Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
བརྟན་མའི་མདོས་ཀྱི་བཞི་པ་ཚོགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབརྟན་མའི་མདོས་ཀྱི་བཞི་པ་ཚོགས།next

བརྟན་མའི་མདོས་ཀྱི་བཞི་པ་ཚོགས།


CMR039_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན་མའི་མདོས་ཀྱི་བཞི་པ་ཚོགས་བྱ་བ་ནི༔ བདུད་རྩི་བསངས་སྦྱངས༔ ཨོཾ་ཨུཙུཀྵ་བེ་ཏ་ལི་ཀྲོ་ཏ་སརྦ་དྲ་བྱི་ཤོ་དྷ་ན་་ཕཊ༔ ཧཱུྃ༔ རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས༔ ཆོས་རྣམས་ཐམས་ཅད་སྒྱུ་མར་རིག༔ རིག་པ་ཡེ་ཤེས་རཾ་ཡཾ་ཁཾ༔ ཚོགས་ཀྱི་དངོས་པོ་བསྲེགས་སྦྱངས་བཀྲུས༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཚོགས་སྤྱན་འདྲེན་ནི། བྷྱོཿ བཀྲ་ཤིས་ཚེ་རིང་མཆེད་ལྔ་དང་༔ བོད་སྐྱོང་བརྟན་མ་བཅུ་གཉིས་དང་༔ མ་གཅིག་ལྷ་མོ་དུད་སོལ་རྒྱལ་མོ་དང་༔ ལྷ་མོ་ཨེ་ཀ་ཛཱ་ཊི་དང་༔ དབང་ཕྱུག་སྡེ་བརྒྱད་ཡང་འཁོར་འབུམ༔ ཡེ་ཤེས་རོལ་པའི་ཚོགས་ལ་གཤེགས༔ དམ་ཚིག་དཀྱིལ་འཁོར་གནས་འདིར་བཞུགས༔ བདག་གིས་གུས་པས་ཕྱག་འཚལ་ལོ༔ གཟུགས་སྒྲ་དྲི་རོ་རེག་བྱ་ཆོས༔ མཛེས་སྙན་དྲི་ཞིམ་རོ་མངར་ཞིང་༔ རེག་བདེ་གླུ་གར་ཆོས་ཡིད་ཚིམ༔ འདོད་ཡོན་ལྔ་ལྡན་མཆོད་པ་བཞེས༔ མཆོད་པ་ནི༔ ཧཱུྃ༔ བླ་མེད་མཆོག་གི་མཆོད་སྦྱར་བ༔ ཡེ་ཤེས་ལྔ་ཡི་འོད་ཟེར་འཕྲོ༔ འདོད་ཡོན་ལྷ་མོས་རབ་བརྒྱན་འབུལ༔ དམ་བསྐང་དགྱེས་པ་ཆེན་པོར་རོལ༔ ཨོཾ་ན་མསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་སོགས། ཁཾ་སྭཱ་ཧྭ༔ བཀྲ་ཤིས་ཚེ་རིང་མཆེད་ལྔ༔


CMR039_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

བོད་སྐྱོང་བརྟན་མ་བཅུ་གཉིས། མ་གཅིག་ལྷ་མོ་དུད་སོལ། སྔགས་སྲུང་ཨེ་ཀ་ཛཱ་ཊི། དབང་ཕྱུག་སྡེ་བརྒྱད་ཡང་འཁོར་འབུམ་གྱི་ཚོགས་དང་བཅས་པ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་ལ་ཁ་རཾ་ཁཱ་ཧི༔ ཞེས་ཚོགས་འབུལ་ལོ། །ལྔ་པ་བསྐང་བ་ནི། ཧཱུྃ༔ ཐུགས་དམ་གཉན་པོ་བསྐང་བའི་ལྷ་ཚོགས་ནི༔ བཀྲ་ཤིས་ཚེ་རིང་མཆེད་ལྔའི་ཐུགས་དམ་བསྐང་༔ བོད་སྐྱོང་བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ལྷ་མོ་དུད་སོལ་རྒྱལ་མོའི་ཐུགས་དམ་བསྐང༔ སྔགས་སྲུང་ཨེ་ཀ་ཛཱ་ཊིའི་ཐུགས་དམ་བསྐང་༔ དབང་ཕྱུག་ཡང་འཁོར་འབུམ་གྱི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་སྐོང་བའི་དམ་རྫས་ནི༔ རྒྱུ་མཆོད་ཆེན་པོ་རྣམ་ལྔ་དང་༔ མཆོག་ཆེན་མཆོག་ཕྲན་མཚན་ལྡན་དང་༔ རང་བྱུང་དམ་རྫས་བདུད་རྩི་དང་༔ རྨད་དུ་བྱུང་བའི་གཏོར་མ་དང་༔ རཀྟ་དམར་གྱི་དགྱེས་མཆོད་དང་༔ སྣང་གསལ་འོད་ཀྱི་ཞུན་མར་དང་༔ ཤ་ཆེན་སྤོས་ཀྱི་དམ་རྫས་དང་༔ རྣལ་འབྱོར་ཚོགས་ཀྱི་ལོངས་སྤྱོད་དང་༔ མཁའ་ལྡིང་མདངས་དང་ཤེལ་སྒོང་མདངས༔ ཙ་ར་འདི་ཡི་མདངས་ཀྱིས་བསྐང་༔ འདི་ལྟར་བསྐངས་བསྐངས་གསོལ་གསོལ་ནས༔ ཐུགས་དམ་གཉན་པོ་


CMR039_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

བསྐང་གྱུར་ཅིག༔ ཆོ་ག་ལྷག་ཆད་རྫོགས་གྱུར་ཅིག༔ གཡར་དམ་བསྐངས་ལ་རྐྱེན་རྣམས་ཟློག༔ དམིགས་པའི་དགྲ་བོ་མྱུར་དུ་སྒྲོལ༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ རྣལ་འབྱོར་ཉམས་ཆག་བསྐང་བར་མཛོད༔ དེ་ནས་དྲུག་པ་མདོས་བསྔོའོ༔


previousབརྟན་མའི་མདོས་ཀྱི་བཞི་པ་ཚོགས།next