Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
གནམ་ཆོས་ཐུག་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཧ་ས་གརྦྷའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ཤིན་ཏུ་བསྡུས་པ་རྣལ་འབྱོར་རང་དོན་རྟེན་འབྲེལ་ངན་པ་རྣམས་ཟློག་པའི་གདམས་པ་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུག་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཧ་ས་གརྦྷའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ཤིན་ཏུ་བསྡུས་པ་རྣལ་འབྱོར་རང་དོན་རྟེན་འབྲེལ་ངན་པ་རྣམས་ཟློག་པའི་གདམས་པ་ཟབ་མོ།next

གནམ་ཆོས་ཐུག་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཧ་ས་གརྦྷའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ཤིན་ཏུ་བསྡུས་པ་རྣལ་འབྱོར་རང་དོན་རྟེན་འབྲེལ་ངན་པ་རྣམས་ཟློག་པའི་གདམས་པ་ཟབ་མོ།


CMR039_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུག་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཧ་ས་གརྦྷའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ཤིན་ཏུ་བསྡུས་པ་རྣལ་འབྱོར་རང་དོན་རྟེན་འབྲེལ་ངན་པ་རྣམས་ཟློག་པའི་གདམས་པ་ཟབ་མོ་ཞེས་བྱ་བ་བཞུགས་སོ༔


CMR039_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫའི་གྷོ་ཥ་ཡེ༔ གནམ་ཆོས་ཧ་ས་གདྷུའི་ལྷན་ཐབས་བྲི༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ རྒྱ་ནག་ལུགས་ཀྱི་འཇམ་དཔལ་གཤིན་རྗེའི་རྒྱུད༔ ལེའུ་བཅུ་པའི་སྐབས་སུ་གསུངས་པ་དང་༔ ས་བདག་གཏོ་རྒྱུད་ནག་པོ་ལས་གསུངས་པ༔ ཀོང་ཙེ་འཕྲུལ་རྒྱལ་ཝང་ཙེ་འཕྲུལ་རྒྱལ་དང་༔ རྒྱ་ནག་རྒྱལ་པོ་རྒྱུ་ནི་ཧ་རྣམས་ཀྱིས༔ འགྲིགས་ཆགས་བསྡེབས་པ་རྒྱ་བཟས་བོད་ཏུ་བསྒྱུར༔ དེ་རྗེས་ལན་གྲངས་མང་དུ་འགྱུར་བའི་ཕྱིར༔ དར་ཆ་ཆེ་དྲག་ད་ནི་ཧ་ཅང་འཆལ༔ དབང་ལུང་རྒྱུན་ཆད་ཕྱག་ལེན་འཆུག་པར་གྱུར༔ དེ་ལོ་ཕན་ཕྱིར་མི་འགྱུར་རྡོ་རྗེ་ལ༔ འཇམ་དཔལ་དམར་སེར་ཉིད་ཀྱིས་འདི་གསུང་སྟེ༔ སྔར་གྱི་དབང་ལུང་བརྒྱུད་པ་གསོ་ཕྱིར་ལགས༔ རྒྱས་པར་སྤྲོ་ན་ཡིག་རྙིང་རྒྱས་པ་ལྟར༔ ཡབ་ལུགས་


CMR039_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་ལུགས་སྲས་ལུགས་གསུམ་དང་ནི༔ མདོས་ཐབས་རྩང་ཐབས་རྣམ་གྲངས་གང་ལྕོགས་དང་༔ བཅའ་ཐབས་བཅོ་བརྒྱད་གང་དགོས་ཕྱག་ལེན་དང་༔ ལེགས་པར་བཅས་ན་འདོན་ཆའི་པོད་གཞུང་ཀློག༔ འདི་ཡི་དབང་ལུང་ཐོབ་ནས་འདོན་གྱིས་ཆོག། བཀའ་ཆད་ལུང་སྡུམ་ཉེས་པ་མི་འབྱུང་ངོ་༔ རང་དོན་ཤིན་ཏུ་སྤྲོས་མེད་ཉམས་ལེན་ནི༔ ལྕོག་ཟླུམ་མམ་ནི་ལྷ་བཤོས་བཤམས་པ་ནི༔ དཀར་པོ་མགོ་གསུམ་སྲུང་བའི་དོན་འདུས་ཤི་ང་༔ དམར་གཏོར་གཅིག་བཤམས་ནག་པོ་མགོ་གསུམ་གྱི༔ ཟློག་པའི་བཅས་ནི་དེ་ལ་འདུས་པའོ༔ ངར་མི་ཆངས་བུ་ཏིང་ལོ་ལ་སོགས་བཤམས༔ དེ་ལ་གླུད་ཡས་ཐམས་ཅད་འདུས་པའོ༔ དཀར་གཏོར་བཤམས་པས་ཀླུ་དང་ས་བདག་མཆོད༔ སྔོན་འགྲོ་སྣ་སེལ་ཐམས་ཅད་དེ་ལ་འདུས༔ ལིངྒ་གཅིག་


CMR039_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

བཤམས་དེ་ཉིད་བསྒྲལ་ལ་འབུལ༔ དམར་པོ་མགོ་གསུམ་བསད་པའི་དོན་འདུས་སོ༔ དེ་ནས་གྱེར་བསྒོམ་བསྙེན་པ་ཅི་མང་བྱ༔ ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ལན་གསུམ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོཿ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་པད་ཟླ་ཉི་མའི་སྟེང་༔ སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་བསྡུས་པ༔ རང་ཉིད་རིགས་གསུམ་མགོན་པོ་གཅིག་དྲིལ་བ༔ དབུས་ཞལ་སྐུ་ལུས་རྩ་ཕྱག་རྩ་ཞལ་རྣམས༔ སྙིང་རྗེ་མཐར་ཕྱིན་སྤྱན་རས་གཟིགས་མགོན་ནི༔ སྐུ་མདོག་དཀར་པོ་ཕྲེང་བ་པདྨ་འཛིན༔ གཡས་ཞལ་ཕྱག་དང་ཞབས་ནི་བར་པ་རྣམས༔ ཤེས་རབ་མཐར་ཕྱིན་འཇམ་དཔལ་གཞོན་ནུ་ནི༔ གུར་གུམ་མདོག་ཅན་རལ་གྲི་པོ་ཏི་འཛིན༔ གཡོན་ཞལ་ཕྱག་དང་ཞབས་ནི་ཐ་མ་གཉིས༔ མཐུ་སྟོབས་མཐར་ཕྱིན་གསང་བའི་བདག་པོ་སྟེ༔ ཆར་སྤྲིན་མདོག་ཅན་རྡོ་རྗེ་སྡིགས་མཛུབ་ཞགས༔ ཞབས་དྲུག་སེམས་དཔའི་


CMR039_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིལ་ཀྲུང་བཞུགས་པ་ལ༔ དར་དང་རིན་པོ་ཆེ་ཡི་རྒྱན་གྱིས་བརྒྱན༔ གནས་གསུམ་འབྲུ་གསུམ་འོད་ཀྱིས་སྤྱན་དྲངས་བསྟིམ༔ ཧཱུྃ༔ གནས་མཆོག་པོ་ཊ་ལ་ཚོ་དང་ལྕང་ལོ་ཅན༔ རྒྱ་ནག་རི་བོ་རྩེ་ལྔའི་ཤེལ་ཁང་ནས༔ འཕགས་མཆོག་རིགས་གསུམ་མགོན་པོ་གཤེགས་སུ་གསོལ༔ ཤེལ་གུར་པདྨ་ཉི་ཟླའི་གདན་ལ་བཞུགས༔ རིགས་ལྔ་སྤྱན་དྲངས་དབང་བསྐུར་རིགས་བདག་མཚན༔ ཛཿཧཱུྃ་བཾ་ཧོཿ ཛྷཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ བསྙེན་པ་ནི་འདིའོ༔ ཨ་བྷིཧཱུྃ༔ ཞེས་བཟླའོ༔ རང་གི་སྐུ་ལས་འོད་ཟེར་དཀར་པོ་འཕྲོས༔ ཤེལ་གྱི་གུར་ཁང་ཡངས་ཤིང་རྒྱ་ཆེ་བར༔ དེ་ནང་བདག་ཅག་ཡོན་མཆོད་བསྲུང་བྱ་ཚུད༔ བདག་གི་སྤྱི་གཙུག་ཁྱུང་འབྲུག་སེང་གེས་བརྒྱན༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཟིལ་གྱིས་གནོན༔ སླར་ཡང་རིགས་གསུམ་སྐུ་ཡི་འོད་ཟེར་ལས༔ ཕྱི་རོལ་རྡོ་རྗེ་སྔོན་པོའི་ས་གཞིར་གུར༔ དེ་རྒྱབ་གསེར་གྱི་འཁོར་ལོ་རྩིབས་སྟོང་འཁོར༔ དེ་རྒྱབ་པདྨ་དམར་པོའི་ཡུ་བ་ཅན༔ མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་གུར༔ དེ་རྒྱབ་ཡེ་ཤེས་མེ་རི་བར་མེད་འབར༔ རིགས་གསུམ་སྤྲུལ་པ་ཁྱུང་འབྲུག་སེང་གསུམ་ལས༔ འོད་འཕྲོས་བསྲུང་བྱའི་ལུས་


CMR039_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་ལ་ཐིམ༔ ཁྲོ་བཛྲ་གྷ་རུ་ཊ་ཧཱུྃ་ཕཊ་རཀྵ་རཀྵ་སྭཱ་ཧཱ༔ དུ་ན་ཧཱུྃ་ཧཱུྃ་རཀྵ་རཀྵ་སྭཱ་ཧཱ༔ ཡ་མ་རཱ་ཛ་ཧཱུྃ་ཕཊ་རཀྵ་རཀྵ་སྭཱ་ཧཱ༔ ཅི་ནུས་བཟླ༔ ཨོཾ་ཨཱཧཱུྃ༔ ལན་གསུམ། ཨཱ་ཧཱིཧཱུྃ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཨནྡྷཾ་སོགས་ཀྱིས་མཆོད། ཧཱུྃ༔ དུས་གསུམ་རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ༔ ལུས་ངག་ཡིད་གསུམ་བསྲུང་བ་ལྷ་ཡི་མཆོག༔ རིགས་གསུམ་མགོན་པོ་གཅིག་དྲིལ་སྐུ་ལ་བསྟོད༔ སྟོང་གསུམ་འཇིག་རྟེན་ཟིལ་གནོན་སྤྲུལ་པའི་གཟུགས༔ རླབས་ཆེན་ཁྱུང་དང་རྩལ་ཆེན་སེང་གེ་དང་༔ ངར་ཆེན་འབྲུག་སྟེ་དཀར་པོ་མགོ་གསུམ་ཞེས༔ སྲུང་སྐྱོབ་སྤྲུལ་པའི་ལྷ་ལ་མཆོད་ཅིང་བསྟོད༔ བདག་དང་བསྲུང་བྱ་རྣམས་ལ་བསྲུང་དུ་གསོལ༔ དེ་ནས་མདུན་བསྐྱེད་ནི༔ མདུན་དུ་ཧ་ས་གྷཌྷ་ནག༔ དབུས་ནས་གཡས་བསྐོར་རིམ་བཞིན་དུ༔ གླང་སྟག་ཕག་གི་མགོ་བོ་ཅན༔ ཕྱག་དྲུག་དང་པོ་གཉིས་ཀྱིས་ནི༔ གྲི་གུག་ཐོད་ཁྲག་བར་མ་གཉིས༔ རལ་གྲི་ལྕགས་ཀྱུ་ཐ་མ་གཉིས༔ ཞགས་པ་མདའ་གཞུ་འཛིན་པ་སྟེ༔ ཁྲོ་ཆས་རྫོགས་ཤིང་གཤོག་པ་ཅན༔ སྐུ་སྨད་སྦྲུལ་གྱི་མཇུག་མར་འཁྱིལ༔ མདུན་དུ་མི་


CMR039_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

དམར་མདའ་གཞུ་འགེང་༔ ཕག་སྦྲུལ་བྱ་ཡི་མགོ་བོ་ཅན༔ དེ་མདུན་ཤང་ཤང་བྲ་ཝའི་མགོ༔ རང་འདྲ་བརྒྱ་དང་བཅུ་གསུམ་བསྐོར༔ གཡས་སུ་བདུད་དང་གཡོན་དུ་བཙན༔ རྒྱབ་ཏུ་མ་མོ་རྔ་མོང་ཞོན༔ དེ་རྒྱབ་མི་ཁ་བ་རུ་མ༔ འབྱུང་བ་ལོ་ཟླ་སྤར་སྨེའི་བདག༔ ཁྲོ་བོ་ཕ་བུ་བཅོ་བརྒྱད་དང་༔ སྲུང་བཞི་གཏོ་མཁན་རིགས་བཞི་དང་༔ ཐན་སྐྱ་ཉི་ཤུ་རྩ་གཅིག་སོགས༔ བགེགས་རིགས་གདོན་རིགས་ཀུན་གྱིས་བསྐོར༔ ཐུགས་ཀའི་འོད་ཀྱིས་རང་རྒྱུད་པ༔ སྤྱན་དྲངས་གཉིས་སུ་མེད་པར་གྱུར༔ ཧཱུྃ༔ འཇམ་དཔལ་སྤྲུལ་པའི་མཐུ་བོ་ཆེ༔ ས་བདག་གཟའ་ཀླུ་འཆོས་པའི་བུ༔ ཟློག་བྱེད་ནག་པོ་མགོ་བོ་གསུམ༔ སྣང་སྲིད་ལྷ་འདྲེ་འཁོར་བཅས་རྣམས༔ མཆོད་པའི་གནས་འདིར་གཤེགས་སུ་གསོལ༔ སྔོན་མོ་ནས་ཀྱི་ཕོ་ཉར་བཏང་༔ ་གསེར་སྐྱེམས་སྔོན་མོའི་ཆས་ཇ་འདྲེན༔ གནོད་བྱེད་དགྲ་བགེགས་གདོན་ལ་བཞུགས༔ སྔོན་ཚེ་འཕགས་པ་འཇམ་དཔལ་གྱི༔ བཀའ་དང་དམ་ལ་བཏགས་པའི་ཚེ༔ དུས་ངན་སྙིགས་མ་ལྔ་ཡི་དུས༔ སྲིད་པའི་བྱོལ་བཟློག་ཁྱོད་ཀྱིས་གྱིས༔ སྐག་ཆེན་ཐམས་ཅད་ཟློག་པར་


CMR039_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས༔ ནད་པ་ཡོད་ན་བསླང་བར་གྱིས༔ སྲིའུ་ཚང་ནས་བསྐྱེད་པར་གྱིས༔ རྒན་པ་རྣམས་ཀྱི་ཚེ་བསྲིང་ལ༔ གཞོན་པའི་དཔལ་ནི་བསྐྱེད་པར་གྱིས༔ གནོད་པར་བྱེད་པ་ཐམས་ཅད་སོད༔ མི་ཁ་སྣ་ཚོགས་ཟས་སུ་ཟོ༔ གཏོར་མ་མཐེབ་སྐྱ་ཁྱོད་ལ་སྦྱིན༔ འཇམ་དཔལ་དམ་ཚིག་དེ་ལྟར་ཕོག༔ དེ་རིང་དགོས་པའི་དུས་བྱུང་ན༔ སྔོན་གྱི་དམ་ཚིག་དྲན་པར་གྱིས༔ འཕགས་པ་འཇམ་དཔལ་བཀའ་མ་བཅག༔ ཡོན་བདག་དྲིན་ལེན་ཆུད་མ་གསན༔ གཏོ་ཡས་གནས་སུ་ཐེངས་བར་མཛོད༔ ཨོཾ་ཕེ་ཤ་ཀེ་རུ་ཧཱུྃ༔ བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཏིཥྛ་ལྷན༔ ས་མ་ཡ་ཧོཿ ཨནྡྷཾ་སོགས། ཁོ་ཡི་སྙིང་ཁར་ཁཾ་ནག་པོ༔ རྩ་སྔགས་གཡས་སུ་འཁོར་བ་ལ༔ བདག་གིས་སྲོག་སྔགས་དེ་བཟླས་པས༔ སྔོན་གྱི་ཁས་བླངས་དམ་ཚིག་དྲན༔ ཅི་གསུངས་བཀའ་བསྒྲུབ་ཁས་བླངས་གྱུར༔ ཨོཾ་ཕེ་ཤ་ཀེ་ཏུ་དྷྭཾ༔ ཨོཾ་ཧ་ས་གརྦྷ༔ ཕཊ༔ ཨོཾ་ནག་པོ་ཕེ་ཤ་རྦད༔ ཨོཾ་ཀ་ལ་མུ་ཁ་རེ་རི་བྷྱོཿ སྔགས་ཚན་བཞི་པོ་གང་རུང་བཟླ༔ དེ་ནས་ལིངྒ་ཡོད་ན་བསྒྲལ༔ མེད་ན་དམར་གཏོར་ཉིད་ལ་བཀུག་ན་མོ༔ བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ༔ འཕགས་པ་རིགས་གསུམ་མགོན་


CMR039_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བདེན་པ་དང་༔ ནག་པོ་མགོ་གསུམ་མཐུ་སྟོབས་ཆེན་པོ་ཡིས༔ གནོད་བྱེད་དགྲ་བགེགས་ཐམས་ཅད་འདིར་ཁུག་ཅིག༔ གསོད་བྱེད་མི་དམར་མགོ་བོ་གསུམ་པ་ཡིས༔ བཙན་མདའ་དམར་པོ་སྙིང་ལ་རྒྱོབ་ལ་སོད༔ ཤན་པའི་ཚོགས་ཀྱིས་ཤ་རུས་དུམ་བུར་གཏུབས༔ ཨོཾ་ཙན་ཡཾ་ཁ་ལ་རཀྟ་དུ་སིང་དགྲ་ལ་ཆོད་འདྲེ་ལ་ཆོད༔ ལན་གསུམ་མམ་བདུན་བརྗོད། བྷྱ༔ ལས་རིན་ཆེན་སྣོད་དང་སླ་ང་རུ༔ ངོ་བོ་དགྲ་བགེགས་གནོད་བྱེད་ཤ་ཁྲག་ལ༔ རྣམ་པ་འདོད་པའི་ཡོན་ཏན་རྣམ་པ་ལྔ༔ ལ་ལ་དཀར་གསུམ་ལ་ལ་ཤ་ཁྲག་མཚོ༔ ངར་མི་བན་སྐྱེ་བུད་མེད་ལྟ་ན་སྡུག༔ སོ་སོའི་ཅི་འདོད་ལོངས་སྤྱོད་ཕུན་ཚོགས་གྱུར༔ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་༔ འབྱམས་ཀློས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ༔ དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་འདི༔ ཧ་ས་གརྦྷ༔ མི་དམར་མགོ་གསུམ་དང་༔ བཙན་བདུད་མ་མོ་ལྷ་སྲིན་དྲེགས་པའི་ཚོགས༔ ཀུན་ལ་འབུལ་ལོ་དགྱེས་པར་ཞལ་དུ་བསྟབ༔ དཀར་གསུམ་མངར་གསུམ་བདུད་རྩིའི་རྒྱ་མཚོ་འདི༔ འབྱུང་བ་སྤར་སྨེ་ལོ་ཟླ་ཞག་དུས་བདག༔ ས་བདག་ཁྲོ་བོ་ཕ་


CMR039_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་བུ་བརྒྱད་དང་༔ ཀླུ་དང་ས་བདག་གཞི་བདག་རྣམས་ལ་འབུལ༔ མཉེས་ཚིམ་དགའ་མགུ་ཡི་རང་ལྡན་གྱུར་ཅིག༔ ངར་མི་ཆངས་བུ་ཏིང་ལོ་དྲི་གླུད་འདི༔ འཁྲུག་འདྲེ་བཅོ་བརྒྱད་མི་ཁ་བ་རུ་མ༔ ཤང་ཤང་བྲ་མཆུ་གྲི་བོ་བསེ་རག་དང་༔ ཟ་འདྲེ་ཤི་གཤེད་ལྟས་ངན་རྣམས་ལ་སྦྱིན༔ ལན་ཆགས་བྱང་ཞིང་བུ་ལོན་སོད་གྱུར་ཅིག༔ ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ༔ ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ གསུམ་མམ་བདུན་བརྗོད། ཧཱུྃ༔ གནམ་ལྷ་ཞེ་སྡང་ཁོན་པ་རྒན་པོ་དང་༔ ས་བདག་འདོད་ཆགས་ཁོན་མ་འཚོགས་པའི་བུ༔ མི་ནག་བྱ་གཤོག་རེ་འབྱམས་མཇུག་མ་ཅན༔ མགོ་དབུས་གླང་མགོ་གཟའ་ཆེན་སྤེན་པའི་བུ༔ མགོ་གཡས་སྟག་མགོ་གཟའ་ཆེན་ཁྱབ་འཇུག་བུ༔ མགོ་གཡོན་ཕག་མགོ་གཟའ་ཆེན་ལྷག་པའི་བུ༔ ཕྱག་དྲུག་དང་པོས་གྲི་ཐོད་གནོད་བྱེད་ཟ༔ བར་པས་ལྕགས་ཀྱུས་འཛིན་ཅིང་རལ་གྲིས་གཏུབ༔ མཐའ་མས་ཞགས་པས་བཅིང་ཞིང་མདའ་གཞུ་འབིགས༔ བ་སྤུ་མཚོན་ཆ་སེན་མོ་ལྕགས་ཀྱུ་འགུགས༔ ཁ་གདངས་མཆེ་གཙིགས་ང་རོ་འབྲུག་སྟོང་ལྡིར༔ ཞེ་སྡང་མེ་འབར་མྱུར་མགྱོགས་གློག་ལྟར་འཁྱུགས༔ མཐུ་ཆེན་སྟོབས་ལྡན་སྲིད་པའི་


CMR039_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

བྱོལ་ཟློག་ཁྱོད༔ དམ་རྫས་དམར་གྱི་གཏོར་མ་འདི་བཞེས་ལ༔ ལྟས་ངན་མི་ཁ་བྲ་མཆུ་ཟས་སུ་ཟོ༔ ཆག་ཆེན་ཉམ་ང་སྐག་ཆེན་ཟློག་པར་བྱེད༔ གལ་ཏེ་འཆི་བར་ངེས་པའི་མི་ཡོད་ཀྱང་༔ ལོ་གསུམ་བར་དུ་ཁྱོད་ཀྱིས་བཤོལ་ཐོབ་ཅིག༔ ཧཱུྃ༔ མི་ནག་མགོ་གསུམ་སྐུ་སྨད་སྦྲུལ་མཇུག་ལས༔ རང་འདྲའི་སྤྲུལ་པས་སྟོང་གསུམ་འཇིག་རྟེན་གང་༔ ཐན་བདག་ཐན་དང་བཅས་པ་ཧབ་ཐོབ་ཟོ༔ ལྷག་དང་ཆད་པའི་ལྟས་ངན་དགྲ་ལ་སྒྱུར༔ ཁ་དགུ་ཟིལ་པ་ཉམ་པའི་ལྟས་ངན་ཟློག༔ ལག་དགུ་ཟོར་བ་ཐོགས་པའི་ལྟས་ངན་ཟློག༔ མོན་དང་རྒྱུ་ལུག་ཐམས་ཅད་བསྒྱུར་ཞིང་ཟློག༔ རྟ་ནོར་ར་ལུག་མི་འདྲ་སྤེལ་འདྲ་དང་༔ ཁྱི་འདྲ་གྲོད་པ་འདྲ་དང་འབྲང་ལུམ་འདྲ༔ ལོང་ཁ་འདྲ་བ་གཏོ་ཡིས་བསྒྱུར་དཀའ་ཞིང་༔ བསྒྱུར་ན་གཏོ་མཁན་རང་ལ་གནོད་པའི་ཐན༔ དེ་ཡང་ནག་པོ་མགོ་གསུམ་ཁྱོད་ཀྱིས་ཟློག༔ ཐན་བདག་ཐན་དང་བཅས་པ་ཁྱོད་ཀྱིས་ཟོ༔ གཟུགས་ནི་ངོ་ཤེས་ཙམ་དང་ངོ་མ་ཤེས༔ རྒྱུ་མ་ཡར་ལུག་མར་ལུག་བཅོས་དཀའི་ཐན༔ བན་བོན་གཏོ་མཁན་རང་ལ་གནོད་པའི་ཐན༔ དེ་ཡང་མི་ནག་མགོ་གསུམ་ཞལ་དུ་བསྟབ༔ ཁ་དགུ་


CMR039_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

རྐང་ལག་བརྒྱད་དང་བཅོ་བརྒྱད་པ༔ རེ་འབྱམས་ཐན་དེ་སྡེ་དཔོན་བརླག་པའི་ཐན༔ དར་རྒྱས་ཅན་ལ་ངན་པའི་བྱད་ཁའི་ཐན༔ དེ་ཡང་མི་ནག་མགོ་གསུམ་ཁྱོད་ཀྱིས་ཟོ༔ ཨོག་མར་མིག་དང་ལྟག་པར་ཁ་དོད་པ༔ ལྐུགས་པ་ཁ་མེད་མིག་མེད་བདུད་ཀྱི་ཐན༔ མི་ནག་མགོ་བོ་གསུམ་པའི་ཞལ་དུ་བསྟབ༔ ཁ་དང་མིག་ལ་སོ་སྐྱེས་འཆི་བདུད་ཐན༔ བཅོས་དཀའི་ཐན་དེ་མགོ་གསུམ་ཁྱོད་ཀྱིས་ལྐུགས་པ་ལག་སྡུམ་མིག་མེད་ལོང་བ་དང་༔ རྣ་མེད་འོན་དང་རྐང་མེད་ཞ་བོ་དང་༔ བདུད་པོ་མཐོང་བ་མིག་མེད་ཐན་ཡིན་ཏེ༔ མི་ནག་མགོ་བོ་གསུམ་པའི་ཞལ་དུ་བཞེས༔ གཟུགས་བརྙན་དོད་དང་གཟུགས་བརྙན་མ་དོད་དང་༔ གྲོད་པ་སོ་ཅན་ཐན་ཡིན་ཁྱོད་ཀྱིས་ཟོ༔ ལག་པ་བྲང་གུག་ཐན་ཏེ་བྲང་བརྡུང་ཐན༔ ཡ་མཆུ་རིང་དང་རྐང་པའི་སུ་གུ་འཁྱོག༔ སྤྲང་པོ་དབྱུག་གཟུང་ཐན་དེ་ཁྱོད་ཀྱིས་ཟོ༔ གློ་སྙིང་ཕྱིར་བུད་སྙིང་འདྲ་འཆི་བའི་ཐན༔ མཆེ་བ་སྐྱེས་པ་བཙན་ཤ་རུ་བརྡར་ཏེ༔ ཕུ་བོ་ལ་ངན་ཐན་དེ་ཁྱོད་ཀྱིས་བྲོ༔ ལག་ཚིགས་གཡས་མེད་ཕ་སྤུན་དགྲ་ལ་ཕྱོགས༔ ལག་ཚིགས་གཡོན་མེད་མ་མཚུན་དགྲ་ལ་ཕྱོགས༔ ཤི་ཚད་འོང་བའི་ཐན་དེ་དགྲ་ལ་


CMR039_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར༔ སྦལ་སྦྲུལ་སྤུ་སྐྱེས་བྱ་རིགས་སྤུ་མེད་པ༔ ཀླུ་ཡི་ཐན་དེ་སྡང་བའི་དགྲ་ལ་སྒྱུར༔ རྭ་སྐྱེས་ལག་པ་རྒྱབ་སྐྱེས་བདུད་ཀྱི་ཐན༔ ངོ་ཤཱ་སྤྱི་བོ་དཔྲལ་བར་ཁ་དོད་དང་༔ ཨོག་མར་མིག་དོད་མོན་ཁར་འབྱར་བ་དང་༔ ཟིལ་དུ་ར་སྐྱེས་བཙན་གྱི་ཐན་ཡིན་ཏེ༔ མི་ནག་མགོ་བོ་གསུམ་པ་ཁྱོད་ཀྱིས་ཟོ༔ ལྷག་པ་ཐམས་ཅད་ཡས་གདོན་རྒྱལ་པོའི་ཐན༔ མ་ཚང་བ་རྣམས་མས་གདོན་རྒྱལ་མོའི་ཐན༔ མིག་གཅིག་པ་དང་བེའུ་ལ་བྱ་ལག་འབྱུང་༔ རྐང་པ་སྤྲེའུ་འདྲ་དང་བུམ་ལག་དང་༔ སྦར་མོ་སྐྱེས་དང་བྱ་ཡི་མཆུ་འདྲ་དང་༔ མ་མཆུས་ཡ་མཆུ་བཀབ་པ་གྲི་བཙན་ཐན༔ གཏོ་དང་བོན་གྱིས་མི་ཐུབ་ཐན་དེ་ཡང་མི་ནག་མགོ་གསུམ་ཁྱོད་ཀྱིས་བཟློག་ཅིང་སྒྱུར༔ ཁྱི་ལ་གཟུགས་མེད་མིད་པ་ཆད་པ་དང་༔ མིག་མེད་རྐུབ་རུབ་བྱ་མཆུ་དོད་པ་རྣམས༔ མས་གདོན་སྒོ་སྲུང་ཐན་ཡིན་གཏོ་འདིས་སྒྱུར༔ སྐེ་འཁྱོག་ཕག་དང་བོང་བུ་རྭ་ཅོ་སྐྱེས༔ ལག་པ་རྒལ་གཞུང་བྲང་སྒོར་ཁ་དོད་པ༔ དམུ་ཡི་ཐན་དེ་མགོ་གསུམ་ཁྱོད་ཀྱིས་ཟློག༔ བྱ་ནག་སྡེར་འཛིངས་ཤ་བ་རུ་འཛིངས་དང་༔ སྦྲུལ་ནག་ལྟོ་སྦྱོར་ཁང་སྐམ་ཆུ་ཟག་དང་༔ སོག་པའི་དཀྱིལ་བུག་


CMR039_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

བྱི་ལོང་ཁྱིམ་དུ་འོང་༔ སྦྲ་ཐན་སྐྱ་ཁོལ་ཐག་པ་ཆོན་ཐག་རྒྱུག༔ ཞིང་གི་དཀྱིལ་བུག་སྦྲ་ལ་མེ་ཤོར་དང་༔ འོ་མ་ཆགས་དང་རུལ་དང་ཁྱི་རྔ་བྱུང་༔ སྡེ་བརྒྱད་ཐན་དེ་མགོ་གསུམ་ཁྱོད་ཀྱིས་ཟོ༔ རྣ་བ་ལྷག་ན་གཏམ་སྙན་ཐོས་པའི་ཐན༔ མཐེ་བོང་ལྷག་ན་ཆེ་རྒྱུད་འཕེལ་བ་དང་༔ མཛུབ་ཆུང་ལྷག་ན་ཆུང་རྒྱུད་འཕེལ་བ་སྟེ༔ དགེ་ལེགས་ཐན་དེ་མི་ཟློག་གཡང་དུ་ལེན༔ སྤྱི་བོ་མིག་ཕོམ་བྲང་མགོ་དཔུང་མགོ་ལྷག༔ སྣ་དང་མ་ཁར་ལྕེ་དང་ལག་པ་དང་༔ སོར་མོ་ལྔ་ལྷག་ནམ་ཕུག་ངན་པའི་ཐན༔ ངན་པའི་ཐན་དགུ་སྡང་བའི་དགྲ་ལ་སྒྱུར༔ བྱ་མ་བྱིལ་སོགས་བྱ་ཐན་ཁྱིམ་དུ་ཕྱིན༔ རི་བོང་ལ་སོགས་རི་དྭགས་ཁྱིམ་དུ་ཕྱིན༔ སྲེག་པ་ཕུག་རོན་ཁྲས་དེད་ཕྱིན་པ་དང་༔ ཁུ་བྱུག་ལ་སོགས་བྱ་ཆེན་སྟེང་དུ་བབས༔ ཝ་སྤྱང་གཟིག་སོགས་གཅན་གཟན་ཁྱིམ་དུ་ཕྱིན༔ ཤ་མོང་ཁྱིམ་སྐྱེས་བྱ་ཐན་བྱི་ཐན་དང་༔ སྲིན་བྱས་འབུ་རོ་ཁུར་སོགས་འབུ་ཡི་ཐན༔ སྦལ་སྦྲུལ་ཁྱིམ་ཕྱིན་ལ་སོགས་ཆུ་གནས་ཐན༔ ཞྭ་ཤ་བརྣངས་དང་མིག་འགུལ་ལུས་ཀྱི་ཐན༔ ཁྱི་སྤྱང་ངུ་དང་རྟ་ཕོ་སྲོད་ལ་འཚེར༔ འུག་པ་རྒོད་དང་ཝ་བརྒྱལ་མེ་སྙིང་དམར༔ འོ་མ་ཁྲག་རེད་ཡོས་


CMR039_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཏགས་རམ་ཕྱེར་གྱུར༔ རི་རྡོ་ཞིང་འདྲིལ་ནས་བཏབ་ཡུག་པོ་སྐྱེས༔ བྱ་རོག་དཀར་པོ་སྐར་མ་ཕོད་ཆེན་སོགས༔ མི་རུང་ལྟས་ངན་བརྒྱད་ཅུ་རྩ་གཅིག་རྣམས༔ ཐན་དང་ཐན་བདག་མགོ་གསུམ་ཁྱོད་ཀྱིས་ཟོ༔ ལྟས་ངན་མཚན་ངན་སྡང་བའི་དགྲ་ལ་སྒྱུར༔ ཧཱུྃ༔ འཕགས་པ་རིགས་གསུམ་མགོན་པོའི་བདེན་པ་དང་༔ ས་བདག་ཧ་ས་གརྦྷའི་མཐུ་སྟོབས་ཀྱིས༔ ལྟས་ངན་རྨེ་སྡང་བའི་དགྲ་ལ་སྒྱུར༔ ཐན་བདག་ཐན་དང་བཅས་པ་ཐམས་ཅད་ནི༔ མི་ནག་མགོ་གསུམ་འཁོར་དང་བཅས་པས་ཟོ༔ ཐན་ལྟས་བཟློག་པའི་ཕྲིན་ལས་ད་མཛོད་ཅིག༔ འཕགས་པ་འཇམ་དཔལ་སྤྱན་སྔར་ཁས་བླངས་པའི༔ དམ་ལ་མ་འདའ་བཅོལ་བའི་ཕྲིན་ལས་མཛོད༔ ཨོཾ་ཧ་ས་གརྦྷ༔ བྷྱོ་མི་ཁ་ཧུར་ཐུམ་རྦད་ཡ་བྷྱོ་བྷྱོ་ཟློག་ཟློག༔ ཅེས་ཅི་མང་བརྗོད༔ ཧཱུྃ༔ ས་བདག་ཧ་ས་གརྦྷའི་ཕྱག་གཡས་ན༔ སྤར་ཁ་བརྒྱད་ཀྱི་ཕྱག་རྒྱ་བསྣམས་མཛད་པ༔ ལི་ཁོན་དྭ་ཁེན་ཁམ་གིན་ཟིན་དང་ཟོན༔ སྤར་ཁ་བརྒྱད་ཀྱི་སྐག་རིགས་ཐམས་ཅད་ཟློག༔ ལོ་དང་སྤར་ཁའི་སྦྱོར་བའི་སྐག་རྣམས་ཟློག༔ སྤར་ཁ་བརྒྱད་པོའི་དབང་རིས་ཟླ་བ་ཡི༔ སྐག་རྣམས་ཐམས་ཅད་མི་


CMR039_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

ནག་ཁྱོད་ཀྱིས་ཟློག༔ སྤར་ཁ་བརྒྱད་པོ་ཞག་དང་དུས་ཚོད་ལ༔ འཁོར་བའི་སྐག་རིགས་ཐམས་ཅད་བསྒྱུར་དུ་གསོལ༔ སྤར་ཁ་དགྲ་ཐོག་དུར་མིག་རང་ཐོག་དང་༔ ན་ས་འཆི་བའི་སྐག་རྣམས་ཐམས་ཅད་ཟློག༔ ནམ་ཟླ་དུས་བརྒྱད་སྤར་ཁའི་སྐག་བརྒྱད་ཟློག༔ སྤར་ཁ་བརྒྱད་ཀྱིས་གནོད་པའི་འདྲེ་བརྒྱད་ཟློག༔ མི་རུང་ནོར་བརྒྱད་དུར་ཟས་བརྒྱད་པོ་ཟློག༔ བསྒྲེན་པའི་མི་བརྒྱད་ན་ངོ་ཐམས་ཅད་ཟློག༔ ཨོཾ་ཧ་ས་གརྦྷ༔ ཏི་ལི་ཧ་ན་ཨ་ནི་ས་ཟློག༔ སྤར་ཁ་རྩུབ་ན་འདི་ཅི་མང་བཟླ་བར་བྱའོ༔ ཧཱུྃ༔ ཧ་ས་གནྟའི་རྩ་ཕྱག་ལོ་བདག་འཛིན༔ བསྐོར་ཆེན་དྲུག་ཅུ་ལོ་སྐག་དགྲ་ལ་སྒྱུར༔ མི་གྲངས་ལོ་གྲངས་འཁྲེན་པའི་འཁྲེན་སྐག་ཟློག༔ ལོ་སྐོར་བཅུ་གཉིས་ལོ་ཡི་སྐག་རྣམས་ཟློག༔ རང་སྐག་ཕྱི་སྐྱེལ་ཟུར་གསུམ་སྐག་རྣམས་ཟློག༔ བཞི་གཤེད་དྲུག་འགྲམས་བདུན་ཟུར་སྐག་རྣམས་ཟློག༔ གནམ་རྒྱང་ས་རྒྱང་ངན་པར་གྱུར་པ་ཟློག༔ འཇུ་ཐག་ཆད་དང་བརྟན་ཕུར་བུད་པ་ཟློག༔ ལོག་མིན་དར་རྒུད་གནམ་ལོ་ལ་སོགས་པ༔ རྒྱལ་པོ་ལོ་ཡི་སྐག་རྣམས་ཐམས་ཅད་ཟློག༔ ལོ་སྐོར་བཅུ་གཉིས་ཟླ་བ་འཁོར་བ་ཡི༔ བློན་པོ་ཟླ་བའི་སྐག་རྣམས་དགྲ་ལ་ཟློག༔


CMR039_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་སྐོར་བཅུ་གཉིས་ཞག་ལ་འཁོར་བ་ཡི༔ དམག་མིའི་ཞག་སྐག་སུམ་བརྒྱ་དྲུག་ཅུ་ཟློག༔ ལོ་སྐོར་བཅུ་གཉིས་དུས་ཚོད་ལ་འཁོར་བའི༔ དུས་ཚོད་སྐག་རིགས་སྟོང་དང་དྲུག་བརྒྱ་ཟློག༔ ཨོཾ་ཧ་ས་གརྦྷ༔ མྲྀ་ཏ་ཡེ་མྲྀ་ཏ་ཡེ་བློ་ཟློག༔ ལོ་ཟླ་ཞག་སྐག་ཆེ་ན་འདི་མང་དུ་བྱ༔ ཧཱུྃ༔ ཧ་ས་གརྒྱུའི་ཕྱག་གཡས་དང་པོ་ན༔ ཕག་དང་རྟ་ནག་རྟ་སྔོན་ཆུ་སྲིན་དང་༔ ཤ་བ་སེང་གེ་རྟ་དམར་གླང་ཆེན་དཀར༔ དྲེལ་དམར་ལ་སོགས་སྨེ་བ་ཆིབས་པ་འཛིན༔ གཅིག་དཀར་གཉིས་ནག་གསུམ་མཐིང་བཞི་ལྗང་དང་༔ ལྔ་སེར་དྲུག་དཀར་བདུན་དམར་བརྒྱད་དཀར་དང་༔ དགུ་དམར་ལ་སོགས་སྨེ་བའི་སྐག་རྣམས་ཟློག༔ རང་ཐོག་གཉིས་ནག་དབུས་ཚུད་དགྲ་ལ་ཟློག༔ སྨེ་བ་ཞག་དང་དུས་ཚོད་ལ་འཁོར་བའི༔ སྨེ་བའི་སྐག་ཆེན་ཐམས་ཅད་དགྲ་ལ་ཟློག༔ སྨེ་བའི་འཆི་ངོ་དུར་ངོ་དགྲ་ལ་ཟློག༔ ཨོཾ་ཧ་ས་གརྦྷ༔ སྨེ་ཤ་ཡེ་སྨེ་ཤ་ཡེ་བློ་ཟློག༔ སྨེ་བའི་སྐག་རྩུབ་ན་འདི་ཉིད་མང་དུ་བཅུག༔ ཧཱུྃ༔ ཧ་ས་གརྦྷ༔ ཕྱག་མཚན་གྲི་ཐོད་ལས༔ རང་འདྲའི་སྤྲུལ་པ་མང་པོ་རླུང་ལྟར་འཚུབ༔ ཡོད་སློང་ཡེས་རྔའི་མི་ཁ་དགྲ་ལ་ཟློག༔ མ་ཉེས་ཁ་ཡོག་མི་ཁ་ཐམས་ཅད་ཟློག༔ བརྒྱ་ཡི་མི་


CMR039_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྟོང་གི་བྲ་མཆུ་ཟློག༔ མཚན་ངན་བུད་མེད་ཁྱིམ་མཚེས་མི་ཁ་ཟློག༔ ལྐོག་ནས་འབུ་བཞིན་གཡེངས་བའི་མི་ཁ་ཟློག༔ གཏམ་ངན་བྱུར་སྣ་ངན་པའི་མི་ཁ་ཟློག༔ ངན་འདོད་བཏགས་ཀུ་ལྷན་སྦྱོར་མི་ཁ་ཟློག༔ གཞི་མེད་སྐུར་འདེབས་གཤེ་སྐུར་མི་ཁ་ཟློག༔ མི་ཁ་ཆེ་ཞིང་རྒྱ་ཁ་གཡེང་བ་ཟློག༔ ལོ་ཟླ་ཞག་ལ་མི་ཁ་དར་བ་ཟློག༔ མི་ཁ་མེ་ལྟར་འབར་བ་ཐམས་ཅད་ཟློག༔ མི་ཁ་ཆུ་ལྟར་འབྲུབ་པ་ཐམས་ཅད་ཟློག༔ མི་ཁ་རླུང་ལྟར་འཚུབ་པ་ཐམས་ཅད་ཟློག༔ མི་ཁ་བལ་ལྟར་གཡེངས་བ་ཐམས་ཅད་ཟློག༔ ཡུལ་མི་ཁྱིམ་མཚེས་མི་ཁ་ཟུག་པ་ཟློག༔ རླུང་ལྟར་དགྲ་ལ་མི་ཁ་སྡང་བ་ཟློག༔ བཟང་བྱས་ངན་དུ་མཐོང་བའི་མི་ཁ་ཟློག༔ མི་ཡི་ཁྱུ་ནས་བུད་པའི་མི་ཁ་ཟློག༔ མི་ཁ་བྲ་མཆུ་མི་ཁ་བ་རུ་ཟློག༔ མི་ཁ་ཐམས་ཅད་མགོ་གསུམ་ཁྱོད་ཀྱིས་ཟོ༔ ཟོ་ཞིག་འཐུང་ཞིག་ལྷག་མ་མེད་པར་མཛོད༔ ཨོཾ་ཧ་ས་གརྦྷ༔ ཧཱུྃ་བྷྱོཿ རི་ལི་ལི་མི་ཁ་བྷྱོ་ཟློག༔ མི་ཁ་ཆེ་ན་འདི་ཉིད་མང་དུ་བརྗོད༔ ཧཱུྃ༔ གཏོར་ཟོར་ཤ་ཁྲག་གཏོར་མ་འདིས༔ ད་ལྟ་རྣལ་འབྱོར་བདག་ཅག་ལ༔ སྡེ་བརྒྱད་ཆད་པ་བྱུང་བ་ཟློག༔ བྱད་ཟོར་ཕུར་ཁ་ཐམས་ཅད་ཟློག༔ བནྡེའི་སྔགས་


CMR039_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

ཟོར་འདུས་པ་ཟློག༔ མུ་སྟེགས་བོན་པོའི་ཕོ་དམར་ཟློག༔ ལྷ་འདྲེའི་ཟ་ཁ་ཟུག་པ་ཟློག༔ རྒྱལ་པོ་ལོ་ཡི་བདུན་ཟུར་ཟློག༔ བློན་པོ་ཟླ་བའི་དབང་བཙན་ཟློག །དམག་མི་ཞིག་གི་དཔུང་དགྲ་ཟློག༔ མཚོན་ཆ་དུས་ཀྱི་རྣོ་ངར་ཟློག༔ སྤར་ཁའི་སྐྱ་མདའ་ཟུག་པ་ཟློག༔ སྨེ་བ་དུར་དུ་ཚུད་པ་ཟློག༔ ས་བདག་ཀོ་ལོང་གདུག་རྩུབ་ཟློག༔ འབྱུང་བའི་དགྲ་གཤེད་འཐབ་པ་ཟློག༔ ལོ་དང་ཞག་དུས་བབས་པ་ཟློག༔ གཟའ་སྐར་དུས་ཚོད་ངན་པ་ཟློག༔ ཁྲམ་དང་བྱེད་དུ་བཅུག་པ་ཟློག༔ ཧོམ་དང་པར་བུ་བསྐོར་བ་ཟློག༔ དགྲ་ཆེན་བདུད་དུ་ལང་བ་ཟློག༔ ལྟས་ངན་གློ་བུར་ཡེ་འདྲོག་ཟློག༔ དུས་མིན་འཆི་བ་རྣམ་བརྒྱད་ཟློག༔ མི་ཁ་བྲ་མཆུ་ཐམས་ཅད་ཟློག༔ ཆག་ཆེན་ཉམ་ང་ཐམས་ཅད་ཟློག༔ སྔོན་བསྒུགས་ཕྱི་ནས་དེད་པ་ཟློག༔ དགྲ་སྣ་ཕུང་སྣ་གྱོད་སྣ་ཟློག༔ ནད་སྣ་ཡམས་སྣ་རིམས་སྣ་ཟློག༔ དགྲ་སྲི་རྨིས་ངན་ཐམས་ཅད་ཟློག༔ ཆེ་སྲི་ཆུང་སྲི་རྒན་སྲི་ཟློག༔ གཞོན་སྲི་དར་སྲི་གོད་སྲི་ཟློག༔ དགྲ་སྲི་མཚོན་སྲི་ནད་སྲི་ཟློག༔ མདོར་ན་སྲིད་པའི་ཆག་སྒོ་དང་༔ བདག་ལ་གནོད་པའི་དགྲ་བགེགས་རྣམས༔ སྡང་བྱེད་དགྲ་བོའི་


CMR039_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་དུ་ཟློག༔ གནོད་བྱེད་བགེགས་ཀྱི་སྟེང་དུ་ཟློག༔ བར་ཆད་བདུད་ཀྱི་སྟེང་དུ་ཟློག༔ ཟ་འདྲེ་ཕུང་འདྲེའི་སྟེང་དུ་ཟློག༔ དམ་ཉམས་བྱེད་མའི་སྟེང་དུ་བྷྱོཿ ཨོཾ་ཧ་ས་གརྦྷ༔ ཕཊ༔ ནག་པོ་ཕེ་ཤ་བྷྱོཿ མ་ཧཱ་དྷེ་ཝ་དགྲ་བོ་ཀྲྀ་རྦད༔ བྱོ་མི་ཁ་སྒྱུར༔ མི་ཁ་ཧུར་ཐུམ༔ མཱ་ར་ཡ་ཆད༔ མི་ཁ་ཐུམ་ཐུམ༔ ཤིག་ཤིག༔ རྦད་རྦད༔ དྲིལ་དྲིལ༔ བྷྱོཿབྷྱོཿ ཟློག་ཟློག༔ བྷྱོ་མི་ཁ་ཧུར་ཐུམ་ཆད༔ དྲིལ་ཐུམ་ཐུམ༔ ཤིག་ཤིག༔ རྦད་རྦད༔ དྲིལ་དྲིལ༔ བློ་བྷྱོཿ ཟློག་ཟློག༔ ཨོཾ་ཧ་ས་ཙི་ཀེ་ས་ར་ཏ༔ ར་ས་ལ་ཡ་དགྲ་ལ་བྷྱོ་བྷྱོཿ ནཱ་ག་ཙ་དུ་བྷི་ཏུ་བ༔ མ་ཧཱ་དགྲ་ལ་རྒྱུག་རྒྱུག༔ དེ་ནས་ཐེབས་ལྡོག་དང་བསྟུན་ལ༔ རང་དང་སྦྱིན་བདག་གི་ལོ་ལྷའི་ཕྱོགས་མིན་པར་ཁྱེར་བཅུག་ལ༔ ཧཱུྃ༔ ཧ་ས་གཅུ་འཁོར་དང་བཅས༔ དམར་གྱི་གཏོར་མ་འདི་བཞེས་ལ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་དང་༔ འདྲེ་སྲིན་བགེགས་རིགས་ཀུན་ཁྲིད་ལཿ༔ སྡང་བ་དགྲ་ཡི་ཡུལ་དུ་རྒྱུག༔ གནས་དང་ཕོ་བྲང་དེ་རུ་ཐོབ༔ ཟ་ཁ་འཐུང་ཁ་དེ་རུ་སྤོས༔ འབྱུང་བ་སྤར་སྨེ་ལོ་ཟླའི་བདག༔ ས་བདག་གཞི་བདག་ཐམས་ཅད་ཀུན༔ དཀར་གསུམ་གཏོར་མ་འདི་བཞེས་ལ༔ གཏོ་གླུད་འདི་


CMR039_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་ལམ་ཕྱེས་ལ༔ མདོས་ལམ་ཟོར་ལམ་དགྲ་ལ་སྟོན༔ འདྲེ་ངན་ལན་ཆགས་བདག་པོ་དང་༔ ཟ་འདྲེ་ཡུལ་འདྲེ་བསེ་རག་རྣམས༔ གླུད་གཏོར་འདི་ཡིས་ཚིམ་གྱིས་ལ༔ སོ་སོ་རང་རང་གནས་སུ་སོང་༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ རིགས་གསུམ་མགོན་པོ་ཐུགས་ཁྲོས་ནས༔ ཁྱུང་འབྲུག་སེང་ཆེན་སྤྲུལ་པ་འགྱེད༔ རྡུལ་དུ་བརླག་པར་གདོན་མི་ཟ༔ དེ་བས་མ་འདུག་མྱུར་དུ་དེངས༔ སརྦ་བྷུ་ཏ་གཙྪ་གཙྩ༔ ཅེས་ཕྱིར་ཁྱེར་ཚེ་རོལ་མོ་དང་བཅས༔ ཨོཾ་ཡ་མཱནྟ་ཀ་ཡ་མ་རཱ་ཙ་མ་ཧཱ་དྷེ་ཝ་ས་མ་ཡ་ཧཱུྃ་བྱོལ༔ ནག་པོ་ཕེ་ཤ་ཧཱུྃ་བྱོལ༔ བྱོལ་མི་ཁ་ཆིལ་ཆིལ༔ མི་ཁ་ཟློག་ཟློག༔ མི་ཁ་མཱ་ར་ཡ་ཧུར་ཐུམ་རྦད་རྦད༔ མི་ཁ་དྲིལ་དྲིལ༔ མི་ཁ་ཐུམ་ཐུམ༔ མི་ཁ་ཆིལ་ཆིལ༔ མི་ཁ་ཤིག་མི་ཁ་དྲིལ་དྲིལ༔ མི་ཁ་རྦད་རྦད༔ མི་ཁ་བྱོལ་བྱོལ༔ མི་ཁ་ཟློག་ཟློག༔ བརྒྱ་ཡི་མི་ཁ་སྟོང་གི་བྲ་མཆུ༔ མོ་རྨིས་ལྟས་ངན་དགྲ་གྱོད་འཁོན་གསུམ་བན་བྱད་བོན་བྱད་ཐམས་ཅད་དགྲ་ལ་ཟློག་ཅིག༔ ཅེས་པ་བརྗོད་ཅིང་ཕུལ༔ ཚུར་སླེབས་ནས་གཏོར་སྣོད་སྦུབ་ལ་རྟ་བྲོ་བརྡུང་༔ ༀ་ལཾ་ཧཱུྃ་ལམ་སྟེ་བྷ་ཡ་ནན༔ དམ་སྲི་སྒབ་འདྲེ་ཐམས་ཅད་གཏོར་གཞོང་རི་རབ་


CMR039_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་འོག་ཏུ་སྟམ་བྷ་ཡ་ནན༔ ཕྱི་རོལ་སྲུང་འཁོར་ཁྱུང་འབྲུག་སེང་གེ་རྣམས༔ རང་ཉིད་རིགས་གསུམ་གཅིག་དྲིལ་སྐུ་ལ་ཐིམ༔ དེ་ཡང་མཐའ་ནས་དབུས་ཡལ་སྟོང་པ་ཉིད༔ དགེ་བས་རིགས་གསུམ་མགོན་པོ་འགྲུབ་གྱུར་ནས༔ བཀྲ་ཤིས་བདེ་ལེགས་བསམ་པ་ལྷུན་གྲུབ་ཤོག༔ ཅེས་པ་ཁྱིམ་དུ་བྱ་མ་བྱིལ་ཕྱིན་པ་དང་༔ དྲེལ་ཕྲུག་ལ་ལྷག་ཆད་དང་ཁྱིམ་དུ་ཤ་མོང་ཚན་ཆེར་སྐྱེ་བ་མར་མེ་ནག་འབོགས་གྱོན་པ་སོགས༔ འདི་ལྟས་ངན་འགའ་ཞིག་བྱུང་བ་ལ་བརྟེན་ནས་རཱ་ག་ཨ་སྱས་སྦྱར་བ་ལ༔ ཉེས་འགལ་ཆོས་བདག་བཀའ་སྲུང་ཚོགས་ལ་བཤགས་ཤིང་༔ དགེ་བས་འགྲོ་བ་མང་པོ་ལ་ཕན་ཐོགས་རྒྱ་ཆེན་པོར་གྱུར་ཅིག༔ སརྦ་མངྒ་ལཾ༔ དགེའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་ཐུག་ཀྱི་གཏེར་ཁ་སྙན་བརྒྱུད་ཟབ་མོའི་སྐོར་ལས༔ ཧ་ས་གརྦྷའི་སྒྲུབ་ཐབས་ཀྱི་ལྷན་ཐབས་ཤིན་ཏུ་བསྡུས་པ་རྣལ་འབྱོར་རང་དོན་རྟེན་འབྲེལ་ངན་པ་རྣམས་ཟློག་པའི་གདམས་པ་ཟབ་མོ།next