Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
རྒྱ་ནག་གཏོར་གཞུང་ཆེན་པོ་ལས་དགུ་མིག་ནས་འདོན་ཐབས་ཟབ་མོ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརྒྱ་ནག་གཏོར་གཞུང་ཆེན་པོ་ལས་དགུ་མིག་ནས་འདོན་ཐབས་ཟབ་མོ།next

རྒྱ་ནག་གཏོར་གཞུང་ཆེན་པོ་ལས་དགུ་མིག་ནས་འདོན་ཐབས་ཟབ་མོ།


CMR039_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་རྒྱ་ནག་གཏོར་གཞུང་ཆེན་པོ་ལས་དགུ་མིག་ནས་འདོན་ཐབས་ཟབ་མོ་བཞུགས་སོ།


CMR039_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གཏོ་གཞུང་དགུ་མིག་ནས་འདོན་པའི་ཡས་བསགས་པ་ལ། ཕུང་ཤུལ་རྙིང་པའི་ས་དང་། ལམ་རྒྱ་གྲམ་གྱི་ས་དང་། གཙང་འགྲམ་བྱེ་མ་བཅས་བསྲེས་ལ། སྣམ་ཕྱིང་སོགས་ཀྱི་གདན་ལ། ལ་དགུ་བྱེས་ལ་གཡས་སུ་ལྷ་བཤོས་དགུ་དང་མཐེབ་སྐྱུ་དགུ། །གཡོན་དུ་ངར་གླུད་དགུ་བཤམས་འགལ་པ་དགུ་འཇོལ་དགུའི་སྟེང་མདའ་དར་ནག་པོ་དགུ། ཁྲམ་ཤིང་དགུ་ཡང་བཤམས། གཡས་སུ་ནམ་མཁའ་མདའ་བཀྲ་འཕང་བཀྲ་དགུ། གཡོན་དུ་རྒྱང་བུ་འཕང་རྡོ་ནག་པོ་དགུ་བཤམས་ལྷ་གཞུང་གང་རུང་ལས་བྱང་སོགས་ཡན་སོང་ནས། རང་ཉིད་ཡི་དམ་ཏིང་འཛིན་དང་ལྡན་པས་འདི་སྐད་དོ། །ཀྱེ་ང་ནི་ཀོང་ཙེ་འཕྲུལ་རྒྱལ་ཡིན། །ང་ནི་སྲིད་པའི་གཏོ་མཁན་


CMR039_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །འཇིག་རྟེན་ས་ཡི་ཞིང་ཁམས་ནས། །བདག་གི་ཞིང་ལས་བཙན་པ་མེད། །འཕགས་པའི་བཀའ་ལ་མི་ཉན་གཅིག་ཀྱང་མེད། །རི་རབ་ངོས་ལ་མི་བརྟེན་གང་ཡང་མེད། །རྒྱ་མཚོའི་ཆུ་ལ་མི་འཐུང་གང་ཡང་མེད། །ཟབ་མོའི་སེམས་ལ་མི་གནས་གང་ཡང་མེད་། བདེན་པའི་བཀའ་ལ་མི་ཉན་གང་ཡང་མེད། །ཀྱཻ། སྣང་སྲིད་ལྷ་འདྲེ་གཉེན་པོ་རྣམས། །ཚུར་གཤེགས་ང་ཡི་བཀའ་ལ་ཉོན། །ཡུལ་ནི་རྒྱ་ནག་ཕ་ཀི་ན། །རི་བོ་རྩེ་ལྔའི་ཤར་ཕྱོགས་ནས། །རྒྱ་རྗེ་ལིང་ཀ་ཐང་རྩེ་བྱ་བ་དེ། །བུ་གསུམ་བུ་མོ་གཅིག་དང་བཞི་རུ་སྲིད། །མི་


CMR039_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

ནོར་ཟས་གསུམ་ཐམས་ཅད་འཛོམས། །སྐུ་མཁར་དེ་ནི་དཔངས་སུ་མཐོ། །བཤོལ་ཞིང་དེ་ཡང་རྒྱ་རུ་ཆེ། །བྲན་གཡོག་འཁོར་དང་བཅས་པ་འཛོམས། །སྐྱེས་པའི་འབྲས་དྲུག་ཕུན་སུམ་ཚོགས། །དར་ཟབ་སྣ་ཚོགས་དཔུངས་ཀྱིས་འདེབས། །རྒྱལ་པོ་དགུང་ལོ་སྟག་གི་ལོ། །གནམ་ལོ་ཡོས་བུ་ཤར་བའི་ཚེ། །ལོ་ནི་ཉི་ཤུ་རྩ་བདུན་ལོན། །དགུ་མིག་གཤེད་དང་འདོམས་ནས་སུ། །བཙུན་མོའི་པང་དུ་བུ་མ་ཆགས། །ར་བའི་ནང་དུ་ནོར་མ་ཆགས། །མཐོ་བའི་སྐུ་མཁར་དེ་ཡང་འགྱེལ། །དམའ་བའི་ས་ཞིང་ཡུལ་ཡང་ཤོར། །ཅི་བྱས་ཅི་རུ་མ་བཏུབ་པས། །རྒྱལ་པོ་ཡི་མུག་ག་ཆད་ནས། །འོ་དོད་ཆེ་ཆུང་གནམ་དུ་འབོད། །སྐུ་ལུས་ས་ལ་བརྡབས་ནས་འགྱེལ། །ཕན་ཐབས་གཅིག་ཀྱང་མེད་པ་ལ། །རྒྱལ་པོ་ཁོང་གི་རྨི་ལམ་དུ། །རྒྱ་རྗེ་རྒྱལ་པོ་ཆེན་པོ་ཁྱོད། །མ་ཉལ་ད་ལྟ་ཡར་ལོངས་ཤིག །ཅི་བྱས་ཅི་ཡང་མི་ཉན་པར། །ར་བར་ནོར་ཡང་མ་ཆགས་ཤིང་། །མཐོ་བའི་མཁར་ཡང་འགྱེལ་བ་དང་། །དམའ་བའི་ས་ཞིང་ཤོར་བ་དང་། །རྒྱལ་པོ་དགུ་མིག་ཚུད་རྟགས་ཡིན། །ངན་པ་བཟང་པོར་འགྱུར་བ་དང་། །ན་བ་གསོ་བར་བྱེད་པ་དང་། །


CMR039_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

འཆི་བ་སོས་པར་བྱེད་པ་དང་། །དགུ་མིག་དུར་ནས་འདོན་འདོད་ན། །ཉི་མ་ཤར་ཕྱོགས་ཕ་ཀི་ན། །རིན་ཆེན་གསེར་གྱི་ཁྲི་སྟེང་དུ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་བཞུགས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དེ། །སྐྱེ་འགྲོ་སེམས་ཅན་ཐམས་ཅད་ལ། །ཚད་མེད་བཞི་ཡི་ཐུགས་རྗེ་ལྡན། །བང་ཆེན་ཐོངས་ལ་སྤྱན་དྲོངས་ཤིག །ཞལ་སྐྱེམས་དྲོངས་ལ་བཀའ་བཞིན་སྒྲུབས། །མཉེས་པའི་ཕྱག་དང་ཡོན་ཕུལ་ཅིག །དེ་ལྟར་བྱས་ནས་ཕན་པར་འགྱུར། །ཞེས་པའི་རྨི་ལམ་ལུང་བསྟན་བྱུང་། །གནམ་སའི་རྒྱལ་པོ་ཐུགས་དགྱེས་པས། །རྒྱལ་བློན་གཉིས་ནི་བང་ཆེན་བཏང་། །ཀོང་ཙེ་འཕྲུལ་རྒྱལ་སྤྱན་དྲངས་ནས། །འབྱུང་བའི་སྐག་རྩིས་བྱས་པའི་ཚེ། །ཀོང་ཙེ་རྒྱལ་པོའི་ཞལ་ན་རེ། །རྒྱལ་པོ་ཆེན་པོ་ཚུར་ཉོན་དང་། །རྒྱལ་པོ་ཅི་བྱས་མི་ཉན་པ། །དགུ་མིག་གཤེད་དང་འདོན་པའི་རྟགས། །གནམ་སའི་ཁ་ཡོད་བྱུང་བས་ལན། །དེ་ནས་རྒྱལ་པོས་འདི་སྐད་ཞུས། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལགས། །འདི་ལ་དགོས་པ་ཅི་ཞིག་འཚལ། །ཕན་པ་ཐམས་ཅད་བདག་གིས་ཞུ། །ཕྱག་ཏུ་ཡོན་དང་ཞལ་དུ་སྐྱེམས། །དྲངས་ལ་ནོར་རྫས་ཕུལ་ནས་


CMR039_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང། །ཞལ་ཟས་སྣ་ཚོགས་བཤམ་པ་ལ། །ཀོང་ཙེ་འཕྲུལ་རྒྱལ་ཞལ་ན་རེ། །ཕན་པའི་ཐབས་ཤིག་ང་ཡིས་བྱེད། །བཅས་པའི་ནོར་རྫས་བདག་ལ་འབུལ། །ཕུང་ཤུལ་ས་དང་རྒྱ་གྲམ་ལམ། །ས་ལ་དགུ་མིག་དུར་ས་རྐོས། །དེ་ཡི་ཕྱོགས་བཞི་མཚམས་བརྒྱད་དུ། །དཀོན་མཆོག་གསུམ་པོ་མཆོད་པའི་ཕྱིར། །མཆོད་པ་ཅི་འབྱོར་བཤམ་པར་བྱ། །དམ་སྲི་ཆེན་པོ་བསྒྱུར་བའི་ཕྱིར། །མགལ་བ་ཁ་ནག་དགུ་ཡང་བཤམས། །ལྷ་འདྲེའི་ཁྲམ་ཁ་བཟློག་པའི་ཕྱིར། །ངར་གླུད་རྒྱུན་ལྡན་དགུ་ཡང་བཤམས། །གཞན་གྱི་རྩོད་གཏོང་བཟློག་པའི་ཕྱིར། །མདུང་དར་ཆེན་པོ་དགུ་ཡང་བཤམས། །འགོ་བའི་ལྷ་རྣམས་དགའ་བའི་ཕྱིར། །མཐེབ་སྐྱ་ཆངས་བུ་གཏོར་མ་བཤམས། །ཡོན་བདག་དགུ་མིག་འདོན་པའི་ཕྱིར། །ལ་དགུ་ལུང་དགུ་འདོན་པར་བྱས། །དགུ་གཅིག་དང་པོ་སྲིད་པའི་ལ། །བདུད་པོ་སྲོག་ལ་གནོད་པའི་ལ། །དེ་ཡི་ནང་ནས་འདོན་འཚལ་པས། །ལ་གཅིག་བརྒལ་ནས་ཡར་ལ་བྱོན། །དགུ་གཅིག་རྣམ་སྨིན་ལ་ནས་ཐར་རོ། །དགུ་གཉིས་འདི་ནི་བཙན་གྱི་ལ། །སྐྱེས་པ་ཕོ་ཡི་སྲོག་ལ་གནོད། །ཟ་མ་མོ་ཡི་སྲི་བདུད་ཡིན། །


CMR039_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡི་ནང་ནས་འདོན་འཚལ་པས། །ལ་གཉིས་བརྒལ་ནས་ཡར་ལ་བྱོན། །དགུ་གཉིས་བཅོ་བརྒྱད་སྟག་དར་མ། །མདའ་ཁར་འཆི་བའི་དགུ་མིག་ནས་ཐར་རོ། །དགུ་གསུམ་ཉི་ཤུ་རྩ་བདུན་ནི། །དབང་ཐང་རྐུ་མས་ཁྱེར་བ་ཡིན། །དགུ་མིག་འདི་ལས་ཚུར་ཐར་རོ། །དགུ་བཞི་དེ་ནི་དམུ་ཡི་ལ། །རྒྱལ་པོའི་དབང་ཐང་དག་ལ་གནོད། །རྒྱལ་པོ་དེ་ལ་ཁ་གྲུ་རོ། །དེ་ཡི་ནང་ནས་འདོན་འཚལ་པས། །ལ་བཞི་བརྒལ་ནས་ཡར་ལ་བྱོན། །དགུ་བཞི་སུམ་ཅུ་སོ་དྲུག་པ། །རྨེ་ཞུགས་གྲི་ཡི་དགུ་མིག་ནས་ཐར་རོ། །དགུ་ལྔ་དེ་ནི་ཐེའུ་རང་ལ། །ཐེའུ་རང་སྤུན་དགུ་སྲི་ལ་གནོད། །ར་བ་ནོར་ལ་རྐུ་བར་བྱེད། །དེ་ཡི་ནང་ནས་འདོན་འཚལ་པས། །ལ་ལྔ་བརྒལ་ནས་ཡར་ལ་བྱོན། །དགུ་ལྔ་བཞི་བཅུ་ཞེ་ལྔ་པ། །སེང་གེ་དཀར་མོ་ཆུ་དོང་དུ། །ལྷུང་བའི་དགུ་མིག་ནང་ནས་ཐར་རོ། །དགུ་དྲུག་དེ་ནི་འགོང་པོ་ལ། །འགོང་པོ་སྤུན་དགུ་རྗེ་ལ་གནོད། །རྒྱལ་པོའི་དབང་དུ་བུ་ཡང་བསད། །དེ་ཡི་ནང་ནས་འདོན་འཚལ་པས། །ལ་དྲུག་བརྒལ་ནས་ཡར་ལ་བྱོན། །དགུ་དྲུག་ལྔ་བཅུ་ང་བཞི་ལ། །ལྕགས་སྤྱང་སྔོན་


CMR039_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

པོ་འགུལ་བ་ལས། །ཟིན་པས་དགུ་མིག་ནས་ཐར་རོ། །བདུན་པ་དེ་ནི་སྲིན་མོ་ལ། །སྲིན་མོ་སྤུན་དགུ་བྱ་བ་དེ། །བུ་དང་ཚ་བོ་དག་ལ་གནོད། །བུད་མེད་སྤྱིར་ནི་བུ་ལ་གནོད། །དེ་ཡི་ནང་ནས་འདོན་འཚལ་པས། །ལ་བདུན་བརྒལ་ནས་ཡར་ལ་བྱོན། །དགུ་བདུན་དྲུག་ཅུ་རེ་གསུམ་ལ། །སྡེ་དཔོན་དུག་ལ་འདུས་པའི་དགུ་མིག་ནས་ཐར་རོ། །དགུ་བརྒྱད་འདི་ནས་སྲིད་པའི་ལ། །འཇིག་རྟེན་ལྷ་སྲིན་ཆགས་པའི་གདོན། །སྲོག་ལུས་དབང་ཐང་རླུང་རྟ་དང་། །བླ་ཡི་རིགས་ལ་གནོད་པས་གདོན། །དེ་ཡི་ནང་ནས་འདོན་འཚལ་ལོ། །ལོ་བརྒྱད་བརྒལ་ནས་ཡར་ལ་བྱོན། །དགུ་བརྒྱད་བདུན་ཅུ་དོན་གཉིས་ན། །ཤེལ་བྱ་ཐང་དཀར་གཤོག་པ་ཆག་པའི་དགུ་མིག་ནས་ཐར་རོ། དགུ་པ་དེ་ནི་གཤེད་འདོམས་ལ། །དགུ་མིག་དེ་ཡི་ནང་ཤེད་ནས། །།མི་ཡི་སྲོག་ལ་རྒོལ་བར་བྱེད། །དེ་ཡི་ནང་ནས་འདོན་འཚལ་ལོ། །ལ་དགུ་བརྒལ་ནས་ཡར་ལ་བྱོན། །དགུ་དགུ་བརྒྱད་ཅུ་གྱ་གཅིག་པ། །དགུང་ལ་དར་དཀར་རལ་བའི་དགུ་མིག་ནས་ཐར་རོ། །དགུ་མིག་ནས་ཐར་རོ། །ན་མིག་ནས་ཐར་རོ། །ཤི་མིག་ནས་ཐར་རོ། །


CMR039_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དུར་མིག་ནས་ཐར་རོ། །འབྱུང་བའི་དུར་དུ་ཚུད་པའི་དགུ་མིག་ནས་ཐར་རོ། །ལོ་ཟླ་ཞག་དུས་ཀྱི་དགུ་མིག་ནས་ཐར་རོ། །མི་བྲོས་པ་ལྷ་ཡི་དྲུང་དུ་ཐར་རོ། །ཤ་བ་བྲོས་པ་སྤང་དཀར་ལ་ཐར་རོ། །བྱ་བྲོས་པ་ཤིང་གི་གསིབ་ཏུ་ཐར་རོ། །ཉ་བྲོས་པ་ཆུ་ནང་དུ་ཐར་རོ། །བྱིའུ་ཆུང་བྲོས་པ་ཁྲ་ཡི་ལག་ནས་ཐར་རོ། །ར་ལུག་བྲོས་པ་གཅན་གཟན་ཁ་ནས་ཐར་རོ། །ཡམས་དང་ནད་ཀྱི་ཁ་ནས་ཐར་རོ། །ལྷ་སྲིན་སྡེ་བརྒྱད་ཀྱི་ལག་ནས་ཐར་རོ། །ན་མིག་དགུ་མིག་ཤི་མིག་ནས་ཐར་རོ། །ཚེ་ཐར་རོ། །སྲོག་ཐར་རོ། ཅེས་ཡོན་བདག་ལ་དགུ་ལུང་དགུ་སྟེང་དུ་འདོན་ནས་བཀྲ་ཤིས་བརྗོད། འདི་བྲིས་དགེ་བས་བསོད་ནམས་ཀྱིས། །ནམ་མཁས་ཁྱབ་པའི་སེམས་ཅན་རྣམས། །བགེགས་ཚོགས་མི་ཕྱོགས་རྣམ་པ་ཀུན། །མ་ལུས་བྱང་ཞིང་བདེ་ཐོབ་ཤོག །རཱ་ག་ཨ་སྱས་སོ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱ་ནག་གཏོར་གཞུང་ཆེན་པོ་ལས་དགུ་མིག་ནས་འདོན་ཐབས་ཟབ་མོ།next