Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
གནམ་ཆོས་ཧ་ས་གརྦྷའི་བཅའ་ཐབས་དང་འདོན་འགྲིགས་ཀྱི་ཟིན་བྲིས་གསལ་བར་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཧ་ས་གརྦྷའི་བཅའ་ཐབས་དང་འདོན་འགྲིགས་ཀྱི་ཟིན་བྲིས་གསལ་བར་བཀོད་པ།next

གནམ་ཆོས་ཧ་ས་གརྦྷའི་བཅའ་ཐབས་དང་འདོན་འགྲིགས་ཀྱི་ཟིན་བྲིས་གསལ་བར་བཀོད་པ།


CMR039_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཧ་ས་གརྦྷའི་བཅའ་ཐབས་དང་འདོན་འགྲིགས་ཀྱི་ཟིན་བྲིས་གསལ་བར་བཀོད་པ་བཞུགས་སོ།། ན་མོ་མཉྫ་ཤྲཱི་ཡེ། ས་བདག་ཧ་ས་གརྦྷའི་ཟིན་བྲིས་ནི། །མདོས་གཞི་རི་རབ་བང་རིམ་ལྔ་པའི་སྟེང་། །དམར་གཏོར་གཅིག་ལ་མཆོད་པ་རྣམ་ལྔས་བསྐོར། །ཧ་ས་གརྦྷ༔ དེ་ཡིན་དེ་འོག་གི །བང་རིམ་དང་པོར་སྤར་བརྒྱད་གཏོར་ཟླུམ་བརྒྱད། །དེ་འོག་བང་རིམ་གཉིས་པར་སྨེ་བ་དགུའི། །གཏོར་མ་ཟུར་གསུམ་དགུ་ཡིས་བསྐོར་ནས་བཞག །དེ་འོག་ལོ་སྐོར་བཅུ་གཉིས་རང་གཟུགས་བསྐོར། །དེ་འོག་བང་རིམ་གཏོར་མ་ཟུར་གསུམ་ནི། །ནག་པོ་བཅུ་གཉིས་བསྐོར་ཏེ་དེ་ཡི་མཐར། །བལ་མོ་མི་ཁ་བ་རུ་འཁོར་བཅས་དང་། །ས་བདག་གཏོ་མཁན་རུ་འདྲེན་ལ་སོགས་པ། །གཏོར་ཆུང་མཐེབ་སྐྱུ་འབྲུ་སྣ་ཤ་དུམ་བསྐོར། །དེ་འོག་འུག་པ་གང་མང་དེ་ཡི་འོག །ཝ་མོ་ལ་སོགས་ཐན་གཟུགས་གང་ཡིན་བསྐོར། །མདུན་དུ་མི་དམར་མགོ་གསུམ་དམར་གཏོར་ནི། །ཟུར་གསུམ་གསུམ་བཤིབས་གཏོར་ཆུང་བཅུ་གསུམ་བསྐོར། །བསྒྲལ་བའི་ལིངྒ་བསྟབས་པའི་ཐུན་རྫས་བཅས། །མདོས་ཀྱི་མདུན་དུ་བཟའི་གྲངས་ངར་མི་བཞག །དེ་ཡི་


CMR039_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

མདུན་དུ་གཏོར་མ་གསེར་སྐྱེམས་བཞག །གཞུང་ནས་བྱུང་བའི་དཀར་གཏོར་གསེར་སྐྱེམས་བསྔོ། །དཀར་པོ་མགོ་གསུམ་རང་གཞུང་ཉིད་དང་མཚུངས། །གནམ་ཆོས་ཧ་ས་གརྦྷའི་ཟིན་བྲིས་འདི། །གུད་སྦས་གསལ་ཕྱིར་༧ རཱ་ག་ཨ་སྱས་བྲིས། །མངྒ་ལཾ།། །། ཧ་ས་གརྦྷའི་ཟིན་བྲིས་ནི། བཅའ་ཚོགས་གོང་ལྟར་གྲུབ་ནས་རིགས་གསུམ་མགོན་པོའི་བསྙེན་པ་སྟོང་ཕྲག །དེ་ནས་ལིངྒ་ཆེ་བ་གཅིག་བཤམས་ཁྲག་གམ་ཆུས་བྲན་ལ། ན་མོ་བསླུ་མེད་སོགས་འདིར་ཁུག་ཅིག །བར་ཚར་གསུམ་བརྗོད་ལ། གསོད་བྱེད་མི་དམར་སོགས། དགྲ་ལ་ཆོས་སོགས། བསད་སྔགས་བཅས་བསྒྲལ་ནས་ལིང་རོས་གཏོར་མ་གསོ། ཧཱུྃ་ལས་རིན་ཆེན་སོགས། བྷྱོ་བཟློག་རྒྱས་པ་ཚར་གཅིག །དེ་ནས་དཀར་གཏོར་ཟན་གྱི་རིལ་བུས་གསོ། གླུད་ཆང་བུས་གསོ་ལ་ཆུ་གཙང་གིས་བྲན། བློ་ལས་རིན་ཆེན་སོགས། ལོ་གསུམ་བར་དུ་ཁྱོད་ཀྱིས་བཤོལ་ཐོབ་ཅིག །ཐན་རྣམས་ལ་ཡིན་ན། ཧཱུྃ། །མི་ནག་མགོ་གསུམ་སྐུ་སྨད་སྦྲུལ་སོགས། ལྷག་དང་ཆད་པའི་ཐན་ལྟས་དགྲ་ལ་ཧཱུྃ། འཕགས་པ་རིགས་གསུམ་མགོན་པོ་སོགས། ལས་ངན་སྣ་ཚོགས་ཞེས་པའི་མལ་དུ། ལྟས་ངན་བྱ་ཐན་སྡང་བའི་དགྲ་ལ་སྒྱུར། །ལྟས་ངན་རྒྱུ་ལུག་ནག་པོ་སོགས་


CMR039_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་མཚམས་རོལ་མོ་འུར་བརྡུང་དང་བཅས་ཟློག་པ་ཚར་བདུན་བཅས་དེ་ལྟར་གྲངས་བསགས་ནས། དེ་ནས་སྤར་ཁ་རྩུབ་ན་གོང་ལྟར་ལས། ལོ་གསུམ་བར་དུ་ཁྱོད་ཀྱིས་བཤོལ་ཐོབ་ཅིག །མཚམས་སུ། ཧཱུྃ། ས་བདག་ཧ་ས་གརྦྷའི་ཕྱག་གཡས་ནས་སོགས། ནད་ངོ་ཟློག་ཅེས་ཚར་དགུ་རོལ་མོ་འུར། ལོ་དང་སྨེ་བ་སོགས་འགྲེའོ། །མི་ཁ་བཟློག་ན། ལོ་གསུམ་བར་དུ་ཁྱོད་ཀྱིས་བཤོལ་ཐོབ་ཅིག །མཚམས་སུ། ཧཱུྃ། ས་བདག་ཧ་ས་གརྦྷའི་ཕྱག་མཚན་གྲི་ཐོད་ལས་སོགས། ཟོ་ཞིག་འཐུང་ཞིག་ལྷག་མ་མེད་པར་མཛོད། །ཅེས་རོལ་མོ་འུར་བརྡུང་རེ་བཅས་སྔགས་ལན་བདུན་བརྗོད། དེ་ལྟར་གཏོར་མ་གསོ་ཞིང་གྲངས་བསགས། གཞན་ཡང་མཇུག་གི །མདོས་ཟོར་ཤ་ཁྲག་སོགས་གཞུང་ལྟར་བརྗོད། བདེ་ཆེན་སྙིང་པོའི་ཞལ་་ཁྲིད་དམ་པའོ། མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཧ་ས་གརྦྷའི་བཅའ་ཐབས་དང་འདོན་འགྲིགས་ཀྱི་ཟིན་བྲིས་གསལ་བར་བཀོད་པ།next