས་སྒོ་ནི༔ ཁྱི་ཡི་ཐོད་པས་མར་ལ་བཅད༔ ས་སྒོ་བྱེ་བ་བཅད་དུ་


CMR038_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ ས་སྒོ་དུར་སྒོ་མ་བྱེ་ཞིག༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་བརྒྱད་ཀྱི་ས་སྒོ་ནི༔ རྟ་ཡི་རྨིག་པས་མར་ལ་བཅད༔ ས་སྒོ་བྱེ་བ་བཅད་དུ་གསོལ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ ས་རིམ་པ་དགུ་ཡི་ས་སྒོ་ནི༔ ཐོད་སྣ་དགུ་ཡིས་མར་ལ་བཅད༔ ས་སྒོ་བྱེ་བ་བཅད་དུ་གསོ༔ དུར་སྒོ་བྱེ་བ་བཅད་དུ་གསོལ༔ མཐུ་སྟོབས་ལས་མཛོད་རྐྱེན་ངན་ཟློག༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ ཡར་གྱི་གནམ་སྒོ་བྱེ་བ་ཟློག༔ བར་ནས་ནད་སྒོ་བྱེ་བ་ཟློག༔ འོག་ནས་ས་སྒོ་བྱེ་བ་ཟློག༔ ས་ཡི་གནོད་པ་ས་སྐག་ཟློག༔ སྟག་ཡོས་ཁོན་ལ་ཕྱིན་པ་ཡི༔ སྤར་ཁ་ས་ཡི་དུར་སྐག་ཟློག༔ ལོ་ཟླ་ཞག་དུས་ལུག་གི་སྟེང་༔ སྟག་ཡོས་ཕྱིན་པའི་དུར་སྐག་ཟློག༔ ལྔ་སེར་སྟེང་དུ་རྩུབ་པ་ཡི༔ སྨེ་བའི་ས་སྒོ་རྩུབ་པ་ཟློག༔ ས་ལོ་བཅུ་གཉིས་སྟེང་རྩུབ་པའི་ལོ་རྒན་དྲུག་ཅུའི་ས་སྐག་ཟློག༔ གཤེད་བཞིའི་སྟེང་དུ་རྩུབ་པ་ཡི༔ རྒྱལ་པོ་ལོ་ཡི་ས་སྐག་ཟློག༔ ཐ་ཆུང་བཞི་ལ་རྩུབ་པ་ཡི༔ བློན་པོ་ཟླ་བའི་ས་སྐག་ཟློག༔ དམག་མི་ཞག་


CMR038_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

གི་ས་སྐག་ཟློག༔ དུས་ཚོད་མཚོན་ཆའི་ས་སྐག་ཟློག༔ རི་ཉིལ་ས་ལོག་མཁར་ཁང་འགྱེལ༔ ཕྱི་རོལ་སྣོད་ཀྱི་ས་སྐག་ཟློག༔ སྣང་ལྷོག་ས་སྐྱོན་ཤ་ལྷག་སོགས༔ ལུས་ཀྱི་ས་སྒོ་བྱེ་བ་ཟློག༔ ཕོ་བའི་ནད་དང་མཚེར་པའི་ནད༔ དོན་དང་སྣོད་ཀྱི་ས་སྐག་ཟློག༔ རྐང་ལག་སྐང་པ་ཞ་རེང་སོགས༔ ཡན་ལག་བཞི་ཡི་ས་སྐག་ཟློག༔ ས་བདག་འཁྲུགས་པའི་གནོད་པ་ཟློག༔ ཕྱི་དང་ནང་གི་གནོད་པ་ཟློག༔ ལྡི་འཐིབ་སྙིང་འདར་སྨུག་པ་སོགས༔ གསང་བ་སེམས་ཀྱི་ས་སྒོ་ཆོད༔ ལཾ་མ་ན་ས་ཟློག༔ དེ་ལ་མང་དུ་བརྗོད་བྱས་ལ༔ དུས་ཚོད་ཕྱེད་ཡོལ་ལུག་གི་དུས༔ ཉི་མ་ལྷོ་ནུབ་ཕྱོགས་མཚམས་སུ༔ བྲག་ཁུང་ཕུག་པ་ཕྱི་ཁུང་དང་༔ ལྷོ་ནུབ་སྒོ་ནི་བསྟན་པ་ནི༔ དེ་ཡི་སྒོ་ཐེམ་ཞབས་སུ་བཞག༔ འགའ་ཞིག་རྒྱ་སྒོ་གར་བསྟན་གྱི༔ ཞབས་སུ་བཞག་པ་མང་པོས་བྱེད༔ དེ་འདྲ་བྱས་ཀྱང་ལམ་མི་འགྲོ༔ ཁང་པའི་སྒོ་ནི་ས་སྒོ་མིན༔ ལོ་སྐོར་བཅུ་གཉིས་ལོ་མལ་གྱི༔ ལྷོ་ནུབ་ལུག་གི་སྟེང་དེ་ནི༔ ལོ་སྐོར་བཅུ་གཉིས་ས་སྒོ་ཡིན༔ དེ་ཕྱིར་དེ་དག་ཕྱོགས་སུ་བཞག༔ ཅེས་པ་སྤར་ཁའི་ཆུ་གཟིང་དང་ནི་འབོ་རེ་དང་༔ བྱིས་ཁྲ་སྤར་འགྱེད་མར་མེ་དོང་ཐལ་དང་༔ ཟམ་ཐུག་བགཏོ་དང་གདན་གཏོ་གདན་བགོས་དང་༔ གནམ་ཆོས་སྐག་ཟློག་ཚན་པ་ལྔ་པོ་དང་༔ དགོངས་གཏེར་སྐག་ཟློག་ཚན་པ་ལྔ་དང་ནི༔ གནམ་སྒོ་དང་ནི་ས་སྒོ་གཅོད་


CMR038_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

སཾ༔ ཐབས་དང་༔ བསེ་རག་བཀར་ཡས་ཟིན་བྲིས་དང་བཅས་པའི༔ སྤར་ཁའི་གཏོ་བརྒྱད་རྒྱས་འབྲིང་བསྡུས་གསུམ་རྣམས༔ ཁ་ཐུབ་ལོགས་ན་གསལ་བའི་ཕྱིར༔ འདིར་ནི་བཀོད་ནི་མ་མཛད་དོ༔ དེ་མིན་ཚན་པ་བཅུ་པོ་ལ༔ བྱིན་རླབས་བསྔོ་སྦྱངས་ལག་ལེན་ཆ་མ་ཚང་༔ ཚིག་རིས་རྣམས་ཀྱང་མ་དག་དོན་མེད་མང་༔ དེ་ཕྱིར་མ་འོངས་རྣམས་ལ་ཕན་སེམས་ཀྱིས༔ ༈ རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་ལ༔ འཇམ་དབྱངས་ཉིད་ཀྱིས་མངོན་སུམ་གསུངས་པ་ཡི༔ འདོན་ཆ་གཏེར་བློན་རཱ་ག་ཨ་སྱས་སྦྱར༔ སྔགས་འཆང་གསར་བུ་ཤེས་རབ་འཕེལ་བའི་ཕྱིར༔ མིའུ་རིན་ཆེན་ཚེ་མཐར་ཕྱིན་པར་ཤོག༔ བཀྲ་ཤིས་དགེའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁ་ལས་ས་སྒོ་གཅོད་ཐབས་ཟབ་མོ།next