Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་མགོན་པོ་ལས་བྱུང་བའི་གྲི་ཐུབ་དང་གྲི་ཁ་མཚོན་བསྒྱུར་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་མགོན་པོ་ལས་བྱུང་བའི་གྲི་ཐུབ་དང་གྲི་ཁ་མཚོན་བསྒྱུར་བལྟས་ཆོག་ཏུ་བཀོད་པ།next

ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་མགོན་པོ་ལས་བྱུང་བའི་གྲི་ཐུབ་དང་གྲི་ཁ་མཚོན་བསྒྱུར་བལྟས་ཆོག་ཏུ་བཀོད་པ།


CMR039_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་མགོན་པོ་ལས་བྱུང་བའི་གྲི་ཐུབ་དང་གྲི་ཁ་མཚོན་བསྒྱུར་བལྟས་ཆོག་ཏུ་བཀོད་པ་ཡོད༔


CMR039_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་མཉྫའི་ཡེ། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ནས། །མ་འོངས་འགྲོ་ལ་ཕན་ཕྱིར་གྲི་བྲུབ་བྲི། །རྩ་གསུམ་ལྷ་ཡིས་བཀའ་གནང་བྱིན་རླབས་སྩོལ། །ཀོང་ཙེ་འཕྲུལ་རྒྱལ་གྱིས་མཛད་པའི་གྲི་བྲུབ་འདི་ལ། གྲི་བོ་བཀར་བ་དང་། གྲི་ཁ་མཚོན་བསྒྱུར་གཉིས་ལས། དང་པོ་གྲི་བོ་བཀར་བ་ནི། ཡོན་བདག་གི་ལུས་ལ་དྲུད་པའི་ངར་མི་མཐོ་གང་ཚད་བྱས་ལ་ཤ་རུ་ལ་བསྐྱོན། དེའི་རྩ་བར་ཕོ་རོག་ནག་པོ། ཕོག་མ་རོག་མོ། སྤྱང་ཀུ་སྔོན་པོ། ཁྲག་ལོང་དམར་པོ། སྐྱེར་པའི་མུང་མོ། སྐྱེར་ཐུར་དམར་པོ། །སྤུ་གྲི་གཡག་ནག་རྭ་ཅོ། རྟ་རྨིག་གོར་མོ། བྲག་ནག་རྡོ་བ་བྱད་ཐག་དཀར་ནག་དམར་པོ་གླུད་རྣམས་བཞག །གྲི་ཁ་མཚོན་བསྒྱུར་བྱེད་ན། འོག་ནས་


CMR039_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ལྟར་རྫས་རྣམས་བསགས། དེ་ནས་ཡི་དམ་གང་བྱེད་ཀྱང་གཞུང་ལྟར་ཚོགས་བསྐང་ཚར་བར་བྱ། དེ་ནས་ཡི་དམ་ལྷའི་ང་རྒྱལ་དང་ལྡན་པས། གྲི་མདོས་བསྐྱེད་ཆོག་ནི༔ ཨོཾ་སྭ་བྷཱ་ཝ་སོགས། མདོས་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་འབྱུང་བ་རིམ་བརྩེགས་ཀྱི་དབུས་སུ་གྲི་བདུད་ནག་པོ་ཁྲག་འབེབ་ལ། འཁོར་འབྱུང་བ་ལྔའི་གྲི་བདུད། དེ་རྒྱབ་སྤར་ཁ་བརྒྱད་ཀྱི་གྲི་བདུད། དེ་རྒྱབ་ལོ་སྐོར་བཅུ་གཉིས་ཀྱི་གྲི་བདུད། དེ་རྒྱབ་གྲི་བོ་མིང་སྲིང་བཅོ་བརྒྱད་ལ་སོགས་པ་རྣམས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པས་སྦྱིན་བདག་གི་བར་ཆད་བསལ་ནས་གྲི་ཁ་མཚོན་ཁ་མདའ་གྲི་


CMR039_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

མདུང་གྲི་རྦབ་གྲི་གཡང་གྲི་གཏིབ་གྲི་འགགས་གྲི་གྲི་ངོ་ཁྲག་ངོ་རྨ་ངོ་ལ་སོགས་གྲི་ཁ་མཚོན་ཁ་བཟློག་པའི་ནུས་པ་དང་ལྡན་པར་གྱུར། ཡི་དམ་གང་བྱེད་ཀྱི་བདེན་སྟོབས་བརྗོད་པ་ནི། ན་མོ། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། སོགས་ཚང་བར་བརྗོད། སྦྱིན་པའི་བདག་པོ་ལ་གནོད་པར་བྱེད་པའི་གསོན་བདུད་གཤིན་ལྕགས་གྲི་རིགས་སུམ་བརྒྱ་དྲུག་ཅུའི་ཚོགས་དང་བཅས་པ་མདོས་འདི་ལ་ཁུག་ཅིག །ལན་གསུམ་བརྗོད། མདོས་སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི། ཨོཾ་བཛྲ་ཡཀྵ་ཧཱུྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་དྷ་ཧ་པ་ཙ་བྷནྡྷ་ར་ཎི་ཧཱུྃ། ཨོཾ་སྭ་བྷཱ་ཝ་སོགས། ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས། ཨོཾ་བཛྲ་ཨ་མི་ཏ་སོགས། ཨོཾ་ཨ་ཀཱ་རོ་སོགས། ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་སོགས། ཨོཾ་ན་མས་མན་སོགས། གྲི་ཡས་དང་མདོས་ཡས་ཀྱི་དངོས་པོ་གཟུགས་སྡུག་པ་སྒྲ་སྙན་པ་དྲི་ཞིམ་པ་རོ་མངར་བ་རེག་བྱ་འཇམ་པ་འདོད་དགུ་ཡོན་ཏན་ཕུན་སུམ་ཚོགས་པ་ནམ་མཁའི་ཁམས་གང་བ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ཆག་ཆེ་བ་ཉམ་ང་བ་གྲི་ངོ་ཁྲག་ངོ་སྦས་ངོ་


CMR039_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མཚོན་ཁ་དགྲ་ལ་བསྒྱུར་བའི་ནུས་པ་དང་ལྡན་པ་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། ཀྱཻ། དེ་རིང་སྲིད་པའི་གནམ་གང་ལ། །གྲི་བྲུབ་བྱེད་པ་ཇི་ལྟར་སྲིད། །སྔོན་གྱི་བསྐལ་པ་དང་པོ་ལ། །གནམ་ལྕགས་མགར་བ་ཐོག་མེད་དང་། །ས་ཡི་རྒན་མོ་ཅང་སྲིད་ཅན། །དེ་གཉིས་རྫུ་འཕྲུལ་བསྡེབ་པ་ལས། །དེ་ལ་བུ་ནི་དགུ་རུ་བྱུང། །གཅིག་ནི་གྲི་གྲིའི་གྲི་རུ་བསད། །གཅིག་ནི་མདའ་གྲིའི་གྲི་རུ་བསད། །གཅིག་ནི་རླུག་གྲིའི་གྲི་རུ་བསད། །གཅིག་ནི་མདུང་གྲིའི་གྲི་རུ་བསད། །གཅིག་ནི་འབྲོང་གྲིའི་གྲི་རུ་བསད། །གཅིག་ནི་རྟ་གྲིའི་གྲི་རུ་བསད། །གཅིག་ནི་འགགས་གྲིའི་གྲི་རུ་བསད། །གཅིག་ནི་གཏིབ་གྲིའི་གྲི་རུ་བསད། །གཅིག་ནི་མེ་གྲིའི་གྲི་རུ་བསད། །མདའ་གྲི་ལྟོང་དམར་དེ་དང་གཅིག །གྲི་གྲི་ཡུ་དམར་དེ་དང་གཉིས། །མདུང་གྲི་སྦུབ་དམར་དེ་དང་གསུམ། །འབྲོང་གྲི་རུ་དམར་དེ་དང་བཞི། །རྟ་གྲི་རྔོག་དམར་དེ་དང་ལྔ། །གཏིབ་གྲི་མགོ་སྐྱ་དེ་དང་དྲུག །འགགས་གྲི་ཐག་ཤལ་དེ་དང་བདུན། །མེ་གྲི་གསུར་གཞོབ་དེ་དང་བརྒྱད། །ཆུ་གྲི་འདར་ཤང་དེ་དང་དགུ། །དེ་ལྟར་གྲི་བོ་སྤྱན་དགུ་བྱུང་། །


CMR039_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་ཡེ་དང་ངོམ་གཉིས་འཁྲུག་པ་ལས། །ཡེ་ལ་གྲི་བོའི་གནོད་པ་གནས། །ངོམ་གྱིས་ཡེ་ཡི་མི་རྣམས་བསད། །དམག་རྣམས་དེ་ནི་བསྡུས་བསྡུས་ནས། །མཚོན་རྣམས་དེ་ནི་བརྡར་བརྡར་ནས། །གཡུལ་རྣམས་དེ་ནི་འགྱེལ་འགྱེལ་ནས། །མི་དང་རྟ་གཉིས་བསད་བསད་ནས། །ཀྲི་བོས་དེ་ལྟར་བསད་བསད་ནས། །གྲི་ཁྲག་དེ་ནི་མཚོ་ལྟར་འཁྱིལ། །སྔོན་གྱི་བོའི་གནོད་པ་དེ་ལྟར་བྱས། །ཀྱཻ། སྲིད་པ་ཡེ་སྨོན་རྒྱལ་པོ་དེས། །ཀོང་ཙེ་རྒྱལ་པོ་སྤྱན་དྲངས་ནས། །གཙུག་ལག་འཕྲུལ་གྱི་རྩིས་བྱས་ནས། །གྲི་བོ་སྤུན་དགུ་གདོན་དུ་བཟུང་། །ཡས་སྟགས་ཆོ་དགུས་གྲི་བོ་བཀར། །དེ་རིང་གྲི་བོ་བཀར་བར་བྱེད། །གྲི་བོ་བཀར་བའི་ཡས་སྟགས་ལ། །ཤ་རུ་དེ་ནི་སྐྱ་བོ་དང་། །ཕོ་རོག་དེ་ནི་ནག་པོ་དང། །ཕག་མོ་དེ་ནི་རོག་མོ་དང་། །སྤྱང་ཀི་དེ་ནི་སྔོན་པོ་དང་། །ཁྲག་ལོང་དེ་ནི་དམར་པོ་དང་། །སྐྱེར་ཐུར་དེ་ནི་དམར་པོ་དང་། །གཡག་ནག་རོག་པོའི་རྭ་ཅོ་དང་། །རྟ་སུག་རྟ་རྨིག་གོར་མོ་དང་། །བྲག་ནག་གི་ནི་རྡོ་བ་དང་། སྤྱད་ཐག་དྲུ་བུ་དམར་ནག་དང་། །སྐྱེར་པའི་མདུང་མོ་རྩེ་རྣོ་དང་། །གྲི་བོ་ཡས་སྟགས་རྣམས་ཀྱིས་བཀར། །སྤུ་


CMR039_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་དེ་ནི་རྣོན་པོ་ཡིས། །གྲི་གྲི་ཡུ་དམར་གནོད་པ་བཀར། །གྲི་གྲི་ཡུ་དམར་དགྲ་ལ་ཟློག །སྐྱེར་པའི་ཐུར་མ་དམར་པོ་ཡིས། །མདའ་གྲི་ལྟོང་དམར་གནོད་པ་བཀར། །མདའ་གྲི་ལྟོང་དམར་དགྲ་ལ་ཟློག །སྐྱེར་པའི་མདུང་མོ་རྩེ་རྣོན་གྱིས། །མདུང་གྲི་སྦུབ་དམར་གནོད་པ་བཀར། །མདུང་གྲི་སྦུབ་དམར་དགྲ་ལ་ཟློག །གཡག་ནག་རོག་པོའི་རྭ་ཅོ་ཡིས། །འབྲོང་གྲི་རུ་དམར་གནོད་པ་བཀར། །འབྲོང་གྲི་རུ་དམར་དགྲ་ལ་ཟློག །རྟ་སུག་རྟ་རྨིག་གོར་མོ་ཡིས། །རྟ་གྲི་རྔོག་དམར་གནོད་པ་ཟློག །རྟ་གྲི་རྔོག་དམར་དགྲ་ལ་ཟློག །བྲག་ནག་རྡོ་བ་བཞག་པ་འདིས། །ཟབ་གྲི་ཁྲག་རྐྱལ་གནོད་པ་ཟློག །རྦབ་གྲི་ཁྲག་རྐྱལ་དགྲ་ལ་ཟློག །བྱད་ཐག་གྲུ་བུ་དམར་ནག་འདིས། །འགགས་གྲི་ཐག་ཤལ་དགྲ་ལ་ཟློག །ཁྲག་ལོང་དམར་པོ་བཞག་པ་འདིས། །མེ་གྲི་ཆུ་གྲིའི་གནོད་པ་ཟློག །མེ་གྲི་ཆུ་གྲིའི་གནོད་བྱེད་ཟློག །ཡས་སྟགས་ཆོ་དགུའི་གྲི་བོ་བཀར། །ཀྱཻ། སྔོན་ཚེ་རྒྱལ་པོའི་གཏོ་བསགས་པས། །ཆག་དགུ་དེ་ནི་གྲུ་བཅུ་དང་། །གྲི་བོ་ཡས་སྟགས་ཆོ་དགུ་ཡིས། །གྲི་བོ་སྤུན་དགུ་མར་ལ་བཀར། །གྲི་བོ་སྤྱན་


CMR039_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དགྲ་ལ་སྒྱུར། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མདའ་གྲི་ལྟོང་དམར་མ་སྡོངས་ཤིག །མདའ་གྲི་ལྟོང་དམར་དགྲ་ལ་སྒྱུར། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མདུང་གྲི་སྦུབ་དམར་མ་སྡོངས་ཤིག །མདུང་གྲི་སྦུབ་དམར་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ཆུ་གྲི་བདར་ཤང་མ་སྡོངས་ཤིག །ཆུ་གྲི་འདར་ཤང་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྦབ་གྲི་ཁྲག་རྒྱལ་མ་སྡོངས་ཤིག། རྦབ་གྲི་ཁྲག་རྐྱལ་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འགགས་གྲི་ཐག་ཤལ་སྡོངས་ཤིག །འགགས་གྲི་ཐག་ཤལ་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །གཏིབ་གྲི་ཁ་ནག་མ་སྡོངས་ཤིག །གཏིབ་གྲི་ཁ་ནག་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རྟ་གྲི་རྔོག་དམར་མ་སྡོངས་ཤིག །རྟ་གྲི་རྔོག་དམར་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །འབྲོང་གྲི་རུ་དམར་མ་སྡོངས་ཤིག །འབྲོང་གྲི་རུ་དམར་དགྲ་ལ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །མེ་གྲི་ཆུ་གྲི་མ་སྡོངས་ཤིག །མེ་གྲི་ཆུ་གྲི་དགྲ་ལ་ཟློག །གྲི་ཡས་རྣམ་པ་སྣ་ཚོགས་ཀྱིས། །གྲི་བོ་སྤུན་


CMR039_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

དགུ་དེ་རིང་བཀར། །གྲི་བོ་སྤུན་དགུ་དགྲ་ལ་སྒྱུར། །ལྕེབ་གྲི་ཐག་ཤལ་དགྲ་ལ་སྒྱུར། །ཆུ་གྲི་འདར་ཤང་དགྲ་ལ་སྒྱུར། །རྣ་གྲི་རྒྱད་དམར་དགྲ་ལ་སྒྱུར། །རྟ་ནོར་ལུག་ལ་གནོད་པ་དང་། །མཁར་ཁང་ཞིང་ལ་གནོད་པ་དང་། །ཞིང་གི་བཙའ་སད་སེར་གསུམ་དགྲ་ལ་སྒྱུར། །དེ་ནས་ཤ་རུ་ལ་ཁྲག་གིས་ཁྲམ་བཏབ་འདི་སྐད་དོ། །ཀྱཻ། དེ་རིང་རྒྱུ་སྦྱོར་ཡོན་བདག་གི །སྤྱི་བོའི་གཙུག་གི་སྨྲས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །སྐྱེ་དང་ལྟག་པའི་སྨས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །ལག་པ་གཡས་གཡོན་སྨས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །རྩིབ་ལོགས་གཡས་གཡོན་སྨྲས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །བྲང་མདོ་སྔོན་རྒྱབ་སྨྲས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །རྐང་པ་གཡས་གཡོན་སྨྲས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །སྤྱི་གཙུག་མན་ཆད་སྨྲས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །རྐང་མཐིལ་ཡན་ཆད་སྨས་ངོ་དེ། །ཤ་རུ་འདི་ལ་ཁྲམ་དུ་འདེབས། །ན་ངོ་ཐམས་ཅད་ཁྲམ་དུ་འདེབས། །ཤི་ངོ་ཐམས་ཅད་ཁྲམ་དུ་འདེབས། །དུར་ངོ་ཐམས་ཅད་ཁྲམ་དུ་འདེབས། །སྨས་ངོ་


CMR039_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁྲམ་དུ་འདེབས། །ཡག་གོ་ཡག་གོ་ལྷ་རྒྱལ་ལོ། །ཡག་གོ་ཡག་གོ་གཏོ་ཡག་གོ། ༈ །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །གྲི་ཁ་མཚོན་བསྒྱུར་བྱེད་པར་འདོད་ན། རྩི་དུག་ཤིང་དུག་གིས་ངར་མི་ལ་ཁྲག་ལོང་བཀར། ལུས་དྲུད་ཁོང་དུ་སྦས། དེའི་རྩ་བར་གྲི་ཕ་ནག་པོ། གྲི་བྱ་ཕོ་རོག །སྤྲེའུ། སྦྲུལ། ཤྭ་བ། མདའ་ཆག །མདུང་ཆག །གཞུ་ཆག་སོགས་ཆག །ཡས་རྣམས་བསོགས། རང་མདུན་ནམ་གང་བདེར། སྐྱེར་པའི་ཆུང་དགུ། གྲི་དགུ། མདའ་དགུ། གཞུ་དགུ་རྣམས་བཞག་ལ་ཚིག་དང་བསྟུན་ནས་ངར་མི་ལ་བཙུགས། དེ་ནས་གོང་ལྟར་བཏང་རྗེས་ཡོན་བདག་གི་དཔུང་པར་ཁྲག་གི་ཁྲམ་ལོ་གྲངས་བྲིས་ལ་འདི་སྐད་དོ། །ཀྱཻ། སྨྲས་ངོ་བསྒྱུར་བ་གལ་སྲིད་ན། །སྲིད་པའི་ལྷ་མོ་དཀར་པོ་ལ། །འདྲེ་མི་ནག་པོ་སྨས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་མི་བུ་རིན་ཆེན་ལ། །བདུད་མི་ནག་པོས་སྨྲས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་ལྷ་རྟ་དཀར་པོ་ལ། །འདྲེ་རྟ་ཁམ་པས་སྨོས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་


CMR039_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། །སྲིད་པའི་དུང་ཁྱུང་དཀར་པོ་ལ། །ས་ཁྲ་ནག་པོས་སྨྲས་བསྒྱུར་བྱས། །དེ་ཡི་སྨས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་ལྷ་ལུག་དཀར་པོ་ལ། །སྤྱང་ཀི་སྔོན་པོས་སྨྲས་བསྒྱུར་བྱས། །དེ་ཡི་སྨས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་ར་ཡི་ཚེ་དེ་ལ། །འཕར་བ་དམར་པོས་སྨྲས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་ལྷ་གཡག་དཀར་པོ་ལ། །འདྲེ་མི་ནག་པོས་སྨྲས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་གཉན་རྒན་དེ་བ་ལ། །ཞལ་བུ་ཁྱི་ཡིས་སྨས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །སྲིད་པའི་བྱ་ཁྱུང་དཀར་པོ་ལ། །འདྲེ་བྱ་སྲེག་པས་སྨྲས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །རླུ་བྱ་དེ་ནི་ཕུག་རོན་ལ། རྒྱ་ཁྲ་ཧོར་


CMR039_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

པས་སྨས་བསྒྱུར་བྱས། །དེ་ཡི་སྨྲས་ངོ་འདུག་པ་དེ། །དུག་མི་ནག་པོ་འདི་ལ་སྒྱུར། །རྩྭ་མི་སྐྱ་བོ་འདི་ལ་སྒྱུར། །ཀྱཻ། སྔོན་དུས་དེ་ལྟར་བསྒྱུར་བ་ལྟར། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རི་རབ་རི་ཡི་རྩེ་མོ་ནས། །གྲི་ངོ་སྨས་ངོ་སྣང་ཟེར་རྣམས། །ངར་མི་ནག་པོ་འདི་ལ་སྒྱུར། །ལུང་གསུམ་ལུང་གི་ཐང་མཐའ་ནས། །གྲི་ངོ་སྨས་ངོ་སྣང་ཟེར་རྣམས། །ངར་མི་ནག་པོ་ཁྱོད་ལ་སྒྱུར། །མགོ་ཡི་སྨས་ངོ་དེ་རིང་སྒྱུར། །ལུས་ཀྱི་སྨྲས་ངོ་དེ་རིང་སྒྱུར། །ཡན་ལག་སྨས་ངོ་དེ་རིང་སྒྱུར། །རྐང་ལོང་སྨྲས་ངོ་དེ་རིང་སྒྱུར། །གྲི་ཕག་ནག་པོའི་ཐོད་པ་འདིས། །གྲི་ཁ་མཚོན་དང་ཡས་ཀྱིས་བསྒྱུར། །གྲི་བྱ་ནག་ཆུང་ཐོད་པ་འདིས། །གྲི་ཁ་ནག་པོ་མཚོན་གྱིས་སྒྱུར། །སྤྲེའུ་ཅོ་ཟད་ཐོད་པ་འདིས། །གྲི་ཁ་ནག་པོ་མཚོན་གྱིས་སྒྱུར། །ཆུ་སྦྲུལ་ནག་པོའི་ཐོད་པ་འདིས། །གྲི་ཁ་ནག་པོ་མཚོན་གྱིས་སྒྱུར། །བང་མགྱོགས་ཤྭ་བའི་ཐོད་པ་འདིས། །གྲི་ཁ་ནག་པོ་མཚོན་གྱིས་སྒྱུར། །སྟག་སྤྲེལ་གཉིས་ཀྱི་བདུན་ཟུར་དེ། །གྲི་ཁ་མཚོན་དང་ཡས་ཀྱིས་སྒྱུར། །བྱ་ཡོས་གཉིས་ཀྱི་བྱེ་བྲལ་དེ། །གྲི་ཁ་མཚོན་དང་ཡས་ཀྱིས་སྒྱུར། །ཁྱི་འབྲུག་


CMR039_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་ཐོག་རྫིས་དེ། །གྲི་ཁ་ནག་པོ་མཚོན་གྱིས་སྒྱུར། །ཕག་སྦྲུལ་གཉིས་ཀྱི་དགྲ་གཤེད་དེ། །གྲི་ཁ་མཚོན་དང་ཡས་ཀྱིས་སྒྱུར། །བྱི་རྟ་གཉིས་ཀྱི་རུ་གཅོད་དེ། །གྲི་ཁ་མཚོན་དང་ཡས་ཀྱིས་སྒྱུར། །གླང་ལུག་གཉིས་ཀྱི་ཕུང་གྱོད་དེ། །གྲི་ཁ་མཚོན་དང་ཡས་ཀྱིས་སྒྱུར། །ལྟས་ངན་བརྒྱད་ཅུ་རྩ་གཅིག་སྒྱུར། །ཡས་འདྲོགས་སུམ་བརྒྱ་དྲུག་ཅུ་སྒྱུར། །སྨས་ངོ་གྲི་ངོ་དེ་རིང་སྒྱུར། །གྲི་ངོ་ཁྲག་ངོ་དེ་རིང་སྒྱུར། །སྤར་ཁམས་དགྲ་བྱེད་དེ་རིང་སྒྱུར། །མོ་ངན་སོག་སྡིག་དེ་རིང་སྒྱུར། །རྨི་ལམ་སོག་སྡིག་དེ་རིང་སྒྱུར། །སྡེ་བརྒྱད་ཆོ་འཕྲུལ་དེ་རིང་སྒྱུར། །ཡག་གོ་ཡག་གོ་གཏོ་ཡག་གོ །དེ་ནས་རྩང་དགུ་རྣམས་ངར་མི་ལ་བཙུགས་ལ་འདི་སྐད་དོ། །ཀྱི། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བྱི་རྟ་གཉིས་ཀྱི་རུ་གཅོད་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །གླང་ལུག་གཉིས་ཀྱི་ཕུང་གྱོད་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །སྟག་སྤྲེལ་གཉིས་ཀྱི་བདུན་ཟུར་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །བྱ་ཡོས་གཉིས་ཀྱི་བྱེ་བྲལ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །ཁྱི་འབྲུག་གཉིས་ཀྱི་གནམ་སྒོ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །ཕག་སྦྲུལ་གཉིས་


CMR039_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ས་སྒོ་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །དེ་ནས་གྲི་དགུ་རྣམས་བཙུགས་ལ་འདི་སྐད་དོ། །ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །བྱི་བ་ལོ་པའི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །གླང་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །སྟག་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །ཡོས་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །འབྲུག་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །སྦྲུལ་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །རྟ་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །ལུག་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །སྤྲེལ་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །བྱ་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །ཁྱི་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །ཕག་ལོ་པ་ཡི་ལོ་སྐག་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །དེ་ནས་མདའ་གཞུ་རྣམས་བཙུགས་ལ་འདི་སྐད་དོ། །ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་འཁོར་དང་བཅས། །གཅིག་དཀར་རྒྱལ་པོའི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །གཉིས་ནག་བདུད་ཀྱི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་


CMR039_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ལ་སྤོ། །གསུམ་མཐིང་དམུ་ཡི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །བཞི་ལྗང་ཀླུ་ཡི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །ལྔ་སེར་གཉན་གྱི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །དྲུག་དཀར་མ་མོའི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །བདུན་དམར་བཙན་གྱི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །བརྒྱད་དཀར་ལྷ་ཡི་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །དགུ་དམར་ཐེའུ་རང་ཆད་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །དགུ་དགུ་བརྒྱད་ཅུ་གྱ་གཅིག་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །ལོ་ཡི་རྒྱལ་པོའི་སྐག་ཟློག་ཅིག །ཟླ་བ་བློན་པོའི་བཀའ་ཆད་ཟློག །ཞག་གི་དམག་མིའི་ཆད་པ་ཟློག །དུས་ཚོད་མཚོན་ཆའི་ཆད་པ་ཟློག །སྐག་རིགས་སུམ་བརྒྱ་དྲུག་ཅུ་དེ། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །ཉིན་གྱི་ལྟས་ངན་ཐམས་ཅད་ཀྱང་། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །མཚན་གྱི་རྨི་ལམ་ངན་པ་ཡང་། །ངར་མི་ནག་པོ་ཁྱོད་ལ་སྤྲོ། །དུས་ཚོད་མཚོན་ཆ་ངན་པ་དེ། །ངར་མི་ནག་པོ་ཁྱོད་ལ་སྤོ། །གྲི་ཁ་མཚོན་ཁ་ངན་པ་དེ། །ངར་མི་ནག་པོ་ཁྱོད་ཀྱིས་


CMR039_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

སྒྱུར། །བཟློག་ཅིག་བསྒྱུར་ཅིག་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་ཡོན་བདག་གི་དཔུང་པ་ངར་མའི་ཐོག་ཏུ་ཁྲུས་བྱས་ལ། དེ་ནས་གང་བྱེད་ཀྱང་མདོས་ཁ་ཕྱིར་བསྒྱུར་ལ། ཡོས་བཀྲ་དང་ཆག་ཡས་ཤ་ཁྲག་རྣམས་རྫོངས་སུ་འདེབས་ལ། དེ་ནས་འདི་སྐད་དོ། །ཀྱཻ། བདག་དང་རྒྱུ་སྦྱོར་ཡོན་བདག་གི །དེ་རིང་གཏོ་དང་དཔྱད་ལེགས་སོ། །གྲི་བོ་སྤུན་དགུ་ཐམས་ཅད་ལ། །ཁྱོད་ལ་ཡས་འབུལ་རྫོངས་འདེབས་སོ། །གྲི་བོ་རྣམས་ལ་རྫོ་ངས་འདེབས་སོ། །ཤ་རུ་སྐྱ་བོས་རྫོངས་འདེབས་སོ། །ཕོ་རོག་ནག་པོས་རྫོངས་འདེབས་སོ། །ཕག་མོ་རོག་མོས་་ངས་འདེབས་སོ། །སྤྱང་ཀུ་སྔོན་མོས་རྫོངས་འདེབས་སོ། །ཁྲག་ལོང་དམར་པོས་རྫོངས་འདེབས་སོ། །སྐྱེར་ཐུར་དམར་པོའི་ལྗོངས་འདེབས་སོ། །སྐྱེར་པའི་མདུང་མོས་རྫོངས་འདེབས་སོ། །གཡག་ནག་རྭ་ཅོས་རྫོངས་འདེབས་སོ། །རྟ་རྨིག་གོར་མོས་རྫོངས་འདེབས་སོ། །གྲི་གྲི་ཁྱོད་ལ་རྫོངས་སུ་འདེབས། །མདའ་གྲི་ཁྱོད་ལ་རྫོངས་སུ་འདེབས། །མདུང་གྲི་ཁྱོད་ལ་རྫོངས་སུ་འདེབས། །རྟ་གྲི་ཁྱོད་ལ་རྫོངས་སུ་འདེབས། །གཏིབ་གྲི་ཁྱོད་ལ་རྫོངས་སུ་འདེབས། །མེ་གྲི་ཁྱོད་ལ་རྫོངས་སུ་འདེབས། །


CMR039_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་གྲི་ཁྱོད་ལ་རྫོངས་སུ་འདེབས། །འགགས་གྲི་ཁྱོད་ལ་རྫོངས་སུ་འདེབས། །ཟབ་གྲི་ཁྱོད་ལ་རྫོངས་སུ་འདེབས། །རུ་གྲི་ཁྱོད་ལ་རྫོངས་སུ་འདེབས། །གནམ་གྲི་ཁྱོད་ལ་རྫོངས་སུ་འདེབས། །རྡོ་གྲི་ཁྱོད་ལ་རྫོངས་སུ་འདེབས། །ཡས་སྟགས་གཏོར་གླུད་འདི་ལོངས་ལ། །སོ་སོ་རང་རང་གནས་སུ་སོང་། །ཞེས་རྫོངས་འདེབས་སོ། །དེ་ནས་གྲི་བོའི་ལམ་བསྟན་པ་ནི། ཀྱཻ། གྲི་བོ་སྤྱན་དགུ་འཁོར་བཅས་རྣམས། །འགྲོ་བའི་དེ་ནི་ལམ་བསྟན་པ། །བྱུང་ཕྱོགས་གེ་སར་ཡུལ་ཞེས་ན། །དམག་རྣམས་ཐམས་ཅད་བསྡུས་བསྡུས་ནས། །གཡུལ་རྣམས་ཐམས་ཅད་འགྱེད་འགྱེད་ནས། །མི་དང་རྟ་རྣམས་བསད་བསད་ནས། །ཤ་དང་ཁྲག་རྣམས་མེ་རེ་རེ། །གྲི་ཁྱི་མདུར་དང་ཟུ་ལུ་ལུ། །གྲི་ཕག་དུར་དང་ཏི་རི་རི། །གྲི་བྱ་གཤོག་སྒྲ་འུ་རུ་རུ། །བྱ་ནག་མང་པོས་ཤ་ལ་ཟ། །གཅན་སྤྱང་མང་པོས་ཁྲག་ལ་འཐུང་། །གྲི་བོའི་ལམ་བསྟན་དེ་རུ་བསྟན། །ཟ་བའི་སྐལ་པ་དེ་ན་ཡོད། །འཐུང་བའི་སྐལ་པ་དེ་ན་ཡོད། །ཡུལ་གྱི་སྐལ་པ་དེ་ན་ཡོད། །ཉིན་ཤིང་དེ་ནི་ཤ་ལ་ཟ། །མཚན་ཤིང་དེ་ནི་ཁྲག་ལ་འཐུང་། །གྲི་བོའི་ཟ་སྐལ་དེ་རུ་ཡོད། །གྲི་


CMR039_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ལམ་བསྟན་དེ་རུ་བསྟན། །གྲི་བོའི་སྣ་ཡང་དེ་རུ་བསྟན། །གྲི་བོའི་ཟ་སྐལ་དེ་རུ་བསྟན། །གྲི་བོའི་གྲི་བཙན་དེ་རུ་བསྟན། །གནས་འདིར་མ་ཆགས་དེ་རུ་བསྟན། །ཆུ་གྲི་དུར་ན་འདར་ཤང་ཁྱོད། །ཆུ་གསུམ་དེ་ཡི་གཞུང་ལ་སོང་། །རྦ་རླབས་མང་པོ་འགྲིམ་ཞིང་སོང་། །ཉ་སྲམ་རྣམས་ཀྱི་རྩེ་རོགས་གྱིས། །རྒྱ་མཚོ་ཡངས་ཆེན་གཏན་གྱི་གནས། །གནས་འདིར་མ་ཆགས་དེར་སོང་ཞིག །གྲི་བོའི་ལམ་བསྟན་དེ་རུ་བསྟན། །རྟ་གྲི་དེ་ནི་རྒ་བཤལ་ཁྱོད། །གྲུ་གུ་ཡུལ་དུ་ད་སོང་ཞིག །རྟ་རྒྱུག་དེ་ནི་སྲིངས་སེ་སྲིང་། །སྒ་སྲབ་མང་པོ་སི་ལི་ལི། །འཚེར་སྐད་མང་པོ་ལྷངས་སེ་ལྷང་། །གྲི་བོའི་ལམ་བསྟན་དེ་རུ་བསྟན། །གྲི་ཁྱི་དེ་ནི་ལྷོ་དམར་ཁྱོད། །འཇང་གི་དེ་ནི་ཡུལ་དུ་སོང་། །ཁྱི་སྐད་མང་པོ་པའི་ལྷངས་སེ་ལྷང་། །ངུ་ཟུག་མང་པོ་ཏི་རི་རི། །གྲི་བོའི་ལམ་བསྟན་དེ་རུ་བསྟན། །གནས་འདིར་མ་འདུག་དེར་སོང་ཞིག །འབྲོང་གཡག་དེ་ནི་མང་པོ་རྣམས། །ངར་སྐད་དེ་ནི་ལྷུབས་སེ་ལྷུབ། །རུ་ཐུར་དེ་ནི་ཤིགས་སེ་ཤིག །གྲི་བོའི་ལམ་བསྟན་དེ་རུ་བསྟན། །འབྲོང་གྲི་རུ་དམར་དེ་རུ་སོང་། །རྣ་གྲི་དེ་ནི་ཁྲག་རྐྱལ་ཁྱོད། །བྲག་དམར་དེ་ནི་ངོས་ལ་


CMR039_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

སོང་། །རྒོད་གླག་མང་པོ་ཀྱི་ལི་ལི། །འཕུར་མཁན་དེ་ནི་འཁྲུངས་སེ་འཁྲུང་། །གཤོག་སྒྲ་མང་པོ་ཀྱུ་རུ་རུ། །ཟབ་གྲི་ཁྲག་རྐྱལ་ད་སོང་ཞིག །གནས། འདིར་མ་འདུག་གཞན་དུ་སོང་། །གཏིབ་གྲི་ཁ་ནག་ཁྱོད་སོང་ཞིག །ཁང་རལ་དེ་ནི་ཞིག་པོ་དང་། །ཕྱི་ཁུང་རྙིང་པའི་ནང་དུ་སོང་། །དེ་ལ་གནས་དང་རྟེན་ཆོས་ཤིག །འཁོར་འདིར་གནོད་པ་མ་བྱེད་ཅིག །ཡས་སྟགས་དེ་ནི་ཆོ་དགུ་ཡིས། །གྲི་བོ་སྤྱན་དགུ་བཀར་བར་བྱེད། །ཕྱིན་ཆད་གནོད་པ་མ་བྱེད་ཅིག །ཅེས་ལམ་བསྟན། དེ་ནས་བདེན་སྟོབས་ནི། ཀྱཻ། དེ་རིང་རྒྱུ་སྦྱོར་ཡོན་བདག་ལ། །གྲི་བོས་གནོད་པ་མ་བྱེད་ཅིག །སོ་སོ་རང་རང་གནས་སུ་སོང་། །གལ་ཏེ་མི་འགྲོ་འདུག་གྱུར་ན། །ཡི་དམ་རྩ་གསུམ་བྱིན་རླབས་དང་། །ལྷ་དང་སྲུང་མའི་མཐུ་སྟོབས་དང་། །ཀོང་ཙེ་རྒྱལ་པོའི་བདེན་པ་དང་། །བདེན་པའི་སྟོབས་ཀྱི་ནུས་མཐུ་ཡིས། །བདག་ཅག་འཁོར་དང་བཅས་པ་ཡི། །ལུས་བུར་གཏོང་བར་བྱེད། །སྡུག་བསྔལ་མྱང་བར་གདོན་མི་ཟ། །དེ་བས་རང་རང་གནས་སུ་སོང་། །གནས་འདིར་མ་འདུག་ད་སོང་ཞིག །འཁོར་འདིར་གནོད་པ་མ་བྱེད་


CMR039_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཅེས་ཕུད་དོ། །དེ་ནས་བྲུབ་པ་ནི། ཀྱཻ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །ཕོ་འདྲེ་དེ་ནི་གྲི་བོ་བྲུབ། །མོ་འདྲེ་དེ་ནི་གྲི་མོ་བྲུབ། །མི་རབས་ཀྱིས་ནི་དར་སྲི་བྲུབ། །བུ་ཚ་ཡི་ནི་ཆུང་སྲི་བྲུབ། །རྟ་ནོར་ཡིས་ནི་གོད་སྲི་བྲུབ། །འགོང་པོ་སྤུན་དགུའི་གནོད་པ་བྲུབ། །ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ནས། །གཟུགས་ཅན་མི་ཡི་དགྲ་བོ་བྲུབ། །གཟུགས་མེད་ལྷ་འདྲེའི་དགྲ་བོ་བྲུབ། །འཁོར་འདིར་གནོད་པ་མ་བྱེད་ཅིག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད་ཅིང་ཡུངས་ཀར་རམ་མེད་ན་ནས་ལྕག་བྲབ་ནད་པའི་དོན་ཡིན་སྨྱོན་ལོ་བདུད་འདྲེ་ལྔ་བདུད་གཅོད་གནས་ཕྱོགས་སུ་ཕུལ། གཞན་ཡིན་ན་ཡས་ལམ་གཙང་ཕྱོགས་སུ་ཕུལ། ཕྱི་མིག་མི་ལྟ་བར་ལོག །ཅེས་བཀའ་བསྒོའོ། །དེ་ནས་ཡི་དམ་གང་ཡིན་གྱི་སྲུང་འཁོར་བསྒོམ། རྗེས་ཆོག་གཞུང་ལྟར་བྱའོ། །ཀྱེ་མ་སྦྱིན་བདག་ཕལ་ཆེར་བསོད་རེ་ཟད། །མི་རུང་བསམ་ངན་སྣ་ཚོགས་བྱེད། །དེ་ཡིས་ཡུལ་ལྷ་སྡེ་བརྒྱད་ཐམས་ཅད་འཁྲུགས། །ཕ་བུ་སྤུན་ཟླ་རྡོ་བྱེད་སྲོག་ངན་འཇོམ། །དེ་དག་རྣམས་ཀྱང་གྲི་བོའི་གནོད་པ་ཡིན། །སྤར་ཁ་དྭ་ལ་རྩུབ་པའི་སྤར་ཁའི་བཅོས། །ཁྱད་པར་སྟག་ཡོས་དྭ་ལ་ཕྱིན་དུས་མཆོག །མོ་རྩིས་གཞུང་ཆེན་ཀུན་ནས་ལུང་སྟོན་པས། །ཇི་བཞིན་ཤེས་པ་ཉིན་མོའི་སྐར་མ་ཙམ། །སྔར་གྱི་ཆོས་དཔེ་རྒྱུད་རྙིང་འགའ་མཆིས་


CMR039_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། །ཆ་ལག་མ་ཚང་བཅའ་ཐབས་ཕྱག་ལེན་འཁྲུལ། །དེ་ཕྱིར་སྔགས་པ་གསར་བུ་མང་པོ་ལ། །ཕན་ཕྱིར་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ཡིས། །མཛད་པའི་གྲི་བྲུབ་དེ་ལ་གཞི་བྱས་ནས། །གཞན་རྣམས་མགོན་པོའི་ནང་ནས་ཁ་བཀང་སྟེ། །སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པ་ལ། །ཉེ་གནས་པདྨ་ཀུན་དགས་ཡི་གེར་བཀོད། །ཉེས་འགལ་མཆིས་ན་རྩ་གསུམ་ལྷ་ལ་བཤགས། །དགེ་བས་གཞན་ཕན་རྒྱ་ཆེར་འབྱུང་བར་ཤོག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀོང་ཙེ་འཕྲུལ་གྱི་རྒྱལ་པོ་དང་མགོན་པོ་ལས་བྱུང་བའི་གྲི་ཐུབ་དང་གྲི་ཁ་མཚོན་བསྒྱུར་བལྟས་ཆོག་ཏུ་བཀོད་པ།next