Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བྱིས་ཁྲ་སྤར་འབྱེད་ཡང་བསྡུས།
   
   
   
   
   
   


 
previousབྱིས་ཁྲ་སྤར་འབྱེད་ཡང་བསྡུས།next

བྱིས་ཁྲ་སྤར་འབྱེད་ཡང་བསྡུས།


CMR039_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

པདྨའི་སྐུ་ལ་ཕྱག་འཚལ་ལོ། །འདིར་བྱི་སྦ་གདོན་གྱིས་བཏབ་བམ། ཆུང་སྲིའི་ཟིན་པའམ། སྲིའུ་མི་སོས་པ་དང་། ཀུན་ལ་ཕན་ཕྱིར་འདི་ལྟར་བྱ། དང་པོ་བྱེའུ་གཅིག་དང་ཁྲ་གཅིག །མར་མེ་གཅིག་བཅས་གསུམ་བྱ། བྱིའུ་བྱིས་དང་། ཁྲ་ནི་བདུད་དུ་བསྐྱེད། མར་མེ་གཅིག་བྱས་ལ་དེ་ཡང་དམའ་བ་གཅིག་ཏུ་བཞག །བྱིས་པའི་གླུད་དྲུད་རང་ཉིད་ཡི་དམ་གང་ཡིན་གྱི་བགེགས་བསྐྲད་ནས། ཧཱུྃ་ཧཱུྃ། བདག་ཉིད་པདྨ་དབང་ཆེན་སྐུ། །ང་ནི་ཁྲོ་རྒྱལ་བདུད་རྩི་འཁྱིལ། །ཁམས་གསུམ་མ་ལུས་ཐམས་ཅད་ཀྱང་། །ང་ཡི་བཀའ་ལས་མི་ཉན་མེད། །ཀྱཻ། ཉོན་ཅིག་ཆུང་བདུད་ཆུང་སྲི་རྣམས། །ཁྱེད་རྣམས་ཡུལ་འདིར་མ་འདུག་གཞན་དུ་དེངས། །བྱིས་པའི་ཆུང་གླུད་འདི་ཁྱེར་ལ། །འདི་ལ་གནོད་པ་མ་བྱེད་ཅིག །སྔོན་ཚེ་ཆུང་གླུད་གང་འཇལ་ན། །ལྷ་བུ་རྒྱལ་བུ་དོན་གྲུབ་བསྙུང། །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས། །མར་མེ་དོང་ཐར་འདི་མཛད་པའི། །ལྷ་བུ་དོན་གྲུབ་བསྙུང་ལས་ཐར། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །ད་ལྟ་བྱིས་པ་འདི་ཉིད་ཀྱང། །མར་མེ་ངོས་ནས་ཐར་བ་བཞིན། །ད་ལྟ་ཉིད་དུ་ཐར་བར་མཛོད། །དེ་ནས་ཆུང་གཏོ་གར་སྲིད་ན། །རྒྱ་གར་རྡོ་རྗེ་གདན་དྲུང་ནས། །བྲམ་ཟེའི་བུ་མོ་པདྨ་ལ། །


CMR039_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

ཆུང་བདུད་ཆུང་སྲིའི་གནོད་པ་བྱུང་། །དྷ་ན་སཾ་སྐྲྀ་གདན་དྲངས་ནས། །མར་མེ་ངོས་ཐར་འདི་མཛད་པས། །ཁྲམ་ཟེ་བུ་མོ་པདྨ་ཐར། །སྔོན་བྱུང་སྲིད་པ་དེ་བཞིན་དུ། །ད་ལྟ་བྱིས་པ་འདི་ཉིད་ཀྱང་། །མར་མེ་ངོས་ནས་ཐར་བ་བཞིན། །ད་ལྟ་ཉིད་དུ་ཐར་བར་མཛོད། །ཆུང་སྲི་ཆུང་བདུད་མ་གནོད་ཅིག །བྱིས་པའི་གདོན་ཆེན་བཅོ་ལྔ་དང་། །ཆུང་བདུད་ཆུང་སྲི་ཐམས་ཅད་ཀྱང་། །བྱིས་པ་འདི་ལ་གནོད་མ་བྱེད། །གལ་ཏེ་གནོད་པར་བྱས་གྱུར་ན། །ང་ཉིད་དབང་ཆེན་རྟ་སྐད་འཚེར། །ཁྱེད་རྣམས་ལུས་ངག་རྡུལ་དུ་རློགས། །དེ་བས་རང་རང་གནས་སུ་དེངས། །བྱིས་པ་འདི་ལ་གནོད་པ་མ་བྱེད་ཅིག །མར་མེ་ངོས་ཐར་མཛད་པ་བཞིན། །བྱིས་པ་འདི་ཉིད་ཐར་བར་མཛོད། །གནོད་བྱེད་ཆུང་བདུད་ཨུ་ཙ་ཏ་ཡ་ཕཊ། ཨོཾ་སུམྦྷ་ནི་སོགས་བརྗོད་ལ་འདི་ལ་མར་མེ་ངོས་ཐར་ཡང་ཟེར་བྱིས་ཁྲ་སྤར་འབྱེད་ཡང་ཟེར་འདི་བྱིས་པ་མི་སོས་ཤིང་ཆུང་སྲིའི་གནོད་པ་ལ་ཕན་པའི་ཕྱིར་༧ སྔགས་འཆང་ཨ་རཱ་གས་མཛད་པ། འདིས་ཀྱང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག །ཤུ་བྷཾ།། །བགེགས་བསྐྲད་མཚམས་གཅོད་སྲུང་འཁོར་ནི། ཧཱུྃབདག་ཉིད་འགྱུར་མེད་སོགས་བྱིས་པ་མ་ཡི་སྔས་ཁར་བཞག །ཁྲ་ནི་ལུང་གསུམ་མདོ་རུ་རྫོངས། མར་མེ་རྟེན་གྱི་དྲུང་དུ་བཞག་གོ །མཆན།


previousབྱིས་ཁྲ་སྤར་འབྱེད་ཡང་བསྡུས།next