Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིས་པ་ཐར་འདོན་གསལ་བར་བཀོད་པ་དགའ་སྟོན་འཕྲུལ་གྱི་འདོད་འཇོ།
   
   
   
   
   
   
   
   


 
previousབྱིས་པ་ཐར་འདོན་གསལ་བར་བཀོད་པ་དགའ་སྟོན་འཕྲུལ་གྱི་འདོད་འཇོ།next

བྱིས་པ་ཐར་འདོན་གསལ་བར་བཀོད་པ་དགའ་སྟོན་འཕྲུལ་གྱི་འདོད་འཇོ།


CMR039_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

བྱིས་པ་ཐར་འདོན་གསལ་བར་བཀོད་པ་དགའ་སྟོན་འཕྲུལ་གྱི་འདོད་འཇོ་བཞུགས་སོ།


CMR039_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་འདུད། མིའུ་རིན་ཆེན་སྐག་ལས་ཐར་བ་ཡི། །ཡར་གཞི་རྩ་གསུམ་རྟེན་གཏོར་མཆོད་པ་བཤམས། །ཐར་གཞི་སྣམ་བུ་དཀར་པོ་འདོམ་གང་སྟེང་། །ནས་ཀྱི་ཐར་སྐས་རིམ་པ་བཅུ་གསུམ་བྲིས། །འོག་ཏུ་གདན་དཀར་པདྨ་འདབ་བརྒྱད་བྲིས། །མདའ་དར་རིན་ཆེན་སྣ་ལྔས་བརྒྱན་པ་བཤམས། །གཡས་སུ་ལྷ་ཤིང་སྐས་རྩར་ཐར་བྱེལ་བཞག །ངར་མི་བཅུ་གསུམ་ལྷ་ཡི་བཤོས་བུ་གཅིག །གཡོན་དུ་གླང་མའི་སྐས་དཀྱིལ་ཁྲ་གཅིག་བཞག །ལོ་བདུད་བཀར་བའི་ཆངས་བུ་བཅུ་གསུམ་བཞག །རྩ་བར་བྱིས་པའི་སྐུ་གླུད་ཡས་རྫས་བསགས། །བྱིས་པའི་ཡན་ལག་སྐུད་པས་བཅིངས་ལ་བཞག །དེ་ནས་བྱིས་པ་མ་བུ་ཁྲུས་ཀྱིས་བཀྲུས། །རྒྱན་དང་ཆས་གོས་ལེགས་པས་མདུན་འདུག་


CMR039_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ། །བསང་གི་ཆོ་ག་བསང་མཆོད་གཞུང་བསྲངས་ནས། །དྲི་ཞིམ་སྤོས་ཀྱིས་བསང་ལ་འདི་སྐད་དོ། །ཨོཾ་བཛྲ་ཨ་མྲྀ་ཏས་བསང་། ཨོཾ་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྱིས་པ་འདི། །བུ་ཡིན་ན། པདྨ་འབྱུང་གནས་སྐུ་རུ་བསྒོམ། །གནས་ལྔ་རྒྱལ་བ་རིགས་ལྔ་གསལ། །ཨོཾ་ཧཱུྃ་ཏྲཾ་ཧཱིསཿ བུ་མོ་ཡིན་ན། ཡེ་ཤེས་མཚོ་རྒྱལ་སྐུ་རུ་བསྒོམ། །གནས་ལྔར་མཁའ་འགྲོ་སྡེ་ལྔར་གསལ། །ཁཾ་དང་ཧ་རི་ནི་སས་མཚན། །ས་བོན་འོད་ཀྱིས་སྤྱན་དྲངས་ནས། །བསྒྲུབ་བྱའི་ལུས་ལ་བརྟན་པར་བཞུགས། །བར་ཆད་རྐྱེན་ལས་ཐར་བར་མཛོད། །ཅེས་བརྗོད། བཛྲ་གུ་རུ་སིཾ་ཧ་རི་ནི་ས་ཧཱུྃ།


CMR039_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

བསྙེན་པ་བྱ། དེ་ནས་གསེར་སྐྱེམས་མཆོད་ལ། ཀྱཻ། དེ་རིང་ཉི་རྒྱས་ཟླ་བ་ཡར་གྱི་ངོ། །གནམ་ལ་གཟའ་སྐར་ས་ལ་དུས་ཚོད་བཟང་། །བར་ལ་ཚེས་གྲངས་དུས་སྲིད་སྐལ་པ་བཟང་། །རྒྱུ་སྦྱོར་ཡོན་བདག་བཙན་ཕྱུག་འཕན་དར་རྒྱས། །ལྷ་གཞི་བཀྲག་མདངས་མཆོད་རྫས་དྭངས་རེ་སྤྲོ། །དེ་ལྟར་ཕུན་སུམ་ཚོགས་པའི་གནས་འདི་རུ། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །དགྲ་ལྷ་ཝེར་མ་འགོ་བའི་ལྷ་ལྔ་དང་། །རྟེན་སྒྲུབ་མཆོད་པའི་ལྷ་སྲུང་ཐམས་ཅད་ཀུན། །ནད་པ་གདོན་ལས་ཐར་བའི་སྐྱབས་སུ་གཤེགས། །སྲིའུ་ཚང་ནས་སྐྱེད་པའི་མགོན་དུ་གཤེགས། །གསེར་སྐྱེམས་འདི་བཞེས་ཁ་འཛིན་རྒྱབ་རྟེན་མཛོད། །སྔོན་ཚེ་བསྟན་པ་སྲུང་བའི་ཐ་ཚིག་ཅན། །དྲེགས་པ་སྡེ་བརྒྱད་མགུར་ལྷ་བརྟན་མ་དང་། །གཏན་ཆགས་ཟོ་དོར་ཡུལ་ལྷ་མགོན་བྱེད་ཀུན། །གསེར་སྐྱེམས་འདི་བཞེས་དགེ་བའི་སྡོང་གྲོགས་མཛོད། །ཀྱཻ། སྔོན་ཚེ་བསྐལ་བཟང་སྲིད་པ་དང་པོ་ལ། །མིའུ་ཐར་འདོན་བྱེད་པ་འདི་ལྟར་སྲིད། །ལྷ་བུ་དོན་ལྡན་ལྷ་མོ་དཔལ་བྱིན་གཉིས། །འཁོར་ལོས་སྒྱུར་བའི་རྒྱལ་རྒྱུད་སྤེལ་བ་ལ། །འཇིག་རྟེན་མྱེས་པོ་ཚངས་པས་མཚན་གསོལ་ལྟར། །དེང་


CMR039_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

གི་མིའུ་རིན་ཆེན་ཐར་འདོན་འཚལ། །སྔོན་ཆེ་ཧ་ལུ་མུན་དྷ་བྲག་སྲིན་གཉིས། །མིའུ་གདུང་དྲུག་མི་རབས་བྱུང་བའི་ཚེ། །སྤྱན་རས་གཟིགས་ཀྱིས་ལུང་བསྟན་ཐར་པ་ལྟར། །དེང་གི་མིའུ་རིན་ཆེན་ཐར་འདོན་འཚལ། །ས་སྐྱེས་དྷེ་ཝ་ཡུམ་སྲས་རྒྱལ་མོ་གཉིས། །སྲས་པོ་སྨོན་མི་དབུ་ནག་སྐུ་འཁྲུངས་ཚེ། །རྟེན་འབྲེལ་ཐར་པའི་སྐས་ལ་དྲངས་པ་ལྟར། །དེང་གི་མིའུ་རིན་ཆེན་ཐར་འདོན་འཚལ། །ཡབ་ལྷ་བརྡལ་དྲུག་དེ་མོ་གངས་དཀར་ལ། །སྲས་ནི་རྒྱལ་བུ་མཐིང་གེ་བལྟམས་པའི་ཚེ། །ལེ་གུ་ལྷ་ཡི་མར་མེས་ཐར་བྱས་ལྟར། །དེང་གི་མིའུ་རིན་ཆེན་ཐར་འདོན་འཚལ། །རྒྱལ་པོ་ཟས་གཙང་སྒྱུ་མ་ལྷ་མཛེས་གཉིས། །རྒྱལ་སྲས་དྲི་མེད་གྲགས་པ་སྐུ་འཁྲུངས་པ། །ལྷ་ལ་ཡོན་ཕུལ་ཐར་གཞི་བཏིང་བ་ལྟར། །དེང་གི་མིའུ་རིན་ཆེན་ཐར་འདོན་འཚལ། །ཀྱཻ། སྔགས་འཆང་བདག་དང་རྒྱུ་སྦྱོར་སྦྱིན་བདག་གི །སྔོན་གྱི་རྒྱལ་བུ་ཐར་འདོན་དེ་བཞིན་དུ། །བྱིས་པ་ཚེ་རིང་མི་གྲལ་ཚུད་པའི་ཚེ། །ཐར་སྣམ་ནས་ཀྱི་ཐར་སྐས་བཅུ་གསུམ་བྲིས། །གཡས་ཀྱི་ལྷ་སྐས་ཐར་བྱིས་བགྲོད་པའི་ལམ། །གཡོན་གྱི་འདྲེ་སྐས་ཆུང་བདུད་བཀར་བའི་ལམ། །


CMR039_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་སྒྲོན་མེ་ལྷ་ཞལ་མཐོང་བའི་སྒྲོན། །རིན་ཆེན་མདའ་དར་དགྲ་ལྷ་ཝེར་མའི་རྟེན། །སྐུ་གླུད་ངར་མི་ཚེ་སྲོག་བསླུ་བའི་ཡོན། །རྟེན་འབྲེལ་རྫས་བསགས་ལེའུ་ལྷ་དར་ནས། །བྱིས་པ་སྲིའུ་ཚང་ནས་འདོན་འཚལ་ལོ། །བར་ཆད་རྐྱེན་ངན་སྐག་ལས་ཐར་མཛོད་ཅིག །དེ་ནས་ཡན་ལག་སྐུད་པ་བཀྲོལ་ལ། ཀྱཻ། རིགས་བཟང་ལྷ་ཡི་སྲས་བུ་འདི། །མཐོ་རིས་མི་གྲལ་བགྲོད་པ་ལ། །དེ་སྔ་ཕན་ཆད་སྒྲོག་གིས་བཅིངས། །ད་ནི་བཅིངས་པའི་སྒྲོག་བཀྲོལ་ལོ། །དེ་ནས་དཀར་སྣམ་སྟེང་ནས་བྱིས་པ་ཡར་གཞི་མར་མེ་བསྣམས་ནས་ལྷ་སྐས་ཐེམ་ག་རིམ་བཞིན་བགྲོད་ལ་བཞག །མར་མེ་རི་ལ་ཡར་མཆོད། དེའི་ཁལ་དུ་བྱིས་པ་ཡར་འགྲོ། ཁྲ་གཟུགས་འདྲེ་སྐས་ལ་མར་ཕུད། ཚིག་དོན་རེ་སྤྲད་ལ་འདི་སྐད་དོ། །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཐར་སྣམ་རིན་པོ་ཆེའི་གཞལ་ཡས་ཁང་གི་དབུས་སུ་ཐར་སྐས་རིམ་པ་བཅུ་གསུམ་རྩེ་མོ་ལྷའི་ཡུལ་དུ་སླེབས་པ། རྩ་བར་འདྲེ་སྲིན་ཆུང་བདུད་མནན་པ། །མཐོ་རིས་སྐྱེད་པ་རིན་པོ་ཆེའི་སྐས་སུ་གྱུར། ཡེ་དྷརྨས་བྱིན་གྱིས་བརླབ། ཀྱཻ། གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་གཅིག་ལོན་པའི་ཁྱེའུ་འདི། །ཆུང་བདུད་སྤུན་དགུའི་ཁ་ནས་ཡར་ཐར་རོ། །


CMR039_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་པ་རང་སྐག་ཆུང་བདུད་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་གཉིས་ལོན་པའི་ཁྱེའུ་འདི། །སྲི་རྐུན་བཅུ་གསུམ་ཁ་ནས་ཡར་ཐར་རོ། །གཉིས་པ་འཆི་བའི་བདུད་སྐག་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་གསུམ་ལོན་པའི་ཁྱེའུ་འདི། །མ་ཡམས་རྒྱལ་མོའི་ཁ་ནས་ཡར་ཐར་རོ། །གསུམ་པ་དྲུག་ཟུར་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་བཞི་ལོན་པའི་ཁྱེའུ་འདི། །བར་ཆད་བཞི་ཡི་ཁ་ནས་ཡར་ཐར་རོ། །བཞི་པ་བཞི་གཤེད་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་ལྔ་ལོན་པའི་ཁྱེའུ་འདི། །བདུད་བཙན་དམུ་སྲིན་ཁ་ནས་ཡར་ཐར་རོ། །ལྔ་པ་བྱེ་བྲལ་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་དྲུག་ལོན་པའི་ཁྱེའུ་འདི། །ལྷ་ཀླུ་གནོད་སྦྱིན་ཁ་ནས་ཡར་ཐར་རོ། །དྲུག་པ་དྲུག་འགྲིམ་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་བདུན་ལོན་པའི་ཁྱེའུ་འདི། །རྒྱལ་བསེན་ཐེའུ་རང་ཁ་ནས་


CMR039_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཡར་ཐར་རོ། །བདུན་པ་བདུན་ཟུར་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་བརྒྱད་ལོན་པའི་ཁྱེའུ་འདི། །སྤར་ཁ་བརྒྱད་ཀྱི་སྐག་ནས་ཡར་ཐར་རོ། །བརྒྱད་པ་དུར་སྒོའི་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་དགུ་ལོན་པའི་ཁྱེའུ་འདི། །སྨེ་བ་དགུ་ཡི་སྐག་ནས་ཡར་ཐར་རོ། །དགུ་པ་དགུ་མིག་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་ངོ་བཅུ་ལོན་པའི་ཁྱེའུ་འདི། །གཙུག་ལག་གདོན་བཅུའི་ཁ་ནས་ཡར་ཐར་རོ། །བཅུ་པ་གཤིན་རྗེའི་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་བཅུ་གཅིག་ལོན་པའི་ཁྱེའུ་འདི། །གདོན་ཆེན་བཅོ་ལྔའི་ཁ་ནས་ཡར་ཐར་རོ། །བཅུ་གཅིག་ལོ་ཡི་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་བཅུ་གཉིས་ལོན་པའི་ཁྱེའུ་འདི། །ལོ་བདུད་བཅུ་གཉིས་ཁ་ནས་ཡར་ཐར་རོ། །བཅུ་གཉིས་ལོ་ཡི་སྐག་རྣམས་ཐུར་དུ་བསྒྱུར། །གསལ་བའི་སྒྲོན་མེ་སྲུང་སྐྱོབ་ལྷ་ལ་འབུལ། །ཟླ་བ་བཅུ་གསུམ་ལོན་པའི་ཁྱེའུ་འདི། །ལོ་ཟླ་


CMR039_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

ཞག་དུས་སྐག་ནས་ཡར་ཐར་རོ། །ལོ་རྒྱལ་ཟླ་བློན་ཞག་དམག་དུས་མཚོན་སྐག །ཐམས་ཅད་ཆུང་བདུད་དམ་སྲིའི་སྟེང་དུ་སྒྱུར། །ཀྱཻ། བསླུ་མེད་དཀོན་མཆོག་རྒྱུ་འབྲས་བདེན་སྟོབས་དང་། །སྔགས་འཆང་རྟེན་འབྲེལ་རྫས་སྔགས་ཡོན་ཏན་གྱིས། །མིའུ་རིན་ཆེན་བར་ཆད་རྐྱེན་ལས་ཐར། །ནད་རིགས་བཞི་བརྒྱ་རྩ་བཞིའི་སྐག་ལས་ཐར། །གདོན་རིགས་སྟོང་ཕྲག་བརྒྱད་ཅུའི་སྐག་ལས་ཐར། །རྐྱེན་ངན་སུམ་བརྒྱ་དྲུག་ཅུའི་སྐག་ལས་ཐར། །ཡེ་འདྲོག་གློ་བུར་ཉི་ཁྲིའི་སྐག་ལས་ཐར། །གཟུགས་ཅན་གཟུགས་མེད་བྱེད་དང་གདོན་ལས་ཐར། །སྲི་དགུ་གཤེད་འཁྱམས་ཕུང་སྲིའི་སྐག་ལས་ཐར། །དུས་མིན་འཆི་བའི་ཚེ་ལན་བདུད་ལས་ཐར། །རྣོ་མཚོན་སྦྱར་དུག་གཅན་གཟན་པའི་སྐག །མི་ཁ་བྲ་མཆུའི་སྒྲོག་ཏུ་ཚུད་པ་དང་། །རྨིས་ལྟས་མཚན་ངན་དུས་འཁྲུགས་སྐག་ལས་ཐར། །གསལ་བའི་མར་མེ་ལྷ་ཡི་ཞལ་ཟས་རྣམས། །ཚེ་སྲོག་སྐྱོབ་པའི་ལྷ་སྲུང་རྣམས་ལ་འབུལ། །ཚེ་བསྲིང་དཔལ་སྐྱེད་དོན་དུ་བཞེས་སུ་གསོལ། །མིའུ་རིན་ཆེན་ཚེ་མཐར་ཕྱིན་པར་མཛོད། །ཐར་བྱིས་སྟོབས་ཆེན་ལྷ་ཡི་ཡུལ་དུ་གཤེགས། །ལྷ་མི་


CMR039_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་རྒྱལ་ཁ་གྱེན་དུ་བསྟོད། །ཆུང་བདུད་བྱིས་ཟན་བདུད་ཁྲ་ཐུར་དུ་བཀར། །འདྲེ་སྲིན་གཉིས་ཀྱི་ཟ་ཁ་ཐུར་དུ་བསྒྱུར། །རྒྱུ་སྦྱོར་སྦྱིན་བདག་སྐལ་ལྡན་ལྷ་བུ་འདི། །ཚེ་རིང་མི་ཡི་ལྷ་གྲལ་ཕྱིན་པ་ཡིན། །ལོ་བརྒྱའི་བར་དུ་བརྟན་པར་བཞུགས་སུ་གསོལ། །ཅེས་བརྗོད་མཐར་གཞི་གོང་གི་གདན་དཀར་ཐོག་ཏུ་བསྡད། ཐར་བྱིས་སྐས་ལྷམ་ལྷའི་ཕྱོགས་སུ་བཞག །འདྲེ་སྐས་བཅག་ལ་ཁྲོ་གཟུགས་བཅས་གླུད་ནང་དུ་འཕང་། དེ་ནས་སྔགས་པས་མིང་བཏགས། ཕ་མ་གཉིས་ཀྱིས་རྟེན་འབྲེལ་གྱི་སྨོན་ལམ་བཟང་པོ་བཏབ། རིན་ཆེན་སྣ་ལྔ་མགུལ་དུ་བཏགས། མདའ་དར་གཡབ་ཅིང་ཚེ་འགུགས་དང་། གཡང་འགུགས་གྱེར། འབྲུ་སྣ་ཚོགས་མཆོད་ཅིང་འདི་སྐད་དོ། །ཧཱུྃ། དཀོན་མཆོག་རྩ་གསུམ་ཕ་མཚུན་དགྲ་ལྷ་དང་། །འགོ་བའི་ལྷ་ལྔ་སྐྱོབ་བྱེད་རྟེན་པའི་ལྷ། །འདིར་གཤེགས་སྐལ་ལྡན་ལུས་ལ་བརྟན་པར་བཞུགས། །སྐད་ཅིག་མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས། །ཁ་འཛིན་མགོན་སྐྱབས་མ་གཡེལ་སྲུང་སྐྱོབ་མཛོད། །ཚེ་བསོད་མངའ་ཐང་དཔལ་འབྱོར་ཕྱུ་དང་གཡང་། །ཟ་ཐང་ལོངས་སྤྱོད་ཕུན་ཚོགས་རྐང་འགྲོ་རྣམས། །ཟླ་བ་ཡར་ངོ་བཞིན་དུ་གོང་འཕེལ་ཤོག །ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་


CMR039_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་སྤྱོད་གྱུར་པའི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། །ཞེས་ཚེ་གཟུངས་བརྗོད། སྦྱིན་པའི་སྟོབས་ཀྱིས་སོགས། དགའ་སྟོན་ཚོགས་འཁོར་ལ་སོགས་བྱའོ། །དེ་ནས་གླུད་ཡས་རྣམས་བྲན་ལ། ཨོཾ་བཛྲ་ཨ་མྲྀ་ཏ་སོགས། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་གཞིརཾ། །ཆུང་སྲི་ནག་མོ་ཁྲོ་མོའི་གཟུགས། །འཕྲོག་མ་མ་བུ་ལྔ་བརྒྱ་དང་། །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཆུང་སྲིའི་གདོན་ཚོགས་ཀུན་གྱིས་བསྐོར། །དཀོན་མཆོག་གསུམ་གྱི་བདེན་པའི་མཐུས། །བྱིས་པའི་གནོད་བྱེད་གདོན་བགེགས་ཀུན། །སྐད་ཅིག་ཉིད་ལ་འདིར་ཁུག་ཅིག །ཛཿཧཱུྃ་བཾ་ཧོཿ བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །བྱིས་པ་མི་བུ་འདི་ལ་གནོད་བྱེད་པའི། །ཆུང་སྲི་བུ་རྐུན་འཕྲོག་མ་མ་བུ་དང་། །འཇམ་པ་པོ་དང་སྐེམ་བྱེད་རི་དྭགས་རྒྱལ། །བརྗེད་བྱེད་མ་མོ་ཛ་མི་ཁུ་ཚུར་ཅན། །འདོད་ཅན་ནམ་གྲུ་སྲུལ་པོ་མ་དགའ་བྱེད། །བྱ་དང་གཉའ་ལག་བཞིན་རྒྱན་མིག་འཕྱང་པ། །དེ་ལྟར་


CMR039_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཆེན་བཅོ་ལྔ་དེ་དག་གིས། །དབང་པོ་སྤྱོད་ཡུལ་ཁམས་རྣམས་ཚིམ་བྱེད་པ། །གླུད་དང་ཡས་སྟགས་རྣམ་པ་སྣ་ཚོགས་འདི། །བྱིས་པའི་ཚེ་གླུད་སྲོག་རྐྱེན་བུ་ལོན་འཇལ། །སོ་སོར་ཅི་འདོད་ཟག་མེད་བདེ་སྐྱིད་གྱུར། །ཁ་འབར་མའི་སྔགས་དང་། ཨོཾ་ཨ་རེ་མ་ཏི་ཏུ་ཏེ་ཧཱུྃ་ཕཊ། ལན་བདུན་གྱིས་བསྔོའོ། །མཉེས་ཚིམ་དགའ་མགུ་ཡི་རང་གནོད་སེམས་སྤོངས། །བདེ་གཤེགས་རྒྱལ་བའི་བཀའ་འདས་དམ་མ་བཀྲལ། །བྱིས་པའི་བར་ཆད་ཚེ་ལན་བདུད་མ་བྱེད། །འདོད་ཡོན་གླུད་དང་གཏོར་མ་འདི་ཁྱེར་ལ། །རང་རང་སོ་སོའི་གནས་སུ་ཕྱིར་དེངས་ཤིག །གལ་ཏེ་མི་འགྲོ་འདུག་ན་རྡུལ་དུ་བརླག །དེ་བས་རང་སྲོག་གནས་བཟུང་རང་གནས་དེངས། །ཕྱིན་ཆད་འཁོར་འདིར་གནོད་པ་མ་བྱེད་ཅིག །ཨོཾ་སུམྦྷ་ནི་སོགས། ལོ་བདུད་ཕྱོགས་སུ་བསྐྱལ། ཧཱུྃ། རང་ཉིད་ལྷ་ཡི་ཐུགས་ལས་འོད་ཟེར་འཕྲོས། །ཁྲོ་བོ་ཁྲོ་མོ་ཁྲོ་ཆུང་ཕྱག་མཚན་དང་། །ཡིག་འབྲུ་འཇའ་ཚོན་མེ་དཔུང་གུར་ཁང་འཁྲིགས། །སྟེང་འོག་ཕྱོགས་མཚམས་བར་ཆད་ཐམས་ཅད་སྲུང་། །ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཀྵ་ཧཱུྃ་ཧཱུྃ། དེ་ནས་ཚེ་མདུད་མགུལ་དུ་བཏགས་ལ། ཧཱུྃ༔ རིག་འཛིན་ཚེ་དཔག་མེད་པའི་ཐུགས་


CMR039_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་དང་། །རྒྱལ་བ་སྲས་བཅས་དྲང་སྲོང་རིག་པ་འཛིན། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །བདེན་ཚིག་གྲུབ་པ་རྣམས་ཀྱི་བདེན་སྟོབས་ཀྱིས། །བསྲུང་བྱ་འདི་ལ་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག །ཡི་དམ་སྔགས་ཤམ་དུ། བཛྲ་རཀྵ་རཀྵ་ཧཱུྃ། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་སོགས། །བཀྲ་ཤིས་བསྔོ་སྨོན་བྱ། ཕྱི་རྗེས་མི་མངོན་པར་བྱ། དེ་ལྟར་མིའུ་རིན་ཆེན་ཐར་འདོན་ཐབས་སྔོན་ཚེ་མཛད་མཁན་མང་ཡང་གསལ་ཆ་མེད་པས་ཐར་ཆུང་། བྱིས་ཁྲ་སྤར་འབྱེད་དང་། ལུ་གུ་སྒྲོག་བཀྲོལ། ངར་མི་པང་སྤྲུག་སོགས་ཀུན་གྱིས་དོན་བསྡུས་གོ་བདེ་ཟབ་པ་འདི། རཱ་ག་ཨ་སྱས་འགྲོ་ལ་ཕན་པར་དགེ་བས་སེམས་ཅན་དོན་དུ་བྲིས། ཉེས་འགལ་མཆིས་ན་རྩ་གསུམ་ལྷ་ལ་བཤགས།། ༈ རྟེན་འབྲེལ་གྱི་སྲིའུ་གསོ་ཐབས་བཞུགས་སོ། །སྲིའུ་ཐབས་རྟེན་འབྲེལ་ལ་འབྱུང་བ་རྟེན་འབྲེལ་རྫས་སྔགས་ཁ་ཟས་སོགས་དང་པོར་འབྱུང་བ་རྟེན་འབྲེལ་སྲིའུ་གསོ་བ་ནི། བྱིས་པ་བཙས་ནས་ལག་ཏུ་མ་བླང་པར། ལྟེ་བ་བཅད་པའི་ཁྲག་དང་། ནུ་ཞོ་དང་ཙནྡན་དཀར་པོ་བསྲེས་པའི་ཕྱེ་མ་གསུམ། ལྟེ་བ་སྡོམ་དང་། ཡན་ལག་མཐིལ་བཞིར་བྱུག །དེའི་ཡོན་ཏན་ཁྲག་གིས་སྲོག་བརྟན་ཞིང་། ནུ་ཞོས་མདངས་རྒྱས། ཙནྡན་སྟོབས་བསྐྱེད། དེ་ནི་འབྱུང་བ་ཡིད་བཞིན་ནོར་བུ་ཡིན། རྒྱ་རྒྱ་རྒྱ། གཉིས་པ་རྟེན་འབྲེལ་


CMR039_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

སྲིའུ་གསོ་བ་ནི། བྱིས་པ་བཙས་ནས་རྐན་མར་མ་གཏད་པར་དཔྲལ་བའི་མཐིལ་དུ་གི་ཝཾ་གིས་ཨོཾ་ཞིག་བྲིས། ལྕེ་རྩ་བར་གུར་གུམ་གྱིས་ཨཱཞིག་བྲིས། སྙིང་ཁའི་ཐད་དུ་ཐིག་ལེའི་ཧཱུྃ་ཞིག་བྲིས། དེའི་ཡོན་ཏན་ནི་ཨོཾ་གྱིས་ལུས་ནད་དཀོན། ཨཱཡིས་ལྕེ་བདེ་སྣ་འགུགས་འགས་པ་སེལ། ཧཱུྃ་གི་ཡིད་བཞིན་ནད་དང་གདོན་ལས་ཐར། །དེ་ནི་རྟེན་འབྲེལ་ཡིད་བཞིན་ནོར་བུ་ཡིན། ༈ གསུམ་པ་ཁ་ཟས་ཀྱི་སྲིའུ་གསོ་བ་ནི། སྐྱེས་ནས་ཁ་རུ་ཅི་ཡང་མི་གཏོང་བར། །སྤྱང་ཀིའི་རིལ་མ་ཀ་ར་ས་ལེ་སྦྱར། མར་གྱི་རིལ་བུ་བྱས་ནས་བུ་ལ་བྱིན། སྤྱང་ཀིའི་རིལ་མས་གདོན་དང་བགེགས་ཐུབ་ཅིང་། གསེར་གྱི་བཀྲ་ཤིས། ཀ་རས་བློ་རྣོའོ། །དེ་ནི་སྨན་བཟང་ཡིད་བཞིན་ནོར་བུ་ཡིན། རྒྱ་རྒྱ་རྒྱ། ༈ བཞི་པ་རྫས་ཀྱི་སྲིའུ་གསོ་བ་ནི། རྨ་བྱའི་སྒྲོ་མདངས་རྟེན་འབྲེལ་སྙིང་པོ་འདོན། རིན་ཆེན་སྣ་ལྔ་སྨན་སྣ་ལུས་ལ་བྱུག །རྟེན་འབྲེལ་སྙིང་པོས་སྲི་གདོན་ཐུབ། རིན་ཆེན་སྣ་ལྔས་འདྲེ་སྲིན་ཐུབ། སྨན་སྣ་ཚོགས་ཀྱིས་ས་བདག་ཐུབ། དེ་ནི་རྫས་ཀྱི་ཡིད་བཞིན་ནོར་བུ་ཡིན།། ༈ ལས་སྔགས་ཀྱི་སྲིའུ་གསོ་བ་ནི། རྟེན་འབྲེལ་སྙིང་པོ་བཟླས་པ་སྤྱི་བོར་བཏབ། ཚེ་ཡི་སྙིང་པོ་བཟླས་པ་ཁོང་དུ་བཏང་། ཡི་དམ་སྙིང་པོ་བཟླས་པ་ལུས་ལ་གཏོང་། རྟེན་འབྲེལ་སྙིང་པོས་བཀྲ་ཤིས། ཚེའི་སྙིང་པོས་ཚེ་རིང་། ཡི་དམ་ཕོ་བྲང་ལུས་ལ་ཐིམ། འདི་ནི་སྔགས་ཀྱི་ཡིད་བཞིན་ནོར་བུ་ཡིན། ས་མ་ཡ། རྒྱ་རྒྱ་རྒྱ། བུ་དང་བུ་རོགས་བྱུང་དཀའ་ན། རྒྱུ་རུ་ལུག་ཐུག་འབྲས་བུ། མིན་ན་ནག་པོ་སྦྲུལ་ཤ་སྦྱར་ལ་


CMR039_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་ན་མྱུར་དུ་ཐོན། ཨོཾ་ཏྲེ་ཙེ་ཤ་ཀུན་འཚང་བ་ལ་སྲུངས་ཤིག །སྲིའུ་གསོ་བའི་གདམས་པའོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབྱིས་པ་ཐར་འདོན་གསལ་བར་བཀོད་པ་དགའ་སྟོན་འཕྲུལ་གྱི་འདོད་འཇོ།next