Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་བྱ་གཏོ་སྐྱེན་དགུ་བདེ་ལྡན་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   
   
   
   
   
   


 
previousཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་བྱ་གཏོ་སྐྱེན་དགུ་བདེ་ལྡན་བལྟས་ཆོག་ཏུ་བཀོད་པ།next

ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་བྱ་གཏོ་སྐྱེན་དགུ་བདེ་ལྡན་བལྟས་ཆོག་ཏུ་བཀོད་པ།


CMR039_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་བྱ་གཏོ་སྐྱེན་དགུ་བདེ་ལྡན་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ། །


CMR039_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་སྐད་དུ། ཆོད་དུ་གིང་། བོད་སྐད་དུ། གནམ་གྱི་བྱ་ནག་གན་དུ་བསྒྱུར་བ། ཀོང་ཙེ་བྱང་ཆུབ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་ཡི་བཅའ་ཐབས་ལ། གཞི་མ་ས་ཕྱེ་ལ་སོགས་བཀོད་པའི་སྟེང་། །འཇིམ་པ་སྲབ་བུ་གྲུ་བཞི་བྱས་པའི་སྟེང་། །རུ་སྦལ་གཟུགས་ནི་ལེབ་མོ་སྲབ་བུ་བཞག །དེ་སྟེང་གནམ་ལོ་གང་ཡིན་གཟུགས་བྱས་བཞག །དེ་དང་མཉམ་དུ་བྱ་ཐན་གང་བྱུང་གཟུགས། །ཕྱི་རིམ་ལོ་སྐོར་བཅུ་གཉིས་ལོ་བཤོས་བཀོད། །དེ་ནས་ཤར་དུ་ལྷ་གཟུགས་དཀར་པོ་དང་། །ལྷོ་རུ་གཤིན་རྗེ་སྔོན་པོ་ནུབ་ཏུ་ཀླུ་དམར་པོ། །བྱང་དུ་གནོད་སྦྱིན་ལྗང་གུ་འཁོད་དོ། །ཤར་དུ་བྱ་དཀར་ལྷོ་བྱ་སེར་པོ་བྱ། །ནུབ་བྱ་དམར་པོ་བྱང་བྱ་ལྗང་ཁུ་འཁོད། །མཚམས་བཞི་ལ་ནི་བྱ་རིགས་


CMR039_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་མདོག་ཅན། །ནམ་མཁའ་རྒྱང་བུ་མདའ་འཕང་ཤིང་རིས་བཙུགས། །མདོས་ནང་ཡོས་བཀྲ་འབྲུ་སྣ་ཅི་ཡོད་བླུག །གོས་དུམ་དྲི་གླུད་མཐའ་སྐོར་ཆུ་གཙང་བྲན། །ཕྱོགས་ཀྱི་ཐུན་རྡོ་ཚབ་བྱས་ལ། །བྱ་བླ་ཐུན་རྡོས་གཏག་ཟེར་དུས་ཕྱོགས་སུ་འུར་རྡོས་གཏག །སླ་ང་བརྡུང་། དམོད་མོ་ཤེས་ཚད་བྱེད། ཧཱུྃ། རང་ཉིད་ཡི་དམ་སྐད་ཅིག་གནས་འགྱུར་ནས། །བཅོམ་ལྡན་གཤིད་རྗེ་གཤེད་པོ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས། །ཕྱག་གཡས་མི་མགོས་མཚན་པའི་དབྱུག་པ་ཕྱར། །གཡོན་པས་ཐོད་པ་ཁྲག་བཀང་ཐུགས་ཀར་འཛིན། །ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་བརྫིས། །


CMR039_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

ཞབས་གཡོན་བརྐྱངས་པས་མ་ཧེའི་འཕོང་སྟེང་མནན། །རང་འོད་རིག་མ་གྲི་ཐོད་འཛིན་པས་འཁྱུད། །ཐོད་པ་སྐམ་རློན་སྟག་ཤམ་ཞིང་ལྤགས་སོགས། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་ཀློང་བཞུགས། །རིགས་བདག་རང་ཆས་དམ་ཡེ་དབྱེར་མེད་པའི། །ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གཡས་སུ་འཁོར། །ཨོཾ་ཧཱིཀྐི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བརྒྱ་སྟོང་བཟླའོ། །རཾ་ཡཾ་ཁཾ་གིས་མི་གཙང་དྲི་མ་སྦྱངས། །ཤཱཀ་ཐུབ་བྱིན་རླབས་ཐལ་མོ་ཁོང་སྟོང་ནང་། །ཨ་དཀར་འོད་འཕྲོས་མདོས་གཏོར་སྟོང་པར་སྦྱངས། །ཨོཾ་སྭ་བྷ་ཝ་སོགས་ཨེ་ཡཾ་རཾ་བཾ་ལཾ་གྱི་ཡི་གེ་ལས། །འབྱུང་བ་རིམ་བརྩེགས་གསེར་གྱི་ས་གཞིའི་སྟེང་། །ཐེ་སེ་རྒྱལ་པོ་ལོ་ལྷ་བཅུ་གཉིས་དང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་ཐན་གཟུགས་རྣམས། །མཁའ་ལ་འཇའ་ཤར་བཞིན་དུ་གསལ་བར་གྱུར། །དེ་ནས་འགུག་གཞུག་ལན་གསུམ་བྱས་ལ། བྱ་ཐན་བྱིན་གྱིས་བརླབ་པ་ནི། མདོས་གཏོར་ཡས་སྟགས་འདོད་ཡོན་སྣ་ཚོགས་དང། །ནམ་མཁའ་ཤིང་རིས་མདའ་འཕང་རྒྱང་བུ་སོགས། །སོ་སོར་འདོད་དགུར་ཡོན་ཏན་ལྡན་པར་གྱུར། །རྣམ་སྣང་བྱིན་རླབས་ཚིགས་བཅད་ཕྱག་རྒྱའི་ནང་། །ཁཾ་སྟོང་


CMR039_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

འོད་འཕྲོས་ཟད་པ་མེད་པར་སྤེལ། །ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ་སརྦ་ཐ་ཁཾ་ཨུཏྤ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་འཁྱིལ་པའི་བྱིན་རླབས་ཁ་ཁྱེར་ཛ་དམར་ལས། །འོད་འཕྲོས་མདོས་གླུད་ཟད་མེད་བདུད་རྩིར་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ཧཱུྃ་ཕཊ། རིན་ཆེན་འབྱུང་ལྡན་བྱིན་རླབས་མཆོག་སྦྱིན་ཧཱུྃ་སེར་ལས། །འོད་འཕྲོས་མགྲོན་རྣམས་ཀུན་གྱིས་བསྔོས་བཞིན་འཐོབ། །བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །གླུད་གཏོར་ཟག་མེད་བདུད་རྩི་རྒྱ་མཚོ་འདི། །ཐེ་སེ་ལོ་ལྷ་ལོ་སྐོར་བཅུ་གཉིས་དང་། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་ཐན་བདག་དང་། །ཐན་དང་ཐན་བདག་གནོད་བྱེད་འབྱུང་པོའི་ཚོགས། །ལོ་བདུད་ལོ་གཤེད་བཅུ་གཉིས་ལ་སོགས་པ། །དམིགས་ཡུལ་བསྲུང་བྱར་གྱུར་པ་ཐམས་ཅད་ལ། །གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཚོགས། །གནོད་ཅིང་འཚེ་བར་བྱེད་པ་ཀུན་ལ་བསྔོ། །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ཞེས་ལན་བདུན་དང་སེ་གོལ་གཏོགས། དོན་ཡོད་གྲུབ་པའི་བྱིན་


CMR039_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

རླབས་ཁུ་ཚུར་མཆོད་སྦྱིན་ལས། །ཧ་ལྗང་འོད་འཕྲོས་མགྲོན་ཀུན་ཚིམ་པར་གྱུར། །ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ས་མནྟ་སྤ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ༔ ཕྱག་རྡོར་བྱིན་རླབས་སོར་བསྣོལ་ཛ་དམར་ལས། །འོད་འཕྲོས་མགྲོན་ཀུན་བདག་གི་བཀའ་ཉན་གྱུར། །ན་མས་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤཱ་རི་པྲ་བྷ་ཁྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ༔ སྤྱན་འདྲེན་ནི། ཧཱུྃ། འབྱུང་བ་རིམ་པ་བརྩེགས་པའི་སྟེང་། །ཕྱི་ལྟར་གླིང་བཞི་རི་རབ་ལ། །ནང་ནི་རིན་ཆེན་གཞལ་ཡས་ཁང་། །གསང་བ་གསེར་གྱི་རུ་སྦལ་ནི། །གན་རྐྱལ་ཉལ་བའི་ལུས་ཀྱི་ཚུལ། །དབྱེར་མེད་མེ་ལོང་གཟུགས་བརྙན་ལྟར། །དབུས་སུ་ཏྲི་ལས་གནམ་ལོའི་བུ། །མདོས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །ཤར་ཕྱོགས་ཤིང་ལ་མངའ་མཛད་མ། །སྟག་ཡོས་གཉིས་ཀྱང་མདོས་ལ་བྱོན། །ལྷོ་ཕྱོགས་མེ་ལ་མངའ་མཛད་མ། །རྟ་སྦྲུལ་གཉིས་ཀྱང་མདོས་ལ་བྱོན། །ནུབ་ཕྱོགས་ལྕགས་ལ་མངའ་མཛད་པ། །བྱ་སྤྲེལ་གཉིས་ཀྱང་མདོས་ལ་བྱོན། །བྱང་ཕྱོགས་ཆུ་ལ་མངའ་མཛད་པ། །བྱི་ཕག་གཉིས་ཀྱང་མདོས་ལ་བྱོན། །མཚམས་བཞི་ས་ལ་མངའ་མཛད་པ། །ཁྱི་


CMR039_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་གླང་ལུག་མདོས་ལ་བྱོན། །ལྷ་ཀླུ་གནོད་སྦྱིན་གཤིན་རྗེ་དང་། །ཐན་དང་ཐན་བདག་མདོས་ལ་བྱོན། །ཨོཾ་སརྦ་དྷེ་ཝ་ཏྲེ་ཨ་སུ་ར་ཨེ་ཧྱ་ཧེ་བཛྲ་ས་མ་ཡ་ཛཿ ཧཱུྃ༔ རང་སྣང་ཡིད་ལས་གྲུབ་པ་ཡི། །རིན་ཆེན་སྣ་ཚོགས་གཞལ་ཡས་ཁང་། །རུ་སྦལ་པདྨ་ཉི་ཟླའི་སྟེང་། །གཙོ་དང་འཁོར་དང་བཅས་པ་རྣམས། །ཇི་སྲིད་མཆོད་སྦྱིན་མ་ཚར་བར། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛ་ལྷན། དེ་ནས་སྨྱུང་གྱེར་བ་ནི། ཧཱུྃ། གཏོ་འདི་ཀོང་ཙེ་འཕྲུལ་གྱི་གཏོ། །དཔྱད་འདི་གཙུག་ཡི་ལག་སྨྲང་གིས་དཔྱད། །གྱེར་འདི་གཙུག་ལག་རྒྱ་ནག་གྱེར། །བསྒྱུར་ནི་གཙུག་ལག་གཏོ་ཡིས་སྒྱུར། །ཧཱུྃ། ང་ནི་འཕགས་པ་འཇམ་དཔལ་ཡིན། །འཇིག་རྟེན་སྲིད་པའི་ཞིང་ཁམས་ན། །གང་དུ་ཆད་དང་གང་འདུན་བཙན། །གང་ལ་བབ་དང་གང་གིས་ཐན། །དང་པོ་གཏོ་འདི་གང་ལ་བབ། །ཡུལ་ནི་རྒྱ་ཡུལ་སྟན་བཟང་ན། །རྒྱལ་པོའི་མི་ཁ་ལྷཐན་གཙོ་ལ། །བྱ་ཐན་རྣམ་པ་མང་དུ་བྱུང་། །ཤར་ཕྱོགས་དྲི་ཟའི་བྱ་ཐན་ནི། །དཀར་པོ་གཅིག་ཀྱང་མཁའ་ལ་བབ། །ལྷ་ལ་མི་དགེ་མང་དུ་བྱུང་། །ལྷོ་ཕྱོགས་གཤིན་རྗེའི་


CMR039_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ཐན་ནི། །སེར་པོ་གཅིག་ཀྱང་མི་ལ་བབ། །མི་ལ་མི་དགེ་སྣ་ཚོགས་བྱུང་། །ནུབ་ཕྱོགས་ཆུ་ལྷའི་བྱ་ཐན་ནི། །དམར་པོ་གཅིག་གིས་བྱ་སྐྱག་ཕོག །ཕོ་ལྷ་དགྲ་ལྷ་མེ་ལར་བྱས། །བྱང་ཕྱོགས་གནོད་སྦྱིན་བྱ་ཐན་ནི། །ལྗང་གུ་གཅིག་ཀྱང་དགྲས་དེད་ནས། །རྟ་དང་ནོར་ལ་བབ་པ་དང་། །རྟ་དང་ནོར་ལ་ལྟས་ངན་བྱུང་། །དེ་ལ་སོགས་པའི་བྱ་ཐན་ནི། །ཕུ་ཤུད་སྲེག་པ་ལ་སོགས་པའི། །རི་བྱ་རྣམ་པ་མང་པོ་ཡི། །བྱ་དམག་བརྒྱབ་ཅིང་ཁྱིམ་དུ་བྱུང་། །གོ་བོ་སོག་བྱ་ལ་སོགས་པའི། །བྱ་གཅན་རྣམ་པ་མང་པོ་ཡིས། །བྱ་སྐྱག་ཕབ་ཅིང་དམོད་པ་ཤོར། །ཕོ་ལྷ་དགྲ་ལྷ་མྱོས་ཤིང་འཐིབས། །མི་རྣམས་ན་ཚ་འཁུན་གཟེར་དང་། །མི་བདེ་རྣམ་པ་སྣ་ཚོགས་བྱུང་། །ཕྱུགས་རྣམས་གོད་ཁ་གཏོར་བརླག་དང་། །མི་རུང་རྣམ་པ་སྣ་ཚོགས་བྱུང་། །རྒྱལ་པོ་འཁོར་བཅས་མྱ་ངན་གནོན། །ཅི་ཕན་སྙམ་ནས་བཀའ་བསྒྲོས་པས། །རྒྱ་རྗེ་མི་ཁ་ཐན་གཙོ་ཡིས། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ། །འདི་སྐད་ཅེས་ནི་ཞུ་བ་ཕུལ། །ཀྱཻ། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལགས། །ངེད་རྒྱལ་པོ་འཁོར་དང་བཅས་པ་ལ། །ཕྱོགས་བཞིའི་བྱ་ཐན་རྣམ་བཞི་བྱུང་། །


CMR039_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་ལྷ་མིན་འཁྲུག་པ་ཡིས། །བདུད་དང་སྲིན་པོའི་བྱ་ཐན་བྱུང་། །བྱ་སྐྱག་ཕབ་ཅིང་མཁར་ལ་བབས། །ཕྱོགས་བཞིའི་བྱ་ཐན་རྣམ་བཞི་བྱུང་། །ལྷ་དང་ལྷ་མིན་འཁྲུག་པ་ཡིས། །ཁྱིམ་རྣམས་ཀུན་ལ་བྱ་དམག་བརྒྱབ། །ང་ཡི་ཕོ་ལྷ་དགྲ་ལྷ་འཁྲུག །ཕྱུགས་ཀྱི་ལྷ་དང་ཁྱིམ་གྱི་ལྷ། །ནོར་ལྷ་ཞིང་ལྷ་རྣམས་ཀྱང་ཉམས། །ལྷ་ནད་མྱོས་པ་ལ་སོགས་བྱུང་། །ན་ཚ་མི་བདེ་འཁུན་གཟེར་སོགས། །མི་རྣམས་མི་བདེ་སྣ་ཚོགས་བྱུང་། །མྱ་ངན་བྱུར་གྱིས་རྫོངས་སུ་ཆུད། །གོད་ཁ་གཏོར་བརླག་ལ་སོགས་པ། །ཕྱུགས་དང་ནོར་རྣམས་ཟད་ལ་ཐུག །བཙའ་སད་སེར་གསུམ་ལ་སོགས་ཀྱིས། །འབྲུ་རིགས་སྣ་ཚོགས་བརླག་པར་འགྱུར། །རྒྱལ་པོས་ཅི་བྱ་མ་འགྲུབ་པས། །ཕན་པའི་གཏོ་དཔྱད་ཁྱེད་ལ་ཞུ། །དགོས་པའི་ཡས་ནི་ངེད་ཀྱིས་བསག །མི་འཕང་དཀོར་ནོར་ཁྱེད་ལ་འབུལ། །བདལ་བའི་སྐྱེམས་ཤིག་ཞལ་དུ་འབུལ། །བདག་གི་རིག་པ་ཁྱེད་ལ་འབུལ། །དེ་སྐད་ཀོང་ཙེ་རྒྱལ་ལ་ཞུས། །དེ་ལ་གཏོ་དང་དཔྱད་དགོས་སྐད། །ཀོང་ཙེ་རྒྱལ་པོའི་ཞལ་ན་རེ། །ཕན་པའི་ཐབས་ནི་བདག་གིས་བགྱི། །དཀའ་བའི་ཡས་ནི་


CMR039_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱོད་ཀྱིས་སོག །གཏོ་ཡོན་ནོར་རྫ་ས་བདག་ལ་ཕུལ། །དེ་ལ་ཀོང་ཙེ་འཕྲུལ་རྒྱལ་གྱིས། །གཏོ་གླུད་ཡས་ཀྱིས་ཐོག་ཕབ་ན། །ཐན་ལྟས་གནས་ནས་བཟློག་པའི་ཕྱིར། །ལྷ་དཀོན་མཆོག་གསུམ་ལ་མཆོད་པ་བཤམས། །ཡས་ལེན་ཆེད་དུ་འབྱོན་པའི་ཕྱིར། །ཐན་དང་ཐན་བདག་གཟུགས་ཀྱང་བྱས། །འུར་རྡོ་དགུ་དང་སླ་ང་དགུ། །ཐུན་རྣམས་ཚོགས་ཀྱིས་བྱ་བླ་བཏགས། །ཕྱོགས་བཞིའི་བྱ་ཐན་རྣམ་བཞི་ཡང་། །ཕྱོགས་བཞི་དགྲ་ལ་ཟ་ཁ་སྟོན། །རི་བྱ་བྱ་ཆེན་རྣམས་ཀྱི་ཐན། །མཚམས་བཞིའི་དགྲ་ལ་ཟ་ཁ་སྟོན། །དགྲ་བགེགས་སྟེང་དུ་བྱ་ཐན་སྤུངས། །རྒྱལ་པོ་འཁོར་བཅས་བདེ་ལ་འགོད། །ལྷ་རྣམས་ཐམས་ཅད་བདེ་ཞིང་དགྱེས། །མི་རྣམས་ཀུན་ཀྱང་སྐྱིད་ཅིང་དགའ། །ཕྱུགས་རྣམས་ཀུན་ཀྱང་འཕེལ་ལ་དར། །འབྲས་བུ་སྣ་ཚོགས་འཕེལ་ཞིང་དར། །རྒྱལ་པོའི་ཐུགས་ཀྱང་རབ་ཏུ་དགྱེས། །ལྷ་མཆོད་ཡོན་གྱིས་མཉེས་པར་བྱས། །ཀྱཻ། སྔོན་བྱུང་སྲིད་པ་དེ་བཞིན་དུ། །རྒྱུ་སྦྱོར་ཡོན་བདག་འདི་དག་ལ། །བྱ་ཐན་རྣམ་པ་གང་བྱུང་ཡང་། །དགོས་པའི་ཡས་སྟགས་སྣ་ཚོགས་འདི། །རྣལ་འབྱོར་བདག་གིས་བསགས་པར་བྱས། །ལྷ་


CMR039_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཡོན་རིན་ཆེན་ནོར་རྫས་ཀྱང་། །རྒྱུ་སྦྱོར་ཡོན་བདག་འདི་དག་གིས། །ལྷ་ཡི་ཞལ་ཕྱོགས་དཀར་བར་བྱས། །ཀྱཻ། རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །ཀླུ་བདུད་དྲི་ཟ་སྲིན་པོ་དང་། །གྲུལ་བུམ་ལྟོ་འཕྱེ་མི་འམ་ཅི། །ཀླུ་གཉན་ས་བདག་བྱེད་ཁ་སོགས། །བྱ་ཐན་རྣམ་པ་གང་བྱུང་ཡང་། །དོ་ནུབ་རྣལ་འབྱོར་བདག་ཅག་གིས། །དཀོན་མཆོག་གསུམ་ལ་མཆོད་པ་བཤམས། །བྱ་ཐན་སྣ་ཚོགས་སོ་སོར་གཏོང་། །ཀྱཻ། གནམ་གྱི་བྱ་ནག་སྡེར་འཛིང་དེ། །ཡེ་འདྲོག་ཡོང་བའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བར་སྣང་གླག་ནག་སྡེར་འཛིང་དེ། །ཡ་བདུད་རྒྱལ་པོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བྲག་བྱ་འུག་པ་རྒོད་པ་དེ། །བྲག་སྲིན་རྒྱལ་མོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ཅོང་ཀས་ཕུག་ཏུ་ཚང་བཅས་པ། །གུད་རྣམས་འགྲོགས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བྱ་རོག་ཤ་འཐབ་བྱེད་པ་དེ། །མགོན་པོ་ནག་པོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ཕུ་ཤུད་སྦྲ་ལ་བབ་པ་དེ། །བྲག་སྲིན་གདུག་


CMR039_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ནམ་ཕྱེད་འུག་པས་ཧཱུྃ་སྒྲ་སྒྲོག །གཉན་རྣམས་འཁྲུག་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་རྟགསོལ། །ཐོ་རངས་ཕཊ་སྒྲ་སྒྲོག་པ་དེ། །མ་བདུད་རྒྱལ་མོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །ཕུག་རོན་ཁྱིམ་དུ་དེད་པ་དེ། །མུ་སྟེགས་ནག་པོའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྲེག་པ་ཁྱིམ་དུ་བརྒྱབ་པ་དེ། །ཁ་མཆུ་གླིང་བཞིའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །རི་བྱ་ཁྱིམ་དུ་བརྒྱབ་པ་དེ། །ནང་མི་འཁྱམ་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྲིད་ལ་རྟ་ཕོ་འཚེར་བ་དེ། །གཉན་རྣམས་གཡོས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །མགོ་དང་སྦྲ་ཁྱིམ་བྱ་སྐྱག་ཕོག་པ་དེ། །དམོད་བྱེད་སྡིག་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །སྲིན་བྱ་སྦྲ་ལ་བབ་པ་དེ། །སྲིན་མོས་གཡོས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །གོག་མོ་སྦྲ་ཁྱིམ་བརྒྱབ་པ་དེ། །ལྷ་བདུད་གཡོས་པའི་ལྟས་ངན་ཡིན། །དོ་ནུབ་


CMR039_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

གཏོ་འདིས་བཟློག་ཏུ་གསོལ། །བྱ་བོན་སྦྲ་ལ་བརྒྱབ་པ་དེ། །བོན་བྱེད་སྡིག་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །དེ་ནས་ལོ་བཤོས་བཅུ་གཉིས་འབུལ་བ་ནི། ཧཱུྃ། དག་པ་མཛད་པ་བཅུ་གཉིས་ནི། །མ་དག་རྟེན་འབྲེལ་བཅུ་གཉིས་ཀྱི། །ལོ་སྐོར་བཅུ་གཉིས་གཟུགས་སུ་ཤར། །སྲོག་ལུས་དབང་ཐང་ཁྱད་པར་གྱི། །དེ་ལ་ལོ་རྒན་དྲུག་ཅུ་བྱེད། །ལོ་ཟླ་ཞག་དུས་ཀུན་ལ་འཁོར། །ང་རྒྱལ་མི་ཡི་ལུས་པོ་ལ། །གཏི་མུག་དུད་འགྲོའི་མགོ་བོ་ཅན། །བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེལ་བྱ་ཁྱི་ཕག་མགོ །འདོད་ཆགས་བྱ་ཡི་གཤོག་པ་ལྡིང་། །ཞེ་སྡང་སྦྲུལ་མཇུག་སྨད་ལ་དཀྲིས། །ཕྲག་དོག་ཁྱུང་སྡེར་ཐལ་མོ་སྦྱར། །རང་རང་ལོ་ཡི་ལྷ་དང་དཔལ། །བདུན་ཟུར་ལོ་ཡི་གཤེད་དང་བདུད། །ལྷ་ཡང་ཡིན་ལ་འདྲེ་ཡང་ཡིན། །ཕན་གནོད་བྱ་བ་ཅི་ཡང་བྱེད། །ས་ཡི་ཕྱོགས་མཚམས་ཀུན་ཏུ་གནས། །དེ་ཕྱིར་ས་བདག་ལྷ་འདྲེའི་རིགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་འབྲུ་ཡི་བཤོས་བུ་ལ། །བཤོས་བུ་གཉིས་འགྲིག་བྱས་པ་ནི། །ལྷ་འདྲེ་གཉིས་ཀ་ཡིན་པའི་རྟགས། །རྩེ་གཅིག་


CMR039_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གྱེན་ལ་ཕྱོགས་པ་ནི། །རང་རང་ལོ་ཡི་ལྷ་ཡིན་རྟགས། །དེ་ལ་མར་གྱིས་བྱུག་པ་ནི། །ལྷ་ཞལ་དུང་བས་དཀར་བའི་རྟགས། །རྩེ་གཅིག་ཐུར་དུ་ཁུག་པ་ནི། །བདུན་ཟུར་ལོ་པའི་བདུད་ཡིན་རྟགས། །བར་དུ་རིལ་བུ་བཞག་པ་ནི། །ལྷ་བདུད་གཉིས་ཀ་ཚིམ་པའི་རྟགས། །བཤོས་བུ་རི་རྒྱལ་ལྷུན་པོ་ཙམ། །རོ་བརྒྱ་ནུས་པ་སྟོང་དང་ལྡན། །ལོ་ལྷ་བཅུ་གཉིས་རྣམས་ལ་འབུལ། །མཉེས་ཤིང་རབ་ཏུ་ཚིམ་གྱུར་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རང་རང་ལོ་ཡི་ལྷ་མཛོད་ཅིག །ཚེ་བསྲིང་དཔལ་བསྐྱེད་བསོད་ནམས་སྤེལ། །བདུན་ཟུར་ལོ་པའི་མི་ཡོད་ཀྱང་། །གཤེད་དང་བདུད་དུ་མ་འབེབས་པར། །བྱམས་པའི་སེམས་དང་ལྡན་པར་མཛོད། །དཀོར་ཆེན་དྲུག་ཅུ་ཐམ་པ་དང་། །ལོ་ལྷའི་རྒྱལ་པོ་བཅུ་གཉིས་ལས། །འབྱུང་བའི་སྐག་རྣམས་བསྒྱུར་དུ་གསོལ། །གཅིག་པ་རང་སྐག་བསྒྱུར་དུ་གསོལ། །གཉིས་པ་བྱེ་བྲལ་བསྒྱུར་དུ་གསོལ། །གསུམ་པ་ཟུར་གསུམ་བསྒྱུར་དུ་གསོལ། །བཞི་པ་བཞི་གཤེད་བསྒྱུར་དུ་གསོལ། །ལྔ་པ་བྱེ་བྲལ་བསྒྱུར་དུ་གསོལ། །དྲུག་པ་དྲུག་འགྲམ་བསྒྱུར་དུ་གསོལ། །བདུན་པ་བདུན་ཟུར་བསྒྱུར་དུ་


CMR039_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བརྒྱད་པ་དུར་སྒོ་བསྒྱུར་དུ་གསོལ། །དགུ་པ་དགུ་མིག་བསྒྱུར་དུ་གསོལ། །བརྡ་ཐན་སུམ་བརྒྱ་དྲུག་ཅུའི་གནོད་པ་སྒྱུར། །ལོ་ཡི་སྐག་རྣམས་ཐམས་ཅད་སྒྱུར། །མཆེད་ལྕམ་རྣམས་ཁ་ཕྱིར་གྲུ་ལ་ཐལ་མོ་བརྡབ་ཅིང་། ཀྱཻ། བྱ་ལོ་དང་བྱ་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ཙི་ཙི་སྭཱ་ཧུ། གླང་ལོ་དང་གླང་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ཉི་ཙི་སྭཱ་ཧཱ། སྟག་ལོ་དང་སྟག་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་པ་ཙི་སྭཱ་ཧཱ། ཡོས་ལོ་དང་ཡོས་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ཞ་ཙི་སྭཱ་ཧཱ། འབྲུག་ལོ་དང་འབྲུག་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་པ་ཅི་སྭཱ་ཧཱ། སྦྲུལ་ལོ་དང་སྦྲུལ་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་དུ་ཅི་སྭཱ་ཧཱ། རྟ་ལོ་དང་རྟ་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་བི་ཅི་སྭཱ་ཧཱ། ལུག་ལོ་དང་ལུག་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ད་ཅི་སྭཱ་ཧཱ། སྤྲེལ་ལོ་དང་སྤྲེལ་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ག་ཉ་སྭཱ་ཧཱ། བྱ་ལོ་དང་བྱ་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ཀུ་ཉ་སྭཱ་ཧཱ། ཁྱི་ལོ་དང་ཁྱི་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ཅི་ཅི་ཉ་སྭཱ་ཧཱ། ཕག་ལོ་དང་ཕག་ལོ་པའི་སྐག་བསྒྱུར་ཅིག །ཨོཾ་ཅི་ཉ་སྭཱ་ཧཱ། ༈ ཧཱུྃ། ལོ་ཟླ་ཞག་དུས་བདག་པོ་དང་། །ལོ་བདུད་ལོ་


CMR039_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་བཅུ་གཉིས་ལ། །ལན་ཆགས་བདག་པོ་ཐམས་ཅད་ལ། །མཐུན་པའི་དམ་རྫས་འབུལ་བ་ནི། །མདའ་བཀྲ་སྐྱེས་པ་སྟག་ཆས་ཅན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །ཟ་མ་མོ་ཡི་གླུད་དུ་འབུལ། །ཤིང་རིས་འཇའ་ཚོན་འོད་དུ་འབར། །རང་རང་སྤར་ཁའི་ཕྱག་རྒྱ་གསལ། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །རྒྱང་བུ་ལྕགས་རྒྱང་དུང་འདབ་ཅན། །ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ། །མཁའ་ནི་རང་གི་སེམས་ཡིན་པས། །གཉིས་མེད་མཚོན་པའི་ནམ་མཁའ་འདི། །སྟོང་པ་སེམས་ཀྱི་གླུད་དུ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །རྟ་བརྒྱ་ནོར་སྟོང་བེའུ་ལུག་ཁྲི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རྟ་ཕྱུགས་རྣམས་ཀྱི་གླུད་དུ་འབུལ། །མི་ནད་ཕྱུགས་ནད་བསྒྱུར་དུ་གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །སྨྱུང་ཚར་རོ། །དེ་ནས་ཕྱོགས་མདོག་ཀྱི་ཐུན་སོ་སོར་འུར་གཏག་བྱ། སླ་ང་བརྡུང་། དམོད་བཅོལ་དྲག་ཏུ་བྱ། ཧཱུྃ། ཐན་ཕྲན་སུམ་བརྒྱ་དྲུག་ཅུ་དེ། །གནམ་གྱི་བྱ་དཀར་མཆེ་བ་ཅན། །ས་ཡི་བྱི་ནག་


CMR039_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་མ་ཅན། །དེ་གཉིས་ཚོགས་པའི་ལྟས་ངན་ཡིན། །དོ་ནུབ་གཏོ་འདིས་བཟློག་ཏུ་གསོལ། །བརྡ་ཐན་བསྒྱུར་རོ་ལྟས་ངན་ཟློག །ཤར་ཕྱོགས་དྲི་ཟ་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །ཤར་ཕྱོགས་དགྲ་ཡི་ཡུལ་དུ་སོང་། །སུ་ལ་འཕྲད་པ་དེ་ལ་སྒྱུར། །བླ་བྱ་ཐུན་རྡོ་དཀར་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱི་སྦ་ཆུང་གི་སྐག་བསྒྱུར་ཅིག །ཅེས་ཤར་ལ་འཕེན། ལྷོ་ཕྱོགས་གཤིན་རྗེ་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །ལྷོ་ཕྱོགས་དགྲ་ཡི་ཡུལ་དུ་སོང། །སུ་ལ་འཕྲད་པ་དེ་ལ་སྒྱུར། །བྱ་བླ་ཐུན་རྡོ་སེར་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱིས་ཆུང་གི་སྐག་སྒྱུར་ཅིག །ལྷོ་ཟླཕྱོགས་སུ་འཕེན། ནུབ་ཕྱོགས་ཀླུ་གདོན་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །ནུབ་


CMR039_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་དགྲ་ཡི་ཡུལ་དུ་སོང་། །སུ་ལ་འཕྲད་པ་དེ་ལ་བསྒྱུར། །བྱ་བླ་ཐུན་རྡོ་དམར་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱི་སྦ་ཆུང་གི་སྐག་བསྒྱུར་ཅིག །ནུབ་ཕྱོགས་སུ་འཕེན། བྱང་ཕྱོགས་གནོད་བྱེད་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །བྱང་ཕྱོགས་དགྲ་ཡི་ཡུལ་དུ་སོང་། །སུ་ལ་འཕྲད་པ་དེ་ལ་སྒྱུར། །བླ་བྱ་ཐུན་རྡོ་ལྗང་ཁུས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱི་སྦ་ཆུང་གི་སྐག་བསྒྱུར་ཅིག །བྱང་ཕྱོགས་སུ་འཕེན། ཧཱུྃ། ཤར་ལྷོ་མེ་ལྷ་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་*ཡང། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །ཤར་ལྷོ་དགྲ་ཡི་ཡུལ་དུ་སོང་། །སུ་དང་འཕྲད་པ་དེ་ལ་སྒྱུར། །བྱ་བླ་ཐུན་རྡོ་སེར་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱི་སྦ་ཆུང་གི་སྐག་བསྒྱུར་ཅིག །ཤར་ལྷོའི་ཕྱོགས་སུ་འཕེན། ཧཱུྃ། ལྷོ་ནུབ་སྲིན་པོ་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན།


CMR039_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །བྱང་ཕྱོགས་དགྲ་ཡི་ཡུལ་དུ་སོང་། །སུ་ལོ་འཕྲད་པ་དེ་ལ་སྒྱུར། །བླ་བྱ་ཐུན་རྡོ་དྲག་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱི་སྦ་ཆུང་གི་སྐག་བསྒྱུར་ཅིག །ལྷོ་ནུབ་ཏུ་འཕེན། ནུབ་བྱང་རླུང་ལྷ་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །ནུབ་བྱང་དགྲ་ཡི་ཡུལ་དུ་སོང་། །སུ་ལ་འཕྲད་པ་དེ་ལ་སྒྱུར། །བླ་བྱ་ཐུན་རྡོ་དྲག་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱི་སྦ་ཆུང་གི་སྐག་བསྒྱུར་ཅིག །ནུབ་བྱང་དུ་འཕེན། །བྱང་ཤར་དབང་ལྡན་ལ་སོགས་པའི། །ལྷ་ཀླུ་བདུད་བཙན་འདྲེ་སྲིན་ཚོགས། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །བྱང་ཤར་དགྲ་ཡི་ཡུལ་དུ་སོང་། །སུ་ལ་འཕྲད་པ་དེ་ལ་སྒྱུར། །བྱ་བླ་ཐུན་རྡོ་དྲག་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱིས་སྦ་ཆུང་གི་སྐག་བསྒྱུར་ཅིག །ཅེས་བྱང་ཤར་


CMR039_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འཕེན། སྟེང་འོག་གཉིས་ཀྱི་བྱ་ཐན་གཏག །ལྷ་བདུད་མ་ཡམས་ཀླུ་ལ་སོགས། །ལྷ་ཀླུ་བདུད་བཙན་ལ་སོགས་པ། །བྱ་ཐན་གང་དང་བསྡོང་བ་ཡང་། །དོ་ནུབ་གླུད་ཆེན་འདི་ལོངས་ལ། །སྟེང་འོག་དགྲ་ཡི་ཡུལ་དུ་སོང་། །སུ་ལ་འཕྲད་པ་དེ་ལ་སྒྱུར། །བྱ་བླ་ཐུན་རྡོ་དྲག་པོས་གཏག །དོ་ནུབ་ལྟས་ངན་བཟློག་ཏུ་གསོལ། །ཕོ་ཡི་བདུད་དང་མོ་ཡི་སྲི། །བྱིས་སྦ་ཆུང་གི་སྐག་སྒྱུར་ཅིག །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །མི་མཐུན་རྐྱེན་དང་བར་ཆད་ཟློག །ཁྱོད་ཀྱི་མཐུ་དང་རྫུ་འཕྲུལ་གྱིས། །ལྟས་ངན་བཟློག་པའི་དུས་ལ་བབ། །བཟློག་གོ་རི་རབ་རྩེ་ནས་ཟློག །བསྒྱུར་རོ་རྒྱ་མཚོའི་གཏིང་དུ་སྒྱུར། །ཡ་བདུད་རྒྱལ་པོས་ཡར་ལ་ཟློག །མ་བདུད་རྒྱལ་མོས་མར་ལ་ཟློག །ཕོ་བདུད་དལ་ཁ་གཡས་སུ་སྒྱུར། །མོ་བདུད་དལ་ཁ་གཡོན་དུ་སྒྱུར། །ཆུང་བདུད་དལ་ཁ་ཐད་དུ་སྒྱུར། །སྤྱི་བདུད་དལ་ཁ་དགྲ་ལ་སྒྱུར། །བཟློག་ཅིག་བསྒྱུར་ཅིག་མཱ་ར་ཡ། །བྷྱོ་བྷྱོ་ས་མ་ཡ་ཟློག་ཟློག །དེ་ནས་ཞལ་བསྒྱུར་ལ་རྫོངས་འདེབས་ལམ་བསྟན་བྱའོ། །ཧཱུྃ། ང་ནི་འཇམ་དཔལ་ཁྲོ་བོའི་སྐུ། །ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་


CMR039_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

གཞན། །ལག་ཆ་ཤོར་ནས་འདར་གྱུར་ན། །སྣང་སྲིད་ལྷ་འདྲེ་སྨོས་ཅི་དགོས། །ང་ཡི་བཀའ་ལ་མ་འདའ་ཞིག །ལོ་སྐོར་བཅུ་གཉིས་ལྷ་ཀླུ་དང་། །གཤིན་རྗེ་གནོད་སྦྱིན་ཐན་བདག་བཅས། །སྣང་ཞིང་སྲིད་པའི་ལྷ་དང་འདྲེ། །དང་པོ་ལན་གཅིག་མི་འབྱོན་རྒྱུས། །འཇམ་དཔལ་དབྱངས་ཀྱི་དམ་ཚིག་གཉན། །གླུད་དང་གཏོར་མ་མི་ཆ་ལེན་རྒྱུས། །བུ་ལོན་ལན་ཆགས་འཇལ་བ་ཡིན། །ད་ནི་གནས་སུ་མི་གཤེགས་རྒྱུས། །དུས་ངན་མི་རྣམས་སྤྱོད་པ་རྩིང་། །ཐབ་གཞོབ་གྲིབ་ཀྱིས་ཕོག་ཉེན་མཆིས། །དེ་བས་ད་ནི་གནས་སུ་གཤེགས། །སྤྲིན་དང་འཇའ་ཚོན་ཁུ་རླངས་གསུམ། །ནམ་མཁའི་ནང་ནས་སྤྲུལ་པ་ཤར། །སླར་ཡང་ནམ་མཁའི་ངང་ལ་ཐིམ། །སྤར་ཁ་ལོ་ཟླའི་ས་བདག་༄རྣམས། །ཆོས་ཀྱི་དབྱིངས་ནས་སྤྲུལ་པ་བྱུང་། །སླར་ཡང་ཆོས་ཀྱི་དབྱིངས་སུ་ཐིམ། །སྤར་ཁ་རང་རང་ཕྱོགས་སུ་གཤེགས། །ལོ་ལྷ་རང་རང་ཕྱོགས་སུ་གཤེགས། །འབྲུ་སྣ་རིན་ཆེན་རྫོངས་སུ་འདེབས། །ཤེལ་ཚིགས་འབྲས་ཡོས་རྫོངས་སུ་འདེབས། །དར་ཚོན་སྣམ་རས་རྫོངས་སུ་འདེབས། །ད་ནི་རང་གི་གནས་སུ་བྱོན། །འཁོར་གྱི་ལོ་བདུད་འདྲེ་


CMR039_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

སྲིན་ལ། །ཚྭ་ཡོས་རིམ་རུག་རྫོངས་སུ་འདེབས། །དྲི་གླུད་གོས་དུམ་རྫོངས་སུ་འདེབས། །ཤ་ཤུན་སྦང་རྒུམ་རྫོངས་སུ་འདེབས། །ཟོ་ཤེ་རྐྱལ་བཤལ་རྫོངས་སུ་འདེབས། དེ་ལྟར་གླུད་དང་ཡས་སྟགས་འདིས། །གནོད་པར་བྱེད་པ་ཐམས་ཅད་བཀར། །འདྲེ་ལྔ་བདུད་གཅོད་ཐམས་ཅད་བཀར། །འདྲེ་གདོན་རང་རང་གནས་སུ་སོང་། །ལུང་གསུམ་འདུས་པའི་མདོ་ལ་སོང་། །ཆུ་གསུམ་འདུས་པའི་གཞུང་ལ་སོང་། །ལྷ་ཁང་རྙིང་པའི་ནང་ལ་སོང་། །བྲག་ཕུག་སྟོང་པའི་ནང་ལ་སོང་། །དབེན་གནས་སྟོང་པའི་ནང་ལ་སོང། །རྐང་གཅིག་ཤིང་གི་དྲུང་དུ་སོང་། །དུར་ཁྲོད་ཆེན་པོའི་འགྲམ་དུ་སོང་། །རྒྱ་མཚོ་ཆེན་པོའི་འགྲམ་དུ་སོང་། །དཔག་ཚད་མང་པོའི་ཕ་རོལ་སོང་། །རྒྱང་གྲགས་གཅིག་ལས་ཚུར་མ་ཉེ། །ཕྱིན་ཆད་གནས་འདིར་མ་འགྲིམ་ཞིག །སརྦ་བྷུ་ཏ་གཙྩ་གཙྩ། གཏོ་ཆོག་མཁན་པོ་ཤར་མ་ཧཱ་ཡ་ན་དང་། བོད་ཀྱི་ཡུལ་གྱི་ལོ་ཙྪ་བ། །བེ་རོ་ཙ་ན་ལ་སོགས་པའི། །རྒྱ་ནག་ཡུལ་གྱི་སློབ་དཔོན་ནི། །མ་ཧཱ་ཡ་ནས་མཛད་པ་དང་། །ཀོང་རྩེ་འཕྲུལ་གྱི་རྒྱལ་པོའི་ལུགས། །བྱ་གཏོ་དང་ནི་བྱ་མདོས་སོགས། །ཡིག་རྙིང་མང་པོའི་དོན་བསྡུས་ཏེ། །གཏོ་མཁན་མཁས་པ་མང་པོ་ཡི། །ཕྱག་ལེན་མཐོང་བ་བརྒྱུད་པ་


CMR039_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །སྔགས་ཆུང་གསར་བུ་མང་པོ་ལ། །ཕན་ཕྱིར་རཱ་ག་ཨ་སྱས་བསྒྲིགས། །འདི་ཉིད་མེད་ཐབས་མི་འདུག་ཀྱང་། །ཆ་ལག་ཚང་བ་དཀོན་འདུག་པས། །མ་འོངས་འགྲོ་ལ་ཕན་ཕྱིར་བཀོད། །དེ་ལ་འགལ་བ་མཆིས་སྲིད་ན། །འཇམ་དཔལ་དབྱངས་དང་འཕྲུལ་གྱི་རྒྱལ། །མཁས་པ་མང་པོའི་མདུན་ལ་བཤགས། །མ་འོངས་འགྲོ་ལ་བདེ་ལེགས་ཤོག །སརྦ་མངྒ་ལཾ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཀོང་ཙེ་འཕྲུལ་གྱི་རྒྱལ་པོས་མཛད་པའི་བྱ་གཏོ་སྐྱེན་དགུ་བདེ་ལྡན་བལྟས་ཆོག་ཏུ་བཀོད་པ།next