Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
ལྟས་ངན་ལམ་བསྒྱུར་གྱི་མན་ངག་བཅའ་ཏི་ལམ་བསྒྱུར།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousལྟས་ངན་ལམ་བསྒྱུར་གྱི་མན་ངག་བཅའ་ཏི་ལམ་བསྒྱུར།next

ལྟས་ངན་ལམ་བསྒྱུར་གྱི་མན་ངག་བཅའ་ཏི་ལམ་བསྒྱུར།


CMR039_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

ལྟས་ངན་ལམ་བསྒྱུར་གྱི་མན་ངག་བཅའ་ཏི་ལམ་བསྒྱུར་བཞུགས་སོ།


CMR039_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་བཛྲ་པཱ་ཎི་ཡེ། ལྟས་ངན་ཕྲན་བུ་ལམ་བསྒྱུར་བྱ་བའི་ཐབས། །རེ་འབྱམས་སྡེ་དགོན་དཔོན་ལ་ལྟ་བའི་ཐན། །མི་རྟ་ཁྱི་ལ་བྱུང་བའི་ཐན་ཆེན་དང། །རང་གཞུང་སྐབས་ལ་གང་བབ་ས་རུ་མནན། །དེ་མིན་ལྷག་ཆད་མ་ཚང་རིགས་ཀུན་དང་། །ཐན་ཆུང་ཕལ་ཆེར་ལམ་བསྒྱུར་བྱས་ན་ལེགས། །རེ་བའི་ཁུག་མར་ལྟས་ངན་གང་བྱུང་བླུག །དེ་དང་མཉམ་དུ་སྐྱེར་པའི་བྱང་བུ་ལ། །སྒྱུར་སྒྱུར་ལ་ཐན་ལ་ལ་སྒྱུར། །ལུང་ཐན་ལུང་དུ་སྒྱུར། །སུ་དང་འཕྲད་པ་དེ་རུ་སྒྱུར༔ ཅེས་བྲི། བཟའ་མི་ཁྱིམ་གཞིའི་ཕྱུགས་ལ་གླུད་དྲུད་པ། །ཆངས་བུ་མང་བྱས་ཡས་རྫས་སྦྲང་མར་བཅས། །དེ་རྣམས་ཀུན་ཀྱང་ཟན་དང་མཉམ་དུ་བཅུག །ཕྱི་ན་ཁུག་མ་སྤུས་བཟང་ཁ་སྒྲོག་བཅིངས།


CMR039_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གྲམ་ལམ་ལ་ཕྱིན་ནས་ཤུད་བཏབ་སྒྱུར། །ཕྱི་ལྟས་མི་བྱ་རང་ཁྱིམ་མགྱོགས་པར་ལོག །གོང་ནོན་མདོས་ཟློག་གང་རུང་བཅའ་སྲོལ་གདའ། །དེ་ཡང་ལམ་བསྒྱུར་བྱ་ཁར་ཐོན་ན་ལེགས། །ལྟས་ངན་ཐན་དང་ཐན་བདག་རང་གཟུགས་བསྟིམས། །འདི་ལ་སྒྲུང་གྱེར་མང་དུ་མི་དགོས་ཀྱང་། །སྔར་གྱི་སྔགས་རྒན་འགའ་ཞིག་ཞལ་རྒྱུན་ལྟར། །རང་ཉིད་ཕྱག་རྡོར་བསྐྱེད་པའི་ཐུགས་ཀ་ནས། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཕྲོས། །ལྟས་ངན་གཏོང་བའི་བདག་པོ་སྐད་ཅིག་བཀུག །ཁོ་རང་ཐན་དེ་རང་གནས་ཁྱེར་བར་བསམ། ཧཱུྃ༔ ང་ནི་གསང་བདག་རྡོ་རྗེ་འཛིན། །གདུག་པ་འདུལ་མཛད་ཁྲོ་བོ་སྟེ། །ང་ལ་མི་ཉན་གང་ཡང་མེད། །ཉོན་ཅིག་སྣང་སྲིད་ལྷ་འདྲེའི་


CMR039_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །ཁྱད་པར་ཡུལ་ཕྱོགས་འདིར་གནས་པའི། །ཡུལ་ལྷ་དགེ་བསྙེན་གནས་བདག་དང་། །གཉུག་མར་གནས་པ་མ་ལུས་ཀུན། །རྒྱུ་སྦྱོར་ཡོན་བདག་འདི་ཉིད་ལ། །ཐན་དང་ལྟས་ངན་སྣ་འདྲེན་པའི། །འདྲེ་སྲིན་གདུག་ཅན་མ་རུངས་ཚོགས། །ང་ཡི་བཀའ་ལ་མ་འདའ་བར། །སྲིད་པའི་སྨང་གྱེར་འདི་ལ་ཉོན། །སྔོན་གྱི་བསྐལ་པ་དང་པོ་ལ། །མུ་སྟེགས་ཀ་ལ་ནག་པོ་ཡིས། །ནང་པ་སངས་རྒྱས་རྩོད་པ་བྱུང་། །ཟ་ཧོར་ཡུལ་དུ་ཐན་སྣ་དྲང་། །བློན་པོ་ཝང་ཐེ་འཕྲུལ་རྒྱལ་གྱིས། །ཕྱག་ན་རྡོ་རྗེའི་ཏིང་འཛིན་བསྒོམ། །སྲིད་པའི་མདོས་རྫས་སྣ་ཚོགས་བཤམས། །ལ་ཐན་ལ་རུ་བསྒྱུར་བར་མཛད། །ལུང་ཐན་ལུང་དགུའི་མདོ་རུ་སྒྱུར། །བར་ཐན་འཕྲེད་དུ་བསྒྱུར་བར་མཛད། །སྔོན་གྱི་དཔེ་ལུང་དེ་བཞིན་དུ། །དེང་འདིར་རྣལ་འབྱོར་བདག་ཅག་གིས། །ཡོན་གྱི་བདག་པོ་འདི་ཉིད་ལ། །གནོད་པའི་ལྟས་ངན་ཆེ་དགུ་འདི། །ལ་དགུའི་རྒྱབ་ཏུ་ཕར་བསྒྱུར་རོ། །ལུང་དགུའི་མདོ་རུ་མར་བྲུབ་བོ། །དམུ་བདུད་བཙན་དང་ཐེའུ་རང་དང་། །གཟའ་ཀླུ་རྒྱལ་འགོང་འདྲེ་སྲིན་གྱིས། །བཏང་དང་མངག་པ་གང་ཡིན་པ། །རང་རང་གནས་སུ་ཁྱེར་བར་


CMR039_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །གླུད་ཡས་སྣ་དགུ་ཚང་བ་འདི། །ལྟས་ངན་བཀར་བའི་ཡས་ཡིན་ནོ། །ཡ་བདུད་རྒྱལ་པོའི་ཐན་སྣ་དེ། །བྲག་སྐར་རྒོད་ཚང་ནང་དུ་སོང་། །མ་ཡམས་འདྲེ་མོའི་ལྟས་ངན་དེ། །ལུང་དགུ་འདུས་པའི་མདོ་རུ་སོང་། །བར་ཐན་བདུད་ཀྱི་ལྟས་ངན་དེ། །སུ་དང་འཕྲད་པ་དེ་རུ་སྒྱུར། །ཨར་ཇག་འགྲིམ་པའི་ཕྱི་ལ་སོང་། །རྒྱ་གྲམ་ལམ་འདི་ཁྱོད་ཀྱི་གནས། །ཡས་གླུད་སྣ་ཚོགས་ཁྱོད་ཀྱི་ཟས། །སུ་དང་འཕྲད་པ་ཁྱོད་ཀྱི་གྲོགས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །བསྒྱུར་རོ་བསྒྱུར་རོ་སྒྱུར་ཡག་གོ །དེ་འོག་བསྐལ་པ་བར་མ་ལ། །སྟག་གཟིག་གྲམ་པ་འཁྲུལ་ལྗང་དུ། །དམ་སྲི་སྤུན་དགུའི་ཐན་སྣ་ཁྲིད། །སྟག་གཟིག་མི་རབས་ཆད་ལ་ཐུག །རྒྱ་གར་མཁས་པ་པཎྜི་ཏས། །ཧེ་རུ་ཀ་ཡི་ཏིང་འཛིན་བསྒོམ། །སྲིད་པའི་མདོས་རྫས་སྣ་ཚོགས་བཤམས། །ལ་ཐན་ལ་རུ་བསྒྱུར་བར་མཛད། །ལུང་ཐན་ལུང་དོགུའི་མདོ་རུ་སྒྱུར། །བར་ཐན་འཕྲེད་དུ་བསྒྱུར་བར་མཛད། །སྔོན་གྱི་དཔེ་ལུང་དེ་བཞིན་དུ། །དེང་འདིར་རྣལ་འབྱོར་བདག་ཅག་གིས། །ཡོན་གྱི་བདག་པོ་འདི་ཉིད་ལ། །གནོད་པའི་ལྟས་ངན་ཆེ་དགུ་འདི། །ལ་དགུའི་


CMR039_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱབ་ཏུ་ཕར་སྒྱུར་རོ། །ལུང་དགུའི་མདོ་རུ་མར་བྲུབ་བོ། །ཀླུ་བདུད་བཙན་དང་ཐེའུ་རང་དང་། །གཟའ་ཀླུ་རྒྱལ་འགོང་འདྲེ་སྲིན་གྱིས། །བཏང་དང་མངག་པ་གང་ཡིན་པ། །རང་རང་གནས་སུ་ཁྱེར་བར་གྱིས། །གླུད་ཡས་སྣ་དགུ་ཚང་བ་འདི། །ལྟས་ངན་བཀར་བའི་ཡས་ཡིན་ནོ། །ཡ་བདུད་རྒྱལ་པོའི་ཐན་སྣ་དེ། །བྲག་སྐར་རྒོད་ཚང་ནང་དུ་སོང། །མ་ཡམས་འདྲེ་མོའི་ལྟས་ངན་དེ། །ལུང་དགུ་འདུས་པའི་མདོ་རུ་སོང་། །བར་ཐན་བདུད་ཀྱི་ལྟས་ངན་དེ། །སུ་དང་འཕྲད་པ་དེ་རུ་བསྒྱུར། །ཨར་ཇག་འགྲིམ་པའི་ཕྱི་ལ་སོང་། །རྒྱ་གྲམ་ལམ་འདི་ཁྱེད་ཀྱི་གནས། །ཡས་གླུད་སྣ་ཚོགས་ཁྱོད་ཀྱི་ཟས། །སུ་དང་འཕྲད་པ་ཁྱོད་ཀྱི་གྲོགས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །བསྒྱུར་རོ་བསྒྱུར་རོ་སྒྱུར་ཡག་གོ །དེ་འོག་བསྐལ་པའི་བར་མ་ལ། །བཙད་པོ་ཁྲི་སྲོང་ལྡེའུ་བཙན་ལ། །གོད་འདྲེ་སྤུན་དགུས་ཐན་སྣ་ཁྲིད། །རྟ་ནོར་ལུག་གསུམ་གོད་ཀས་བསད། །སློབ་དཔོན་པད་མ་འབྱུང་གནས་ཀྱིས། །སྲིབ་ཀྱི་ས་ནག་སྐྱོག་ཆེན་དུ། །སྲིད་པའི་མདོས་རྫ་ས་སྣ་ཚོགས་བཤམས། །ལ་ཐན་ལ་རུ་བསྒྱུར་བར་མཛད། །ལུང་ཐན་ལུང་དགུའི་མདོ་


CMR039_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རུ་སྒྱུར། །བར་ཐན་འཕྲེད་དུ་བསྒྱུར་བར་མཛད། །སྔོན་གྱི་དཔེ་ལུང་དེ་བཞིན་དུ། །དེང་འདིར་རྣལ་འབྱོར་བདག་ཅག་གིས། །ཡོན་གྱི་བདག་པོ་འདི་ཉིད་ལ། །གནོད་པའི་ལྟས་ངན་ཆེ་དགུ་འདི། །ལ་དགུའི་རྒྱབ་ཏུ་ཕར་བསྒྱུར་རོ། །ལུང་དགུའི་མདོ་རུ་མར་བྲུབ་བོ། །རླུ་བདུད་བཙན་དང་ཐེའུ་རང་དང་། །གཟའ་ཀླུ་རྒྱལ་འགོང་འདྲེ་སྲིན་གྱིས། །བཏང་དང་མངག་པ་གང་ཡིན་པ། །རང་རང་གནས་སུ་ཁྱེར་བར་གྱིས། །གླུད་ཡས་སྣ་དགུ་ཚང་བ་འདི། །ལྟས་ངན་བཀར་བའི་ཡས་ཡིན་ནོ། །ཡ་བདུད་རྒྱལ་པོའི་ཐན་སྣ་དེ། །བྲག་སྐར་རྒོད་ཚང་ནང་དུ་སོང་། །མ་ཡམས་འདྲེ་མོའི་ལྟས་ངན་དེ། །ལུང་དགུ་འདུས་པའི་མདོ་རུ་སོང་། །བར་ཐན་བདུད་ཀྱི་ལྟས་ངན་དེ། །སུ་དང་འཕྲད་པ་དེ་རུ་སྒྱུར། །ཨར་ཇག་འགྲིམ་པའི་ཕྱི་ལ་སོང་། །རྒྱ་གྲམ་ལམ་འདི་ཁྱེད་ཀྱི་གནས། །ཡས་གླུད་སྣ་ཚོགས་ཁྱོད་ཀྱི་ཟས། །སུ་དང་འཕྲད་པ་ཁྱོད་ཀྱི་གྲོགས། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །བསྒྱུར་རོ་བསྒྱུར་རོ་སྒྱུར་ཡག་གོ །དེ་འོག་བསྐལ་པའི་ཐ་མ་ལ། །འདན་མ་ཨ་བྱ་རྡོ་རྗེ་ལ། །ཆུ་སྲི་ནག་པོའི་ཟ་འདྲེ་ཟུག །ཐན་དང་ལྟས་ངན་སྣ་


CMR039_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བྱུང་། །སྔགས་འཆང་དྲག་པོ་གཞོན་ནུ་ཡིས། །ཁྲོ་བོ་བཞི་ཡི་ཏིང་འཛིན་བསྒོམ། །སྲིད་པའི་མདོས་རྫས་སྣ་ཚོགས་བཤམས། །ལ་ཐན་ལ་རུ་བསྒྱུར་བར་མཛད། །ལུང་ཐན་ལུང་དགུའི་མདོ་རུ་སྒྱུར། །བར་ཐན་འཕྲེད་དུ་བསྒྱུར་བར་མཛད། །སྔོན་གྱི་དཔེ་ལུང་དེ་བཞིན་དུ། །དེང་འདིར་རྣལ་འབྱོར་བདག་ཅག་གིས། །ཡོན་གྱི་བདག་པོ་འདི་ཉིད་ལ། །གནོད་པའི་ལྟས་ངན་ཆེ་དགུ་འདི། །ལ་དགུའི་རྒྱབ་ཏུ་ཕར་བསྒྱུར་རོ། །ལུང་དགུའི་མདོ་རུ་མར་བྲུབ་བོ། །རྨུ་བདུད་བཙན་དང་ཐེའུ་རང་དང་། །གཟའ་ཀླུ་རྒྱལ་འགོང་འདྲེ་སྲིན་གྱིས། །བཏང་དང་མངག་པ་གང་ཡིན་པ། །རང་རང་གནས་སུ་ཁྱེར་བར་གྱིས། །གླུད་ཡས་སྣ་དགུ་ཚང་བ་འདི། །ལྟས་ངན་བཀར་བའི་ཡས་ཡིན་ནོ། །ཡ་བདུད་རྒྱལ་པོའི་ཐོན་སྣ་དེ། །བྲག་སྐར་རྒོད་ཚང་ནང་དུ་སོང་། །མ་ཡམས་འདྲེ་མོའི་ལྟས་ངན་དེ། །ལུང་དགུ་འདུས་པའི་མདོ་རུ་སོང་། །བར་ཐན་བདུད་ཀྱི་ལྟས་ངན་དེ། །སུ་དང་འཕྲད་པ་དེ་རུ་བསྒྱུར། །ཨར་ཇག་འགྲིམ་པའི་ཕྱི་ལ་སོང་། །རྒྱ་གྲམ་ལམ་འདི་ཁྱེད་ཀྱི་གནས། །ཡས་གླུད་སྣ་ཚོགས་ཁྱོད་ཀྱི་ཟས། །སུ་དང་འཕྲད་པ་ཁྱོད་ཀྱི་གྲོགས། །


CMR039_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱིན་ཆད་གནོད་པ་མ་བྱེད་ཅིག །བསྒྱུར་རོ་བསྒྱུར་རོ་སྒྱུར་ཡག་གོ །ཧཱུྃ། རི་གསུམ་འདུས་པའི་མདོས་མདོ་རུ། །ལམ་གསུམ་རྒྱ་གྲམ་འཚུབ་མ་རིས། །སྣང་སྲིད་ལྷ་འདྲེའི་ཕོ་བྲང་ཡིན། །ལྟས་ངན་བཀུག་པའི་བྲུབ་ཁུང་ཡིན། །རང་དབང་མེད་པར་འདིར་ཁུག་ལ། །ཤོར་བ་མེད་པར་ཁྱོད་ལ་གཏད། །བཅོལ་ལོ་གཏད་དོ་མ་ཤོར་ཅིག །བཛྲ་དུནྟི་ཧཱུྃ་མཱ་ར་ཡ་ཧཱུྃ་རྦད། བཛྲ་ཀཱི་ལ་ཡ་རྦད། མ་ཧཱ་ཀཱི་ལ་ཡ་རྦད། ཏྲིག་ཕུར་ནན་རྦད། སརྦ་ཏྲིག་ཧུར་ཐུ་ཛ་ནན་སོད། ཨོཾ་ལོ་ཀྲི་པ་ལ་སོགས། བརླག་ལྟས་ངན་གཏོང་བའི་གཏོང་མཁན་ལྟས་ངན་ཁོ་རང་ལ་སྡིག །རང་གཤེད་རང་ལ་ཕོབ། རང་བྱེད་རང་ལ་ཟློག་ཡ་ཟློག །མ་ཟློག །བྷྱོ་བྷྱོ། ཟློག་ཟློག །ཨུ་ཙ་ཏ་ཡ་ཕཊ༔ ཅེས་བརྗོད་ལ་ཕྱི་མིག་མི་ལྟ་བར་ཁུག་མ་ཤུད་སྟབས་སུ་བསྒྱུར། ཅེས་པ་འདི་ནི་རྟེའུ་ལ་ལྷག་ཆད་མང་དུ་བྱུང་སྐབས། སྔར་གྱི་བཅའ་ཏི་ལམ་བསྒྱུར་ཡིག་རྙིང་ལ་གཞི་བྱས་ཏེ། སྔགས་འཆང་རཱ་ག་ཨ་སྱས་སྦྱར། །ཐན་ལྟས་ངན་པའི་ཕྱི་ལམ་ཆོད་པར་གྱུར་ཅིག། ། ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལྟས་ངན་ལམ་བསྒྱུར་གྱི་མན་ངག་བཅའ་ཏི་ལམ་བསྒྱུར།next