Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
ཐན་ལྟས་ངོས་བཟུང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཐན་ལྟས་ངོས་བཟུང་།next

ཐན་ལྟས་ངོས་བཟུང་།


CMR039_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཐན་ལྟས་ངོས་བཟུང་ཀརྨ་ཆགས་མེད་ཀྱིས་སྦྱར་བ་བཞུགས།


CMR039_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

སྟག་གི་ཉི་མ་ལ་ཐན་མཐོང་ན། སྟེང་ལྷ་ཡི་ཐན་ཡིན། ཁྱིམ་ལྷ་དང་ས་བདག་འཁྲུགས། ཞག་བདུན་ཚུན་མགྲོན་ཁྱིམ་དུ་མི་བཙུད༔ གདོན་དོགས་ཡོད། ཁ་མཆུ་འོང་། ཁང་པ་ལ་དགྲ་སྣ་ཕོག་དོགས་ཡོད། ནོར་ལ་ཕོག་དོགས་ཡོད། སྟག་སྤྲེལ་ཕག་སྦྲུལ་ལོ་པ་ལ་ངན། དགུན་གསུམ་ལ་ཞི་བ་བླུག །དུར་སྲི་མནན། མ་ཎི་བྱེ་ཆུང་གཅིག་འདོན། དགྲ་ཆོས། སྦྱིན་བསྲེག་བྱ། ༈ ཡོས་ཀྱི་ཉི་མ་ལ་ཐན་མཐོང་ན། གནམ་ལྷ་གཟའི་ཐན་ཡིན། སྐྱིད་ལ་སྐེ་ཆད་འོང་། བུ་དང་བུ་མོ་ལ་ངན། ཁང་པ་ཚིག །རྟ་ནོར་མི་ལ་ཤོར་དོགས་ཡོད། བྱི་རྟ་


CMR039_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཡོས་བཞི་ལ་ངན། གཟའ་ཀླུ་འཁྲུགས་བཅོས་བྱ། དུར་ཁ་ཚེ་བཟློག་བྱ། གཏོར་མ་བཏང་། འོད་མདོ་འདོན། དཀྱིལ་འཁོར་ཞལ་བསྒྱུར། དགྲ་བྲུབ། བཙན་མཆོད། སིདྡྷི་འབུམ་ཚོ་ལྔ་རྒྱུན་བྱ། མདོ་འདོན། མར་མེ་བརྒྱ་རྩ་བྱ། ༈ འབྲུག་གི་ཉི་མ་ལ་ཐན་མཐོང་ན། བར་སྣང་ལྷ་འདྲེའི་ཐན་ཡིན། ད་ལོ་རྐྱེན་དང་ཁ་མཆུ་འོང་། ན་ཚ་ཤི་ཆད་འོང་དོགས་ཡོད། རང་ལོ་ལྷའི་ཕྱོགས་སུ་མི་འགྲོ། སྟག་སྤྲེལ་ཕག་སྦྲུལ་བཞི་ལ་ངན། མང་ཇ་བསྐུར། ཆང་གྲོ་བྱ། མ་ཎི་བྱེ་བ་གཅིག་གིས་བཟློག་པ་བྱ། ཆུ་ཆེན་ལ་ཟམ་པ་འཛུགས། ལམ་འཕྲང་


CMR039_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

བཅོས་ཀླུ་དང་བཙན་བཅོས། སྲས་མཁར་བརྩིགས། རྒྱལ་མཚན་བཀྱག །གསོལ་ཁ་བྱ། ༈ སྦྲུལ་གྱི་ཉི་མ་ལ་ཐན་མཐོང་ན། ས་བདག་ཀླུ་གཉན་ཐན་ཡིན། ས་བདག་ཤཱཀླུ་གཉན་བཅོས། རྒན་རྒོན་ཕོ་མོ་ལ་ངན། བུ་ཉོག་ལ་ངན། རང་ལོ་ལྷའི་ཕྱོགས་སུ་མི་འགྲོ། ཁ་མཆུ་འོང་། གླང་ལུག་ལོ་པ་ལ་ངན། བཟློག་པ་བྱ། དགྲ་བྲུབ། བཙན་མཆོད༔ སིདྡྷི་འབུམ་མཚོ་ལྔ་འདོན། མདོ་འདོན། ལྕགས་རྒྱལ་འཛུགས། ༈ རྟ་ཡི་ཉི་མ་ལ་ཐན་མཐོང་ན། ལྷ་མ་ཡིན་གྱི་ཐན་ཡིན། ནང་གི་མི་གཅིག་ཐན་གྱིས་ཁྱེར། ལྷོ་ཕྱོགས་ཉེ་བ་ལ་རྐྱེན་འོང་། མི་ཆེན་གྱི་ཁ་མཆུ་འོང་། ཟླ་བ་ལྔ་ཚུན་རྐྱེན་འོང་། ཁྱི་འབྲུག་བྱ་ཡོས་བཞི་ལ་ངན། ཚེ་སྒྲུབ་ཚེ་དབང་ཞུ། སྐལ་བཟང་འདོན། བཟློག་པ་བྱ། །གཤིན་པོ་ལ་ཟས་བསྔོ། ཚེ་ཐར་བཏང་། སིདྡྷི་ཁྲི་ཚོ་ལྔ་འུར་འདོན་བྱ། ༈ ལུག་གི་ཉི་མ་ལ་ཐན་མཐོང་ན། ས་བདག་ཐན་ཡིན། ཟླ་བ་ལྔ་ཚུན་ལ་བྲན་དང་མོ་རིགས་ལ་ངན། ཁྱི་འབྲུག་གླང་ལུག་བཞི་ལ་ངན། སྣང་སྲིད་ཞི་བ་བྱ། མགོན་པོ། སིདྡྷི་ཁྲི་ལྔ་འདོན། ཚེ་འབར་བལྟམས། ༈ སྤྲེལ་གྱི་ཉི་མ་ལ་ཐན་མཐོང་ན། གཟའ་དང་བདུད་བཙན་གྱི་ཐོན་


CMR039_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། ནུབ་བྱང་ཉེ་བ་ལ་ངན། རྟ་ནོར་གཉིས་དང་ཕོ་མོ་གཉིས་ལ་ངན། མོ་ཕྱོགས་ནས་ཁ་མཆུ་འོང་། སྟག་སྤྲེལ་ཕག་སྦྲུལ་བཞི་ལ་ངན། ལ་བཙས་བསྟོད། །ཤ་རུ་བཙན་མཆོད་བྱ། ཚེ་འདས་ལ་དགེ་བ་བསྔོ། མ་ཎི་འབུམ་ཚོ་ལྔ་འུར་འདོན་བྱ། གྲི་བྲུབ་བྱ། འོད་མདོ་འདོན། དཀྱིལ་འཁོར་ཞལ་བསྒྱུར། ལམ་འཕྲང་བཅོས། ཟམ་པ་བཅོས། སྦྱིན་བསྲེག་བྱ། ༈ བྱ་ཡི་ཉི་མ་ལ་ཐན་མཐོང་ན། མ་མོའི་ཐན་ཡིན། ཞག་བརྒྱད་ཚུན་ཆོད་བྱང་ཕྱོགས་ཉེ་བ་ལ་རྐྱེན་འོང་། ཇོ་དར་ལུས་ཚད་དགུ་འཛུགས། ཟློག་པ་དང་བསང་བྱ། བྱི་རྟ་བྱ་ཡོས་བཞི་ལ་ངན། སྐང་ཚེ་ཐན་མདོས་བྱ། ༈ ཁྱི་ཡི་ཉི་མ་ལ་ཐན་མཐོང་ན། བཙན་གྱི་ཐན་ཡིན། ཁྱི་འབྲུག་གླང་ལུག་བཞི་ལ་ངན། རྣམ་འཇོམས་དབང་ཞུ། བདུད་དང་བཙན་མཆོད། ཉེར་ལྔ་འདོན། ཆུ་གཏོར་བཏང་། །སྤང་ཚྭ་བསྐུལ། མདོ་པདྨ་དཀར་པོ་དང་འབུམ་འདོན། ༈ ཕག་གི་ཉི་མ་ལ་ཐན་མཐོང་ན། ལྷ་སྲིན་སྡེ་བརྒྱད་ཐན་ཡིན། ཕོ་མོ་གཉིས་ལ་ངན། རྟ་ནོར་གཉིས་ལ་ངན། བཟློག་པ་བྱ། མི་ནག་མགོ་གསུམ། སྣང་བརྒྱད་བརྒྱ་ཚར། ཚེ་དཔག་མེད་ཚེ་མདོ། གཟུངས་


CMR039_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

འདུས། འབུམ་དག་ཚར་འདོན། ཟམ་པ་འཛུགས། ༈ བྱི་བའི་ཉི་མ་ལ་ཐན་མཐོང་ན། གཤིན་རྗེ་ཨ་ཝ་གླང་མགོའི་ཐན་ཡིན། ཞག་བདུན་ཚུན་ནས་རྐྱེན་འོང་། ཉེ་བ་སྙིང་འདྲ་བ་ལ་ངན། ཕ་མ་ལ་ངན། ཁ་མཆུ་འོང་། བྲན་གཡོག་དང་འོག་རྟ་ལ་ངན། བྱི་རྟ་བྱ་ཡོས་བཞི་ལ་ངན། ཆུ་གཏོར་བཏང་། མི་ནག་མགོ་གསུམ། བཙན་མཆོད་བྱ། ཚེ་འབར་སྨོན་ལམ་ཞུ། ༈ གླང་གི་ཉི་མ་ལ་ཐན་མཐོང་ན། ཐན་གང་མཐོང་དེ་འཆི་བདུད་ཕོ་འདྲེའི་ཐན་ཡིན། ཞག་བདུན་ཚུན་ལ་མོ་ཉོག་ལ་ངན། རྟ་མཛོ་བྲན་གཡོག་ལ་ངན། ཁྱི་འབྲུག་གླང་ལུག་བཞི་ལ་ངན། བཟློག་པ་དང་མདོས་བྱ། ལན་ཆགས་ལོ་གྲངས་བསྔོ། མདོ་འདོན། སིདྡྷི་འབུམ་ཚོ་ལྔ་འདོན། གསོལ་ཁ་བྱ། ཐན་ལྟས་བརྒྱད་ཐིག་རྫོགས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐན་ལྟས་ངོས་བཟུང་།next