Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
སྤར་ཁའི་གདན་བགོས།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྤར་ཁའི་གདན་བགོས།next

སྤར་ཁའི་གདན་བགོས།


CMR039_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

སྤར་ཁའི་གདན་བགོས་བཞུགས་སོ། །གསོན་གཤིན་གདན་བགོས་བྱ་བ་ནི། ཕྱིང་བུ་དཀར་ནག་གཉིས་ཀྱི་སྟེང་དུ། ངར་མི་དཀར་ནག་གཉིས། འབྲང་རྒྱས་དཀར་ནག་གཉིས། རྡེལ་བུ་དཀར་ནག་གཉིས། ཆངས་བུ་ཏིང་ལོ། མཐེབ་སྐྱུཤ་དུམ། གླུད་གོས་བཞག་ལི་འདི་སྐད་དོ།། ཀྱཻ། ཀོང་ཙེ་བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །སྔོན་རྒྱལ་བུ་དྲུག་ཅུ་གདན་ལ་བཞུགས། དུས་དང་བསྐལ་པ་དེ་ཙམ་ན། རྒྱ་རྗེ་རྒྱལ་པོའི་བླ་གནས་དུར་དུ་སོང་། བླ་འཕར་གནམ་དུ་འཕར། ཚེ་ཟད་ཟ་གྲངས་ཚང་། དེར་གཏོ་མཁན་རྒྱལ་པོ་སྤྱན་དྲངས། སྣང་སྲིད་མེ་ལོང་ལ་བལྟས། གབ་རྩེ་གསང་བས་བསྐོར། རྒྱ་རྗེ་རྒྱལ་པོ་དེ་མངའ་ཐང་ཆུང་ནས། རྒྱ་བོད་མཚམས་སུ་རྒྱ་རིགས་མང་པོ་དབང་ཐང་བཅད། སྤར་ཁ་བརྒྱད་ལོ་སྐོར་བཅུ་གཉིས་བཅད་དེར་རྒྱལ་པོ་ཐང་ཆད་ཉམ་ཐག་གོ །དེར་རྒྱལ་པོ་ལ་གདན་བགོས་བྱས། བླ་གནས་དུར་དུ་སོང་ནས་བཏོན། ཚེ་ཟད་པ་བཤོལ། བདག་རྒྱལ་པོ་ལ་ཕན་ཏེ་བསོད། སྔོན་ཤིང་ཚེ་རྒྱལ་པོ་ལ་མི་ནག་པོ་གཅིག་གིས། གཤིན་ཆུའི་འགྲམ་ནས་བོས་ནས། གཤིན་རྗེའི་ཟམ་སྣ་ན། གཤིན་རྗེ་རྒྱལ་པོའི་ཞག་གསུམ་ལྟས་ཚང་བྱུང་། དེར་


CMR039_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཙེ་རྒྱལ་པོ་སྤྱན་དྲང་ནས། གབ་རྩེ་ཁྲ་བོ་གཏིང་། རྒྱལ་པོ་གཤིན་གྱི་ཐག་པས་བཏགས། གསོན་གཤིན་ལག་པས་འབྲེལ། རྒྱལ་པོ་གདན་ཐོག་ཏུ་བཞག །རྒྱལ་པོའི་་བཀའ་ཟློག་བྱས། རྒྱལ་པོ་གླུད་བཏང་ངོ། །གཤིན་ཆུའི་འགྲམ་གཤིན་རྗེའི་སྤྱན་སྔར། ཤིང་ཚེ་རྒྱལ་པོ་ཚུར་བཏང་ནས། གཤིན་རྗེའི་རྒྱལ་པོ་ལྷག་སྟེ་བཞད། གཤིན་གྱི་ཐན་ཕུར་བ་ལ། བདག་གིས་རྒྱལ་པོས་གླུད་དུ་བཏང་། རྒྱལ་པོ་གཤིན་ཡུལ་ནག་པོ་དགུ་ཡུལ་ན། རྒྱལ་པོའི་སྐྱིན་ཡིན་སྐད། དུར་མོ་དར་གཤིན་བཀག་སེལ་བྱ། གཤིན་ཚབས་སུ་ཕར་བསྒྱུར་རོ། །སྔོན་ཤིང་ཚེ་རྒྱལ་པོའི་སྐུ་གླུད་འཚལ། དེ་རིང་ཡོན་གྱི་བདག་པོས་ཀྱང་། མོན་པའི་མགོ་ལ་ཐོད་བཅིངས། མགུལ་དུ་སྐྱེམས་དྲངས། འོག་ཏུ་གདན་བཏིང་། བདེན་པ་བདར། ཀླུ་ཀླད་སྐྱིན་བཏང་། གཤིན་ཆུའི་འགྲམ། གཤིན་ཟམ་སྣ་ནས། གཤིན་རྗེའི་སྤྱན་སྔར། ཡོན་གྱི་བདག་པོའི་སྐུ་གླུད་བཏང་བ་ཡིན། །བཀའ་བདེན་པ་བཤད། སྤར་ཁ་གང་ཡིན་བརྗོད། སྤར་ཁ་བརྒྱད་གདན་བགོས་བྱ། གླུད་འཛལ་གདན་ས་བགོས། དེ་རིང་ཡོན་གྱི་བདག་པོས་གདན་ཐུག་པ་ཡོད་ན་གདན་བགོས་བྱའོ། །ཀྱཻ། ཡས་ལེན་ཆེན་པོ་


CMR039_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

འདི་བཞེས་ལ། །ཡས་འདི་བཞེས་ལ་གདན་འདི་སྤྲོས། །གླུད་འདི་ཁྱེར་ལ་གདན་འདི་སྤྲོས། །མི་དང་གླུད་འདི་ད་རྗེས་ལ། །ཉོ་ཚོང་འདི་ནི་ད་གྱིས་ཤིག །གླུད་འདི་ཁྱོད་ཀྱིས་ཕར་ཁྱེར་ལ། །མིའུ་བདག་ལ་ཚུར་ཐོངས་ཤིག །ངས་གདན་གཅིག་འདི་ནི་སོ་སོར་ཕྱེ། །གསོན་དང་གཤིན་གཉིས་གདན་གཅིག་ག་ལ་སྲིད། །གདན་གཅིག་ཡོད་ན་གཤིན་ཟེར་ག་ལ་ཡོད། །གལ་ཏེ་གདན་ས་གཅིག་པ་ན། །སྤར་ཁའི་གདན་ས་སོ་སོར་ཕྱེས། །ལོ་ཡི་གདན་ས་སོ་སོར་ཕྱེས། །ལོག་མིན་གདན་ས་སོ་སོར་ཕྱེས། །སྤར་ཁའི་གདན་ས་སོ་སོར་ཕྱེས། །སྨེ་བའི་གདན་ས་སོ་སོར་ཕྱེས། །སྲུང་རྟའི་གདན་ས་སོ་སོར་ཕྱེས། །ཕྱེས་ཤིག་འཕགས་པའི་བཀའ་མ་བཅག །སྔགས་འཆང་བདག་གི་དམ་མ་བཀྲལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྤར་ཁ་གང་ཡིན་བརྗོད། ཀྱཻ། སྤར་ཁ་བརྒྱད་ཀྱི་གདན་བགོས་བྱེད། །ཀོང་ཙེ་རྒྱལ་པོས་དཔང་པོ་མཛོད། །ངར་མི་དེ་ནི་དཀར་ནག་གཉིས། །རྡེལ་བུ་དེ་ནི་དཀར་ནག་གཉིས། །ཕྱིང་བུ་དེ་ནི་དཀར་ནག་གཉིས། །དཀར་ནག་དབྱེ་བ་འདི་རྣམས་ཀྱིས། །ཡོན་གྱི་བདག་པོ་


CMR039_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

འདི་དག་གིས། །ཚེ་ཡི་སྐྱིན་དང་སྲོག་གླུད་མཛོད། །འབུལ་བ་ང་ཡིས་མི་ནོར་རོ། །བཞེས་པ་ཁྱེད་ཀྱིས་མ་ནོར་ཅིག །ད་ལྷ་མི་དཀར་པོ་གྱེན་དུ་བཏང་། །དུར་མི་ནག་པོ་དུར་བཀར་འཚལ། །ཤི་གསོན་ལག་པ་མ་འཛིན་ཅིག །ཤི་མིག་གསོན་ལ་མ་ལྟ་ཞིག །གསོན་པོ་གཤིན་ཕྱིར་མ་འབྲང་ཞིག །ཤི་གསོན་གདན་ནི་སོ་སོར་བགོ །རྟ་རྐྱང་གཉིས་བྲེས་མི་གཅིག །གླང་ལུག་གཉིས་ཁྱུ་མི་གཅིག །ལྷ་མི་གཉིས་ཡུལ་མི་གཅིག །གསོན་གཤིན་གཉིས་གདན་མི་གཅིག །དཀར་ནག་གཉིས་ཀྱི་གདན་བགོས་བྱེད། །ཤི་ཁ་ཆོད་ལ་རལ་ཁ་བྲུབ། །ཤི་རྩུབ་ངན་པ་མ་འཕར་ཅིག །སྤར་ཁ་མི་མཐུན་གདན་ས་བགོ །མི་ལ་ཤི་ཆད་མ་གཏོང་ཞིག །ཕྱུགས་ལ་གོད་ཁ་མ་གཏོང་ཞིག །བདུད་ཀྱི་ཉི་མ་བཟློག་ཏུ་གསོལ། །ཤི་རྩུབ་ངན་པ་མ་འཕར་ཞིག །འདྲེ་འདུད་གསོན་ལ་མ་འབབ་ཅིག །སྤར་ཁའི་གདན་བགོས་བྱེད། །ཕྱེ་ཕྱེ་དེ་ནི་ས་ལ་ལ། ཅེས་གདན་ས་སོ་སོར་ཕྱེས་ལ། ངར་མི་དཀར་པོ་གྱེན་དུ་ཕུལ། ངར་མི་ནག་པོ་ཐུར་དུ་བསྐྱར། གཤིན་པོའི་ཐོག་ཏུ་བཞག །


previousསྤར་ཁའི་གདན་བགོས།next