Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་བདུད་རྩི་འཁྱིལ་པའི་ལས་ཚོགས་བསེ་རག་ལྟོགས་འགོང་དབུལ་སྲི་བཀར་བའི་མན་ངག


 
previousགནམ་ཆོས་བདུད་རྩི་འཁྱིལ་པའི་ལས་ཚོགས་བསེ་རག་ལྟོགས་འགོང་དབུལ་སྲི་བཀར་བའི་མན་ངགno next

གནམ་ཆོས་བདུད་རྩི་འཁྱིལ་པའི་ལས་ཚོགས་བསེ་རག་ལྟོགས་འགོང་དབུལ་སྲི་བཀར་བའི་མན་ངག


CMR038_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་བདུད་རྩི་འཁྱིལ་པའི་ལས་ཚོགས་བསེ་རག་ལྟོགས་འགོང་དབུལ་སྲི་བཀར་བའི་མན་ངག་བཞུགས་སོ།།


CMR038_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤེགས་རིན་ཆེན་མང་ལ་ཕྱག་འཚལ་ལོ། །གསར་མའི་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནས། །སྐྱེས་པ་བུད་མེད་སོགས་ལ་བགེགས་ཞུགས་ནས། །རྨི་ལམ་འགོང་པོའི་རྨིས་ལྟས་མང་བ་དང་། །དེ་ཡི་ལུས་ཀྱང་སྐྱ་ཞིང་རླམ་པར་གསུངས། །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསེ་རག་འགོང་པོ་དམ་བཏགས་སྲོག་སྙིང་ཕུལ། །དེ་ལ་བསྐྲད་ཐབས་མནན་ཐབས་སྤོ་ཐབས་གསུངས། །གནམ་ཆོས་ལས་བྱུང་གནད་ཀྱི་མན་ངག་དང་། །སྦྱར་ཏེ་ཟབ་ཅིང་ལག་བླངས་བདེ་བར་བཤད། །མནན་ཐབས་སྤོ་ཐབས་མི་བྱེད་ཉེས་པ་ཆེ། །འདིར་ནི་བཀར་ཐབས་བསྐྲད་ཐབས་བཤད་པར་བྱ། །འདི་ནི་ཀུན་ལ་དགོས་པ་མ་ཡིན་ཏེ། །བསོད་ནམས་ཆུང་བའི་སེར་སྐྱ་འགའ་ཞིག་ལ། །ཁྱིམ་དུ་ལྟོགས་འགོང་དབུལ་སྲི་བསེ་


CMR038_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

རག་ཞུགས། །ཁྱིམ་ལ་ཚ་འུབ་དྲོད་མེད་ཤིན་ཏུ་གྲང་། །དོན་མེད་འགྲིམ་པ་ཕྱིན་ན་ལྟོགས་སྣང་སྐྱེ། །བཟའ་བཏུང་བྱིན་ཀྱང་མི་མགུ་དགའ་སྣང་མེད། །གོས་དང་ལུས་མདོག་སྐྱ་ཞིང་བཀྲག་མདངས་མེད། །ཕུག་སྲིས་ཟད་མགྱོགས་གློ་བུར་འུད་འུད་ཟད། །བཟའ་མི་མི་མཐུན་ནང་འཐབ་ནུབ་འཐབ་བྱེད། །བློ་ཉེས་ཚོང་ཉེས་གོད་ཁ་རྒྱུན་མི་འཆད། །ལོ་ཐོག་མི་སྐྱེ་སད་སེར་གོད་ཁ་ལྡང་། །ཞོ་ལད་ཆང་ལད་འོ་རུལ་མར་མི་ཐོན། །ནས་འབབ་མེད་ཅིང་ནོར་ལ་སྐམ་འགོང་ཞུགས། །མི་མང་ཟས་ནོར་ལ་སོགས་བགོ་བའི་ཚེ། །ཀུན་ལས་ཆུང་ཞིང་ངན་པ་རང་གིས་འཐོབ། །གཡོ་བསྐོར་གཟབ་ཅིང་བྱས་ཀྱང་ངན་ཅིང་ལད། །རྒྱན་དང་ཤོ་སྐུག་གང་བཞག་མི་ལ་ཤོར། །ཅི་བསམ་བྱ་བ་ཐམས་ཅད་ལོག་པར་འགྲོ། །བཟའ་བཏུང་མང་དུ་བྱས་


CMR038_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་བརྒྱག་སྣང་མེད། །དེ་དག་བསེ་རག་ལྟོགས་འགོང་ཞུགས་རྟགས་ཡིན། །དེ་ཉིད་བསྐྲད་ཅིང་བཀར་བར་བྱ་བའི་ཐབས། །ས་སྤྱིན་ལ་ནི་བསེ་རག་གཟུགས་བྱ་སྟེ། །བུ་ཆུང་མཛེས་པ་གཡུ་རྣ་དུང་སོ་ཅན། །རྨོག་གྱོན་ཕུབ་ཁུར་འཕྲུ་བཙུགས་རི་བོང་ཞོན། །འཁོར་དུ་བྱིས་པ་ཕོ་ཐུར་ཕེ་གུ་དང་། །རིལ་ཚེ་སྲེག་པ་གླ་བ་སྐྱ་གའི་གཟུགས། །ཤང་ཤང་རྣམས་ཀྱི་གཟུགས་ཀྱིས་མཐའ་བསྐོར་ཞིང་། །རྫ་ཆག་སྒོག་པོ་ཞིག་གི་ནང་དུ་བཞག །སྤང་ཟན་ཟོ་ཤེ་རྐྱལ་ཤེ་འོ་རུལ་དང་། །ཆང་ལད་སྦང་མ་ལྟེ་རྒྱག་ཚྭ་རམ་དང་། །ར་ཡི་ཉ་སྤུ་སྲེ་ལོང་རྣམས་ཀྱང་བཞག །གླུད་ཟན་ཆངས་བུ་གོས་དུམ་ཤ་ཤུན་བཏབ། །རྡོ་དཀར་ཐུན་དང་ནས་བསྲེས་སྡེར་གང་བཞག །ཡོས་སྙིགས་སྤང་རམ་རྫོངས་འདེབས་རྒྱུ་ཡང་འཚག། །དེ་ནས་འདི་ཉིད་འདོན་བསྒོམ་སྦྲག་པར་བྱ། །ཧཱུྃ། རང་ཉིད་ཡི་དམ་གནས་འགྱུར་ཏེ། །དྲན་རྫོགས་ཁྲོ་བོ་བདུད་རྩི་འཁྱིལ། །སྐུ་མདོག་ལྗང་ལ་དམར་བའི་མདངས། །གཡས་པས་རྡོ་རྗེ་ནམ་མཁར་ཕྱར། གཡོན་པས་སྡིགས་མཛུབ་མེ་འབར་མཛད། །ཁྲོ་བོའི་ཆས་ཀུན་སྐུ་ལ་རྫོགས། །ཞབས་གཉིས་འདོར་སྟབས་དགྲ་བགེགས་མནན། །ཐུགས་ཀར་ཉི་སྟེང་ཧཱུྃ་ལྗང་མཐར། །སྔགས་ཀྱིས་གཡས་སུ་བསྐོར་བ་ལས། །འོད་ཟེར་ལྗང་གུ་ཕྱོགས་བཅུར་འཕྲོས། །འོག་མིན་གནས་ནས་བདུད་རྩི་འཁྱིལ། །རང་འདྲ་དཔག་མེད་སྤྱན་


CMR038_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ཏེ། །བདག་དང་ནས་ཐུན་རྣམས་ལ་ཐིམ། །ཐུན་རྡོ་རེ་དང་ནས་འབྲུ་རེ། །རང་འདྲའི་བདུད་རྩི་འཁྱིལ་པ་རེ། །མེ་འབར་ཚྭ་ཚྭ་འཕྲོ་བར་གྱུར། །ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ༔ སྔགས་དེ་སྟོང་ཕྲག་ཙམ་ཞིག་བཟླ། །ནས་དང་ཐུན་རྡོ་ཕུ་ཡིས་བཏབ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ དེ་ཡང་བརྒྱ་ཡན་ཅི་འགྲུབ་བརྗོད། །གོང་ལྟར་ཐུན་ལ་སྔགས་པར་བྱ། །ཨོཾ་བཛྲ་ཨ་མྲྀ་ཏ་ཨརྒྱུ༴ སོགས་བྱ། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོག་ཅིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བདུད་རྩི་འཁྱིལ་ལ་ཕྱག་འཚལ་བསྟོད། །དེ་ནས་གླུད་མདོས་ཆུ་གཙང་གིས་བྲན་ལ། ཨོཾ་ཤུདྡྷེ་ཤུ་དྷ་ན་ཡེ་སྭཱ་ཧཱ། ཤཱཀྱ་ཐུབ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁོང་སྟོང་ཕྱག་རྒྱའི་ནང་། །ཨ་དཀར་འོད་འཕྲོས་དངོས་འཛིན་སྦྱངས། །ཨོཾ་སྭ་བྷ་ཝ༔ གླུད་གཏོར་འདོད་པའི་ཡོན་ཏན་ལྔ། །སོ་སོའི་ཡིད་མཐུན་ལོངས་སྤྱོད་ནི། །ཟད་མེད་ནམ་མཁའི་མཛོད་གྱུར་པ། །ལན་ཆགས་བདག་པོ་བདག་མོ་རྣམས། །མགུ་ཚིམ་ཡི་རང་བསྐྱེད་ནུས་གྱུར། །རྣམ་པར་སྣང་མཛད་བྱིན་རླབས་ཀྱིས། །ཐལ་མོ་ཚིག་བཅག་ཕྱག་རྒྱའི་ནང་། །ཁཾ་སྟོང་འོད་འཕྲོས་


CMR038_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

སྣོད་བཅུད་སྤེལ། །ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱ༔ སརྦ་ཐད་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ༔ བདུད་རྩི་འཁྱིལ་པའི་བྱིན་རླབས་ཀྱིས། །ཐལ་མོ་ཁ་གྱད་ཕྱག་རྒྱའི་ནང་། །ཛདམར་འོད་འཕྲོས་བདུད་རྩི་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ རིན་ཆེན་འབྱུང་ལྡན་བྱིན་རླབས་ཀྱིས། །མཆོག་སྦྱིན་ཕྱག་རྒྱ་ཏཱཾ་སེར་ལས། །འོད་འཕྲོས་ཀུན་གྱིས་འབད་མེད་ཐོབ། །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། དོན་ཡོད་གྲུབ་པའི་བྱིན་རླབས་ཀྱིས། །ཁུ་ཚུར་མཆོག་སྦྱིན་ཕྱག་རྒྱའི་ནང་། །ཧ་ལྗང་འོད་འཕྲོས་བདུད་རྩིར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མས་མན་སྤ་ར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཕྱག་ན་རྡོ་རྗེའི་ཟབྱིན་རླབས་ཀྱིས། །སོར་བསྣོལ་ཕྱག་རྒྱ་ཛཙདམར་ལས། །འོད་འཕྲོས་མགྲོན་ཀུན་དབང་འདུས་གྱུར། །ན་མཿས་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་ཏི་ཤྭ་རི་པྲ་བྷ་ཛྷཱ་ན་མཱ་ར་ཡ་སྭཱ་ཧཱ། ཧཱུྃ། ང་ནི་དཔལ་ཆེན་ཧེ་རུ་ཀ །སངས་རྒྱས་ཀུན་གྱི་བྱིན་གྱིས་བརླབས། །བགེགས་རིགས་འདུལ་བའི་གཉེན་པོར་བསྐོས། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །བདུད་རྩི་


CMR038_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

འཁྱིལ་པའི་མཐུ་སྟོབས་ཀྱིས། །བདག་དང་ཡོན་གྱི་བདག་པོ་ལ། །གནོད་ཅིང་འཚེ་བར་བྱེད་པ་དང་། །སྦྲ་ཁྱིམ་འདི་ལ་འཁྲི་བ་ཡི། །རྟོགས་འགོང་དབུལ་སྲི་བསེ་རག་ཀུན། །རང་གཟུགས་ཡས་སྟགས་འདི་ལ་ཁུག །བསེ་རག་རྒྱལ་པོ་གཞོན་ནུ་པ། །རྟོགས་འགོང་དབུལ་སྲི་མང་པོས་བསྐོར། །གོད་ཁ་ཐམས་ཅད་ཁྱོད་ལས་བྱུང་། །དབུལ་འདྲེ་དབུལ་སྲི་ཁྱོད་ལས་བྱུང་། །ལོ་ཉེས་ཐོག་ཉེས་ཁྱོད་ལས་བྱུང་། །མི་ལ་ན་ཚ་ཁྱོད་ལས་བྱུང་། །ནོར་ལ་གོད་ཁ་ཁྱོད་ལས་བྱུང་། །མི་ཁ་བྲ་མཆུ་ཁྱོད་ལས་བྱུང་། །ཚེ་ལ་བར་ཆད་ཁྱོད་ལས་བྱུང་། །རྨོངས་འདྲེ་ཐམས་ཅད་ཁྱོད་ལས་བྱུང་། །ཟ་ཁ་འཐུང་ཁ་ཁྱོད་ཀྱིས་ཕྲོག །བུ་ཚའི་བླ་ནི་ཁྱོད་ཀྱིས་བརྐུས། །བཟའ་མིའི་འཐབ་འདྲེ་ཁྱོད་ཀྱིས་བྱས་། །དེ་ཕྱིར་གནོད་བྱེད་འཁོར་དང་བཅས། །གཟུགས་བརྙན་འདི་ལ་ཐིམ་གྱུར་ཅིག །ཛཿཧཱུྃ་བཾ་ཧོཿ གནོད་བྱེད་ཐམས་ཅད་གཟུགས་བརྙན་ལ་སིབ་སིབ་ཐིམ་པར་བསྒོམ། ཁོ་ཟིལ་གྱིས་མནན་པ་ནི་ལྷའི་ང་རྒྱལ་གྱིས། ཧོཿ ལྷ་ཡི་རྒྱལ་པོ་འདྲ་ཕྱིན་སི། །རྡོ་རྗེ་སེམས་དཔའ་འདྲ་ཕྱིན་སི། །ལྷ་གེ་ཁོད་དཀར་པོ་འདྲ་ཕྱིན་སི། །གླག་མོ་མཁལ་དཀར་འདྲ་ཕྱིན། །ཆུ་བྱིལ་


CMR038_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་སྐྱ་འདྲ་ཕྱིན་སི། །ཤེལ་གྲིའུ་ཡུ་དམར་འདྲ་ཕྱིན་སི། །འདྲེ་མི་ལ་ཁྱོད་ཀྱི་སྙིང་པོ་ངས་ཤེས། །ཁྱོད་ཀྱི་སྙིང་པོ་ཆུ་ནག་ཡིན། །ཁྱོད་ཀྱི་སྙིང་པོ་སོལ་ནག་ཡིན། །ཁྱོད་ལ། སྔགས་འདི་བཏབ་པ་ན། གནམ་ལྕགས་རལ་གྲི་འབར་བས། ཁ་ལ་ཡབ་ཁ་ལ་ཡབ། ཁ་ལ་ཐེབས་སོ། །ཁ་ལ་ཐེབས་སོ། །ལྕགས་ཀྱུས་གཅུས། ཁ་བྱུག །ཟ་བྱུག །གདོན་བྱུག །བྱུར་འདྲེ་འགོང་པོ་མི་ལའི་སྟེང་དུ་མར་བྱུག་གོ །ཧབ་བརྒྱབ་སྭཱ་ཧཱ། ཞེས་བརྗོད་ལ་བྲག་རྡོ་དཀར་པོའི་ཕྱེ་མས་བྲབ་བོ། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །གླུད་ཀྱི་གཏོར་མ་འདོད་ཡོན་ལྔ་ལྡན་འདི། །བདག་དང་རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས། །ཟས་ནོར་སྲོག་གི་ལན་ཆགས་སོགས། །བུ་ལོན་ཤ་འཁོན་ཆགས་རྣམས་ལ། །གླུད་ཀྱི་གཏོར་མ་འདི་སྦྱིན་ནོ།། །ཐམས་ཅད་ངོམས་ཤིང་ཚིམ་གྱུར་ཅིག །ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་པའི་ཚིགས་བཅད་སྔགས་དང་བཅས་པ་ཚར་བདུན་ནམ་ཉེར་གཅིག་ཙམ་བརྗོད་ལ་བསྔོའོ། །ཨོཾ་འགྲིག་ཤོག །ནག་མོ་ཁ་ལ་


CMR038_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

དུན་རྩེ་ཟད། ནག་མོ་ཟ་འདྲེ་རྨུག་འདྲེ་ཁ་ལིང་རྦད། འགྲིག་ཤོག །དུན་དུན་ཧབ་ཧབ། དུལ་དུལ། ནན་ནན། རྦད་རྦད། མྱག་མྱག །བསེ་རག་གི་ཁ་ཆིངས་ཤིག །མི་ལའི་ཁ་ཆིངས་ཤིག །དམ་སྲིའི་ཁ་ཆིངས་ཤིག །ནད་འདྲེའི་ཁ་ཆིངས་ཤིག །གོད་འདྲེའི་ཁ་ཆིངས་ཤིག །རྨུག་འདྲེའི་ཁ་ཆིངས་ཤིག །གྱུར་འདྲེའི་ཁ་ཆིངས་ཤིག །ཅེས་སྔགས་དེ་ཅི་འགྲུབ་མང་དུ་བརྗོད། ཀྱཻ། མི་ལའི་རྒྱལ་པོ་གཞོན་ནུ་པ། །ཁྱོད་འདི་ན་འདུག་པའི་གནས་མ་མཆིས། །ཁྱིམ་འདི་ན་མ་བདེ་སྒང་མ་སྒང་། །ཁང་པ་མི་བདེ་ལང་མ་ལིང་། །ཕག་ཤ་སྦྲང་ཟན་འདི་གསོལ་ལ། །རང་རེ་ཤག་གཤིས་ཡུལ་བགོས་བྱེད། །ཁྱོད་ནག་པོ་རྒྱ་ཡི་ཡུལ་དུ་སོང་། །ཡུལ་དྲོ་ས་འཇམ་འབྲས་ཀྱང་ཡག །རི་བོང་སྔོན་མོ་འདི་བཅིབས་ལ། །རྐང་བཞི་རྣམས་ལས་འདི་ཡང་མགྱོགས། །བོང་རྐོ་ཐུང་ལ་རྣ་མཆོག་རིང་། །སྤྱན་མིག་གཞན་བས་གསལ་བ་ཡིན། །སྒ་སྟན་མི་དགོས་ཆིབས་པས་ཆོག །སྲབ་མཐུར་མི་དགོས་ཁ་ལོ་བདེ། །གྱེན་མཐུར་མེད་པར་ཆིབས་པས་ཆོག །རི་བོང་སྔོན་མོ་འདི་ཆིབས་ལ། །ནག་པོ་རྒྱ་ཡི་ཡུལ་དུ་སོང་། །རྒྱ་རྗེ་


CMR038_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོ་ནོར་རེ་ཕྱུག །རྒྱ་བཟའ་ཨ་སྨན་བཞིན་རེ་ཡག །གསེར་དངུལ་གཡུ་དང་བྱི་རུ་ཡི། །བང་མཛོད་ནོར་གྱི་གང་ནས་ཡོད། །འབྲས་དང་ཞུན་མར་དེ་རུ་ཆེ། །ཁྱོད་ཀྱི་ནོར་འདོད་དེ་རུ་ཡོད། །ཁྱོད་ཀྱི་གཏན་གྱི་ཕ་ཡུལ་གྱིས། །ང་ཡི་ཕ་དང་མྱེས་པོ་ཡང་མྱེས་གསུམ། །མི་རབས་གསུམ་གྱི་ཤག་པོ་ཡིན། །ཕྱུག་པོ་དེ་ཡང་དབུལ་གྱིས་བཅད་མ་མྱོང་། །བཟང་ལེན་དེ་ཡང་ངན་གྱིས་བཅད་མ་མྱོང་། །ཟ་འཕྲོ་འཐུང་འཕྲོ་ཆ་ལེ་ཡོད། །ཉིན་མཚན་བུད་མེད་ཀུན་དང་འགྲུལ་བས་ཆོག །ཁྱོད་མི་ལའི་ཟ་ཁ་དེ་རུ་སྟོན། །ཁྱོད་ཀྱི་ཟ་ཁ་དེ་རུ་ཆེ། །ཤ་ཉ་ཡུ་བཅད་འཕྲོ་ཉི་ལེ་ཡོད། །ཁྱོད་བསེ་རག་ཁ་ཆིངས་ཟེར་མི་མེད། །ཡུལ་དེ་རུ་སོང་དང་དེ་རུ་ཆེ། །ཡུལ་དེ་རུ་སོང་དང་དེ་རུ་བཙུན། །ཛའགྲིག་ཤོག །ནག་མོ་ཁ་ལ་དུན་རྩེ་ཟད། །ནག་མོ་ཟ་འགྲམ་རྨུག་འདྲེ་རྦད། །།འགྲིག་ཤོག་དུན་ཧ་ལ་དུལ་དུལ། ནན་ནན། རྦད་རྦད། མྱོག་མྱོག །བསེ་རག་གི་ཁ་ཐཾ༔ མི་ལའི་ཁ་ཐཾ། དམ་སྲིའི་ཁ་ཐཾ། འཐབ་འདྲེའི་ཁ་ཐཾ། བློ་ཁར་ཞུགས་ཤིང་བློ་ངན་པའི་ཁ་ཆིངས་ཤིག །སྡོམས་ཤིག་སྭཱ་ཧཱ། ཟ་ཁ་ལ་ཞུགས་པ། འཐུང་ཁ་ལ་


CMR038_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་པའི་བསེ་རག་གོད་འདྲེ་གོད་སྲི་མཚེར་འདྲེ་མི་ལ་བསེ་རག་ཁ་ཆིངས་ཤིག །ཧཱུྃ། སློབ་དཔོན་པདྨ་འབྱུང་གནས་ཀྱི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན་། །དམ་བཅས་དམ་ལ་མ་འདའ་ཞིག །ཕྱིན་ཆད་གནོད་པ་མ་བྱེད་ཅིག །མཛོ་རྒན་ཞོན་ལ་ད་འགྲོ་རན། །རྣ་རིང་ལྤགས་པ་གོས་སུ་གྱོན། །རྨུག་ཡས་སྣ་ཚོགས་བཞེས་སུ་གསོལ། །དྲེད་མོང་སོག་དཀར་ཁལ་དུ་བཀལ། །ཁལ་དང་བཅས་པ་བཞེས་སུ་གསོལ། །རུས་སྲན་སྲེ་ལོང་ཁ་མུར་གྱིས། །གོ་གསུམ་ཐལ་བ་འགམ་སྐལ་གྱིས། །ཤ་ཤུན་སྦང་ཟན་རྒྱགས་སུ་ཁྱེར། །བྲ་བྱི་ལྤགས་པས་དཀོར་ནོར་གྱིས། །སྲེ་ལོང་ཨ་འགྲང་ནོར་སྐལ་གྱིས། །ལུས་གླུད་ཚངས་སྤྱད་གྲོ་ཕྱེ་གྱིས། །བཀར་རོ་ཡི་དྭགས་རྨུག་འདྲེ་བཀར། །རྨུག་འདྲེ་ད་འགྲོ་ད་རེས་རན། །བསེ་རག་ད་ཆས་ད་རེས་རན། །རྨུག་འདྲེ་ད་ཆས་ད་རེས་རན། །མི་ལ་སྤྱན་དགུ་ད་འགྲོ་རན། །མི་རབས་གསུམ་དུ་སྨུག་འདྲེ་བཀར། །ཐེའུ་རང་སྤུན་དགུ་ཡས་ཀྱིས་བཀར། །མི་ལ་སྤུན་དགུ་ཡས་ཀྱིས་བཀར། །རྨུག་འདྲེ་སྤུན་དགུ་ཡས་ཀྱིས་བཀར། །གོད་འདྲེ་སྤུན་དགུ་ཡས་ཀྱིས་བཀར། །བསེ་


CMR038_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

རག་སྤྱན་དགུ་ཡས་ཀྱིས་བཀར། །མི་ལ་ན་ཚ་མ་བཏང་ཞིག །ནོར་ལ་གོད་ཁ་མ་བཏང་ཞིག །ཞིང་ལ་བཙའ་སད་མ་བཏང་ཞིག །འོ་མ་རུལ་དུ་མ་བཏང་ཞིག །མར་ལ་བར་ཆད་མ་བཏང་ཞིག །ཆང་ལ་སྐྱུར་དུ་མ་བཏང་ཞིག །དབུལ་འདྲེ་དབུལ་སྲི་ཐམས་ཅད་ནི། །བཀར་རོ་མདོས་དང་ཡས་ཀྱིས་བཀར། །ཟ་ཁ་འཐུང་ཁ་ཞུགས་པ་རྣམས། །མི་ལ་བསེ་རག་དབུལ་འདྲེ་བཀར། །བདག་དང་ཡོན་བདག་འཁོར་བཅས་རྣམས། །ཐོག་མ་མེད་ནས་ད་ལྟའི་བར། །བུ་ལོན་ལན་ཆགས་འདི་འཇིལ་ལོ། །ད་ཕྱིན་ཆད་མ་སྡང་མ་སྡིག་ཅིག །ད་རྨུག་འདྲེ་ཐེའུ་རང་སྤུན་དགུ་བཀར། །གཤེགས་ཤིག་རང་གི་གནས་སུ་གཤེགས། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཁ་ཕྱིར་བསྒྱུར་ལ་རྫོངས་འདེབས་བཏབ་ལ། ཀྱཻ། །བསེ་རག་རྒྱལ་པོ་གཞོན་ནུ་པ། །གནོད་བྱེད་མི་ལ་ཁྱོད་ཀྱིས་ཉོན། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མི་དང་ནོར་ལ་མ་གནོད་ཅིག །སྒབ་འདྲེ་སྒབ་སྲི་མ་བྱེད་ཅིག། །ཁྱོད་ལ་ཟས་ནོར་རྫོངས་ཤིག་འདེབས། །རྒྱུན་དང་ཆིབས་ཀྱི་རྫོངས་ཤིག་འདེབས། །ཀྱཻ། བསེ་རག་རྒྱལ་པོ་གཞོན་ནུ་པ། །གནོད་བྱེད་མི་ལ་ཁྱོད་སོང་


CMR038_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན། །ཁྱོད་སྐྱེ་ལེགས་གཟུགས་བཟང་བཞིན་རེ་ཡག །ན་བཟའ་དར་གོས་འཇམ་ལ་མཛེས། །ལ་ཐོད་འཕྲུ་བཙུགས་ལྡེམས་སེ་ལྡེམ། །གཡས་ན་སྡུད་མོ་ཤད་དེ་ཤད། །མཆོག་དཀར་གཞུ་མོ་གྲུ་ལ་བཀོན། །སྟག་དོང་ཁྲ་བོ་གཡས་ན་བཀྲ། །གཟིག་ཤུབས་ཐིག་ལེ་གཡོན་ན་མཛེས། །བཤའ་གྲི་ཡུ་དམར་རྐེད་ལ་བཙུགས། །རྐང་ལ་སག་ལྷམ་ཆགས་སེ་ཆག །རི་བོང་སྔོན་པོ་ཆིབས་ལ་སོང་། །སྒ་སྟན་མི་དགོས་ཆིབས་པས་ཆོག །མཐུར་སྲབ་མི་དགོས་ཁ་ལོ་བདེ། །གཟུགས་བཞི་བཤན་ལ་རྣ་མཆོག་ཡག །སྤྱན་མིག་སེར་བས་མཐོང་སྣང་ཡག །དེ་ལྟར་ཡོན་ཏན་ཆེ་བའི་རྒྱན་མདོས་འདི། །ཁྱོད་ལ་འགྲོ་བའི་རྫོངས་འདེབས་སོ། །འབྲུ་དང་དཀར་དམར་ཟད་མེད་གཏེར། །ཡོས་སྙིག་ཡུག་པོ་གོ་རྒུམ་འདི། །དེ་ལྟར་ཁྱོད་ལ་རྫོངས་སུ་འདེབས། །ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱན་མདོས་འདི། །བསེ་རག་མ་འཁོར་མ་འདུག་འགྲོ་བའི་ཡས་སྦྱིན་ནོ། །དེ་རིང་དབྱེ་བའི་ལྗོངས་འདེབས་སོ། །རྫོངས་འདེབས་ལྷག་མེད་རྫོགས་པར་བྱ། ༈ ད་ནི་ཁྱོད་ལ་ལམ་བསྟན་ནོ། །བསེ་རག་རྒྱལ་པོ་གཞོན་ནུ་


CMR038_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

པ། །ཁྱོད་ལ་ལམ་ཞིག་བསྟན་པ་ནི། །རྒྱ་ཡུལ་དེ་ན་ལོངས་སྤྱོད་ཆེ། །ཡུལ་ཡང་ལེགས་ལ་མཁར་ཡང་མཐོ། །རྒྱ་རྗེ་རྒྱལ་པོ་བྱ་བ་དེ། །མི་ཡང་ཆེ་ལ་སྣ་ཡང་ཆེ། །རྒྱ་བཟའ་ཨག་སྨན་བྱ་བ་དེ། །བུད་མེད་བཟང་ལ་འཛངས་རྒྱ་ཆེ། །ཟས་ནོར་ཟད་མེད་གཏེར་དང་ལྡན། །ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །ཆུ་བོ་བཞི་ཡང་རྒྱ་ཆེར་འབབ། ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །དབུ་ནག་བོད་ཕྱེད་རྒྱ་ན་འགྲོ། །ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །བནེ་བོན་ཆེན་རྣམས་ཀྱང་རྒྱ་ལ་འགྲོ། །ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །སྐྱེས་ཕྲན་སྟག་ཤར་རྣམས་ཀྱང་རྒྱ་ལ་འགྲོ། །ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །མོ་བཙུན་འཛངས་ཆེན་རྣམས་ཀྱང་རྒྱ་ལ་འགྲོ། །ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །ཟཨ་ཝན་ཚོང་ཕྲུག་རྣམས་ཀྱང་རྒྱ་ལ་འགྲོ། །ཁྱོད་ལ་ལམ་བསྟན་དེ་རུ་བསྟན། །བོད་ཟོང་ཐམས་ཅད་རྒྱ་ན་ཁྱེར་ནས་ཡོད། །ཁྱོད་དེ་ཡི་རྗེས་སུ་ལམ་བསྟན་ནོ། །རྒྱ་རྗེ་རྒྱལ་པོའི་ཕོ་བྲང་ན། །གསེར་གཡུ་དངུལ་གསུམ་གྲལ་ལྟར་བརྩེགས། །དར་ཟབ་གོས་ཆེན་རི་ལྟར་སྤུངས། །ཇ་ཆང་མར་ཁུ་མཚོ་ལྟར་བསྐྱིལ། །ཤ་ཐུད་མར་གསུམ་བྲག་ལྟར་བརྩིག །


CMR038_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་དེ་རུ་སོང་དང་དེ་རུ་ཆེ། །དེ་རུ་སོང་དང་དེ་རུ་བཙུན། །ཡུལ་འདི་ན་ཟས་ནོར་རྒྱ་རེ་ཆུང་། །ང་རྣལ་འབྱོར་བདག་ཅག་ཡོན་མཆོད་ཀྱི། །ཁྱིམ་ན་ནོར་མེད་སྤང་དབུལ་ཡིན། །རྒྱབ་ན་གོས་མེད་གཅེར་བུ་ཧྲིལ་པོ་ཡིན། །ཁ་ན་ཟས་མེད་ལྟོགས་པས་བསྲུང་བ་ཡིན། །རྒྱུན་ཆད་མེད་པར་འཐབ་རྩོད་རྒོད། །ལྷ་དང་མི་གཉིས་ཕྲག་དོག་རྒོད། །ཉེས་ལེན་ཆད་པ་ཁྱོད་ལ་འོང་། །ཁྱོད་ཀྱི་ཆེ་ས་འདི་ན་མེད། །ཁྱོད་ཀྱི་བཙུན་ས་འདི་ན་མེད། །ཁྱོད་ཀྱི་འདུག་ས་འདི་ན་མེད། །ཁྱོད་ཀྱི་རྩེ་ས་འདི་ན་མེད། ཁྱོད་ཀྱི་ཟ་རྒྱུ་འདི་ན་མེད། །ཁྱོད་ཀྱི་འཐུང་རྒྱུ་འདི་ན་མེད། །ཁྱོད་ཀྱི་འཆག་ས་འདི་ན་མེད། །ནང་མི་ལྷ་བདག་འདི་ཀུན་གྱིས། །ཕུག་ན་ལྷ་བཟང་ཁྲོ་རྒྱལ་མེ་དཔུང་འབར། །བར་ན་མི་རྒོད་མཚོན་ཆ་སྣ་ཚོགས་ཐོགས། །སྒོ་ན་ཁྱི་བཟང་སྟག་གཟིག་དོམ་དྲེད་ངར། །དེ་བས་འདི་རུ་མ་འདུག་རྒྱ་ལ་སོང་། །ཉི་མ་དོ་ནུབ་ཕྱིན་ཆད་ནས། །ཚུར་ལ་མ་འདི་རུ་མ་འདུག་ཕར་སོང་ཞིག །ང་ལ་རིམ་པ་ཞོ་ཕྱེད་ཡོད། །རམ་སྐལ་ཁྱེར་ལ་དེ་རུ་སོང་། །ང་ལ་ཕག་ཤ་ལྷུ་ཕྱེད་ཡོད། །ཕག་ཤ་ཁྱེར་ལ་དེ་རུ་


CMR038_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །ང་ལ་ཆང་ལད་ཕོར་ཕྱེད་ཡོད། །ཆང་ལད་འཐུང་ལ་དེ་རུ་སོང་། །ཡུལ་འདི་ན་འདུག་པའི་གནས་མ་མཆིས། །ཡུལ་དེ་རུ་སོང་དང་དེ་རུ་བཙུན། །སློབ་དཔོན་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །དམ་ལ་མ་འདའ་དེ་བཞིན་གྱིས། །བཀའ་ལ་མ་འདའ་བཀའ་བཞིན་གྱིས། །རྣལ་འབྱོར་བདག་གི་དམ་མ་བཀྲལ། །བཀའ་དང་དམ་ལ་མ་ཉན་ན། །ཁྲོ་བོ་ཡཀཱ་མེ་དབལ་གྱིས། །ཁྱོད་ཀྱི་སྲོག་སྙིང་དུམ་བུ་སྟོང་དུ་འགྲོ། །དེ་བས་དམ་ལ་མ་འདའ་བར། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། ཕྱུ་རྐུན་གཡང་འཇབ་མ་བྱེད་ཅིག །ཁྱོད་ཀྱི་བསགས་པ་འདི་ཁྱེར་ལ། །ཁྱོད་ནག་པོ་རྒྱ་ཡུལ་སྟེང་དུ་སོང་། །བསགས་པའི་ཟ་རྒྱུ་དེ་ན་ཆེ། །བསགས་པའི་འཐུང་རྒྱུ་དེ་ན་ཆེ། །ནོར་ལ་བསགས་པ་དེ་ན་བཟང་། །ཁྱོད་མི་ལའི་རྒྱལ་པོ་གཞོན་ནུ་པ། །ཁྱོད་ཀྱིས་གྱོད་སྣ་དགྲ་སྣ་ཁྲིད་ལ་སོང་། །རྐུན་སྣ་ཡམས་སྣ་ཁྲིད་ལ་སོང་། །མི་ཁ་བྱུར་སྣ་ཁྲིད་ལ་སོང་། །རྨང་འདྲེ་སྒབ་འདྲེ་བསེ་རག་སྤུན་དགུ་ཁྲིད་ལ་སོང་། །དམ་སྲི་སྤུན་དགུ་ཁྲིད་ལ་སོང་། །ཐེའུ་རང་སྤུན་དགུ་ཁྲིད་ལ་སོང་། །ཕག་ཤ་སྲུང་ཟན་འདི་གསོལ་


CMR038_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །གླུད་ཡས་སྣ་ཚོགས་ཁྱེར་ལ་སོང་། །ཁྱོད་མི་ལའི་རྒྱལ་པོ་གཞོན་ནུ་པ། །གོད་ཁ་གོད་འདྲེ་ཁྲིད་ལ་སོང་། །རྨོངས་འདྲེ་སྒབ་འདྲེ་ཁྲིད་ལ་སོང་། །བསེ་རག་འཁོར་བཅས་ཁྲིད་ལ་སོང་། །མི་ལ་སྤྱན་དགུ་ཁྲིད་ལ་སོང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བློ་ཉེས་ཚོང་ཉེས་མ་བྱེད་ཅིག །སྒབ་འདྲེ་རྨང་འདྲེ་མ་བྱེད་ཅིག །ཇག་སྣ་དགྲ་སྣ་མ་བྱེད་ཅིག །དབུལ་འདྲེ་བསེ་རག་མ་བྱེད་ཅིག །གོད་ཁ་གོད་འདྲེ་མ་བྱེད་ཅིག །ཕྱུ་རྐུན་གཡང་འཇབ་མ་བྱེད་ཅིག །ད་ནི་མ་འདུག་མྱུར་དུ་དེངས། །སློབ་དཔོན་པདྨའི་བཀའ་ལ་ཉོན། །རྣལ་འབྱོར་བདག་གི་དམ་མ་བཀྲལ། །བཀའ་དང་དམ་ལ་འདས་གྱུར་ན། །ཁྱོད་དམྱལ་ཁམས་བཅོ་བརྒྱད་ཁ་བརྒྱུད་ནས། །འོ་དོད་འབོད་པ་གདོན་མི་ཟ། །དེ་བས་རང་རང་གནས་སུ་དེངས། །དེ་ནས་གཏོ་ཁྱེར་ལ། ཡོན་བདག་ཕོ་མོ་ངོ་གནག་ཅིང་། སྐམ་ཡུས་སླ་ང་བརྡུང་ཤིང་རྗེས་ནས་དེད། ཡོན་བདག་ཁྲོས་པའི་ཚུལ་གྱིས་གྲི་བཏོན་ལ་ཧ་ཧ་བརྗོད་ཅིང་དེད། སྔགས་པས་བདུད་རྩི་འཁྱིལ་པའི་སྔགས་གཉིས་དང་། སུམ་བྷ་ནི་བརྗོད་ཅིང་ཐུན་དང་ནས་ཁྱིམ་ཕུག་ནས་བཟུང་སྟེ་ཁྱིམ་ཁྱབ་པར་གཏོར། བདུད་རྩི་འཁྱིལ་བ་སྐུ་ཆུང་ངུ་མེ་འབར་བས་ཁྱིམ་ཐོག་འོག་


CMR038_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

གང་བར་བསྒོམ། ཡར་ཕྱིན་ནས་སྲུང་བའི་འཁོར་ལོ་བསྒོམ་ཞིང་བཀྲ་ཤིས་བརྗོད་པར་བྱའོ། །འདི་འཕེན་པ་ལ་ཕྱོགས་བརྩི་མི་དགོས། ཁྱིམ་སྒོ་མི་འཐོང་བའི་རྒྱ་ལམ་ཞིག་ཏུ་འཕེན་ལ་ཕྱི་ལྟས་མི་བྱེད་པར་འོང་། བསེ་རག་མེ་ཆུ་རླུང་ལྷ་གསུམ་གྱིས་ཆོད་པར་བསྒོམ། ཞེས་པ་གནམ་ཆོས་བདུད་རྩི་འཁྱིལ་པའི་ལས་ཚོགས་ནས་ཐུན་ལ་བརྟེན་ནས་བགེགས་བསྐྲད་པ་དང་། སྔོན་གྱི་ཡིག་རྙིང་བསེ་རག་བཀར་ཐབས་གཉིས་བསྡེབས་ཏེ། སྔགས་རྒན་རཱ་ག་ཨ་སྱས་བསྒྲིགས་ཤིང་། །ཡི་གེ་པ་ནི་དགེ་སློང་བརྩོན་འགྲུས་ཏེ། ཉམས་ཆུང་དབུལ་ཕོངས་ཅན་མང་པོ་ལ་ཕན་ཐོགས་རྒྱ་ཆེན་པོར་གྱུར་ཅིག། མངྒ་ལཾ། ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་བདུད་རྩི་འཁྱིལ་པའི་ལས་ཚོགས་བསེ་རག་ལྟོགས་འགོང་དབུལ་སྲི་བཀར་བའི་མན་ངགno next