Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐར་ཆུང་བྱིས་ཁྲ་སྤར་འབྱེད་དང་། སྲིའུ་ཐར་ཆེན་ཁ་འཕུད་ཐབས་གསལ་བ་བལྟས་ཆོག་ཏུ་བཀོད་པ།
   
   
   
   
   
   
   
   
   


 
previousཐར་ཆུང་བྱིས་ཁྲ་སྤར་འབྱེད་དང་། སྲིའུ་ཐར་ཆེན་ཁ་འཕུད་ཐབས་གསལ་བ་བལྟས་ཆོག་ཏུ་བཀོད་པ།next

ཐར་ཆུང་བྱིས་ཁྲ་སྤར་འབྱེད་དང་། སྲིའུ་ཐར་ཆེན་ཁ་འཕུད་ཐབས་གསལ་བ་བལྟས་ཆོག་ཏུ་བཀོད་པ།


CMR039_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་ཆུང་བྱིས་ཁྲ་སྤར་འབྱེད་དང་། སྲིའུ་ཐར་ཆེན་ཁ་འཕུད་ཐབས་གསལ་བ་བལྟས་ཆོག་ཏུ་བཀོད་པ་བཞུགས་སོ།།


CMR039_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱ་ཡུཛྙཱ་ན་སིདྡྷི་ཧཱུྃ། པད་འབྱུང་ཚེ་ཡི་ལྷ་ལ་ཕྱག་འཚལ་ལོ། །བྱིས་པ་ཐར་པའི་ཕྱག་ལེན་གསལ་བཀོད་བྱ། །ཐར་ཆུང་བྱིས་ཁྲ་སྤར་འབྱེད་བྱ་བ་དང་། །ཐར་ཆེན་ལེའུ་ཐར་འདོན་རྣམ་པ་གཉིས། །ཐར་ཆུང་ཟླ་ངོ་རེ་ལ་རེ་རེ་སྟེ། །ཐར་ཆེན་ཟླ་ངོ་བཅུ་གསུམ་འདོན་དུས་ཀྱང་། །ཐར་ཆུང་ཉིན་རེ་ཚང་མ་བྱ་བ་སྟེ། །ཐར་ཆེན་ལ་ཡང་རབ་འབྲིང་ཐ་མ་གསུམ། །རབ་ནི་ཞག་མང་རྩ་གསུམ་ལྷ་ཚོགས་ལ། །གཏང་རག་སྐང་གསོ་གསོལ་མཆོད་ཞག་མང་བྱ། །འབྲིང་ནི་སྔར་ནུབ་བསྐང་གསོལ་ཚོགས་འཁོར་མཇུག །ཁྱི་ཐོད་ནང་དུ་ཆུང་སྲིའི་ལིངྒ་མནན། །ཕྱིར་ནངས་བསང་བྱ་དེ་ནས་ཐར་ཆེན་བྱ། །བསྡུས་པ་ཉིན་གཅིག་སྔ་དྲོ་བསང་བྱས་ལ། །དེ་ནས་ཐར་བྱ་ཉིན་རྫོགས་ཆོག་པ་ཡིན། །གཞི་དཀར་སྟེང་དུ་ནས་ཀྱི་


CMR039_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

འདབ་བརྒྱད་བྲི། །ཡོད་ན་ཐོད་པ་མཚན་བཟང་དུམ་གཅིག་སྟེང་། །མེད་ན་སྡེར་ནང་ཟིན་ལ་ཐོད་པའི་གཟུགས། །ཕྱི་ནས་མར་བྱུག་ནང་ནས་འབྲི་མོག་བྱུག །དེ་ནང་ཟན་བུམ་ཉི་ཟླ་ནོར་བུས་བརྒྱན། །དེ་ནས་འདབ་བརྒྱད་དབུས་བཞག་སྒྲུབ་པའི་རྟེན། །གོང་དུ་བླ་མ་ཡི་དམ་ཟླུམ་གཏོར་གཅིག །འཇིག་རྟེན་པ་ཡི་ལྷ་ལ་དཀར་གཏོར་གཅིག །གཡག་ལུག་ར་གསུམ་འབྲུ་སྣ་ཕྱེ་མར་དང་། །ཇ་ཆང་འོ་ཞོའི་ཕུད་རྣམས་བསང་ལྟར་བཤམས། །ཐར་ཕོར་མར་ཁུས་བཀང་བ་བཞག་སྲོལ་གདལ། །ཟན་གྱི་བྱིའུ་གཟུགས་ནི་མཛེས་པའི་ནང་། །ཚེ་དཔག་གཟུངས་བྲིས་བཅུག་ཅིང་འབྲུ་སྣ་བླུག །འབྲང་རྒྱས་ཞལ་དཀར་བཤོས་བུ་མར་མེ་དང་། །ངར་མི་དང་ནི་ཟན་གྱི་བྱིས་ཆུང་ལ། །དར་རས་པན་ཆུང་བཙུགས་པ་བཅུ་གསུམ་རེ། །དེ་རྣམས་


CMR039_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

གཙང་མ་བྱ་ཞིང་མར་གྱིས་བརྒྱན། །ངར་མི་ཆངས་བུ་གླུད་ནི་བཅུ་གསུམ་རེ། །ཁྱི་ཐོད་ནང་དུ་ལིངྒ་མ་ཐོན་ན། །ཏྲི་ཆུང་སྲི་ཁུག་ནན་བྲིས་པ་ནི། །ནང་བཅུག་འཇིམ་པའི་ཁྱི་མགོ་ནག་པོ་གཅིག །ཏྲི་ཆུང་སྲི་ཛཿཧཱུྃ་བཾ་ཧོནང་དུ་བཅུག་པ་ཡི། །ཟན་ནག་ཁྲ་གཟུགས་གཤོག་པ་བརྐྱང་པ་ཞིག །མོན་ལུག་བླ་སྒང་རྙེད་ན་རབ་ཡིན་ཏེ། །མ་རྙེད་བླ་སྒང་འབྲས་བུ་ནང་བཅུག་པའི། །ངར་མི་མཐོ་གང་སྣོད་གཅིག་ནང་དུ་བཞག །མ་བུའི་ཆངས་བུ་གོས་དུམ་འབྲུ་སྣ་བཏབ། །ཤུག་ཏི་ལ་རྩེ་རྒྱལ་གསུམ་གྱི་རྟིང་པ་དཀར། །རྩེ་ལ་བལ་གཡུ་དར་ཚོན་བརྒྱན་པ་གསུམ། །སྐུ་རྟེན་དུང་ཆུང་གསུང་རྟེན་བྱི་རུ་དང་། །ཐུགས་རྟེན་གཡུ་ཆུང་ཡོན་ཏན་རྟེན་དུ་ནི། །གསེར་རམ་གསེར་ཐིག་སྤོས་གུམ་གང་འཛོམ་ཞིག ། ཕྲིན་ལས་རྟེན་དུ་མུ་མེན་བླ་ཡི་རྟེན། །ཁྲབ་བྱང་མིག་དགུ་ཡིན་ཅིང་བཀྲག་མདངས་རྟེན། །དར་ཚོན་སྣ་ལྔ་དེ་རྣམས་སྲོག་གི་རྟེན། །མདའ་མོ་སྒོད་སྒྲོ་མ་ལ་བཏགས་ཏེ་མཚུངས། །ཐར་སྐས་ཤུག་ཐིལ་རྩེ་རྒྱལ་རྩ་བ་ནི། །ཕུར་བུའི་སོ་བཞིན་ཟླུམ་པོར་བཞོག་བྱས་ཏེ། །འཇིམ་པའི་རི་རབ་སྟེང་དུ་བཙུགས་པའམ། །ཡང་ན་ཟན་ལ་རི་རབ་བྲིས་སྟེང་བཙུགས། །ཐར་སྐས་རིམ་པ་བཅུ་གསུམ་རེ་རེའི་སྟེང་། །མར་གྱི་རྡོ་རྗེའི་འཕྲད་བཞག་རེ་རེའི་སྟེང་། །རྩེ་ལ་ཉི་ཟླ་སྐར་གསུམ་ནོར་བུས་བརྒྱན། །རྩེ་མོ་མན་ཆད་བལ་དང་དར་ཚོན་བརྒྱན། །དེ་རྣམས་མཆོད་གཞིའི་གཡས་ཕྱོགས་བཙུགས་ལ་བཞག །མ་ཡིས་བུ་པང་རང་དང་དེ་ཡི་བར། །ཐར་སྣམ་ལྭ་དཀར་འདོམ་གང་གྲུ་གང་བཏིང་། །སྨད་ན་ནས་ཀྱི་


CMR039_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་ཟླ་པདྨ་བྲི། །དེའི་སྟེང་ན་ནས་ཀྱི་རྡོ་རྗེ་སྐེད་བཞག་ནི། །བཅུ་གསུམ་བྲིས་ཏེ་ཉི་ཟླ་ནོར་བུ་བྲི། །འདི་ནི་ཐར་ཆེན་དུས་ཡིན་ཐར་ཆུང་དུས། །ཚོམ་བུ་བཅུ་གསུམ་མ་གཏོགས་བྲི་མི་དགོས། །འོག་ཏུ་ངར་མི་དེ་ཡི་ཉེ་ལོགས་སུ། །ལྕགས་སྡེར་ནང་དུ་བྱིས་ཚང་རྙིང་པ་དང་། །དེ་ཡི་ནང་དུ་ཁྱི་མགོའི་གཟུགས་དེ་བཞག །དེ་ཡི་དྲུང་དུ་འཇིམ་གཟུགས་གྲུ་གསུམ་མམ། །ཡང་ན་ས་ལ་གྲུ་གསུམ་བྲིས་པའི་སྟེང་། །གླང་མའི་འདྲེ་སྐས་མགོ་ཐུར་བསྒྱུར་ལ་བཙུགས། །བདག་བསྐྱེད་ཡི་དམ་ལས་བྱང་སྔོན་སོང་ནས། །གླང་མའི་མེ་སྦྲར་དང་པོ་དུག་ཕྱུང་ནི། །ཀྱཻ། དུག་གི་ཕ་ནི་གནམ་ཡང་ཡིན། །དུག་གི་མ་ནི་ས་ཡང་ཡིན། །དེ་གཉིས་རྫུ་འཕྲུལ་བསྡེབས་པ་ལས། །བུ་ནི་དུག་ནག་སྡེ་དགུ་སྲིད། །བཙན་དུག་ར་དུག་ཐང་ཕྲོམ་དང་། །ཟི་ལ་ཞ་ནེ་ཚྭ་ལ་དང་། །རེ་ནག་སྤྱད་ནག་འབག་བཙོག་དང་། །ལྷ་མི་གཉིས་པོའི་མི་གཙང་དུག །མི་གཙང་དུག་རྣམས་ཕྱིར་ཕྱུངས་ཤིག །ཨོཾ་དུག་པྲ་མ་ཤཱནྟཾ་ཀུ་རུ་སྭཱ་ཧཱ། ཞེས་མེ་རུམ་བྱས་ལ་ཕྱིར་དོར། དེ་ནས་ཆུ་གཙང་གིས་བྲན་ལ། ཧཱུྃ། ཆུ་བོ་དལ་འགྲོ་ལྷ་ཡི་ཆུ། །དབང་ཕྱུག་ཆེན་པོས་བྱིན་བརླབས་ནས། །ལྷ་ཡི་ཡུལ་ནས་མི་ཡུལ་བྱོན། །ཡན་ལག་བརྒྱད་ལྡན་དྲི་མ་མེད། །མ་དག་པ་རྣམས་དག་པར་མཛོད། །མི་གཙང་བ་


CMR039_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་གཙང་གྱུར་ཅིག །ཨོཾ་སརྦ་དྲ་བྱི་ཤཱ་དྷ་ནི་ཧཱུྃ་ཕཊ༔ ཨ། མི་དམིགས་སྟོང་པའི་ངང་ཉིད་ལས། །ཧཱུྃ་ལས་རིན་ཆེན་སྣོད་ནང་དུ། །དཀར་གསུམ་མངར་གསུམ་བདུད་རྩིའི་མཚོ། །ཕྱི་ནང་གསང་གསུམ་མཆོད་པའི་སྤྲིན། །ཁ་དོག་དྲི་རོ་ནུས་པར་ལྡན། །ཟད་མེད་ལོངས་སྤྱོད་ནཾམ་མཁའི་མཛོད། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་སྲུང་ཐམས་ཅད་མཉེས་བྱེད་གྱུར། །ཨོཾ་བཛྲ་སྤ་ར་ཎ་ཁཾ། ཨ་ཡིག་ལས་བྱུང་སྒྲུབ་པའི་རྟེན། །མཚན་ལྡན་བྷན་དུམ་གཅིག་པ། །དངོས་གྲུབ་རྫས་ཀྱིས་གང་བ་ལས། །མཆོད་པའི་སྤྲིན་ཕུང་རྣམ་པར་འཕྲོ། །འདབ་སྟོང་འདབ་བཅུ་འདབ་བརྒྱད་དབུས། །ཧཱུྃལས་བཅོམ་ལྡན་ཚེ་དཔག་མེད། །དམར་པོ་མཉམ་བཞག་ཚེ་བུམ་འཛིན། །ཕྱོགས་བཞིར་ཚེ་འགུགས་སྒོ་མ་བཞི། །མཚམས་བཞིར་ཚེ་འགུགས་མགྱོགས་མ་བཞི། །དེ་རྒྱབ་འདབ་བཅུ་ཁྲོ་བོ་བཅུ། །དེ་རྒྱབ་འདབ་མ་སྟོང་རྣམས་ལ། །མ་ལྷ་དཔལ་ལྡན་ལྷ་མོ་དཀར། །ཞི་འཛུམ་མདའ་དར་ཚེ་བུམ་འཛིན། །མ་ལྷ་བུ་རྫི་གསེར་གྱི་མདོག །ཕྱག་ན་གྲུ་གུ་འཕང་ལོ་བསྣམས། །མ་ལྷ་དཀར་མོ་མཆེད་བརྒྱད་བཅས། །ཀུན་ཀྱང་དེར་


CMR039_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དཀར་ན་བཟའ་གསོལ། །ཕྲག་ལྷ་སྲོག་གི་རྗེ་བོ་ནི། །མི་དཀར་དུང་གི་གོ་མཚོན་ཅན། །ཕྱག་ན་རྒྱལ་མཚན་མདུང་དར་བསྣམས། །ཆིབས་སུ་དུང་ཁྱུང་དཀར་པོ་ཆིབས། །ཐབ་ལྷ་ཡུ་མོ་བུད་མེད་གཟུགས། །དར་ཟབ་གོས་གྱོན་གཡུ་ཡིས་རྒྱན། །ཕྱག་ན་གསེར་གྱི་གཟར་བུ་བསྣམས། །ཁྱིམ་ལྷ་གེ་ཐུང་སྐུ་མདོག་སྔོ། །གཡུས་བརྒྱན་དུང་གི་ཀ་བ་བསྣམས། །ཞང་ལྷ་ཕྱུ་རྫི་ཐང་དཀར་ཆིབས། །གཞན་ཡང་སྐྱོབ་པའི་ལྷ་ལྔ་དང་། །འཇིག་རྟེན་སྲིད་པའི་ལྷ་དགུ་སོགས། །མགོན་སྐྱོབ་བྱེད་པའི་ལྷ་རྣམས་ཀུན། །ཀུན་ཀྱང་མདོག་དཀར་ཞི་ཞིང་འཛུམ། །ཕྱག་ན་མདའ་དར་ཚེ་བུམ་འཛིན། །ཁྲོམ་ཚོགས་བཞིན་དུ་བསྐོར་བར་གྱུར། །བུམ་ནང་རྡོ་རྗེ་རྣམ་པར་འཇོམས། །ལྗང་སྔོན་རྒྱ་གྲམ་དྲིལ་བུ་འཛིན། །སྐྱིལ་ཀྲུང་དར་དང་རིན་ཆེན་རྒྱན། །འབྱུང་བའི་ལྷ་མོ་ལྔ་ཡིས་བསྐོར། །ཚེ་ལྷ་ཚེ་དཔག་མེད་མགོན་གྱི། །གནས་གསུམ་འབྲུ་གསུམ་ཐུགས་སྲོག་ཧྲཱིཿ །དེ་ལས་འོད་ཟེར་འཕྲོས་པ་ཡིས། །འཁོར་འདས་གཉིས་ཀྱི་ཞིང་ཁམས་ནས། །ལྷ་ཚོགས་ཐམས་ཅད་སྤྱན་དྲངས་གྱུར། །བདེ་ཆེན་ཆོས་དབྱིངས་ཞིང་ཁམས་


CMR039_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཚེ་ལྷ་མགོན་པོ་ཚེ་དཔག་མེད། །སྲོག་ལྷ་ཚེ་འགུགས་ལྷ་མོའི་ཚོགས། །འདིར་གཤེགས་ཚེ་རྫ་ས་རྟེན་འདིར་བཞུགས། །བུ་རྫི་དཔལ་ལྡན་ལྷ་མོ་ནི། །མ་ལྷ་དཀར་མོ་མཆེད་བརྒྱད་བཅས། །འདིར་གཤེགས་བུ་ཡི་རྫི་བོ་མཛོད། །ཕྲག་ལྷ་ཞིང་ལྷ་ཁྱིམ་གྱི་ལྷ། །ཐབ་ལྷ་ལ་སོགས་སྲིད་པའི་ལྷ། །ཐམས་ཅད་འདིར་གཤེགས་མགོན་སྐྱོབས་མཛོད།། ཛཿཧཱུྃ་བཾ་ཧོ་ཏིཥྛ་ལྷན། །འཇིག་རྟེན་འདས་དང་མ་འདས་པའི། །ལྷ་སྲུང་གཉན་པོ་ཁྱེད་རྣམས་ལ། །དཀར་གསུམ་མངར་གསུམ་མཆོད་པ་འབུལ། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ཏེ་འབུལ། །སྲིའུ་སྲི་ལས་ཐར་བ་ཡི། །སྔར་བྱས་ལས་ཀྱི་གཏང་རག་འབུལ། །ཕྱིས་བྱེད་ལས་ཀྱི་ཞུ་སྐྱེམས་ཡིན། །བསྟོད་དོ་བསྐུལ་ལོ་ངོ་སོ་བསྟོད། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཚེ་ལྷ་སྲོག་ལྷ་ཐམས་ཅད་མཆོད། །དེ་དག་ཀུན་ལས་འོད་འཕྲོས་པས། །འཁོར་འདས་ཚེ་བཅུད་ཀུན་བསྡུས་ནས། །ཚེ་རྫས་རྣམས་ལ་སིབ་སིབ་ཐིམ། །ཨོཾ་ཨ་མཱ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཨོཾ་ཧཱུྃ་ཤྲཱི་ཡེ་དེ་བཱི་ཀཱ་ལི་ཀཱ་ལི་མ་ཧཱ་ཀ་


CMR039_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

ལི་ཧཱུྃ་བྷྱོ་ཧཱུྃ་ཛཿ ཨཱ་ཡུ་ཥ་ཧཱུྃ་ཧཱུྃ་ནི་ཛཿ ཞེས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླའོ། །བསྡུ་ན་ཞག་གསུམ་མམ་འབུམ་བཟླས་གསུངས། བདག་མདུན་ལྷ་ཚོགས་གྲངས་མེད་པས། །སྐད་ཅིག་དུང་ཕྱུར་འགྲོ་བར་བསམ། །བདག་གི་ཐུགས་ཀའི་འོད་ཟེར་གྱིས། །རྣམ་འཇོམས་འབྱུང་བའི་ལྷ་མོ་བསྐུལ། །དེ་ལས་བདུད་རྩིའི་རྒྱུན་བབས་པས། །ཁྲུས་ཆུ་ཡེ་ཤེས་བདུད་རྩིར་གྱུར། །རྣམ་པར་འཇོམས་པ་རྒྱས་པ་ཚར་གསུམ་འདོན་པའམ། ཡང་ན་རྣམ་འཇོམས་ཡང་སྙིང་ཉེར་གཅིག་བཟླ། ཨོཾ་ཨབཛྲ་བི་ད་ར་ཎ་ཧཱུྃ་ཕཊ༔ ཅེས་པ་དེ་བརྒྱ་རྩ་བཟླ། ༀ་ཨེ་ཧོ་ཤུདྡྷེ་ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཞེས་ཅི་འགྲུབ་བཟླ། དེ་ནས་མ་བུ་མདུན་དུ་འཁོད་ལ། མ་དེས་མེ་ལོང་ངམ་གའུར་མཆོད་གཞིའི་ངོས་ལ་བསྟན་བཅུག་ལ། རང་གིས་བུམ་པའམ་མེད་ན་གཏོར་འགུའི་ཁྲུས་ཆུ་བཟུང་ལ། ཤུག་གསུར་ཕྱེ་མར་དུད་པ་བྱས། ཀྱཻ། སྔོན་གྱི་བསྐལ་པའི་དང་པོ་ལ། །ནམ་མཁའ་སྟོང་པའི་དབྱིངས་རུམ་ནས། །ཤེལ་གྱི་ཟིལ་པ་ཁྲོམ་ཙམ་བྱུང་། །དེ་ལ་ཆུ་ཡི་དཀྱིལ་འཁོར་ཆགས། །རྡོ་རྗེ་རྒྱ་གྲམ་རླུང་ལ་ཆགས། །དེ་ལ་གསེར་གྱི་ས་གཞི་ཆགས། །བདུད་རྩི་


CMR039_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

ཆུ་ཡི་ཟིལ་པ་ཆགས། །རྨད་བྱུང་བདུད་རྩིའི་འབྲས་དྲུག་འཁྲུངས། །བསྐལ་པ་དེ་ཙམ་ཆགས་པ་ལ། །སྲིད་པ་མིའུ་རིན་ཆེན་དེ། །འོད་གསལ་ལྷ་ཡི་ལུས་ནས་ཆད། །རིན་ཆེན་ས་ལ་བདག་ཏུ་བཟུང་། །ཡུམ་ཆེན་སྤྲུལ་པ་ཡུམ་ལྔ་བྱུང་། །སངས་རྒྱས་སྤྱན་དང་མ་མཱ་ཀི། །གོས་དཀར་མོ་དང་དམ་ཚིག་སྒྲོལ། །དབྱིངས་ཕྱུག་མ་དང་ཡུམ་ལྔ་ཡི། །ཕྱག་ན་བདུད་རྩིའི་ཁྲུས་བུམ་ཐོགས། །ལྷ་མི་རྣམས་ལ་ཁྲུས་གསོལ་བས། །བག་ཆགས་ལས་སྒྲིབ་ཐམས་ཅད་དག །དེ་བཞིན་དེ་རིང་བདག་ཅག་གིས། །བྱིས་པ་ཡོན་བདག་འཁོར་དང་བཅས། །མཚུན་དང་དགྲ་ལྷ་ཕོ་ལྷ་དང་། །ལེ་གུའི་ལྷ་དང་ཞང་གི་ལྷ། །ཕྲག་ལྷ་མ་ལྷ་བུ་རྫི་དང་། །ནོར་ལྷ་མཆེད་བརྒྱད་འཁོར་དང་བཅས། །རྟ་ནོར་ལུག་༸གསུམ་ར་ལ་སོགས། །ཀུན་ལ་བཙོག་གྲིབ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ལྷ་མཚུན་གཉེན་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་སས་


CMR039_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ལྷ་མཚུན་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ཕ་མཚུན་དགྲ་བླ་ཡར་དགོངས་དང་། །ཕ་མཚུན་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ཕ་མཚུན་གཉེན་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ཕ་མཚུན་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་


CMR039_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལོ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ སྔགས་རྣམས་བརྗོད་ལ་བཀྲུ། ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །མྱས་མཚུན་གཉེན་པོ་ཡར་དགོངས་དང་། །མྱས་མཚུན་གཉེན་པོ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །སྐྱེས་མཚུན་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་ཐོརྩི་སྨན་ཁྲུས་འདི་གསོལ་བས། །སྐྱེས་མཚུན་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་


CMR039_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་སྐྱོང་ཡར་དགོངས་དང་། །ཡང་མྱེས་གཉེན་ཡང་ཡར་དགོངས་དང་། །ཡང་མྱེས་གཉེན་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ཡང་མྱེས་གཉེན་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ཡང་མྱེས་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ཁཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །མ་མཚུན་གཉེན་པོ་ཡར་དགོངས་དང་། །མ་མཚུན་གཉེན་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་


CMR039_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །མ་མཚུན་གཉེན་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་བསྣོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧ༔ ཀྱཻ། །སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །མ་མྱེས་གཉེན་པོ་ཡར་དགོངས་དང་། །མ་མྱེས་གཉེན་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཁྲུས་འདི་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །མ་མྱེས་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་བསྣོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །མ་མྱེས་རྣམས་ལ་


CMR039_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡོ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལོ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །བཀྲ་མཚུན་གཉེན་པོ་ཡར་དགོངས་དང་། །བཀྲ་མཚུན་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །བཀྲ་མཚུན་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །བཀྲ་མཚུན་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལོ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བི་


CMR039_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །དགྲ་བླ་གཉེན་པོ་ཡར་དགོངས་དང་། །དགྲ་བླ་གཉེན་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །དགྲ་བླ་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །དགྲ་བླ་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག་ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ལེ་གུ་གཉེན་པོ་ཡར་དགོངས་དང་། །ལེ་གུ་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས།


CMR039_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱིས་ནུས་མཐུ་བསྐྱེད། །ལེ་གུ་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ལེ་གུ་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ཞང་ལྷ་གཉེན་པོ་ཡར་དགོངས་དང་། །ཞང་ལྷའི་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ཞིང་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་


CMR039_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ཞང་ལྷ་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལོ་ཧོ་ཤུདྡྷེ་ཤུདྡྷེ། །ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ཕྲག་ལྷ་གཉེན་པོ་ཡར་དགོངས་དང་། །ཕྲག་ལྷའི་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ཕྲག་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་སྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ཕྲག་ལྷ་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་


CMR039_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །འགོ་བའི་ལྷ་ལྔ་ཡར་དགོངས་དང་། །འགོ་བའི་ལྷ་ལྔར་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །འགོ་བའི་ལྷ་ལྔར་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །འགོ་བའི་ལྷ་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་


CMR039_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

དགོངས་དང་། །ནོར་ལྷ་གཉེན་པོ་ཡར་དགོངས་དང་། །ནོར་ལྷའི་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ནོར་ལྷ་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཕུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ནོར་ལྷ་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལོ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ཁཾ་གི འོལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ས་བདག་གཉེན་པོ་ཡར་དགོངས་དང་། །ས་བདག་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་


CMR039_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད། །ས་བདག་རྣམས་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །ས་བདག་རྣམས་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཀྱཻ། །སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ཀླུ་རྒྱལ་གཉེན་པོ་ཡར་དགོངས་དང་། །ཀླུ་རྒྱལ་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །སྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ཆུ་བདག་ཀླུ་ལ་སྐུ་ཁྲུས་གསོལ། །དམེ་དང་རྨུག་གིས་མ་མནོལ་ཅིག །མནའ་དང་བཙོག་གིས་མ་མནོལ་ཅིག །བྱེ་བྲལ་ཡུགས་ཀྱིས་མ་མནོལ་ཅིག །འདྲེ་དང་གདོན་གྱིས་མ་མནོལ་ཅིག །བདུད་རྩི་སྨན་ཁྲུས་


CMR039_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

འདི་གསོལ་བས། །ཆུ་ལྷ་ཀླུ་ལ་མནོལ་ཡོད་ན། །བདུད་རྩི་སྨན་ཆབ་འདི་ཡིས་བཀྲུ། །མི་གཙང་དྲི་མ་དག་གྱུར་ཅིག །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ་ཀྱེ། སངས་རྒྱས་བྱང་སེམས་ཡར་དགོངས་དང་། །མཁའ་འགྲོ་ཆོས་སྐྱོང་ཡར་དགོངས་དང་། །ལྷ་མཚུན་གཉེན་པོ་ཡར་དགོངས་དང་། །ལྷ་མཚུན་ཐུགས་ལ་མནོལ་ཡོད་ན། །བདུད་རྩི་སྨན་གྱི་ཆུ་ཡིས་བཀྲུ། །རྨུག་པ་ཡོད་ན་བསང་གིས་མཆོད། །བདུད་རྩི་སྨན་ཆབ་འདི་གསོལ་བས། །དྲི་བཟང་སྨན་གྱི་ནུས་མཐུ་བསྐྱེད། །ལྷ་མཚུན་གཉེན་པོ་ཁྱེད་རྣམས་ལ། །བདུད་རྩི་སྨན་ཁྲུས་འདི་གསོལ་བས། །མནོལ་བ་ཡོད་ན་སངས་གྱུར་ཅིག །རྨུག་པ་ཡོད་ན་དག་གྱུར་ཅིག །གུད་པ་ཡོད་ན་དག་གྱུར་ཅིག །བཙོག་པ་ཡོད་ན་དག་གྱུར་ཅིག །ཉེས་པ་ཐམས་ཅད་བསང་གིས་བསངས། །གྲིབ་དང་བཙོག་མནོལ་ཁྲུས་ཀྱིས་བཀྲུ། །གྲིབ་ཉེས་ཐམས་ཅད་ཞི་བ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་


CMR039_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །དག་པ་བཟང་པོས་སྐུ་ཁྲུས་གསོལ། །ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡེ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་ཐཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། རྣམ་འཇོམས་གཟུངས་ཐུང་བཟླ་བཞིན་དུ། །མ་བུ་གཉིས་ལ་ཁྲུས་བྱས་ཏེ། །ཆབ་བླངས་ཡན་ལག་ལྔ་ཁྲུས་དང་། །གཟུངས་ཆུ་ཐིགས་གཅིག་འཐུང་དུ་བཅུག །དེ་ནས་ཐར་སྣམ་རྡོ་རྗེའི་ཐད། །མ་བུ་གཉིས་ཀྱི་མདུན་དེ་རུ། །བྱིའུ་པན་བཙུགས་འབྲང་རྒྱས་དང་། །བཤོས་བུ་མར་མེ་བཅུ་གསུམ་བཀྲམ། །རང་ངོས་རྡོ་རྗེའི་ཐད་རྣམས་སུ། །ངར་མི་ཆངས་བུ་གླུད་ཟན་ཏེ། །ཐར་སྣམ་མར་སྣེ་རྡོ་རྗེའི་འོག །བྱིའུ་ཡར་ལ་ཁ་གྲུ་བཞག། །ཐར་སྣམ་ཡར་སྣེ་རྡོ་རྗེའི་གོང་། །ཁྲ་ནི་ཕྱིར་ལ་ཁ་གྲུ་བཞག །བཤམས་པ་དེ་དག་ཆབ་ཀྱིས་བྲན། །ན་མོ་རཏྣ་ཏྲ་ཡཱ་ཡ། །དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྟེན་འབྲེལ་བསླུ་བ་མེད་པའི་མཐུས། །བྱིས་འདི་ལ་གནོད་བྱེད་པའི། །ཆུང་སྲི་སྒབ་འདྲེ་བྱིསྶའི་གདོན། །ཁྲ་གཟུགས་ནག་པོ་འདི་ལ་ཁུག །ཛཿཧཱུྃ་བཾ་ཧོཿདབྱེར་མེད་གྱུར། །བྱིསྶའི་བླ་ཚེ་སྲོག་དང་བཅས། །བྱིའུ་འདི་དང་དབྱེར་མེད་གྱུར། །རིན་ཆེན་སྣ་ལྔའི་བྱིའུ་འདི། །མཛེས་སྡུག་གཟི་བརྗིད་ལྡན་པར་གྱུར། ཀྲྀ་ཛཨཱ་ཡུར་སིདྡྷི་ཧཱུྃ། །གོང་འོག་ཁྲ་དང་བྱིའུ་གཉིས། །རྡོ་རྗེ་དང་


CMR039_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་སྟེང་དུ་བཞག །གྱེར་མོ་དབྱངས་རོལ་བཅས་པ་ཡིས། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་གཅིག་པ་བགྲོད་པའི་ཚེ། །ཁྲ་གདོན་ནག་པོའི་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཁྲ་ནི་ཕྱིར་སྤོ་བྱིའུ་ཡར་ལ་སྤོ། །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །སྦྱིན་པའི་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །སེར་སྣའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །ཅེས་བརྗོད་གཏོར་མའི་དབང་བསྐུར་ནི། །བླ་མ་ཡིན་ན་ཚེ་གཏོར་ལག་ཏུ་བཟུང་། །སྔགས་པ་ཡིན་ན་མདའ་དར་ལག་ཏུ་ཐོགས། །དཀྱིལ་འཁོར་ནང་གི་ཁྲོ་བཅུ་རིམ་པ་ལྟར། །བུ་ཡི་སྤྱི་བོར་བྱོན་ཅིང་ཐིམ་བསྒོམ་ལ། །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་སྟེང་། །ཁྲོ་བོ་རྣམ་པར་རྒྱལ་བ་བཞུགས་སུ་གསོལ། །ཚེ་འདི་སྲུང་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ། ཨ་བྷི་ཥིཉྩ་ཨཱ༔ མདའ་དར་གཏོར་མ་བུ་ཡི་སྤྱི་བོར་བཞག །བྱིའུ་ཆུང་འབྲང་རྒྱས་བཤོས་བུ་མར་མེ་རྣམས། །ཆ་གཅིག་མཆོད་གཞིའི་སྟེང་དུ་ཡར་བསྒྲིགས་བཅུག །ངར་མི་ཆངས་བུ་ཆ་སྦྲགས་ཆ་རེ་ནི། །ཕྱིར་ལ་ངར་


CMR039_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

མི་ཆེ་བའི་ནང་དུ་བླུག །ཁྲ་སྟེང་རྡོ་རྗེ་རྒྱ་གྲམ་མནན་ཚུལ་བྱ། །མེད་ན་རྒྱ་གྲམ་བྲིས་ལ་མནན་ཚུལ་བྱ། །དེ་ཚེ་རང་གིས་འདི་ཉིད་གྱེར་དབྱངས་བྱ། །བཅུ་གསུམ་མ་རྫོགས་བར་དུ་དེ་ཡིས་འགྲེས། །བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། །ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་གཉིས་པ་བགྲོད་པའི་ཚེ། །ཐ་ཆུང་ནག་མོའི་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲི་བློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །འཆལ་བའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་སྟེང་། །ཁྲོ་རྒྱལ་དབྱུག་པ་སྔོན་པོ་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་


CMR039_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ། ཨ་བྷི་ཥིཉྩ་ཨཱ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། །ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་གསུམ་པ་བགྲོད་པའི་ཚེ། །མིག་ངན་ནག་མོའི་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །བཟོད་པའི་ཕ་རོལ་ཕྱིན་པའི་བཀྲ་ཤིས་༈ ནི། །ཁོང་ཁྲོའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་སྟེང་། །ཁྲོ་རྒྱལ་གཤིན་རྗེའི་གཤེད་པོ་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ། ཨ་བྷི་ཥིཉྩ་ཨཱ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་


CMR039_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །རིན་ཆེན་སྣ་ལྔ་འཁོར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བཞི་པ་བགྲོད་པའི་ཚེ། །སྐེམ་བྱེད་ནག་མོའི་གདོན་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །བརྩོན་འགྲུས་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །ལེ་ལོའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་དབུས། །ཁྲོ་རྒྱལ་མི་གཡོ་མགོན་པོ་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལེ་ཧཱུྃ། ཨ་བྷི་ཥིཉྩ་ཨཱ༔ བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་


CMR039_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ༔ ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་ལྔ་པ་བགྲོད་པའི་ཚེ། །ཁ་དྲེད་ནག་མོའི་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །བསམ་གཏན་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །རྣམ་གཡེང་གཡུལ་ལས་རྣམ་པར་རྒྱལ་བ་ཡི། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོའི་རྩིབས་བརྒྱད་སྟེང་། །ཁྲོ་བོ་རྟ་མགྲིན་རྒྱལ་པོ་བཞུགས་སུ་གསོལ། །ཚེ་འདི་སྲུང་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བའི་རྐྱེན་དང་སྐག་ལས་ཐར། །ཁྲ་


CMR039_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་དྲུག་པ་བགྲོད་པའི་ཚེ། །ལྟོ་འཕྱེ་ནག་མོའི་བདུད་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །ཤེས་རབ་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །ཤེས་འཆལ་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་དབུས། །ཁྲོ་རྒྱལ་གཞན་གྱིས་མི་ཐུབ་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཙིཏྟ་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོ་ང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་


CMR039_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་རྒྱལ། །དེ་ནས་དང་པོ་ཁྲ་དེ་ཕྱིར་ལ་བཞག །བྱིའུ་དེ་ཡར་འཕུར་ཁྲ་ཡི་མཇུག་མ་དེ། བྱིའུའི་མཇུག་མས་མནན་ཏེ་བཞག་པར་བྱ། ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བདུན་པ་བགྲོད་པའི་ཚེ། །ཙ་མུན་ནག་མོའི་སྲི་ལས་ཐར། །ཐར་ཐུར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །ཐབས་ཀྱི་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །མི་ཤེས་རྨོངས་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་སྟེང་། །ཁྲོ་རྒྱལ་བདུད་རྩི་འཁྱིལ་པ་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་


CMR039_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བརྒྱད་པ་བགྲོད་པའི་ཚེ། །རཀཱ་ནག་མོའི་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །སྨོན་ལམ་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །ལོག་པའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་སྟེང་། །ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་བཞུགས་སུ་གསོལ། །ཚེ་འདིར་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཏྲེ་ལོཀྱ་བི་ཛ་ཡ་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། ཧཱུྃ། ཚེ་དང་ལྡན་པ་


CMR039_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་དགུ་པ་བགྲོད་པའི་ཚེ། །རྔ་མ་ནག་མོའི་སྲི་ལས་ཐར། །ཐར་ཐར་སྲི་ངན་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །སྟོབས་ཀྱི་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །ཉོན་མོངས་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་དབུས། །ཁྲོ་བོ་སྟོབས་ཆེན་རྒྱལ་པོ་བཞུགས་སུ་གསོལ། །ཚེ་འདིར་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བ་སྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བཅུ་པ་བགྲོད་པའི་ཚེ། །གནོད་སྦྱིན་ནག་མོའི་སྲི་


CMR039_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །ཡེ་ཤེས་ཕ་རོལ་ཕྱིན་པའི་བཀྲ་ཤིས་ནི། །གཏི་མུག་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་དབུས། །ཁྲོ་བོ་ཧཱུྃ་ཆེན་ཀཱ་ར་བཞུགས་སུ་གསོལ། །ཚེ་འདིར་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ། ཨ་བྷི་ཥིཉྩཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བཅུ་གཅིག་བགྲོད་པའི་ཚེ། །ལུས་ལ་གནོད་པའི་གདོན་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་


CMR039_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

དང། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །འགྱུར་མེད་སྐུ་ཡི་བཀྲ་ཤིས་གང་ལགས་པ། །དུས་མིན་འཆི་བའི་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །སྤྱི་གཙུག་དུང་གི་འཁོར་ལོ་རྩིབས་བརྒྱད་དབུས། །སྐུ་མཆོག་རྣམ་པར་སྣང་མཛད་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་བེ་རོ་ཙ་ནི་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོ་ང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བཅུ་གཉིས་བགྲོད་པའི་ཚེ། །མཚན་ངུས་དིག་ལྕོགས་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་


CMR039_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་གྱི་དམ་ཆོས་བཀྲ་ཤིས་པ། །འགགས་མེད་གསུང་གི་བཀྲ་ཤིས་གང་ལགས་པ། །འཛེར་འགགས་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །མགྲིན་པར་པདྨ་འདབ་བརྒྱད་གདན་གྱི་སྟེང་། བཅོམ་ལྡན་སྣང་བ་མཐའ་ཡས་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་ཨ་རོ་ལིཀ་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཧཱུྃ། ཚེ་དང་ལྡན་པ་བཀྲ་ཤིས་རྒྱལ་བའི་སྲས། །ཐར་ལམ་བཅུ་གསུམ་བགྲོད་པའི་ཚེ། །སྔངས་སྐག་གཉིད་རྡོལ་སྲི་ལས་ཐར། །ཐར་ཐར་སྲི་དང་རྐྱེན་ལས་ཐར། །བདུད་སྲིན་གློ་བུར་ཡེ་འདྲོག་དང་། །གདོན་བགེགས་སྐག་ལས་ཐར་གྱུར་ཅིག །ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་རི་བོ་འདྲ། །འཇིག་རྟེན་གསུམ་


CMR039_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དམ་ཆོས་བཀྲ་ཤིས་པ། །འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །ཡིད་སྒྲིབ་གཡུལ་ལས་རྣམ་པར་རྒྱལ་བ་ཡིས། །དེང་འདིར་རྒྱལ་བའི་སྲས་ལ་བཀྲ་ཤིས་ཤོག །ཐུགས་ཀར་གསེར་གྱི་འཁོར་ལོ་རྩིབས་བརྒྱད་སྟེང་། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་བཞུགས་སུ་གསོལ། །ཚེ་འདི་སྲུངས་ལ་སྲོག་འདི་སྐྱོབས། །ཨོཾ་བཛྲ་ས་ཏྭ་ཧཱུྃ། ཨ་བྷི་ཥིཉྩ་ཨ། བྱིའུ་འཕུར་དགུང་དུ་འཕུར། །ལྷ་དང་སྲུང་མས་བསྐྱབ་ཏུ་གསོལ། །རིན་ཆེན་སྣ་ལྔ་མཁར་དུ་བརྩེགས་པའི་རྫོང་། །ཚེར་ཕུང་དམར་པོ་བྱེལ་གྱི་རྫོང་། །ཐར་རོ་རྒྱལ་བུ་རྐྱེན་དང་སྐག་ལས་ཐར། །ཁྲ་མནན་དོང་དུ་མནན། །གླུད་བོར་ཐུར་དུ་བོར། །མི་རྒྱལ་ལྷ་རྒྱལ་དེ་ལྟར་རྒྱལ། །ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨ་ཨོཾ་པདྨ་གུ་རུ་དྷེ་ཝ་ཧཱུྃ། ཕྱོགས་བཅུར་དུས་གསུམ་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གི །སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི། །བཀྲ་ཤིས་དམ་པ་གང་ལགས་པ། །བདག་གི་ལེ་གུ་འདི་དག་ལ། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །ནད་མེད་ཚེ་རིང་བདེ་སྐྱིད་འཛོམ་པར་ཤོག །དཔལ་གྲགས་སྐལ་བཟང་ལོངས་སྤྱོད་ཀུན་འཕེལ་


CMR039_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །དེ་ནས་བྱིསྦའི་རྐང་པ་ལ་སྐུད་པ་ནག་པོས་སྒྲོག་གི་ཚུལ་དུ་བཅིངས་ལ། ཀྱཻ། སློབ་དཔོན་རྣལ་འབྱོར་བདག་ཅག་གིས། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ལ། །ཆུང་གླུད་བཅུ་གསུམ་འབུལ་བ་དང་། །ཆུང་སྲི་ཐུར་དུ་མནན་པ་དང་། །གཏའ་ཡིས་བཅིངས་བ་བཀྲོལ་དུ་གསོལ། །སྒྲོག་ཏུ་བཅུག་པ་བཏང་དུ་གསོལ། །སྲི་ཡིས་བཟུང་བ་བཀྲོལ་དུ་གསོལ། །སྲི་ཅན་སྲི་རྒོད་ཐུར་དུ་བཅུག །ཟ་རྒུད་མི་ནི་ཁ་ཡང་བཅིངས། །ཆུང་སྲི་དེ་ཡི་ཁ་ནས་ཐར། །སློབ་བུ་བདག་གི་དྲུང་དུ་ཐར། །དེ་རིང་བཙན་པའི་རྫོང་དུ་བཅུག །དེ་རིང་སྲིད་པའི་ཞལ་དྲོ་ཤོག །ཀྱཻ། སྣང་སྲིད་ལྷ་འདྲེ་ང་ལ་ཉོན། །གཏའ་ཡིས་བཅིངས་པ་དེ་རིང་བཀྲོལ། །སྒྲོག་ཏུ་བཅུག་པ་དེ་རིང་བཀྲོལ། །ཟིན་རྒྱལ་པོའི་ཤིང་སྒྲོག་བཀྲོལ། །ལི་བཙན་གྱི་མེ་སྒྲོག་བཀྲོལ། །དྭ་བདུད་ཀྱི་ལྕགས་སྒྲོག་བཀྲོལ། །ཁཾ་མ་མོའི་ཆུ་སྒྲོག་བཀྲོལ། །རྐང་ལག་སྒྲོག་ལྔས་བསྡམས་པ་ནི། །རྡོ་རྗེ་སློབ་དཔོན་བདག་ཅག་གིས། །ཤིང་སྒྲོག་ལྕགས་ཀྱི་ཟོར་བས་གཅོད། །མེ་སྒྲོག་ཆུ་ཡི་ཟོར་བས་གཅོད། །ལྕགས་སྒྲོག་དམར་པོ་མེ་ཡིས་གཅོད། །ཆུ་སྒོག་གསེར་གྱི་ཟོར་བས་གཅོད། །


CMR039_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

ས་སྒྲོག་ཤིང་གི་ཕུར་པས་གཅོད། །དེ་གོང་ཡན་ཆད་སྒྲོག་གིས་བཅིངས། །དེ་རིང་མཆོད་པ་འདི་བཞེས་ལ། །དེ་རིང་ཐབས་ཀྱིས་སྒྲོག་འདི་བཀྲོལ། །དེ་རིང་བཅིངས་བའི་སྒྲོག་བཀྲོལ་ལོ། །བཅིངས་ལས་གྲོལ་ནས་ཡར་ཐར་རོ། །ཨོཾ་བྷནྡྷ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་ཟེར་བའམ་གྲི་ཡིས་བཅད་ངར་མི་ནང་དུ་འཕང་། དངོས་གྲུབ་འབྱུང་རྒྱུད་ལས། བླ་སྒང་བུ་ཡིས་གླུད་དུ་བཏང་ཞེས་པས། ངར་མི་བྲན་ལ། ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་བརྗོད། རིན་ཆེན་མང་དང་གཟུགས་མཛེས་དང་། །འཇམ་ཀླས་འཇིགས་ཀུན་བྲལ་བ་ཡི། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །རྒྱུ་རྐྱེན་རྟེན་འབྲེལ་ཕུན་སུམ་ཚོགས། །སྐུ་གླུད་ངར་གྱི་མི་བོ་ཆེ། །ཁོག་སྟོད་གསེར་ལ་ཁོག་སྨད་དངུལ། །སྐེད་པ་རིན་ཆེན་མཆོང་ལས་གྲུབ། །ལག་གཡས་གསེར་ལ་གཡོན་པ་དངུལ། །རྐང་གཡས་ལྕགས་ལ་གཡོན་པ་ཟངས། །མུ་ཏིག་ཀླད་ལ་བྱི་རུའི་ལྗགས། །མོན་ལུག་བླ་སྒང་དོན་སྙིང་བྱས། །མི་བས་གླུད་བཟང་ལྷ་བུ་འདྲ། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཆུང་སྲི་སྒབ་འདྲེ་འགོང་པོའི་ཚོགས། །ཤི་འདྲེ་མོ་དང་གསོན་འདྲེ་མོ། །བསེ་རག་གྲི་བོ་


CMR039_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གྲི་མོ་སོགས། །ཟ་འདྲེ་ཤི་འདྲེ་ལ་སོགས་པ། །ཟ་རེ་འཐུང་སྐོམ་བྱེད་རྣམས་ལ། །མི་བས་དགའ་བའི་གླུད་འདི་འབུལ། །བུ་ལོན་ལན་ཆགས་ཡོད་ན་ཡང། །གླུད་གཏོར་འདི་ཡིས་བྱང་བར་མཛོད། །ཟ་རེ་འཐུང་སྐོམ་ཡོད་ན་ཡང་། །གླུད་གཏོར་འདི་ཡིས་ཚིམ་པར་མཛོད། །དོན་མེད་གནོད་པ་ཡོད་ན་ཡང་། །གླུད་གཏོར་འདི་ཡིས་ཞི་བར་མཛོད། །བུ་ལོན་ལན་ཆགས་འཇལ་ཟིན་གྱིས། །གནོད་པའི་བསམ་པ་མེད་པར་མཛོད། །འདི་རུ་མ་འདུག་གཞན་དུ་དེངས། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག། གལ་ཏེ་བཀའ་ལ་མི་ཉན་ན། །ཕྱག་ན་རྡོ་རྗེའི་དམ་ལས་འདས། །ལྕང་ལོ་ཅན་གྱི་ཕོ་བྲང་དུ། །ནམ་ཡང་འགྲོ་བར་མི་འགྱུར་རོ། །འབྱུང་པོ་མང་པོ་ཚོགས་པ་ན། །སྟན་ཡང་ཐོབ་པར་མི་འགྱུར་རོ། །དེ་ཡི་རྩིབ་ལོགས་གཡས་པ་ན། །འབྲས་ཆེན་ནད་ཀྱང་འབྱུང་བར་གྱུར། །འཁོར་ལོ་སྤུ་གྲིའི་སོ་འདྲ་བས། །དེ་ཡི་སྣ་དང་རྣ་བ་གཅོད། །ཁྲོ་ཆེན་ཡཀཱ་མེ་དབལ་གྱིས། །སྙིང་ཁྲག་གཞིབ་ནས་གསོད་པར་བྱེད། །ཤི་ན་རྡོ་རྗེའི་དམྱལ་བར་ལྟུང་། །བསྐལ་པ་འབུམ་དུ་ཐར་དུས་མེད། །


CMR039_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བས་རང་དམ་རང་གིས་སྲུང་། །བྱམས་པའི་སེམས་ཀྱིས་འགྲོ་བར་གྱིས། །ཨོཾ་སུམ་བྷ་ནི་སོགས། ནས་ལྕག་བྲབ་ཅིང་རོལ་མོ་སྒྲོག །བྱིས་པའི་ལོ་བདུད་གནས་པའི་ཕྱོགས་གོམ་པ་བདུན་ཅུ་འདས་སར་བསྐྱལ། མར་སྣེར་ལྕགས་སྡེར་སྣོད་ནང་དུ། །བྱིའུ་ཚང་ཁྱི་མགོ་སོགས་བཞག་ལ། །གླང་མའི་འདྲེ་སྐས་ནག་པོ་ལ། །ཁྲ་དེ་ཐུར་དུ་བསྒྲོད་ཚུལ་བྱས། །ཁྱི་མགོའི་དྲུང་དུ་ཁྲི་བཞག་ལ། །དེ་སྟེང་འདྲེ་སྐས་བཅག་ལ་བཞག །ཁྲག་གམ་ཡང་ན་ཆུས་བྲན་ཏེ། །ན་མོ་བཛྲ་པཱ་ཎི་ཡེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། །ཁྲོ་བོ་བཅུ་ཡི་མཐུ་སྟོབས་དང་། །མ་ལྷ་དཔལ་ལྡན་ལྷ་མོ་ཡི། །མཐུ་དང་རྫུ་འཕྲུལ་ཆེན་པོ་ཡིས། །བྱིས་པ་འདི་ལ་གནོད་བྱེད་པའི། །ཆུང་སྲི་ཆུང་བདུད་སྒབ་འདྲེ་ཀུན། །ཁྲ་གཟུགས་ཁྱི་མགོ་འདི་ཉིད་ལ། །།ཁུག་ཅིག་ཆིངས་ཤིག་དབྱེར་མེད་བསྟིམ། །ཏྲི་ཛཿཧཱུྃ་བཾ་ཧོབྷནྡྷ་ཧཱུྃ། ཉེར་གཅིག་ལ་སོགས་ཅི་མང་བརྗོད། །དེ་ནས་སྒོ་ཐེམ་མམ་ནི་སྐས་རྟིང་ཞབས། །དོང་བྲུས་དེ་ཡི་ནང་དུ་བཅུག་བྱས་ལ། །རྡོ་ལེབ་རྒྱ་གྲམ་བྲིས་པས་སྟེང་ནས་མནན། །ཧཱུྃ། ཆུང་སྲི་དམ་སྲི་ལས་ངན་ཁྱོད། རིམ་དགུ་ས་ཡི་འོག་ཏུ་སོང་། །ཆུ་སྲིན་གདུག་པའི་གྲེ་བར་རྫོངས། །ལས་ཀྱི་གཤིན་རྗེའི་ལག་ཏུ་གཏད། །རི་རབ་འབར་བའི་འོག་ཏུ་མནན། །བྱམས་མགོན་


CMR039_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པ་མ་བྱུང་བར། །སྟེང་གི་ཕྱོགས་སུ་མ་ལྡང་ཞིག །ཁྲོ་བོ་བཅུ་ཡིས་བྲོ་བརྡུངས་ནས། །ཕ་རོལ་ཕྱིན་བཅུའི་རྒྱ་ཡིས་གདབ། །ༀ་ལཾ་ཧཱུྃ་ལཾ་སྟམྦྷ་ཡ་ནན། བཛྲ་ཀྲོ་དྷ་ད་ཤ་དིག་ས་མ་ཡ་རྒྱ་རྒྱ་རྒྱ། དངོས་གྲུབ་འབྱུང་བའི་རྒྱུད་སྡེ་ལས། །ལྷ་ལ་མཆོད་བསྟོད་གཞུང་བཞིན་བྱ། །གསུངས་ཕྱིར་དེ་ནི་ལྷ་མཆོད་རྟེན། །སྔོན་ནས་གཞི་འགྲམ་ཡར་བཞག་པའི། །མར་མེ་ཟན་ཀོང་བཅུ་གསུམ་བཤམས། །འབྲང་རྒྱས་བཤོས་བུ་རྣམས་ཀྱང་བྲན། །ཀྱཻ། དེ་རིང་སྲུང་མས་མགོན་བྱེད་པ། །ཚེ་ལྷ་མགོན་པོ་ཚེ་དཔག་མེད། །སྲོག་ལྷ་ཚེ་ཡི་ལྷ་མོའི་ཚོགས། །མ་ལྷ་མ་གཅིག་དཔལ་ལྷ་མོ། །ཕྲག་ལྷ་ཕོ་ལྷ་ཞང་ལྷ་དང་། །ཁྱིམ་ལྷ་ཐབ་ལྷ་ལ་སོགས་པ། །བྱིས་པ་འདི་ལ་མགོན་བྱེད་པའི། །ལྷ་དང་སྲུང་མ་ཁྱེད་རྣམས་ལ། །མཆོད་པ་དམ་པ་འབུལ་བ་ནི། །རིན་ཆེན་སྣོད་མཆོག་ཡངས་པའི་ནང་། །ཕྱེ་མར་ཞལ་ཟས་འོ་བསྐོལ་དང་། །འབྲས་ཀྱི་གཡག་ལུག་ར་གསུམ་དང་། །བལ་ཚོན་དང་ནི་དར་ཚོན་ལ། །འབྲས་ཟན་བཟའ་བཅའ་སྣ་ཚོགས་དང་། །ཞིམ་དགུ་མངར་བཅུ་ཕུན་ཚོགས་པ། གཡག་དང་ལུག་གི་སྟོད་ཤ་དང་། །མར་ཁུ་བདུད་རྩི་མཚོ་མོ་བསྐྱིལ། །ལྷ་ཡི་འབྲང་རྒྱས་


CMR039_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དཀར་དང་། །དེ་རྣམས་སྲུང་མ་ཁྱེད་རྣམས་ལ། །མཆོད་ཡོན་དམ་པ་འདི་འབུལ་ལོ། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །བུ་ཆུང་འདི་ཡི་མགོན་སྐྱབས་མཛོད། །ད་ལྟ་སྲུང་མ་ཁྱེད་རྣམས་ཀྱིས། །བུ་ཆུང་འདི་ཡི་དམུ་དག་ཟུངས། །བཙན་བཀའ་ཁྲོལ་ལ་དམུ་དག་ཟུངས། །བྱེར་བ་དང་ནི་བྱེར་བྱེད་དང་། །དར་བྱེད་དང་ནི་མགྱོགས་བྱེད་དང་། །རྒྱལ་པོ་ཆེན་པོ་ཁྱེད་རྣམས་ཀྱིས། །ཚེ་བརྟན་ལེ་གུ་འདི་དག་གི །སྲུང་སྐྱོབ་བུ་རྫི་མཛད་དུ་གསོལ། །སྲོག་གི་བྱ་ར་མཛད་དུ་གསོལ། །ཁ་འཛིན་མགོན་སྐྱོབ་མཛད་དུ་གསོལ། །ཉིན་གྱི་དུས་སུ་བྱ་ར་མཛོད། །མཚན་གྱི་དུས་སུ་མེལ་ཚེ་མཛོད། །བྱིས་པ་འཚོས་ལ་སྐྱེས་བུའི་མགྲོན། །མི་གྲངས་སྤེལ་ལ་བཀྲག་མདངས་བསྐྱེད། །རྒྱལ་ཁ་ཟུངས་་ལ་དཔལ་ཁ་བསྐྱེད། །ནད་པ་ཡོད་ན་ཡོ་ནས་སློང་། །སྲིའུ་ཐར་ནས་ཐོན་པར་གྱིས། །སྲིའུ་སྐག་ལས་ཐར་བར་མཛོད། །མཆོད་གཏོར་བཞེས་ལ་དངོས་གྲུབ་སྩོལ། །ཚེ་རིང་ནད་མེད་བཀྲ་ཤིས་ཤོག །ཨོཾ་ཨཱ་ཡུཛྙཱ་ན་ཤཱི་དེ་ཝི་ལོ་ཀ་དྷེ་ཝ་སརྦ་པཱུ་ཙ་ཁ་ཁ་ཁཱ་ཧི་ཁཱ་ཧི། དེ་ནས་ཤུག་གུ་རྩེ་རྒྱལ་གཉིས། །ཕའམ་སྐྱེས་པ་གཅིག་གིས་བཟུང་། །ཆབ་ཀྱིས་བྲན་ལ་འདི་སྐད་དོ། །


CMR039_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཤུག་མགོན་བརྔན་པ་གང་སྲིད་ན། །སྲིད་པ་གསུམ་གྱི་རྒྱལ་པོ་དང་། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །སྲུང་མ་རྣམས་ལ་ཕྱག་འཚལ་ནས། །བཅོམ་ལྡན་དཔལ་གྱི་དྲུང་དུ་ཞུས། །འཇམ་པའི་དབྱངས་ཀྱིས་བཀའ་སྩལ་པ། །ཀྱཻ། བསྐལ་པ་དང་པོའི་ཐོག་མ་ལ། །ཤུག་མགོན་ཨཱི་བརྔན་པའི་ཡོན་ཏན་གྱིས། །འགྲོ་བ་མི་ཡི་སྐྱབས་མགོན་བྱུང་། །དེ་རིང་རྒྱུ་སྦྱོར་ཡོན་བདག་གི །ཐུག་མགོན་གཉེན་པོའི་བརྔན་འཚལ་ལོ། །མགོན་སྐྱབས་དམ་པ་མཛད་དུ་གསོལ། །ཤུག་མགོན་གཉན་པོས་བརྔན་པ་ཡི། །མགོན་སྐྱབས་བྱེད་པའི་ལྷ་སྲུང་རྣམས། །ཕོ་ལྷ་དགྲ་བླ་གཉན་པོ་རྣམས། །བཟང་བྱེད་དགྲ་བླ་ཕྲག་ལྷ་དང་། །ཁ་འཛིན་བྱེད་པའི་ཟོ་དོར་རྣམས། །སྦྲ་ལྷ་མཁར་ལྷ་རྩེ་རྒྱལ་དང་། །ནོར་ལྷ་རྣམ་སྲས་ཛམ་བྷ་ལྷ། །ལུག་ལྷ་རྨིན་བུ་ར་ལྷ་ཚེ། །རྟ་ལྷ་འཕགས་པ་རེ་མན། །ཐབ་ལྷ་ཡུ་མོ་སྒོ་ལྷ་སྟག །མ་ལྷ་བུ་རྫི་གཉན་པོ་དང་། །འགོ་བའི་ལྷ་དང་སྲུང་མ་ལ། །སྐུ་ཤིང་ཤུག་པ་རྩེ་རྒྱལ་ལ། །དར་དང་བལ་ཚོན་བརྒྱན་པ་དང་། །ཞལ་ཟས་མཆོད་པ་སྣ་ཚོགས་དང་། །


CMR039_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

འབྲས་ཀྱི་གཡག་ལུག་ར་གསུམ་དང་། །འབྲང་རྒྱས་བཤོས་བུ་རྩེ་རྒྱལ་པ། །རིན་པོ་ཆེ་ཡི་ཞལ་བུ་རུ། །སྐྱེམས་འཕང་ཆང་དང་ཇ་ཡིས་གཏམས། །དཀར་གསུམ་མངར་གསུམ་ཕུད་རྣམས་དང་། །ཕྱེ་ཕུད་མར་ཐུད་དགོས་འདོད་དང་། །ཨན་མེ་ཏོག་འབྲུ་སྨན་དང་། །འཕུར་ལྡིང་འཛུལ་གསུམ་གཟུགས་འགྲོས་སྣ་ཚོགས་དང་། །ཕྱིང་པ་ལ་སོགས་གཞི་ཀློམ་དཀར་གཙང་སྟེང་། །ལེགས་པར་བཤམས་པའི་མཆོད་པ་སྣ་ཚོགས་པ། །གཡུ་ཤུག་སྦ་སྨྱུག་རྩི་ཤིང་སྣ་ཚོགས་དང་། །འདོད་ཡོན་མཁོ་དགུའི་མཆོད་པས་མཉེས་གྱུར་ཅིག །སྔོན་ཚེ་རི་བོ་རྩེ་ལྔའི་ཕོ་བྲང་དུ། །འཕགས་པ་འཇམ་དབྱངས་སྤྱན་སྔ་རུ། །ཤུག་མགོན་བརྔན་པའི་ཡོན་ཏན་གྱིས། །མི་ནོར་སྲུང་བར་ཁས་བླངས་ལྟར། །དེ་རིང་ཡོན་གྱི་བདག་པོ་ཡིས། །ཤུག་མགོན་གཉན་པོ་འདི་འབུལ་བས། །ཉིན་གྱི་བྱ་ར་མཚན་གྱི་མེར་ཚེ་མཛོད། །དཀོར་ནོར་ལོངས་སྤྱོད་རྒྱས་པར་མཛོད། །རྒན་གྱི་ཚེ་བསྲིང་ནད་རྣམས་མེད་པར་མཛོད། །གཞོན་པའི་དཔལ་བསྐྱེད་བུ་ནོར་འཛོམ་པར་མཛོད། །དབང་ཐང་ཆོས་སྲིད་རྒྱས་པར་ཤོག །མ་ལྷས་བུ་རྫི་བྱེད་པར་མཛོད། །སྲིའུ་ཚང་ནས་བསྐྱེད་པར་


CMR039_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །བྱེལ་ཆུང་སྒོ་ང་བསྐྱེད་པར་མཛོད། །བསམ་དོན་ཐམས་ཅད་འགྲུབ་པར་མཛོད། །སྔོན་ཚེ་འཕགས་པ་འཇམ་དཔལ་གྱིས། །ལྷ་ཤིང་ཙན་དན་དཀར་དམར་ལ། །རིན་ཆེན་དར་ཚོན་སྣ་ལྔ་བཏགས། །འགྲོ་བ་སེམས་ཅན་རྣམས་ཀྱི་ནི། །བསོད་ནམས་ལོངས་སྤྱོད་བསྐྱེད་པའི་ཕྱིར། །ལྷ་ཀླུ་མཐུ་ཆེན་ཐམས་ཅད་ལ། །སྲིད་པའི་ཤུག་མགོན་གཉན་པོས་བརྒྱན། །དེ་ཡིས་ལྷ་ཀླུ་མཐུ་ཆེན་བརྔན། །ལྷ་ཀླུ་མཐུ་ཆེན་ཐམས་ཅད་ཀྱིས། །འཇམ་དཔལ་དྲུང་དུ་ཁས་བླངས་ནས། །འགྲོ་བ་སེམས་ཅན་ཐམས་ཅད་དང་། །ཡོན་བདག་མི་ནོར་འཁོར་བཅས་ལ། །ཤུག་མགོན་བརྔན་པའི་ཡོན་ཏན་བྱུང་། །དེ་བཞིན་བདག་དང་ཡོན་བདག་གིས། །ཤུག་མགོན་གཉན་པོ་འདི་འབུལ་བས། །མི་ལ་ན་ཚ་མེད་པར་མཛོད། །ནོར་ལ་ནད་ཡམས་མེད་པར་མཛོད། །དཀོར་ནོར་ལོངས་སྤྱོད་རྒྱས་པར་མཛོད། །ཡུལ་མཁར་ས་གཞི་བརླིང་བར་མཛོད། །འབྲས་དྲུག་ལོ་ཏོག་ལེགས་པར་མཛོད། །བུ་ཚ་རིགས་རྒྱུད་དར་བར་མཛོད། །མ་ལྷ་བུ་རྫིས་བསྲུང་བར་མཛོད། །སྲིའུ་སྐག་ལས་ཐར་བར་མཛོད། །བྱིའུ་ཆུང་སྒོ་ང་བསྐྱེད་པ་


CMR039_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར། །བྱིས་པ་ཚང་ནས་བསྐྱེད་པར་མཛོད། །འཇམ་དཔལ་དབྱངས་དང་སྤྱན་རས་གཟིགས། །ཕྱག་ན་རྡོ་རྗེའི་བྱིན་རླབས་དང་། །བླ་མ་ཡི་དམ་ལྷ་ཡི་ཚོགས། །སངས་རྒྱས་བྱང་སེམས་རྒྱལ་སྲས་དང་། །མཁའ་འགྲོ་ཆོས་སྐྱོང་མཐུ་བོ་ཆེ། །ནོར་ལྷ་ཕྱོགས་སྐྱོང་ལྷ་དང་ཀླུ། །།ཕོ་ལྷ་དགྲ་བླ་ཡུལ་གྱི་ལྷ། །དཀར་ཕྱོགས་ཟོ་དོར་ཐམས་ཅད་དང་། །ཡུལ་ཕྱོགས་འདི་རུ་བཞུགས་པ་ཡི། །ཟོ་དོར་བཟང་པོ་ཁྱེད་རྣམས་ལ། །ཤུག་མགོན་གཉན་པོའི་བརྟེན་ཤིང་འབུལ། །དེ་ལྟར་བརྟེན་བཙུགས་ཡོན་ཏན་གྱིས། །བདག་དང་ཡོན་བདག་འཁོར་བཅས་ཀྱི། །བསམ་དོན་སྒྲུབས་ལ་རེ་བ་སྐོངས། །ཚེ་རིང་ནད་མེད་བདེ་སྐྱིད་ཤོག །མི་ནོར་ལོངས་སྤྱོད་འཕེལ་བར་ཤོག །ཡམས་ནད་གདོན་བགེགས་མེད་པར་མཛོད། །བཀྲ་ཤིས་བདེ་སྐྱིད་ཕུན་ཚོགས་ཤོག །ཡུལ་པ་ཡིན་ན་ཁྱིམ་ཕུག་ཀ་བར་བཅིངས། །འབྲོག་པ་ཡིན་ན་གུང་ཁར་བཙུགས་ལ་བཞག །དེ་ནས་མདའ་དར་མ་ཡི་ལག་ཏུ་གཏད། །མ་ལྷ་མ་ལ་འཁོར་བར་དམིགས། །ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །ལྷ་དང་ལྷ་མ་ཡིན་གྱི་དམག །རི་རབ་རྩེ་ལ་འཐབ་པའི་ཚེ། །ལྷ་རྣམས་ཕམ་ཞིང་ལྷ་གནས་ཞིག །ལྷ་མིན་གཡུལ་ངོ་


CMR039_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་དང་། །མི་ཕམ་སྲིད་གསུམ་ལྟོ་བ་ལ། །ལྷ་ཡི་དམག་དཔུང་རྫོང་བཅས་ཏེ། །ལྷ་མ་ཡིན་གྱི་གཡུལ་ངོ་ཟློག །ལྷ་མིན་དབང་པོས་ཕྱག་ཀྱང་བྱས། །ལྷ་དང་མི་རྣམས་རྨོངས་པ་ལ། །ལྷ་མོས་ནུ་མས་འགྲོ་དྲུག་གསོས། །མ་ལྷ་དཔལ་ལྡན་ལྷ་མོའི་ལ། །བཅོམ་ལྡན་འདས་དང་གསང་བའི་བདག །རྟ་མགྲིན་རྒྱལ་པོས་བཀའ་སྩལ་པ། །རྣལ་འབྱོར་དམ་ཚིག་ལ་གནས་པའི། །སྲིའུ་གསོ་བའི་གྲོགས་མཛོད་གསུངས། །ལྷ་མོ་མ་ལྷ་བུ་རྫི་མས། །མ་ལྷ་དཀར་མོ་མཆེད་བརྒྱད་སྤྲུལ། །མ་བས་བུ་མོ་ཡ་མཚན་ཅན། །ཁྲུང་ཁྲུང་དགོངས་འདྲེན་འདི་དག་ལ། །ལས་ཀྱི་མེ་འབར་བས། །གསང་བས་ཆར་འབེབས་འཚལ། །དེ་སྔ་ཕན་ཡོན་མེད་པ་ལ། །མ་ལྷ་འཁྱམས་པ་ཡིན། །དེ་ཕྱིར་མ་ལྷ་རྟེན་བཙུགས་འཚལ། །མདའ་བྱ་རྒོད་མ་ལ། །དར་དཀར་ཡུག་གཅིག་བཏགས། །བལ་བུ་དཀར་པོ་བཏགས། །གཡུ་ནི་མཚོ་རོ་འོད་ཆེན་དང་། །ཡེ་ཤེས་མེ་ལོང་བཏགས། །དེ་རྣམས་མ་ལྷ་ཉིད་ཀྱི་རྟེན། །རྟེན་སྙན་དབྱངས་ཀྱིས་འབོད། །དར་དཀར་གཡབ་ཀྱིས་འབོད། །ལྷ་དང་སྲིན་གྱི་ཡུལ། །མ་ལྷའི་སྤྱན་སྔ་རུ། །མ་ལྷ་


CMR039_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཡང་རྟེན་ནས། །ཞིབ་མར་འོ་བསྐོལ་འདི་ཡིས་མཆོད། །གསེར་གྱི་ཀ་བ་བཙུགས་པ་ཡང་། །མ་ལྷ་ཉིད་ཀྱི་རྟེན་དུ་བཙུགས། །གཡུ་ཡི་གདུང་མ་བྲེས་པ་ཡང་། །མ་ལྷ་ཉིད་ཀྱི་རྟེན་དུ་བཙུགས། །མཆོང་གི་དྲལ་བུ་བཀྲམ་པ་ཡང་། །མ་ལྷ་ཉིད་ཀྱི་རྟེན་དུ་བཙུགས། །མཚལ་གྱི་སྣལ་མ་བརྡལ་བ་ཡང་། །མ་ལྷ་ཉིད་ཀྱི་རྟེན་དུ་བཙུགས། །མདའ་བྱ་རྒོད་མ་ལ། །ཡེ་ཤེས་མེ་ལོང་བཏགས་པ་ཡང་། །མ་ལྷ་ཉིད་ཀྱི་རྟེན་དུ་བཙུགས། །པགས་བུ་དཀར་པོ་བཏགས་པ་ཡང་། །མ་ལྷ་ཉིད་ཀྱི་རྟེན་དུ་བཙུགས། །མ་ལྷ་ཉིད་ཀྱི་རྟེན་བཙུགས་ནས། །རི་རབ་ཆེན་པོ་བས་ཀྱང་རྒྱ་ཆེར་བཞུགས། །མ་ལྷའི་རྟེན་དང་ཕུར་བཙུགས་སོ། །དཔག་བསམ་ལྗོན་ཤིང་བས་ཀྱང་རྒྱ་ཆེར་འགྱུར། །ལྕགས་ཀྱི་ཁྲབ་བྱང་བཏགས་པ་ཡང་། །མི་སྲོག་ལྕགས་བས་སྲ་བར་འགྱུར། །མ་ལྷ་གསོལ་བའི་མངའ་ཐང་ནི། །སྟག་གཉིས་ལག་པ་དང་། །འབྲོང་ཤ་ཚང་ར་དང་། །ཤ་ཕུད་ཟས་ཕུད་དང་། ཆང་གི་ཕུད་དང་སྐོམ་གྱི་ཕུད། །མ་ལྷ་གསོལ་ལོ་མ་ལྷ་མཆོད། །མ་ལྷ་སྤྱོན་ལ་མི་གྲངས་སྤེལ། །ཕྱུགས་གཡང་བསྐྱབ་ཏུ་གསོལ། །ཐབ་ལྷ་གེ་ཐུང་ད་ཚུར་སྤྱོན། །


CMR039_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ལྷ་མེ་འབར་ད་ཚུར་སྤྱོན། །དཔལ་གྱི་མེ་སྦྱོར་ལ། །མཐུ་བ་གཡས་པ་ན། །རྨང་གི་བུ་འཆོས་ལ། །གཅིག་ཙམ་ནང་མི་ཤོར། །ཁྲུང་ཁྲུང་སྐྱོབ་པས་མ་ལྷ་བཅོས། །བདུད་དཔུང་ཀུན་ཤིག་ཅིག །མ་ལྷ་འབྲང་པོ་ད་ཚུར་བྱོན། །ཡར་ལ་འགྲོ་ན་འོ་རེ་བརྒྱལ། །ཡར་ལ་སྤྱོན་དང་སྨོན་ལམ་འདེབས། །མཐུ་བ་གཡས་པ་ལས། །པང་དུ་ཡར་བཞེས་ལ། །དེ་ཡི་ཡོན་ཏན་ཐད་དུ་བཞེས། །ཞིབ་མར་འོ་བསྐོལ་འདི་ཡིས་མཆོད། །གསེར་སྐྱེམས་ཁྲུང་ཁྲུང་འདི་ཡིས་མཆོད། །གཡས་སུ་མི་བཏང་སྨོན་ལམ་འདེབས། །གཡོན་དུ་མི་བརྡལ་སྨོན་ལམ་འདེབས། །ངན་དུ་མི་བྱེད་སྨོན་ལམ་འདེབས། །བདུད་ཀྱི་མི་རྩོད་སྨོན་ལམ་འདེབས། །རྭ་ནི་གཡས་དང་གཡོན་ལ་བརྟེན། །གསེར་གྱི་ཐག་བཟང་ཕྱག་ཕུལ་བས། །མ་ལྷ་སྤྱོན་དང་སྨོན་ལམ་འདེབས། །བཀྲ་ཤིས་སྨོན་ལམ་ལྡན་གྱུར་ཅིག །ད་ནི་མ་ལྷའི་རྟེན་ཡག་གོ །ད་ནི་མ་ལྷ་ལེགས་བཅོས་སོ། །མ་ལྷ་བཅོས་པས་ཆུང་སྲི་ཐུབ། །དགྲ་བླ་བཅོས་པས་དགྲ་སྲི་ཐུབ། །མ་ལྷ་གསོན་ལ་མི་གྲངས་སྤེལ། །མ་ལྷའི་ཕུར་དང་རྟེན་བཙུགས་སོ། །གསེར་གྱི་བུམ་པ་ལ། །


CMR039_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གཡུ་ཡི་ཁ་རྒྱན་ཅན། །མ་ལྷའི་སྐུ་ཡི་རྟེན་བཙུགས་སོ། །ལུས་ཀྱི་ཕྱག་རྒྱ་མ་འཁྲུགས་ཤིག །ངག་གི་དམ་ཚིག་མ་ཉམས་ཤིག །ལེགས་ཁ་དཔལ་གྱི་བུ་འཚོས་ཤིག །ད་ནི་དཔལ་གྱི་མེ་བུས་ཤིག །ཉེ་ལེན་དཔལ་གྱི་ཆུ་ལོངས་ལ། །བཀྲ་ཤིས་འོ་མའིཆུ་རྒྱུན་ཕོབ། །དེ་སྐད་བཀྲ་ཤིས་སྨོན་ལམ་བཏབ། །སྤྱི་བོ་བདེ་ཆེན་འཁོར་ལོ་ལ། །མ་ལྷ་ཆེ་བའི་གནས་ཤིག་ཡོད། །མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །མ་ལྷ་ཆེ་བའི་གནས་ཤིག་ཡོད། །ཐུགས་ཀ་ཆོས་ཀྱི་འཁོར་ལོ་རུ། །མ་ལྷ་ཆེ་བའི་གནས་ཤིག་ཡོད། །ལྟེ་བ་སྤྲུལ་པའི་འཁོར་ལོ་ལ། །མ་ལྷ་ཆེ་བའི་གནས་ཤིག་ཡོད། །བདེར་གཤེགས་རིགས་ལྔ་ཡུམ་ལྔ་དང་། །སྲས་ནི་བྱང་སེམས་ཐམས་ཅད་ཀྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །རྣམ་ཐོས་སྲས་ལ་སོགས་པ་ཡིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །རྒྱལ་པོ་ཆེན་པོ་སྡེ་བཞི་ཡིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །འཕགས་པ་འཛམ་ལྷ་ལ་སོགས་པས། །མ་ལྷ་བསྲུང་དུ་


CMR039_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །ནོར་སྲུང་ཆེན་པོ་ཐམས་ཅད་ཀྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །དབང་ལྡན་ལ་སོགས་ཕྱོགས་སྐྱོང་ཆེན་པོ་བཅུས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །ཚངས་པ་ལ་སོགས་ལྷ་བརྒྱད་ཀྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་ཉ་གསོལ། །མཐའ་ཡས་ལ་སོགས་ཀླུ་བརྒྱད་ཀྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །ཉི་མ་ལ་སོགས་གཟའ་བརྒྱད་ཀྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱིས། །མ་ལྷ་བསྲུང་དུ་གསོལ། །མ་ལྷ་བསྐྱབ་ཏུ་གསོལ། །མ་ལྷའི་རྟེན་བཙུགས་སོ། །མ་ལྷ་མ་བྲོས་ཤིག །མ་ལྷ་མ་འཁྱམས་ཤིག །མ་ལྷ་འདྲེ་དང་མ་བསྡོངས་ཤིག །མ་ལྷ་མ་སྐྲག་ཅིག །མ་ལྷ་མ་སྔངས་ཤིག །མ་ལྷས་བུ་ཡི་ཚེ་སྲུངས་ཤིག །མ་ལྷས་མི་ཡི་ཚེ་སྤེལ་ཅིག །མ་ལྷས་བུ་ཡི་རིགས་རྒྱུད་ཐམས་ཅད་སྤེལ་ཅིག །བརྟན་པར་གྱུར་ཅིག །བཀྲ་ཤིས་པར་གྱུར་ཅིག །ༀ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ་ཛཿ མ་ཧཱ་དེ་ཝི་ཨཊྚ་དེ་ཝི་པུ་ཏྲ་ལ་རཀྵ་


CMR039_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

རཀྵ་ཀུ་རུ་ཡེ་སྭཱ་ཧཱ། མདའ་དར་མཆོད་གཞིའི་འགྲམ་དུ་བཙུགས། །ཕའམ་སྐྱེས་པ་གཙང་མ་ཡིས། །ཐར་སྐས་བུ་ཡི་མདུན་དུ་བཟུང་། །མས་ནི་བུ་ཡི་རྐང་པ་གཉིས། སྐས་ལ་འཛེག་པའི་ཚུལ་བྱ་ཞིང་། །ཐར་རོ་ཞེས་པའི་དུས་ཉིད་ལ། །དེ་ཡོད་ཀུན་གྱིས་ཐར་རོ་བརྗོད། །ཀྱཻ། དེ་རིང་རྒྱལ་བའི་སྲས་པོ་འདི། །ཟླ་བ་ངོ་གཅིག་ལ་ཆུང་སྲི་ཁ་དམར་གྱི་ཁ་ནས་ཐར་རོ། །ཟླ་བ་ངོ་གཉིས་ལ་ཡ་བདུད་ཡ་མའི་ཁ་ནས་ཐར་རོ། །ཟླ་བ་ངོ་གསུམ་ལ་བུ་རྐུན་བཅུ་གསུམ་གྱི་ཁ་ནས་ཐར་རོ། །ཟླ་བ་ངོ་བཞི་ལ་འགོང་པོ་སྤུན་དགུའི་ཁ་ནས་ཐར་རོ། །ཟླ་བ་ངོ་ལྔ་ལ་ཡུལ་གདོན་བཅོ་བརྒྱད་ཀྱི་ཁ་ནས་ཐར་རོ། །ཟླ་བ་ངོ་དྲུག་ལ་དམ་སྲི་སྤུན་དགུའི་ཁ་ནས་ཐར་རོ། །ཟླ་བ་ངོ་བདུན་ལ་བྱིསྔའི་གདོན་ཆེན་བཅོ་ལྔའི་ཁ་ནས་ཐར་རོ། །ཟླ་བ་ངོ་བརྒྱད་ལ་མ་བདུད་སྲིད་པའི་རྒྱལ་མོའི་ཁ་ནས་ཐར་རོ། །ཟླ་བ་ངོ་དགུ་ལ་སྲིའུ་བུ་རྐུན་ཅན་མའི་ཁ་ནས་ཐར་རོ། །ཟླ་བ་ངོ་བཅུ་ལ་མ་ཡམས་རྒྱལ་མོའི་ཁ་ནས་ཐར་རོ། །ཟླ་བ་ངོ་བཅུ་གཅིག་ལ་ཆུང་སྲི་ཆུང་བདུད་ཀྱི་ཁ་ནས་ཐར་རོ། །ཟླ་བ་ངོ་བཅུ་གཉིས་ལ་མི་ཁ་སྤུན་དགུའི་ཁ་ནས་ཐོར་རོ། །སྲིའུ་སྲི་ངན་པ་ལས་ཐར་རོ། །ལྷ་བདག་གི་རྩ་རུ་ཐར་རོ། །མི་རང་ཡུལ་དུ་ཐར་རོ། །བྱིས་


CMR039_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

པ་འདི་ནད་རིགས་བཞི་བརྒྱ་ལས་ཐར་རོ། །གདོན་ཉི་ཁྲི་ཆིག་སྟོང་ལས་ཐར་རོ། །ཟླ་བ་གྲངས་འཛིན་ལས་ཐར་རོ། །སློབ་བུ་བདག་གི་དྲུང་དུ་ཐར་རོ། །བདུད་བཙན་རྒྱལ་པོ་འདྲེ་གདོན་གྱི་ཁ་ནས་ཐར་རོ། །ཐར་སྐས་ཡུལ་པས་དཀྱིལ་ཀར་བཅིངས། འབྲོག་པ་ཡིན་ན་ཀ་བར་བཅིངས། བྱིའུ་ཆུང་པན་བཙུགས་བཅུ་གསུམ་དེ། སྡེ་རུ་གཙང་མའི་ནང་དུ་བཞག །མི་གཞོན་གཙང་མར་བཀྱག་བཅུག་ལ། ཀྱཻ། ཁར་སང་ཁར་གྱི་ཉིན་པར་སྔོན། །ནང་མི་ཡོན་གྱི་བདག་པོ་འདི། །ལྷ་རུ་ལུང་པའི་ཡང་ཕུག་འདིར། །དར་རྒོད་གཉེན་མོའི་ནང་ཤེད་ནས། །ཐར་བྱེལ་སྟོབས་ཆེན་དེ་ནས་བྱུང་། །ཐར་བྱེལ་དེ་ནི་སྟོབས་ཆེན་ལ། །ཙནྡན་དང་ནི་སྤོས་ཆུས་བཀྲུས། །མཁན་ཤུག་དུད་པའི་ཁ་ནས་བསངས། །སྤྱི་བོ་ཡི་ནི་གཙུག་རུམ་ལ། །སྔོན་མོ་ནས་ནི་འབྲུ་བདུན་བླུག །མགུལ་གྱི་གསང་བའི་མགྲིན་པ་དེར། །རིན་ཆེན་གསེར་གཡུ་མུ་ཏིག་བཏགས། །སྤྱན་མིག་གཡས་དང་གཡོན་པ་ལ། །ཁྱུང་པོ་དངུལ་གྱི་ཕྱེ་མ་བླུག །འདབ་གཤོག་དེ་ནི་གཡས་པ་ལ། །ཚེ་ལ་ཐར་བའི་ཡི་གེ་བྲིས། །འདབ་གཤོག་དེ་ནི་གཡོན་པ་ལ། །ཚེ་ལ་འཛིན་པའི་ཡི་གེ་བྲིས། །ནམ་ཚོང་རིན་ཆེན་འབར་བ་


CMR039_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ལ། །ཚེ་ལ་བཟུང་བའི་ཡི་གེ་བྲིས། །ཐུགས་ཀ་ཡི་ནི་དཀྱིལ་དུ་ནི། །ཚེ་ལ་བརྟན་པའི་ཡི་གེ་བྲིས། །སྒལ་ཚིགས་འབྲེལ་བའི་གོང་རོལ་དུ། །ཚེ་ལ་རྒྱས་པའི་ཡི་གེ་བྲིས་གསང་བའི་དེ་ནི་དབྱིངས་རུམ་ན། །ཚེ་ལ་འཕེལ་བའི་ཡི་གེ་བྲིས། །ཐར་བྱེལ་དེ་ནི་སྟོབས་ཆེན་ལ། །ཚེ་ལ་བརྟན་པའི་སྲུང་མ་བཙུགས། །ནད་ཀུན་སེལ་བའི་སྨན་རྣམས་བླུགས། །ཚེ་རིང་ནད་མེད་སྨོན་ལམ་འདེབས། །ཐར་བྱེལ་དེ་ནི་སྟོབས་ཆེན་ཁྱོད། །བདུད་རྩི་སྨན་མཆོག་དམ་པ་དང་། །རྩི་སྨན་བཅུད་ཀྱིས་བྲན་པ་ལ། །རུ་རྩི་དེ་ནི་ཕབ་ལ་བྱས། །བདུད་རྩི་སྨན་ལ་བྱས་པ་འདི། །ཐལ་བྱེལ་སྟོབས་ཆེན་ཁྱེད་ལ་ཡང་། །ནད་རྣམས་སེལ་བའི་སྨན་རྣམས་བླུགས། །དར་དཀར་དབུ་ཐོད་དགུང་དུ་སླེབས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །ཐར་བྱེལ་སྟོབས་ཆེན་ཁྱེད་ལ་ཡང་། །བྱ་ནད་ཀུང་ཆུང་ནད་ལས་ཐར། །གཉེན་པོ་འཇིགས་པའི་ཁྲ་ལས་ཐར། །ད་ནི་ཐར་བྱེལ་སྟོབས་ཆེན་གྱིས། །བདུད་ལས་ཐར་བའི་བྱ་ར་གྱིས། །སྲི་ལས་ཐར་བའི་ཕ་མཚུན་མཛོད། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །ཐར་བྱེལ་སྟོབས་ཆེན་ཁྱོད་


CMR039_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱིས་ནི། །ཡ་ཀི་སྤྲིན་གྱི་མཐོངས་ཕྱེས་ལ། །ནམ་མཁའི་དབྱིངས་ཀྱི་ཡང་སྟེང་ན། །ཐར་བྱེལ་དེ་ནི་དགུང་དུ་འཕུར། །དེ་ཕྱིར་བྱེལ་དྲིན་མི་ལ་ཆེ། །བུ་ཚར་ཐར་བྱེད་སྟོབས་ཆེན་ཁྱེད། །དགུང་སྔོན་དཀྱིལ་དུ་སྤུར་ལགས་སོ། །གནམ་གྱི་དེ་ནི་མཐོངས་ཀ་ནས། །བྱ་ར་མ་གཡེལ་ཚེ་ཐར་རོ། །རྒྱལ་བུ་དམ་པ་ནད་ལས་ཐར་བ་བཞིན།། མིའུ་རིན་ཆེན་ནད་ལས་ཐར་བར་ཤོག །མིའུ་བདུད་ཀྱི་སྐག་ལས་ཐར་བར་ཤོག །ནད་དང་གདོན་ལས་ཐར་བར་ཤོག །དེ་ནས་བྱིའུ་རེ་རེ་བཞིན་ནམ་མཁར་འཕང་ལ། བྱིས་འཕུར་དགུང་དུ་འཕུར། །ཀུན་གྱིས་བརྗོད། སྤྲུལ་པའི་བྱིའུ་བཅུ་གསུམ་དེ། །དགུང་སྔོན་དབྱིངས་ནས་བྱ་ར་བྱེད། །བྱིས་པ་ཚར་བཞིན་བྱིའུ་ཚར། །བསྲུང་བྱ་བཅུ་གསུམ་འབྱུང་བར་དམིགས། །དེ་ནས་ཚེ་འགུགས་ཚེ་གཏའ་བསྡམ། །སྒྲུབ་རྟེན་ཚེ་གཏོར་མ་ཡི་ལག་ཏུ་བཞག །སྔགས་པས་མདའ་དར་གཡབ་ཅིང་ཚེ་འགུགས་བསྒོམ། །ཧྲཱིཿ ཚེ་ལྷ་བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྲོག་ལྷ་ཚེ་ཡི་ལྷ་མོ་མགྱོགས་མའི་ཚོགས། །མ་ལྷ་དཔལ་ལྡན་ལྷ་མོ་ཆེན་མོ་བརྒྱད། །ཕྲིན་ལས་དུས་ལ་བབ་བོ་ལས་མཁན་ཚོགས། །འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་ཀུན། །སྒྲུབ་རྟེན་རྣམས་ལ་


CMR039_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐིམ་ཞིང་ཨཱ་ཡུར་ཛྙཱ། །ཤར་ནས་ཚེ་ཡི་དངོས་གྲུབ་རྣམས། །ཉི་ཟླ་ལྟ་བུར་ཤར་ཞིང་བྱོན། །ལྷོ་ནས་ཚེ་ཡི་དངོས་གྲུབ་རྣམས། །ཆར་སྤྲིན་ལྟ་བུར་འཐིབ་ཅིང་བྱོན། །ནུབ་ནས་ཚེ་ཡི་དངོས་གྲུབ་རྣམས། །ཆུ་བོ་ལྟ་བུར་འབབ་ཅིང་བྱོན། །བྱང་ནས་ཚེ་ཡི་དངོས་གྲུབ་རྣམས། །སྐྱི་སེར་ལྟ་བུར་འགྲིམས་ཤིང་བྱོན། །སྟེང་ནས་ཚེ་ཡི་དངོས་གྲུབ་རྣམས། །སྦྲང་ཆར་ལྟར་བུ་སིབ་སིབ་བྱོན། །འོག་ནས་ཚེ་ཡི་དངོས་གྲུབ་རྣམས། །ལོ་ཐོག་ལྟ་བུར་སྨིན་ཅིང་བྱོན། །ཚེ་བུམ་འདི་ལ་དཔལ་བསྐྱེད་ཅིག །ཚེ་ཆུ་འདི་ལ་བྱིན་ཕོབ་ཅིག །ཚེ་རྫ་ས་འདི་ལ་བཅུད་ཕོབ་ཅིག །ཚེ་ཆང་འདི་ལ་ངར་ཕོབ་ཅིག །མདའ་དར་འདི་ལ་འོད་ཟུགས་ཤིག །ཡུལ་ཕྱོགས་འདི་ལ་གཡང་ཁུག་ཅིག །ས་ཕྱོགས་འདི་ལ་བྱིན་ཕོབ་ཅིག །གནས་ཁང་འདི་ལ་མདངས་ཐོན་ཅིག །མི་ནོར་ཟས་ལ་དངོས་གྲུབ་སྩོལ། །བཀྲག་དང་གཟི་བརྗིད་གཟི་འོད་འབར། །ཕྱོགས་བཞི་མཚམས་བཞིའི་ཚེ་གཡང་ཀུན། །བཀྲ་ཤིས་དཔལ་འབར་བྱིན་ཕོབ་ཅིག །དེ་ནས་ཚེ་གཏའ་བསྡམ་པ་ནི། །ཐར་བྱེལ་དང་ནི་ཚེ་གཏོར་གཉིས། །མ་བུ་གཉིས་ཀྱི་མདུན་དུ་བཞག །མདའ་དར་སྔགས་པས་ལག་ཏུ་བཟུང་། །ཧྲཱི༔


CMR039_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

དཀྱིལ་འཁོར་ཚེ་ཡི་ལྷ་ཚོགས་རྣམས། །ཕྱོགས་མཚམས་སྟེང་འོག་རིས་མེད་ནས། །བུ་ཡི་ཚེ་བཅུད་འདིར་བསྡུས་ནས། །ཚེ་གཏའ་གཉན་པོ་མི་ལ་བསྟིམ། མི་དང་ཚེ་གཉིས་མ་བྲལ་ཅིག །གདོན་བགེགས་འབྱུང་པོ་འདུལ་བའི་གཏའ། །དུས་མིན་འཆི་བ་ཟློག་པའི་གཏའ། །རྐྱེན་ངན་བར་ཆད་ཞི་བའི་གཏའ། །ཚེ་དབང་ལོངས་སྤྱོད་རྒྱས་པའི་གཏའ། །དུང་ཆུང་དཀར་པོ་སྐུ་ཡི་རྟེན། །བྱི་རུ་དམར་པོ་གསུང་གི་རྟེན། །གཡུ་ཆུང་སྔོན་པོ་ཐུགས་ཀྱི་རྟེན། །གསེར་ཐིག་སེར་པོ་ཡོན་ཏན་རྟེན། །མུ་མེན་མཐོང་ནག་ཕྲིན་ལས་རྟེན། །ཁྲབ་བྱང་མིག་དགུ་བླ་ཡི་རྟེན། །དར་ཚོན་སྣ་ལྔ་བཀྲག་མདངས་རྟེན། །མདའ་མོ་བྱ་རྒོད་སྲོག་གི་རྟེན། །ལྕགས་ཀྱི་མདེའུ་ཚེ་ཡི་རྟེན། །སྒྲུབ་པའི་ཚེ་ན་གཏའ་རུ་བཟུང་། །དེ་ཕྱིར་ཚེ་གཏའ་ཞེས་སུ་གྲགས། །ད་ནི་རིགས་ཀྱི་བུ་ལ་བསྟིམ། །མི་འགྱུར་ཚེ་བསྡམ་འདི་ལྟར་རོ། །གཡུང་དྲུང་རྒྱལ་མཚན་རྡོ་རྗེའི་ཚེ། །སྤྲོས་པས་སྟོང་གསུམ་བཀྲག་མདངས་ལྡན། །བསྲུངས་བས་ལུས་ལ་གཟི་བརྗིད་ལྡན། །བཅིངས་བས་རྡོ་རྗེའི་ལུ་གུ་རྒྱུད། །སྙིང་པོ་ལྔ་བསྡུས་རྫས་ཀྱི་མཆོག །དེང་འདིར་ལུས་ངག་ཡིད་


CMR039_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ། །འཁོར་གསུམ་ཡང་དག་ཚེ་སྦའོ། །རྒྱས་གདབས་བཅོལ་ལོ་ཐུབ་པར་སྲུངས། །ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་བཅུ། །ཚེ་འདི་སྲུང་ལ་སྲོག་གཏའ་སྡོམས། །བཀྲག་མདངས་དབྱངས་སྙན་དྲན་པ་གསལ། །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས། །བུ་ནོར་ཆོས་ཀྱི་དངོས་གྲུབ་སྩོལ། །བཀྲ་ཤིས་རྟགས་བརྒྱད་རྒྱས་གདབ་བོ། །བཀྲ་ཤིས་རྫས་བརྒྱད་རྒྱས་གདབ་བོ། །ལུས་ངག་ཡིད་གསུམ་རྒྱས་གདབ་བོ། །སྐུ་གཟུགས་ལྔ་ཡི་རྒྱས་གདབ་བོ། །ཡིག་འབྲུ་ལྔ་ཡི་རྒྱས་གདབ་བོ། །ཕྱག་མཚན་ལྔ་ཡི་རྒྱས་གདབ་བོ། །མདའ་དར་རིན་ཆེན་དར་ཚོན་ཅན། །བུ་ཡི་སྤྱི་བོར་ལན་གསུམ་གཏུགས། །ཚེ་གཏོར་སྙིང་གར་ལན་གསུམ་བཞག །སྔགས་ཚར་རེ་དང་སྤྲད་ཅིང་བྱ། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྡྷ་ཨཱ་ཡུ་ནི་ཛཨཱ། ཛཿཧཱུྃ་བཾ་ཧོཿ ལྷ་མོ་དངོས་གྲུབ་འབྱུང་རྒྱུད་ལས། །དེ་ནས་ཐོད་པས་དབང་བསྐུར་ཏེ། །ཕུར་བུས་ཟ་འདྲེ་བསྲུང་བར་བྱ། །གསུངས་ཕྱིར་ཙནྡན་དཀར་དམར་རམ། །མེད་ན་ཤུག་པའམ་སེང་སྡེང་ལ། །སྔགས་ནས་ཡི་དམ་ལྷ་སྔགས་ཀྱིས། །མང་དུ་སྔགས་པ་ཡོད་ན་རབ། །མེད་ན་འཕྲལ་དུ་སྔགས་འདིས་སྔགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷཱན་བི་ཧཱུྃ་ཕཊ། ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་རཀྵ། ཞེས་པས་མང་དུ་སྔགས་པ་དང་། །མདའ་


CMR039_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

དར་སྐེ་ཡི་དར་ཚོན་ལྔ། །ཕུར་བུའི་རྐེ་ལ་དཀྲིས་ཏེ་བཏགས། །དངོས་གྲུབ་འབྱུང་བའི་རྒྱུད་དེ་ལས། །ཚེ་དཔག་མེད་དང་ལྷ་མོ་སྐྱབས། །བྱིསྦྲ་སྲི་ལས་ཐར་བར་འགྱུར། །གསུངས་ཕྱིར་མིང་ནི་བཏགས་པ་སྟེ། །ཚེ་དཔག་མེད་ལ་སོགས་པ་ཡི། །རང་གི་བླ་མ་ཡི་དམ་དང་། །ལྷ་མོ་ལ་སོགས་ཆོས་སྐྱོང་ཚོགས། །རང་གི་བློ་ཕུགས་གར་གཏད་པའི། །བདག་མིང་ལྷ་ཡི་མཚན་ལ་དྲངས། །མིང་འཇུག་སྲུང་ངམ་སྐྱབས་འབྱར་བྱ། །སྲིའུ་མིན་པ་བྱིས་ལ། །འཕེན་ན་འཕེལ་དང་བཀྲ་ཤིས་དང་། །ཕྱུག་དང་རྒྱས་དང་རྣམ་རྒྱལ་སོགས། །གང་ལེགས་རིག་པས་དཔག་སྟེ་བཏགས། །དེ་ནས་ཐར་བྱེལ་ཆེ་བ་དེ། །སྣོད་ནི་གཙང་མའི་ནང་དུ་བཞག །ཕའམ་སྐྱེས་པ་གཙང་མས་བཀྱག ། ཀྱཻ། གླིང་བཞི་འཁོར་ལོས་སྒྱུར་རྒྱལ་ལགས། །མི་རྣམས་ཀུན་གྱིས་དྲིས་པ་ལ། །ངེད་ཅག་གླིང་བཞིའི་མི་རྣམས་ལ། །བདུད་ཀྱི་བགེགས་ཀྱི་ཆོ་འཕྲུལ་དང་། །བྱིསྱའི་གདོན་ཆེན་བཅོ་ལྔ་ལས། །དེ་ལ་སྲུང་བ་གང་གཙོ་ལགས། །རྒྱལ་པོ་ཆེན་པོས་གསུངས་བར་ཞུ། །དེ་སྐད་ཅེས་ནི་ཞུས་པ་ལས། །རྒྱལ་པོ་ཆེན་པོས་བཀའ་སྩལ་པ། །ཕུ་ཡའུ་ཡའུ་ཡི་ཡང་ཕུ་ན། །བྱིའུ་སྟོབས་ཆེན་གྱིས། །འཛིན་པའི་བྱིའུ་བྲག་དམར་དང་། །ཅོ་ག་བྲག་གི་བྱིའུ་དང་། །ཏིང་ཏིང་ཆུ་དང་ཐར་བྱིའུ། །སྟོབས་ཆེན་གྱིས། །བྱིས་པ་


CMR039_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

སྲུང་བར་བྱེད། །ཆུང་སྲི་ཟློག་པར་བྱེད། །བདུད་ཆེན་འདུལ་བར་བྱེད། །ལུང་གི་ཡར་ཕུ་ན། །བྱ་མཁན་འགུགས་ཐོགས་སོགས། །དར་འགུགས་ནག་པོ་བྲེས། །ཐར་བྱེལ་སྟོབས་ཆེན་བྱུང་། །མཆོད་པ་དམ་པ་ཕུལ། །དེ་ཡིས་བྱིས་སྲུང་བར་བྱེད། །དེ་སྐད་ཅེས་ནི་བཀའ་སྩལ་ཏེ། །དེ་ནས་ཐར་བྱེལ་སྟོབས་ཆེན་འདི། །མཁན་ཤུག་དུད་པས་བདུག །ཙནྡན་སྤོས་ཆུས་བཀྲུས། །སྤྱི་བོའི་གཙུག་རུམ་ན། །རིན་ཆེན་ལྷོ་ནས་བླུག །མགུལ་གྱི་གསང་བྲང་ན། །རིན་ཆེན་གསེར་གཡུ་བཏགས། །སྙན་ནི་གཡས་གཡོན་ན། །གུ་ལང་གསེར་ཕྱེ་བླུག །འདབ་གཤོག་གཡས་གཡོན་ན། །ཚེ་ལ་ཐར་བའི་ཡི་གེ་བྲིས། གསན་མིག་གཡས་གཡོན་ན། །ཆུང་ལུང་དར་ཕྱེ་བྲག་། མཁལ་མ་གཡས་གཡོན་ན། །ཚེ་ལ་གཟུངས་བའི་ཡི་གེ་བྲིས། །ནམ་ཚོང་གཡས་གཡོན་ན། །ཚེ་ལ་འཛིན་པའི་ཡི་གེ་བྲིས། །ཐུགས་ཀྱི་དངུལ་ག་ན། །ཚེ་ལ་བརྟན་པའི་ཡི་གེ་བྲིས། །བདུད་རྩིའི་ཕོ་བ་ལ། །ཚེ་ལ་རྒྱས་པའི་ཡི་གེ་བྲིས། །གསང་བའི་དབྱིངས་རུམ་ན། །ཚེ་ལ་འཕེལ་བའི་ཡི་གེ་བྲིས། །ད་ནི་ཐལ་བྱེལ་སྟོབས་ཆེན་འདི། །ཁྱོད་ནི་བཙན་པོའི་


CMR039_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲ་ལས་ཐར། །འཇིགས་པའི་བདུད་ལས་ཐར། །ཀུང་ཆུང་ནད་ལས་ཐར། །མི་དྲིན་བྱ་ལ་ཆེ། །བྱ་དྲིན་མི་ལ་ཆེ། །ཐར་བྱེལ་སྟོབས་ཆེན་འདི། །ཚེ་ལ་ཐར་བའི་དོན་དུ་གསོལ། །ཚེ་ལ་འཛིན་པའི་དངོས་གྲུབ་བླངས། །དེ་ལྟར་བྱིའུ་སྟོབས་ཆེན་འདི། །ཁྱོད་དགུང་སྔོན་གུང་དུ་བཞུད། །ཉིན་གྱི་དུས་སུ་བྱ་ར་གྱིས། །མཚན་གྱི་དུས་སུ་མེལ་ཚེ་གྱིས། །བདུད་ལ་བྱ་ར་གྱིས། །བདུད་དང་བགེགས་རྣམས་ཟློག་པར་བྱེད། །བྱིས་པ་སྲུང་བར་བྱེད། །དེ་སྐད་ཅེས་ནི་བཀའ་སྩལ་ཏོ། །དེ་ལྟར་བྱིའུ་སྟོབས་ཆེན་འདི། །མཁན་ཤུག་དུད་པས་བདུག །ཙནྡན་སྤོས་ཆུས་བཀྲུས། །སྤྱི་བོའི་གཙུག་རུམ་དེར། །བདུད་ལ་བྱ་ར་གྱིས། །བཙན་ལ་སོ་པ་ཚུགས། །ཐར་བྱེལ་སྟོབས་ཆེན་ལ། །ཚེ་ལ་གསོ་བའི་དངོས་གྲུབ་ཐོབ། །ཚེ་ལ་བརྟན་པའི་དངོས་གྲུབ་ཐོབ། །དེ་ལྟར་རྒྱལ་བུ་གྱོད་ལས་ཐར་རོ། །རྒྱལ་བུ་ནད་ལས་ཐར་རོ། །འཇིགས་པའི་ནད་ལས་ཐར་རོ། །གནོད་པའི་བགེགས་ལས་ཐར་རོ། །འདྲེ་ཡི་སྲི་ལས་ཐར་རོ། །ཆུང་གི་སྲི་ལས་ཐར་རོ། །བྱིས་པའི་གདོན་ཆེན་བཅོ་ལྔ་ལས་ཐར་རོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལས་


CMR039_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཐར་རོ། །དུས་མིན་འཆི་བ་རྣམ་བརྒྱད་དང་། །ཡེ་འདྲོག་ཀུན་ལས་ཐར་གྱུར་ཅིག །ཐོར་ཐར་ཆུང་སྲི་སྲི་ལས་ཐར་གྱུར་ཅིག །གཅིག་པ་རང་སྐག་ལས་ཐར་གྱུར་ཅིག །གཉིས་པ་ནད་དགྲ་ལས་ཐར་གྱུར་ཅིག །གསུམ་པ་ཕུང་གྱོད་ལས་ཐར་གྱུར་ཅིག །བཞི་པ་བཞི་གཤེད་ལས་ཐར་གྱུར་ཅིག །ལྔ་པ་བྱེ་བྲལ་ལས་ཐར་གྱུར་ཅིག །དྲུག་པ་དྲུག་འགྲམ་ལས་ཐར་རོ། །བདུན་པ་བདུན་ཟུར་ལས་ཐར་རོ། །བརྒྱད་པ་བྱད་སྐག་ལས་ཐར་རོ། །དགུ་པ་དགུ་མིག་ལས་ཐར་རོ། །བཅུ་པ་དུར་འཛིན་ལས་ཐར་རོ། །བཅུ་གཅིག་པ་གནམ་སྒོ་ལས་ཐར་རོ། །བཅུ་གཉིས་པ་ལོག་འདྲེན་ལས་ཐར་རོ། །བཅུ་གསུམ་པ་ལོ་སྐག་ལས་ཐར་རོ། །བཅུ་བཞི་པ་གདོན་བགེགས་ལས་ཐར་རོ། །བཅོ་ལྔ་པ་ལོག་འདྲེན་ལས་ཐར་རོ། །ནད་རིགས་བཞི་བརྒྱ་རྩ་བཞི་ལས་ཐར་རོ། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ལས་ཐར་རོ། །གློ་བུར་དང་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ལས་ཐར་རོ། །དུས་མིན་འཆི་བ་བཅོ་བརྒྱད་ལས་ཐར་རོ། །དེ་ནས་མེ་ཏོག་འཐོར་ཞིང་ཐུབ་པ་ཡིས། །གསུངས་བའི་བཀྲ་ཤིས་རྒྱས་པ་བརྗོད་པར་བྱ། །ཚེ་ལྷ་བུ་ཡི་སྙིང་གར་བཞུགས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ། །


CMR039_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་ལྷ་སྲོག་གི་རྩ་རུ་བཞུགས། །མི་སྲོག་ལྕགས་ལས་སྲ་བར་མཛོད། །ཕྲག་ལྷ་ཕྲག་པ་གཡས་སུ་བཞུགས། །སྐྱེས་པ་ཕོ་ཡི་སྲོག་རྫི་མཛོད། །མ་ལྷ་ཕྲག་པ་གཡོན་དུ་བཞུགས། །བུ་ཆུང་སྐྱིད་པའི་རྫིའུ་མཛོད། །ཐབ་ལྷ་ཐབ་ཀྱི་གོང་དུ་བཞུགས། །མར་ཁུའི་མཚོ་མོ་ཁོལ་བར་མཛོད། །ཁྱིམ་ལྷ་ཁྱིམ་གྱི་ཕུགས་ན་བཞུགས། །འདྲེ་གདོན་ཕུད་ལ་སྦྲ་ཁང་སྲུངས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཐར་བྱིའུ་ཕུག་གི་ཀ་བའི་སྟེང་། །འབྲོག་པས་གུང་ཁར་ཡུད་ཙམ་བཞག །དེ་ནས་གང་བདེར་གཙང་སར་སྦ། །མཆོད་རྫས་གཞན་རྣམས་དངོས་གྲུབ་བྱ། །སྲིའུ་ནག་པོ་ཡིན་ན་ཡང་། །དེ་ཕྱིར་འཛེམ་ལ་ཇེ་ཆུང་བྱ། །དེ་ནས་སྲིའུ་མི་གྲལ་ཚུད། །སྲིའུ་མི་བརྩི་མི་རུ་བརྩི། །མི་ཆེན་གྲལ་དུ་སླེབས་པའོ། ༈ །ཨེ་མ་སྔགས་འཆང་རཱ་ག་ཨ་སྱ་བདག །ལོ་བརྒྱད་ལོན་ནས་སྔགས་པའི་རྗེས་སུ་འབྲང་། །ལོ་བདུན་བར་དུ་འབྲལ་མེད་མཉམ་དུ་འགྲོགས། །དེ་ཚེ་སྔགས་འཆང་རྒྱལ་པོས་འདི་སྐད་གསུངས། །ཁོ་བོའི་བླ་མ་ལོངས་སྐུ་རྒྱུན་དུ་བསྙེན། །སྔགས་ལ་ནི་ཛ་ཡོད་པའི་རྟེན་འབྲེལ་ཡོད། །བདག་ལ་མི་ཡི་དངོས་གྲུབ་འབྱུང་བ་ཡིན། །འདི་ཕྱོགས་གྲ་རིམ་བུ་ཀུན་བདག་གིས་གསོས། །མདངས་ནི་ཕྱེ་མར་ལས་བྱས་ཨ་སྣོའི་བུ། །རིལ་བུ་བཅུ་གསུམ་བདག་ལ་གཏད་བྱུང་རྨིས། །ད་ལོ་སང་ལ་སྲིའུ་བཅུ་གསུམ་ཙམ། །ཁོ་བོའི་ཐར་ཁར་འདོན་པའི་


CMR039_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་ཡིན་གསུངས། །གསུངས་པ་བཞིན་དུ་བུ་རྣམས་ཐར་བར་བྱ། །ཁོ་བོ་མཆོད་གཡོག་ཡིན་ཕྱིར་ཕྱག་ལེན་ཞིབ། །དཔེ་རྙིང་རྣམས་སུ་ཕྱག་ལེན་ཞིབ་གསལ་རྨིས། །ཕྱོགས་གཅིག་མེད་པར་འཐོར་ནས་མེད་པའི་ཕྱིར། །སྔགས་ཆུང་གསར་བུ་རྣམས་ཀྱིས་ཤེས་པར་དཀའ། །ཐར་ཆུང་ཁྲུས་དང་བྱིས་ཁྲ་རྐྱང་པས་ཆོག །རྒྱས་པར་འདོད་ན་ཐར་སྐས་འཛེག་པ་དང་། །ཕུར་བུ་བཏགས་དང་མིང་བཏགས་མ་གཏོགས་པ། ཐམས་ཅད་བྱས་ཀྱང་ཤིན་ཏུ་ལེགས་པ་ཡིན། །ལྷ་མོ་དངོས་གྲུབ་འབྱུང་བའི་རྒྱུད་ཆེན་ལས། །བྱིས་པ་བསྲུང་བའི་ལེའུ་ཕྱག་བྱས་ཤིང་། །སློབ་དཔོན་པདྨའི་བྱིས་ཁྲ་སྤར་འབྱེད་དང་། །རྒྱ་ནག་ལུགས་ཀྱི་ཐར་དང་ཤུག་མགོན་དང་། །རྙིང་མའི་སྲོག་གཏའ་སྡོམ་རྣམས་ལེགས་པར་བསྒྲིགས། །ལྕགས་ཕོ་ཁྱི་ལོའི་སྨིན་དྲུག་ཟླ་བ་ཡི། །ཉེར་གསུམ་ནས་བཟུང་ཞག་གསུམ་ཉིན་བཞིའི་བར། །ཐུན་མཚམས་རྣམས་སུ་རཱ་ག་ཨ་སྱས་སྨྲས། །དགེ་བའི་མིང་ཅན་བཙུན་པས་ཡི་གེར་བྲིས། །ཀྱེ་མ་ཐོབ་དཀའི་མི་ལུས་རིན་པོ་ཆེ། །སྐྱེས་མ་ཐག་ཏུ་འཆི་བ་སྙིང་རེ་རྗེ། །ནོར་བུ་རྙེད་ནས་བོར་ལྟར་ཕ་མ་སྡུག །བུ་མང་སྐྱེས་པའི་རབས་ཆད་སྙིང་རེ་རྗེ། །མི་ཡི་འཇིག་རྟེན་ཇི་སྲིད་གནས་ཀྱི་བར། །དཔེ་འདི་ཕྱོགས་རྣམས་ཀུན་ཏུ་འཕེལ་ཞིང་རྒྱས། །སྐྱབས་མེད་བྱིས་པ་རྣམས་ཀྱི་སྐྱབས་གྱུར་ནས། །བར་ཆད་མེད་པར་ཚེ་རིང་ནད་མེད་ཤོག །དགེའོ།། །། ༈ བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་ནས་བསྒྲིགས་ཏེ་པར་སྐྲུན་ཞུས།


previousཐར་ཆུང་བྱིས་ཁྲ་སྤར་འབྱེད་དང་། སྲིའུ་ཐར་ཆེན་ཁ་འཕུད་ཐབས་གསལ་བ་བལྟས་ཆོག་ཏུ་བཀོད་པ།next