Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གླང་ཆེན་སྣ་བསྒྱུར།
   
   
   
   
   
   
   
   
   
   


 
previousགླང་ཆེན་སྣ་བསྒྱུར།next

གླང་ཆེན་སྣ་བསྒྱུར།


CMR039_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་གླང་ཆེན་སྣ་བསྒྱུར་ནི༔ ཧཱུྃ༔ གླང་ཆེན་སྟོབས་དང་ལྡན་པ་འདི༔ རྒྱུ་ནི་འབྱུང་བ་ལྔ་ལས་བྱུང་༔ ཆགས་པ་རྒྱ་ཡི་ཡུལ་དུ་ཆགས༔ གཟུགས་ནི་སེམས་ཅན་ཀུན་ལས་འཕགས༔ ཡིན་ནི་ལྷ་མིའི་དཀོར་ནོར་ཡིན༔ སྟོབས་བཅུ་ལྡན་པའི་གླང་པོ་ཆེ༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ གླང་ཆེན་སྣ་ལྗགས་གྲི་མཚོན་བསྒྱུར༔ ཕ་རོལ་དགྲ་བོའི་སྲོག་ལ་བསྣུན༔ རྒྱན་དུ་ཐན་གྱི་རྐྱལ་པ་བཀལ༔ དགྲ་ཡི་ཡུལ་དུ་ཆོ་འཕྲུལ་ཐོངས༔ གཡས་གཡོན་མཛེ་ཕོ་སྤྲང་ལོང་མང་པོས་བསྐོརཿ་ནད་ཡམས་དལ་ཡམས་དགྲ་ལ་བྷྱོཿ དགྲ་བགེགས་ཐལ་བ་རྡུལ་དུ་བརླག་པར་མཛོད༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔ གླང་ཆེན་སྣ་སྒྱུར་རྫོགས་སོ༔ ཞེས་དཀར་གཏོར་གསེར་སྐྱེམས་སྔོན་དུ་བཤམས༔ གླང་གཟུགས་གཡག་རུ་ཁ་ཕྱིར་བསྟན༔ རྗེས་སུ་དགྲ་བགེགས་ཚར་གཅོད་གཏོར་མ་བཤམ་མདའ་ཟོར་གཞན་ཟོར་ཡོད་ན་འཕན་རྒྱུ་བཤམ༔ ཡོན་མཆོད་ཐམས་ཅད་ཀྱིས་གོ་གྱོན་མཚོན་ཐོགས་ནས་སྟངས་སྟབས་བྱ༔ སྤྲོས་བཅས་དར་ནག་སྐྱོད་ནས་མདོས་ཟློག་གཞུང་ལྟར་བྱ་བ་ཡིན༔ རྟ་ལོ་ཁྲུམས་སྟོད་ཟླ་བའི་ཉེར་དགུའི་ནུབ་རཱ་ག་ཨ་སྱས་སྦྱར༔ ཆོས་སྐྱོང་བཀའ་སྲུང་དགྲ་བླའི་ཚོགས་ལ་བཤགས༔ འདི་བྲིས་དགེ་བས་དགྲ་བགེགས་


previousགླང་ཆེན་སྣ་བསྒྱུར།next