Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
གནམ་ཆོས་དང་དགོངས་གཏེར་ལས་བྱུང་བའི་སྤར་ཁའི་སྐག་བསྒྱུར་གྱི་ཕྱག་ལེན་གཏན་ལ་ཕབ་པ།
   
   
   
   
   


 
previousགནམ་ཆོས་དང་དགོངས་གཏེར་ལས་བྱུང་བའི་སྤར་ཁའི་སྐག་བསྒྱུར་གྱི་ཕྱག་ལེན་གཏན་ལ་ཕབ་པ།next

གནམ་ཆོས་དང་དགོངས་གཏེར་ལས་བྱུང་བའི་སྤར་ཁའི་སྐག་བསྒྱུར་གྱི་ཕྱག་ལེན་གཏན་ལ་ཕབ་པ།


CMR039_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་དང་དགོངས་གཏེར་ལས་བྱུང་བའི་སྤར་ཁའི་སྐག་བསྒྱུར་གྱི་ཕྱག་ལེན་གཏན་ལ་ཕབ་པ་བཞུགས་སོ།།


CMR039_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ནག་སྐད་དུ། ལི་ཁོན་དྭ་ཁེན་ཁཾ་གིན་ཟིན་ཟོན། བོད་སྐད་དུ། མེ་ས་ལྕགས་གནམ་ཆུ་རི་ཤིང་རླུང་། ཞེས་བྱ་བ་ཡིན་ཏེ་སྤར་ཁའི་གཏོ་བཅོས་ནི། སྤྱི་མདོས་དང་ནི་སོ་སོའི་མདོས་ཆུང་གཉིས། །མདོ་གཞི་ས་ཕྱེ་ལ་སོགས་བཀོད་པའི་སྟེང་། །འཇིམ་པ་སྲབ་མོ་གྲུ་བཞི་བྱས་པའི་སྟེང་། །རུས་སྦལ་གཟུགས་ནི་ལེབ་མོ་སྲབ་བུ་བཞག །དེ་སྟེང་གནམ་ལོ་གང་ཡིན་གཟུགས་བྱས་བཞག །དེ་རྒྱབ་རང་གནས་སྤར་ཁ་བརྒྱད་བཀོད་དེ། །རུས་སྦལ་མགོ་ནི་རང་བསྟན་ལྷོ་ཕྱོགས་ཡིན། །དེ་རུ་བུད་མེད་ནག་མོ་རྟ་ཞོན་བཞག །དེ་ནས་གཡས་བསྐོར་བྱས་ནས་བཀོད་པ་སྟེ། །ལྷོ་ནུབ་རྒན་མོ་སེར་མོ་ལུག་སེར་ཞོན། །ནུབ་ཏུ་མི་དཀར་ར་དཀར་ཞོན་པ་དང་། །ནུབ་བྱང་མི་རྒན་སེར་པོ་ཁྱི་སེར་ཞོན། །


CMR039_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་དུ་མི་ནག་ཕག་ནག་ཞོན་པ་དང་། །བྱང་ཤར་བཙུན་གཟུགས་སེར་པོ་གླང་སེར་ཞོན། །ཤར་དུ་བུད་མེད་ལྗང་གུ་བོང་ལྗང་ཞོན། །ཤར་ལྷོ་བུད་མེད་སེར་མོ་མཛོ་སེར་ཞོན། །དེ་ལྟར་སྤར་ཁ་བརྒྱད་པོའི་རང་གཟུགས་དང་། །རང་ནོར་བརྒྱད་དང་ཐོད་པོ་བརྒྱད་པོ་ཚང་། །རང་རང་མདུན་དུ་རང་རང་བཤོས་བུ་བཞག །དེ་རྒྱབ་ལོ་སྐོར་བཅུ་གཉིས་གཟུགས་བྱས་ཏེ། །བྱང་གི་སྟོད་སྨད་བྱི་ཕག་གཉིས་པོ་ནག །ཤར་གྱི་སྟོད་སྨད་སྟག་ཡོས་གཉིས་པོ་ལྗང་། །ལྷོ་ཡི་སྟོད་སྨད་རྟ་སྦྲུལ་གཉིས་པོ་དམར། །ནུབ་ཀྱི་སྟོད་སྨད་བྱ་སྤྲེལ་གཉིས་པོ་དཀར། །ནུབ་བྱང་ཤར་ལྷོ་བྱང་ཤར་ལྷོ་ནུབ་བཞི། །ཁྱི་འབྲུག་གླང་ལུག་བཞི་ནི་སེར་པོ་སྟེ། །ཀུན་ཀྱང་མི་ལུས་སོ་སོའི་མགོ་ཅན་བྱ། །དེ་དག་རེ་རེའི་མདུན་དུ་བཤོས་བུ་རེ། །ཕྱོགས་མཚམས་སྤར་ཁ་


CMR039_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

སོ་སོའི་ཐད་རྣམས་སུ། །རང་མདོག་ནམ་མཁའ་རེ་རེ་བཙུགས་བྱ་ཞིང་། །དབུས་སུ་ནམ་མཁའ་ཁྲ་བོ་ཆེ་བ་གཅིག །དེ་ཡི་རྩ་བར་ངར་མི་གཙང་མ་གཅིག །དེ་བཞིན་མདའ་བཀྲ་འཕང་བཀྲ་ཤིང་རིས་ཀྱང་། །དབུས་དང་ཕྱོགས་མཚམས་རྣམས་སུ་ཆ་རེ་བཙུགས། །ཤིང་རིས་འཇའ་རིས་བྲིས་པས་ཆོག་པ་སྟེ། །སྤར་ཁ་སོ་སོའི་ཕྱག་རྒྱ་བྲིས་ན་ལེགས། །ལོ་སྐོར་བཅུ་གཉིས་ཡན་ཆད་ནང་དེ་རུ། །གོས་དུམ་དྲི་གླུད་ལ་སོགས་མི་བླུགས་ཏེ། །འབྲུ་སྣ་ཡོས་བཀྲ་ཤ་དུམ་གཙང་མ་བླུགས། །གོས་དུམ་དྲི་གླུད་ལ་སོགས་མཐའ་རྣམས་བསྐོར། །དེ་ནི་སྤར་ཁ་སྤྱི་མདོས་ཆེན་པོ་ཡིན། ༈ །སྒེར་མདོས་གཞན་རྣམས་བཅའ་ཐབས་གོང་དང་འདྲ། །དབུས་སུ་སྤར་ཁ་གང་ཡིན་གཟུགས་བརྙན་དང་། །དེ་ཡི་དབུས་སུ་ངར་མི་གསུམ་པོ་བཞག །དེ་རྒྱབ་ལོ་སྐོར་བཅུ་གཉིས་སྔོན་དང་འདྲ། །ནམ་མཁའ་ཤིང་རིས་མདའ་འཕང་རེ་རེས་ཆོག །དེ་ལྟར་གཏོ་ཆེན་གཅིག་དང་གཏོ་ཕྲན་བརྒྱད། །སྔགས་ནག་ཕ་ཇོ་རྣམས་ཀྱི་བཅའ་ལུགས་ཡིན། ༈ །རབ་བྱུང་རྣམས་ཀྱི་གཏོ་དཀར་བཅའ་ལུགས་ནི། །ཤོག་གུ་རི་རབ་སྟེང་དུ་རུས་སྦལ་བྲིས། །དེ་ཉིད་གཏོར་སྣོད་འོག་ཏུ་བཞག་པས་འཐུས། །གཏོར་སྣོད་དབུས་སུ་དཀར་གཏོར་ངར་མི་བཞག །སྤར་བརྒྱད་བཤོས་བུ་སོ་སོའི་གནས་སུ་བཀོད། །དེ་རྒྱབ་ལོ་བཤོས་བཅུ་གཉིས་བསྐོར་བར་བྱ། །དེ་རྒྱབ་རྩོག་གླུད་གསུམ་པོ་སོགས་ཀྱིས་བསྐོར། །ནམ་མཁའ་ཁྲ་བོ་མདའ་འཕང་ཤིང་རིས་རྣམས། །མཁྱུད་རེ་ཙམ་པ་དབུས་སུ་གཅིག་གིས་ཆོག །ཡང་ན་ཙཀླི་


CMR039_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་བྲིས་ཀྱང་རུང་། །དེ་ནི་སྤར་ཁ་སྤྱི་ཡི་གཏོ་མདོས་ཡིན། །དབུས་སུ་སྤར་ཁ་གང་ཡིན་བཤོས་བུ་གཅིག །དེ་ལྟར་ལོ་བཤོས་བཅུ་གཉིས་དག་གིས་བསྐོར། །དབུས་སུ་ངར་མི་མཐའ་བསྐོར་དྲི་གླུད་བླུགས། །ནམ་མཁའ་ལ་སོགས་ཡོད་རུང་མེད་ཀྱང་ཆོག །དེ་ནི་སྤར་ཁ་སོ་སོའི་གཏོ་དཀར་དེ། །རབ་བྱུང་བཙུན་པ་རྣམས་ཀྱིས་བྱ་བར་རུང་། །གང་ཡིན་བཅས་ནས་ཆུ་གཙང་བྲན་བྱས་ཏེ། །འདི་ཉིད་གྱེར་སྒོམ་སྦྲགས་པས་འཐུས་པ་ཡིན། ཧཱུྃ༔ རང་ཉིད་སྐད་ཅིག་ཡི་དམ་གནས་འགྱུར་ནས། །བཅོམ་ལྡན་གཤིན་རྗེ་གཤེད་པོ་སྐུ་མདོག་དམར། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས། །ཕྱག་གཡས་མི་མགོ་རློན་པའི་དབྱུག་པ་ཕྱུར། །གཡོན་པས་ཁྲག་གི་ཐོད་པ་ཐུགས་ཀར་འཛིན། །ཞབས་གཡས་བསྐུམ་པས་མ་ཧེའི་རྭ་བར་བརྫིས། །ཞབས་གཡོན་བརྐྱངས་པས་མ་ཧེའི་འཕོང་སྟེང་མནན། །རང་འོད་རིག་མ་གྲི་ཐོད་འཛིན་པས་འཁྱུད། །ཐོད་པ་སྐམ་རློན་སྟག་ཤམ་ཞིང་ལྤགས་རྫོགས། །དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་ཀློང་བཞུགས། །རིགས་བདག་རང་ཆས་དམ་ཡེ་དབྱེར་མེད་པའི། །ཐུགས་ཀར་ཧཱུྃ་ལ་སྔགས་ཕྲེང་གཡས་སུ་འཁོར། །ཨོཾ་ཧྲིཿཥྚི་ཝིཀྲྀ་ཏ་ནཱ་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། །རཾ་ཡཾ་ཁཾ་གིས་


CMR039_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མི་གཙང་དྲི་མ་སྦྱངས། །ཤཱཀ་ཐུབ་བྱིན་རླབས་ཐལ་མོ་ཁོང་སྟོང་ལས། །ཨ་དཀར་འོད་འཕྲོས་མདོས་གཏོར་སྟོང་པར་སྦྱངས། །ཨོཾ་སྭ་བྷ་ཝ་སོགས། ཨེ་ཡཾ་རཾ་བཾ་ལཾ་གྱི་ཡི་གེ་ལས། །འབྱུང་བ་རིམ་བརྩེགས་གསེར་གྱི་ས་གཞིའི་སྟེང་། །སྤར་ཁ་ཧྥེ་སྤྱི་མདོས་སྐབས། སྤར་ཁ་བརྒྱད་དང་སོགས། སྒེར་མདོས་སྐབས། སྤར་ཁ་ཁཾ་དང་སོགས་སོ་སོར་སྦྱར་རོ། །ལོ་ལྷ་བཅུ་གཉིས་བསྐོར། །མཁའ་ལ་འཇའ་ཤར་བཞིན་དུ་གསལ་བའི་མདུན། །གཏོར་མདོས་ཡས་སྟགས་འདོད་ཡོན་སྣ་ཚོགས་པ། །སོ་སོའི་མཐུན་རྫས་བཟའ་བཏུང་ལོངས་སྤྱོད་ཚོགས། །རི་ལྟར་སྤུངས་ཤིང་མཚོ་ལྟར་འཁྱིལ་བར་གྱུར། །རྣམ་སྣང་བྱིན་རླབས་ཚིགས་བཅག་ཕྱག་རྒྱའི་ནང་། །ཁཾ་སྔོན་འོད་འཕྲོས་ཟད་པ་མེད་པོར་སྤེལ། །ན་མསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷཿསརྦ་ཐ་ཁཾ་ཨུཏྟ་ཏེ་སྤ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། བདུད་རྩི་བྱིན་རླབས་ཁ་འགྱེད་ཛདམར་ལས། །འོད་འཕྲོས་མདོས་གླུད་ཟག་མེད་བདུད་རྩི་གྱུར། །ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། རིན་འབྱུང་བྱིན་རླབས་མཆོག་སྦྱིན་ཧཱུྃ་སེར་ལས། །འོད་འཕྲོས་མགྲོན་རྣམས་ཀུན་གྱིས་བསྔོས་བཞིན་ཐོབ། །བདེ་གཤེགས་རིན་ཆེན་


CMR039_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །གླུད་གཏོར་ཟག་མེད་བདུད་རྩིའི་རྒྱ་མཚོ་འདི། །སྤར་ཁ་སྨེ་བརྒྱད་པོའམ། ལི་མེ་སོགས། འཁོར་དང་བཅས་པ་དང་། །དེ་ཡི་རྗེས་འབྲང་གདོན་དང་འབྱུང་པོའི་ཚོགས། །ལོ་ལྷ་བཅུ་གཉིས་ལོ་བདུད་ལོ་གཤེད་བཅས། །དམིགས་ཡུལ་བསྲུང་བྱར་གྱུར་པ་ཐམས་ཅད་ལ། །གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ཚོགས། །གནོད་ཅིང་འཚེ་བར་བྱེད་པ་ཀུན་ལ་བསྔོ། །ཐམས་ཅད་དགའ་མགུ་ཡི་རངས་ལྡན་གྱུར་ཅིག །ན་མསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སམྦྷ་ར་ཧཱུྃ། བདུན་བརྗོད་ཅིང་སེ་གོལ་གཅིག་གཏོགས། དོན་གྲུབ་བྱིན་རླབས་ཁུ་ཚུར་མཆོག་སྦྱིན་ལས། །ཧ་ལྗང་འོད་འཕྲོས་མགྲོན་ཀུན་ཚིམ་པར་གྱུར། །ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མ་ས་མནྟ་ཨ་མྲྀ་ཏེ་སྤ་ར་ཎ་རསྨི་བྷ་ཝ་མ་ཧཱ་མ་ནི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་སྭཱ་ཧཱ། ཕྱག་རྡོར་བྱིན་རླབས་སོར་བསྣོལ་ཛདམར་ལས། །འོད་འཕྲོས་མགྲོན་ཀུན་བདག་གི་བཀའ་ཉན་གྱུར། །ན་མ་ས་མནྟ་བུདྡྷཱ་ནཾ་ག་རི་ཀྲོ་ཏ་ཤཱ་རི་པྲ་བྷཉྫན་མ་ར་ཡ་སྭཱ་ཧཱ། དེ་ཡན་སྤྱི་མདོས་སྒེར་མདོས་ཀུན་ལ་འདོན། །ཆྒེ་


CMR039_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་པ་སྤར་ཁ་སོ་སོའི་མིང་། །སྤྱི་མདོས་ཡིན་ན་བརྒྱད་ཅེས་བཅུག་པར་བྱ། །དེ་ནས་སྒེར་མདོས་ཡིན་ན་སྤར་ཁ་ནི། །འོག་ནས་འབྱུང་བ་གང་ཡིན་དེ་འདོན་ཞིང་། །དེ་མིན་བདུན་པོ་གཞན་རྣམས་བསྒྱུར་བར་བྱ། །སྤྱི་མདོས་ཡིན་ན་ཐམས་ཅད་ཚང་བར་འདོན། །འདི་རྣམས་དྲུག་འདོན་མི་བྱ་གྱེར་དབྱངས་བྱ། །དེ་ཕྱིར་རྒྱ་ནག་ལུགས་ཀྱི་གྱེར་གཏོ་ཟེར། །མགོ་མཇུག་རྣམས་ནི་ཚར་རེས་ཆོག་པ་སྟེ། །གལ་ཆེན་ཡོད་ན་སྤར་ཁ་གང་ཡིན་གྱི། །ལེའུ་དེ་ཉིད་ཚར་མང་བཏོན་ཀྱང་ལེགས། ༼ལ༽ ལི་ཕྱོགས་ནི་ལྷོ་ཡི་ཕྱོགས་ན་འདུག །དེ་རིང་དབུས་ཀྱི་ཕྱོགས་ན་གཤེགས། །དབུས་ཀྱི་གཏོར་མ་འདི་བཞེས་ལ། །མེ་ཡི་ལོ་དགྲ་བཟློག་པར་མཛོད། །ཀྱཻ། ལི་ནི་དམར་པོ་རྟ་མགོ་ཅན། །ཁྱོད་ཀྱིས་གླུད་དང་གཏོར་མ་འདི། །ཁྱེར་ལ་བདག་ཅག་ཡོན་མཆོད་རྣམས། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་༄སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་ལི་ལཾ་ཧཱུྃ་ཕཊ་སྭཱ་ཧཱ། ལི་ལི་ལི་ལཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། བདུན། ཀྱཻ། ཉི་མ་ཕྱོགས་ཕྱོགས་ཕ་ཀི་ན། །ཉི་མ་ལྷོ་ཕྱོགས་ཕ་ཀི་ན། །རུས་སྦལ་ཆེན་པོའི་མགོ་བོ་ན། །མེ་དཔུང་འབར་བའི་ཀློང་དཀྱིལ་ནས། །བྱོན་པའི་བུད་མེད་རྫུ་འཕྲུལ་ཅན། །སྲིད་པའི་བུ་


CMR039_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

མོ་ཐ་ཆུང་ནི། །བུད་མེད་དམར་མོ་རྟ་ཡི་མགོ །སྐུ་ལ་དར་དམར་ན་བཟའ་གསོལ། །ཕྱག་གཡས་ཁྲག་གི་གཟར་བུ་བསྣམས། །ཕྱག་གཡོན་མེ་དཔུང་འབར་བ་འཛིན། །བཙན་དང་སྨན་མོ་མོ་འདྲེའི་ཚོགས། །མེ་ལ་གནས་པའི་ལྷ་འདྲེས་བསྐོར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །མཁར་ཐབས་བཤོས་བུ་སྒོ་བྲུས་པ། །དེ་སྟེང་བཤོས་བུ་ཟླུམ་པོ་ལ། །ནོར་བུའི་དབྱིབས་འདྲ་མར་གྱིས་བརྒྱན། །ཞྭ་དང་སྟོད་གོས་དུམ་བུ་དང་། །ཁྲེ་ལ་སོགས་པའི་འབྲུ་སྣ་དང་། །མིག་འབྲས་མགོ་ཤ་དམར་གཏོར་དང་། །བུ་མོ་གཞོན་ནུའི་དུར་རྡོ་སོགས། །ཁྱེད་ལ་མཐུན་པའི་རྫས་འབུལ་ལོ། །རབ་ཏུ་མཉེས་ཤིང་ཚིམས་གྱུར་ནས། །ཡོན་བདག་མ་ཤེས་འཁྲུལ་དབང་གིས། །ཁྱེད་ཀྱི་ཐུགས་དང་འགལ་བའི་ལས། །བག་མ་བླངས་དང་བག་སྣར་བསྡད། །རྒོད་མ་དམར་ཞུར་བྱུ་རུ་གཡུ། །གོས་དར་སྣམ་བུ་དམར་པོ་བླངས། །ལྷོ་ཕྱོགས་བུད་མེད་ལག་གི་ཟས། །མགོ་ཤ་བྲང་ཤ་རྟ་ཤ་ཟོས། །རོ་སྲེག་སྦྱིན་སྲེག་མེ་བཀྱེས་དང་། །ལྷོ་ཡི་ཕྱོགས་ནས་འོང་བ་ཡི། །ལོང་བ་རྫ་མཁན་བུད་མེད་སོགས། །རང་གི་ཁྱིམ་དུ་ཕྱིན་པ་


CMR039_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

དང། །ཞྭ་དང་ཕྱིང་པ་རྟ་ལྕགས་ཉོས། །ཟངས་དམར་རྫས་དམར་ཁྱིམ་དུ་བླངས། །དམར་ཐབ་ལ་སོགས་ཐབ་གཞོབ་ཤོར། །ཁྱི་ཟླའི་ཚེས་ནས་བཅུ་བདུན་བར། །ནུབ་ཀྱི་ཕྱོགས་སུ་སོང་བ་དང་། །ཞྭ་བོ་ཁྱིམ་དུ་བོས་པ་སོགས། །ལོ་ཟླ་ཞག་དང་དུས་ཚོད་རྣམས། །སྤར་ཁ་ལི་ལ་བབ་པའི་དུས། །མི་རུང་བྱ་བ་གང་བྱས་པ། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཁྱེད་ལ་བསྡོ་བ་མ་ཡིན་ཏེ། །ཡོན་བདག་མ་རིག་འཁྲུལ་པས་བསྒྲིབས། །ནོངས་པ་གང་མཆིས་བཟོད་པར་གསོལ། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །ཁྱེད་ཀྱི་གདུག་རྩུབ་ལས་བྱུང་བའི། །ནད་གདོན་གནོད་པ་བསྒྱུར་དུ་གསོལ། །མགོ་ནད་མིག་ནད་རྐེ་ཡི་ནད། །ཚད་པའི་ནད་རྣམས་བསྒྱུར་དུ་གསོལ། །གྲ་ལིང་སྐྱེར་སོགས་མིག་གི་ནད། །མགོ་ཆག་རྟས་བརྡབ་རྟ་གྲི་དང་། །གཡང་ལ་ལྷུང་བ་བསྒྱུར་དུ་གསོལ། །རོ་སྟོད་ནཱ་དང་སྙིང་སྟོད་དང་། །ཁྲག་སྐྱུར་སྣ་ཁྲག་རྨ་རོ་དང་། །ཆུ་རྒྱུས་འགྲམ་པའི་ནད་རྣམས་སྒྱུར། །ཁྱོད་ཀྱི་ཕོ་ཉ་གདོན་གྱི་ཚོགས། །བཙན་དང་གནམ་ཐིལ་རྨང་འདྲེ་དང་། །གྲི་བོ་ཐབ་འདྲེ་གཞོབ་སྲི་དང་། །མོ་གདོན་གནོད་པ་བསྒྱུར་དུ་


CMR039_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །སྤང་ཁ་སེར་དུས་གནོད་པ་བསྒྱུར་དུ་གསོལ། །ཞྭ་བོ་ལོང་བ་རྣམས་ཀྱི་གླུད་འདི་ལོངས། །གཞན་ཡང་རྒྱུ་སྦྱོར་ཡོན་བདག་རྣམས། །རྟ་སྦྲུལ་ལོ་པའི་རང་སྐག་བསྒྱུར། །སྟག་ཡོས་ལོ་པའི་འཆི་སྐག་བསྒྱུར། །བྱི་ཕག་ལོ་པའི་བདུན་ཟུར་དང་། །དྲུག་འགྲམ་སྐག་ཕྲན་བསྒྱུར་དུ་གསོལ། །བྱ་དང་སྤྲེལ་གྱི་ལོ་པ་ལ། །གཡུ་སྦྲང་མེ་ཡིས་ཚིག་པའི་སྐག །དགྲ་སྐག་ཆེན་པོ་བསྒྱུར་དུ་གསོལ། །སྲོག་ལུས་དབང་ཐང་རླུང་རྟ་རྣམས། །ལྕགས་ཀྱི་ཁམས་སུ་གྱུར་པ་ལ། །མེ་ལྕགས་བཞུ་བཏུལ་བསྒྱུར་དུ་གསོལ། །ཁྱོད་ནི་འབྱུང་བ་མེ་ཡི་བདག །མེ་ཡི་གནོད་པའི་སྐག་རྣམས་ཀུན། །ཐམས་ཅད་བཟློག་ཅིང་བསྒྱུར་དུ་གསོལ། །ཨོཾ་ལི་མི་ཏ་རཾ་ཀུ་རུ་ཧཱུྃ་ཧཱུྃ་ཕཊ། མེ་ཡི་གནོད་པ་ཟློག་ཅིག །བདུན་ཡན་བརྒྱ་སོགས་ཅི་འགྲུབ་བཟླས་སོ། ཁོན༽ །ཁོན་ཕྱོགས་ནི་ལྷོ་ནུབ་ཕྱོགས་ན་འདུག །དུས་ཚོད་གཅིག་ཏུ་མེད་ན་ཡང་། །དེ་རིང་དབུས་ཀྱི་ཕྱོགས་ན་གཤེགས། །ཚགཏོར་མ་འདི་བཞེས་ས་དགྲ་ཟློག །ཀྱཻ། ས་བདག་ཁོན་མ་ཁྱོད་ཀྱིས་ནི། །གླུད་དང་གཏོར་མ་འདི་ཁྱེར་ལ། །བདག་ཅག་རྣམས་ལ་ལོ་ཟླ་ཞག །ཟ་མའི་སྐག་རྣམས་ཐམས་


CMR039_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་ཁོན་ཁཾ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཁོན་ཁོན་ཁོན་ཁཾ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི། བདུན། ཀྱཻ། ཉི་མ་ལྷོ་ནུབ་ཕ་ཀི་ན། །རུས་སྦལ་ལག་པ་གཡོན་པ་ན། །རིམ་པ་བདུན་གྱི་ས་འོག་ན། །དབང་ཆེན་གསེར་གྱི་ས་གཞིའི་སྟེང་། །གསེར་གྱི་ཁང་བཟང་འབར་བ་ནས། །བྱོན་པའི་བུད་མེད་རྫུ་འཕྲུལ་ཅན། །སྲིད་པ་གསུམ་གྱི་ཡུམ་རྒན་ཏེ། །རྒན་མོ་རྒུར་མོ་ལུག་ལ་ཞོན། །དབུ་སྐྲ་དུང་ལྟར་དཀར་བ་ལ། །གཉེར་མ་བརྒྱད་ཅུ་ཐམ་པ་བགྲངས། །སྐུ་ལ་དར་དཀར་ན་བཟའ་གསོལ། །ལག་ན་འཇོར་དང་དབྱག་པ་ཐོགས། །ས་ཡི་གནོད་པ་ཟློག་པར་བྱེད། །ས་བདག་ས་སྲིན་འཁོར་གྱིས་བསྐོར། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བཤེས་བུ་ཟླུམ་པོ་མདུན་ཤོ་ལ། །གཡས་གཡོན་ལྕོག་ཟླུམ་གཉིས་ཀྱིས་བརྒྱན། །རྩེ་མོ་མཐོ་ཞིང་འཕྲེད་དུ་རི་མོ་ཅན། །དེ་སྟེང་ཟུར་གསུམ་རྩེ་རྒྱལ་རྩེ་མོ་ན། །རྩི་བཅུད་མར་གྱི་རྒྱན་ནི་གྲུ་བཞིས་བརྒྱན། །ལག་གཡོན་ཤ་དང་ལུག་མགོ་ཕུ་དུང་གཡོན། །དར་སེར་གསེར་གཡུ་གྲོ་ནས་མཆོད་པ་འབུལ། །མཐུན་རྫས་འདི་ཡིས་མཉེས་ཤིང་ཚིམ་གྱུར་ནས། །


CMR039_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱིན་བདག་མ་རིག་འཁྲུལ་པའི་དབང་གྱུར་པས། །ཁང་ནག་བཤུ་འགེབས་ས་བརྐོས་ཁང་ལས་དང་། །མཁར་ལས་སྦྲ་བཟོས་ནེའུ་སིང་བརྐོས་པ་དང་། །རྒན་མོའི་དུར་སློག་མོ་མགྲོན་ཁྱིམ་དུ་བོས། །གླང་ལུག་ཤ་ཟོས་མནའ་དང་གཅན་ཐེད་དང་། །རྒན་མོ་ལྐུགས་པ་གྱང་མཁན་ཁྱིམ་དུ་བོས། །མཁར་ལས་གྱང་ནག་བཤུ་འགེབ་བྱེད་སར་སོང་། །ཕག་ཟླའི་བཅུ་བཞི་ནས་ནི་བཅུ་བདུན་བར། །བྱང་དུ་སོང་སོགས་ཁྱེད་དང་འགལ་བའི་ལས། །གང་བགྱིས་དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཁྱེད་ལ་དོ་བསྡོ་ཕོད་བཙུགས་མ་ཡིན་ཏེ། །ཡོན་བདག་མ་ཤེས་འཁྲུལ་པའི་དབང་གིས་བསྒྲིབས། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས་མཛོད་ལ། །ཁྱེད་ཀྱི་གདུག་རྩུབ་ལས་བྱུང་ནད་གདོན་རྣམས། །ཐམས་ཅད་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད། །དྲེག་དང་གྲུམ་བུ་མ་ཞུ་ཕོ་མཆིན་ནད། །ལྡི་འཐིབ་ཤུ་ཐོར་ནད་རྣམས་བསྒྱུར་དུ་གསོལ། །རིམས་ནད་མཁྲིས་ནད་ལག་པ་གཡོན་པའི་ནད། །ས་བདག་ནད་རྣམས་ཐམས་ཅད་བསྒྱུར་དུ་གསོལ། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་གདོན་གྱི་ཚོགས། །ས་བདག་ཀླུ་སྲིན་གནོད་པ་བསྒྱུར་དུ་


CMR039_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བྱང་སྨན་ནག་མོའི་གནོད་པ་བསྒྱུར་དུ་གསོལ། །མ་མོ་བརྟན་མའི་གནོད་པ་བསྒྱུར་དུ་གསོལ། །མོ་གདོན་སྲིན་མོའི་གནོད་པ་བསྒྱུར་དུ་གསོལ། །རལ་ཁ་ནག་དུས་རྩུབ་པ་བསྒྱུར་དུ་གསོལ། །མཚན་ངན་ཡུགས་ས་རྣམས་ཀྱིས་གླུད་འདི་ལོངས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི་དག་རྣམས། །ལུག་ལོ་པ་ཡི་རང་སྐག་བསྒྱུར་དུ་གསོལ། །རྟ་སྦྲུལ་ལོ་པའི་ན་སྐག་བསྒྱུར་དུ་གསོལ། །སྟག་ཡོས་ལོ་པའི་དུར་སྐག་བསྒྱུར་དུ་གསོལ། །གླང་ལོ་པ་ཡི་ཕུང་གྱོད་ཁ་མཆུ་བསྒྱུར་དུ་གསོལ། །བྱི་ཕག་ལོ་པའི་དགྲ་སྐག་ཆེན་པོ་སྟེ། །ཉ་མོ་སྐམ་སར་ཐོན་པའི་སྐག་ཆེན་བསྒྱུར། །ཁོན་མ་ཁྱོད་ནི་ས་ཁམས་རྒྱལ་མོ་སྟེ། །སྦྱིན་བདག་སྲོག་ལུས་དབང་ཐང་ཀླུང་རྟ་རྣམས། །ཆུ་ཁམས་པ་ལ་ས་དགྲ་དར་བའི་སྐག །ཐམས་ཅད་མ་ལུས་ཁྱོད་ཀྱིས་བསྒྱུར་དུ་གསོལ། །ཨོཾ་ཁོན་ཁཾ་ཧཱུྃ་ཕཊ། ས་ཡི་གནོད་པ་ཟློག་ཅིག །ཅེས་པ་བདུན་ཡན་བརྒྱ་སོགས་གལ་དང་བསྟུན། ས་སྒོ་བཅད་དགོས་ཚེ་སྐབས་འདིར་བཏགས་ཀྱང་རུང་། དྭ༽ དྭ་བཞུགས་པའི་ཕྱོགས་ནི་ནུབ་ཏུ་འདུག །གཏོར་མ་འདི་བཞེས་ལྕགས་དགྲ་བཟློག །ལམ་ནས་སྨེ་བ་ལྕགས་ལས་བྱུང་། །ཀྱཻ། དཔའ་བོ་དྭ་ཁྱོད་


CMR039_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་དང་། །གླུད་འདི་ཁྱེར་ལ་ཡོན་བདག་གི །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་དེ་མཛོད་ཅིག །ཨོཾ་དྭ་ཏྭཾ་ཧཱུྃ་ཕཊ། དྭ་དྭ་དྭ་དེ་འདྲེ་ཕཊ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། བདུན། ཀྱཻ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །རུས་སྦལ་རྩིབ་ལོགས་གཡོན་པ་ན། །ཤེལ་བྲག་རྫ་རི་དཀར་པོ་ནས། །དངུལ་དང་དུང་གི་སྐུ་མཁར་ནས། །བྱོན་པའི་སྐྱེས་བུ་ཆེན་པོ་དཱ། །སྲིད་པའི་བུ་ཕོ་འབྲིང་བ་སྟེ། །དར་དཀར་ལྕགས་ཀྱི་རྨོག་ཁྲབ་གསོལ། །ལག་ན་རལ་གྲི་ལྕགས་མདུང་འཛིན། །ཆིབས་སུ་ཤེལ་གྱི་ར་སྐྱེས་ཆིབས། །ཐེའུ་རང་བྲག་སྲིན་ཚོགས་ཀྱིས་བསྐོར། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བཤོས་བུ་ཟླུམ་པོའི་ལྟོ་བ་འདིར། །རྩེ་མོ་གཡས་ཀྱི་གཡོན་ངོས་ན། །རྩི་བཅུད་མར་གྱི་འདབ་བརྒྱད་དང་། །གཡོན་རྩེ་ཅུང་ཟད་འགུགས་པ་ལ། །ཟླ་གམ་ཡུ་བ་ཅན་གྱིས་བརྒྱན། །གཞོགས་གཡོན་ཤ་དང་སྐེ་རགས་དང་། །གྲོ་ནས་འབྲུ་སྣ་དར་དཀར་དང་། །ར་ཤའི་ཁྲབ་རྩལ་གཡོན་པའི་ཤ། །ཁྱོད་ལ་མཐུན་པའི་རྫས་སུ་འབུལ། །ཁྱེད་ཅག་མཉེས་ཤིང་ཚིམས་


CMR039_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར་ནས། །ཡོན་བདག་མ་རིག་འཁྲུལ་པ་ཡིས། །ར་དང་བོང་བུ་ཉོས་པ་དང་། །ཁྲབ་དང་རལ་གྲི་ལྕགས་སྤྱད་ཉོས། །མགར་བ་དམེ་ཕོ་ཁྱིམ་དུ་ཕྱིན། །གྲི་དུར་བཏབ་དང་མགར་ཚང་བཅས། །ཧཾ་སྤར་གྲི་རོ་སྲེག་སར་ཕྱིན། །སྟག་གི་ཟླ་བའི་ཉེར་གཅིག་ལ། །ཤར་གྱི་ཕྱོགས་སུ་སོང་བ་སོགས། །ཁྱེད་ཀྱི་ཐུགས་དང་གང་འགལ་བཤགས། །ཁྱེད་ལ་བསྡོ་བ་མ་ཡིན་ཏེ། །མ་ཤེས་འཁྲུལ་པའི་དབང་དུ་གྱུར། །ཁྱེད་ཀྱིས་བཟོད་པ་དམ་པ་བཞེས། །ཁྱོད་ཉིད་མཉེས་ཤིང་ཚིམས་གྱུར་ནས། །ཁྱོད་ལས་བྱུང་བའི་ནད་དང་གདོན། །ཐམས་ཅད་བཟློག་ཅིང་བསྒྱུར་དུ་གསོལ། །གྲི་ངོ་རྨ་ངོ་ཁྲག་ངོ་དང་། །གློ་སྙིང་མི་བདེ་པ་ཡི་ནད་རྣམས་སྒྱུར། །རྩིབ་ལོགས་གཡོན་ནས་གཟེར་བ་དང་། །སྐན་དང་ཁྲག་མཁྲིས་ནད་རྣམས་སྒྱུར། །ལུས་པོ་ཡར་ཕྱེད་མར་ཕྱེད་ན། །གྲི་རུ་འཆི་བའི་རྐྱེན་རྣམས་སྒྱུར། །ཁྱེད་ཀྱི་འཁོར་དུ་གཏོགས་པ་ཡི། །གྲི་བོ་གྲི་མོའི་གནོད་པ་སྒྱུར། །བྲག་སྲིན་ཐེའུ་རང་གནོད་པ་སྒྱུར། །།ལྕགས་དང་བྲག་གནས་ལྷ་འདྲེ་དང་། །རྨེ་ཕོ་མགར་བས་གླུད་ལོངས་ཤིག །དུས་ཚོད་འཁྱགས་པ་ཁྲལ་ཁྲོལ་ལ། །རྩུབ་པའི་ཀག་རྣམས་


CMR039_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་དུ་གསོལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས། །བྱ་སྤྲེལ་ལོ་པའི་རང་སྐག་བསྒྱུར། །རྟ་སྦྲུལ་ལོ་པའི་འཆི་སྐག་བསྒྱུར། །སྟག་ཡོས་ལོ་པའི་བདུན་ཟུར་དང། །དྲུག་འགྲམ་དགྲ་སྐག་འཛོམ་པ་ཡི། །བཟློག་པར་དཀའ་བའི་སྐག་ཆེན་སྒྱུར། །ཁྱོད་ནི་འབྱུང་བ་ལྕགས་ཀྱི་མངའ་བདག་སྟེ། །སྦྱིན་བདག་སྲོག་ལུས་དབང་ཐང་ཀླུང་རྟ་རྣམས། །ཤིང་ཁམས་པ་ལ་ལྕགས་དགྲུ་དར་བའི་སྐག །སྡོང་རྒན་སྟ་རེས་བཅད་པའི་སྐག་རྣམས་བསྒྱུར། །ཨོཾ་དཱ་དཾ་མ་ར་ཡ་ཕཊ། ལྕགས་ཀྱི་གནོད་པ་བཟློག་ཅིག ། བདུན་ནམ་བརྒྱ་ཙམ་གལ་དང་བསྟུན་ཏེ་བཟླས། ༼ཁེན༽ ཁེན་ཕྱོགས་ནི་ནུབ་བྱང་མཚམས་ན་འདུག །ཁེན་གྱི་གཏོར་མ་ཁྱོད་རང་བཞེས། །ས་ཡི་ལོ་དགྲ་བཟློག་པར་མཛོད། །ཀྱཻ། །ས་བདག་ཁེན་པ་རྒན་པོ་ཁྱོད། །གླུད་དང་གཏོར་མ་འདི་ཁྱེར་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་ཁེན་ཁེ་ཧཱུྃ་ཕཊ། ཁེན་ཁེན་ཁེན་ཁེ། ཨི་དཾ་བྷ་ལིངྐ་ཁ་ཁ་ཁཱ་ཧི། བདུན། ཀྱཻ། ཉི་མ་ནུབ་བྱང་མཚམས་ཤེད་ན། །


CMR039_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

རུས་སྦལ་རྐང་པ་གཡོན་པའི་ཐད། །རིམ་པ་བཅུ་གསུམ་ཡར་སྟེང་ནས། །ཉི་མ་ཟླ་བའི་འགྲིམ་ལམ་ན། །དགུང་སྔོན་མཐོན་པོའི་ཡར་སྟེང་ནས། །སྲིད་པའི་ཡབ་རྒན་རྒྱལ་པོ་སྟེ། །མི་རྒན་དུང་གི་རལ་པ་ཅན། །སྐུ་ལ་དར་སེར་འཇོལ་བེར་གསོལ། །ཕྱག་ན་ཤེལ་གྱི་འཁར་བ་ཐོགས། །ཆིབས་སུ་གནམ་ཁྱི་སེར་པོ་ཆིབས། །གནམ་ཐེལ་གཟའ་སྐར་འཁོར་གྱིས་བསྐོར། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བཤོས་བུ་ཟླུམ་པོ་རྩེ་རྒྱས་ལ། །རྩེ་མོ་མར་རྒྱན་ཟུར་གསུམ་བརྒྱན། །བཤོས་བུ་རྐང་པ་འཐིང་བའི་ཚུལ། །ལྷམ་ཡུ་གཡོན་པའི་དུམ་བུ་དང་། །དར་སེར་འབྲུ་སྣ་གསེར་ར་གན། །ཁྱི་ཐོད་རྐང་གཡོན་ཤ་དུམ་འབུལ། །ཁྱོད་ལ་མཐུན་པའི་རྫ་ས་འབུལ་གྱིས། །ཡབ་རྒན་མཉེས་ཤིང་ཚིམས་གྱུར་ནས། །ཡོན་བདག་མ་ཤེས་འཁྲུལ་དབང་གིས། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ཁེན་པ་ཁྱོད་ལ་བབ་པའི་དུས། །མི་རྒན་མགོ་སེ་བོན་པོ་དང་། །ཁྱི་ཁྲིད་མི་དང་སྤྱད་ནག་ཕྱིན། །འཐེང་པོ་མགོ་སེ་སྒུར་པོ་ཡི། །ལག་ནས་བྱིན་པའི་ཁ་ཟས་ཟོས། །འཁོན་འཐབ་མནའ་གཉེན་སྐྱེལ་ལེན་བྱས། །ཁྱི་སར་ཉོས་དང་རན་ཐག་བླངས། །རྒན་མོའི་


CMR039_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

དུར་ཟས་ཟོས་པ་དང་། །ཁྱི་བསད་རོ་གོས་རོ་ལྷམ་རྙེད། །རྟ་ཡི་ཟླ་བའི་ཚེས་གཅིག་ནས། །ཚེས་བདུན་བར་དུ་ལྷོ་རུ་སོང་། །ཁྱེད་ཀྱི་ཐུགས་དང་འགལ། བའི་ལས། །གང་བགྱིས་དེ་དག་མཐོལ་ལོ་བཤགས། །ཁྱེད་ལ་དོ་བསྡོ་ཕོད་བཙུགས་མིན། །ཡོན་བདག་མ་ཤེས་འཁྲུལ་པའི་དབང་། །ཁྱེད་ཀྱི་བཟོད་པ་དམ་པ་བཞེས། །གནམ་ལ་གནས་པའི་ལྷ་འདྲེ་དང་། །སྒུར་པོ་འཐེང་པོས་གཏོ་འདི་ལོངས། །ཁྱེད་ཀྱི་གདུག་རྩུབ་ལས་བྱུང་བའི། །ནད་དང་གནོད་པ་བསྒྱུར་དུ་གསོལ། །རིམས་ནད་གཟའ་ནད་བསྒྱུར་དུ་གསོལ། །ཐོག་སེར་ཟེར་མ་བསྒྱུར་དུ་གསོལ། །རྐང་པ་གཡོན་པའི་ནད་རྣམས་བསྒྱུར་དུ་གསོལ། །ཁྱིམ་ཕུག་ཁྱི་ལྷོག་ཁྱི་གྲི་བསྒྱུར་དུ་གསོལ། །ཁྱོད་ཀྱི་འཁོར་དུ་གཏོགས་པའི་གདོན། །རྒྱལ་པོ་དཔོན་གཡོག་གནོད་པ་སྒྱུར། །བསེན་མོ་ས་བདག་གནོད་པ་སྒྱུར། །གནམ་ཐེལ་རབས་ཆད་གནོད་པ་སྒྱུར། །གནམ་སྒོ་བྱེ་བ་བསྒྱུར་དུ་གསོལ། །ཁྱོད་ནི་གནམ་གྱི་རྒྱལ་པོ་སྟེ། །སྟེང་གདོན་གནོད་པ་ཐམས་ཅད་སྒྱུར། །ཁྱི་ལོ་པ་ཡི་རང་སྐག་སྒྱུར། །འབྲུག་ལོ་པ་ཡི་བདུན་ཟུར་སྒྱུར། །རྟ་སྦྲུལ་ལོ་པའི་དུར་


CMR039_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

མིག་སྐག་ཆེན་ཟློག །བཟློག་པར་དཀའ་བའི་སྐག་ཆེན་སྒྱུར། །བདག་དང་ཡོན་བདག་འཁོར་བཅས་རྣམས། །ལོ་ཟླ་ཞག་དང་དུས་ཚོད་ལ། །ཁེན་གྱི་དུས་སུ་རྩུབ་པ་ཡི། །སྐག་ངན་འཚེར་རྩུབ་ཐམས་ཅད་སྒྱུར། །ཨོཾ་ཁེ་འགཾ་ཧཱུྃ། གནམ་གྱི་གནོད་པ་བཟློག་ཅིག །བདུན་ཡན་བརྒྱ་སོགས་གལ་དང་བསྟུན་ཏེ་བཟླས། གནམ་སྒོ་བཅད་ན་སྐབས་འདིར་འདོན་ཀྱང་རུང་ངོ། །མཆན། ༼ཁཾ༽ ཁཾ་བཞུགས་པའི་ཕྱོགས་ནི་བྱང་ན་འདུག །དབུས་ནས་གཤེགས་ནས་གཏོར་མ་བཞེས། །ཆུ་ཡི་ལོ་དགྲ་བཟློག་པར་མཛོད། །ཀྱཻ། ས་བདག་ཁཾ་ཞེས་བྱ་བ་ཁྱོད། །གླུད་དང་གཏོར་མ་འདི་ཁྱེར་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །ལོ་སྐག་ཟླ་སྐག་ཞིག་སྐག་དང་། །ཟ་མའི་སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་ཁཾ་ཁཾ་ཧཱུྃ་ཕཊ། ཁཾ་ཁཾ་ཁཾ་ཁཾ་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། བོདུན། ཀྱཻ། ཉི་མ་བྱང་ཕྱོགས་ཕ་ཀི་ན། །རྒྱ་མཚོ་ཆེན་པོའི་ཀློང་དཀྱིལ་ན། །རུས་སྦལ་ཆེན་པོའི་མཇུག་མ་ན། །ན་བུན་ཆར་ཞོད་ཕྱུར་བ་ནས། །བྱོན་པའི་མི་ནག་རལ་པ་ཅན། །སྲིད་པའི་བུ་ཕོ་ཆུང་བ་སྟེ། །སྐུ་ལ་དར་ནག་རལ་ག་གསོལ། །ཕྱག་ན་ཆུ་


CMR039_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་ཐོ་བ་ཐོགས། །ཆིབས་སུ་ཕག་ནག་རོག་པོ་ཞོན། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བཤོས་གདན་ཟླུམ་པོ་བཏིང་བའི་སྟེང་། །ཚངས་ཟུར་འདྲ་བའི་ཡུ་་བ་བཙུགས། །དེ་སྟེང་བཤོས་བུ་སྨད་འདབ་གསུམ། །མར་རྒྱན་རྩེ་མོ་གསུམ་པས་བརྒྱན། །དར་སྔོན་འབྲས་སོགས་འབྲུ་སྣ་དང་། །ཚང་རའི་ཤ་དང་སྨད་གོས་དུམ། །ཁྱོད་ལ་མཐུན་པའི་རྫས་སུ་འབུལ། །མགུ་ཚིམ་ཡི་རངས་ལྡན་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འདི་རྣམས་ཀྱི། །ཆུ་རྐོས་ནེའུ་སིང་བརླག་པ་དང་། །ཆུ་བསྒྱུར་རྫིང་བསྐྱིལ་ཡུར་བ་དྲངས། །བསྐྱལ་བྱས་གྲུ་གཟིངས་ཟམ་པ་བཙུགས། །སྦྲ་ནག་ཞྭ་གོས་ལྷམ་ནག་གྱོན། །རྫས་ནག་རེ་ཕྱར་སྤྱད་ནག་བླངས། །རྟ་དམར་སྐྱེས་སྣ་ནལ་ཕྲུག་བླངས། །བུ་ཆུང་དུར་རློག་རམ་ཚོས་བྱས། །མྱ་ངན་ངུ་འབོད་བྱེད་སར་ཕྱིན། །ལུག་གི་ཟླ་བའི་ཚེས་བཅུ་ནས། །ཉེར་གཅིག་བར་དུ་ལྷོ་ནུབ་སོང་། །རོ་ཁུར་ཉ་ཕག་ཤ་ཟོས་སོགས། །ཁྱེད་ཀྱི་ཐུགས་དང་འགལ་བའི་ལས། །དེ་དག་ཐམས་ཅད་མཐོལ་ལོ་བཤགས། །ཁྱེད་ལ་དོ་བསྡོ་བྱས་པ་མིན། །ཡོན་བདག་མ་རིག་འཁྲུལ་པས་བསྒྲིབས། །ཁྱེད་ཀྱི་བཟོད་པ་དང་དུ་


CMR039_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

བཞེས། །ཁྱེད་ཀྱི་གདུག་རྩུབ་ལས་བྱུང་བའི། །བད་ཀན་དམུ་ཆུ་མཁལ་རྐེད་ནད། །རྐང་ནད་ཞྭ་གྲུམ་མཛེ་དང་དྲེག །གྲང་ནད་ཕོ་ནད་མཁྲིས་པའི་ནད། །ཆུ་བོའི་ནད་དང་མ་ཞུའི་ནད། །དེ་དག་ཐམས་ཅད་བསྒྱུར་ཞིང་ཟློག །ཆུ་བོ་གཞུང་རྒྱས་དུས་ཀྱི་སྐག །དེ་དག་ཐམས་ཅད་བསྒྱུར་ཞིང་ཟློག །ཆུ་འགག་རྡེལ་ནད་འཁྲུ་བའི་ནད། །ཆུ་ནད་ཐམས་ཅད་བསྒྱུར་དུ་གསོལ། །ཁྱེད་ཀྱི་འཁོར་དུ་གཏོགས་པ་ཡི། །ཀླུ་བདུད་ཀླུ་བཙན་མཚོ་སྨན་དང་། །ཆུ་གྲིར་ཤི་བའི་ཤི་སྲི་དང་། །མི་གཙང་རྩོག་ནལ་ལ་སོགས་པ། །ནད་དང་གནོད་པ་བསྒྱུར་དུ་གསོལ། །བྱི་ཕག་ལོ་པའི་རང་སྐག་སྒྱུར། །བྱ་སྤྲེལ་ལོ་པའི་འཆི་སྐག་སྒྱུར། །རྟ་སྦྲུལ་ལོ་པའི་བདུན་ཟུར་དང་། །དྲུག་འགྲམ་གཉིས་ཀྱི་སྐག་ཕྲན་དང། །སེངྒེ་ཆུ་དང་ལྷུང་བའི་སྐག །བཟློག་པར་དཀའ་བའི་སྐག་ཆེན་སྒྱུར། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །སྲོག་ལུས་དབང་ཐང་ཀླུང་རྟ་རྣམས། །མེ་ཡི་ཁམས་སུ་གྱུར་པ་ལ། །ལོ་ཟླ་ཞག་དང་དུས་ཚོད་རྣམས། །ཁཾ་གྱི་དུས་ལ་བབ་པ་ཡི། །མེ་སྟག་ཆུ་རུ་ལྷུང་བའི་སྐག །མེ་ཆུ་བཏའ་གསོད་བྱེད་པ་སྒྱུར། །ཨོཾ་ཁཾ་ཁཾ་ཧཱུྃ་ཕཊ། ཆུ་ཡི་གནོད་པ་


CMR039_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཟློག་ཅིག །བདུད་ཡན་བརྒྱ་སོགས་གལ་དང་བསྟུན་ལ་བཟླས། ༼གིན༽ གིན་བཞུགས་ནི་བྱང་ཤར་མཚམས་ན་འདུག །གིན་གྱི་གཏོར་མ་འདི་བཞེས་ལ། །ས་ཡི་གནོད་པ་བཟློག་པར་མཛོད། །ཀྱཻ། ས་བདག་གིན་རི་ཁྱོད་ཀྱིས་ནི། །གླུད་དང་གཏོར་མ་འདི་ཁྱེར་ལ། །བདག་ཅག་རྣམས་ལ་ལོ་ཟླ་ཞག །ཟ་མའི་སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་བེ་ཏ་རི་སྭཱ་ཧཱ། ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི།། བདུན། ཀྱཻ། ཉི་མ་བྱང་ཤར་ཕ་ཀི་ན། །རུས་སྦལ་རྐང་པ་གཡས་པའི་སྟེང་། །རི་རྒྱལ་གླང་རུ་འདྲ་བའི་རྩེ། །གཙུག་ལག་ཁང་བཟང་ཆེན་པོ་ནས། །བྱོན་པའི་གིན་རི་སྒོམ་ཆེན་ནི། །སྲིད་པའི་བུ་ཕོ་ཆེ་བ་སྟེ། །རབ་བྱུང་ཆ་ལུགས་ཆོས་གོས་གསོལ། །ཕྱག་ན་བཀའ་ཡི་པོ་ཏི་འཛིན། །ཆིབས་སུ་གླིང་ངེ་དམར་སེར་ཆིབས། །རི་ཡི་གནོད་པ་ཟློག་པར་བྱེད། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བཤོས་གདན་གྲུ་བཞི་གདན་ཐབས་སྟེང་། །བཤོས་བུ་ཁང་བཟང་སུམ་བརྩེགས་སྟེང་། །ཟུར་གསུམ་རྩེ་ལ་མར་གྱིས་བརྒྱན། །ནོར་བུའི་ཏོག་འདྲ་གཡས་དང་གཡོན། །ཟུར་གསུམ་གཉིས་ཀྱིས་


CMR039_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པ་དང་། །དར་སེར་གྲོ་སོགས་འབྲུ་སྣ་དང་། །གསེར་དང་ར་གན་གསེར་ཏིག་དང་། །ལྷམ་གཡས་དུམ་བུ་རྐང་གཡས་ཤ །རི་རྩེའི་རྡོ་དང་ལུང་གསུམ་ཆུ། །ཁྱོད་ལ་ལྷམཐུན་པའི་རྫས་སུ་འབུལ། །ཁྱེད་ཅག་མཉེས་ཤིང་ཚིམ་གྱུར་ཅིག །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །གླང་བཤས་བརྗེའི་དུར་སློག་དང་། །བང་བ་བཤིག་གམ་བཤིག་སར་སོང། །རྩིག་ལས་བྱས་སམ་ས་ཕུག་བརྐོས། །གསེར་གཡུ་རྡོར་དྲིལ་ཆ་ལང་ཉོས། །འབྲུག་གི་ཟླ་བའི་ཚེས་གཅིག་ནས། །བདུན་གྱི་བར་དུ་ཤར་ལྷོར་སོང་། །རྐང་གཡས་ཤ་ཟོས་ནེའུ་སིང་སློག །དེ་སོགས་ཁྱེད་ལ་འགལ་བའི་ལས། །གང་བགྱིས་དེ་དག་མཐོལ་ལོ་བཤགས། །ཁྱེད་ལ་དོ་བསྡོ་ཕོད་བཙུགས་མིན། །ཡོན་བདག་བླུན་རྨོངས་འཁྲུལ་པས་བསྒྲིབས། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ཁྱོད་ཀྱི་གདུག་རྩུབ་ལས་བྱུང་བའི། །ཤུ་ཐོར་སྐྲང་འབུར་རྐང་གཡས་ནད། །ཞྭ་གྲུམ་ཆུ་སེར་གྲུམ་བུ་མཛེ། །བརྒྱལ་ནད་རྐང་ནད་ཕོ་མཆིན་ནད། །ནོར་གྱིས་བརྡུངས་དང་འགྲེས་ནད་སོགས། །ནད་རྣམས་ཐམས་ཅད་བསྒྱུར་དུ་གསོལ། །རྫི་ཞིང་འཐིབ་དང་ཤུ་བ་སྐྲུན། །རེས་ཡང་རེས་ལྗི་ན་


CMR039_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

བ་བསྒྱུར། །རི་ལ་གནས་པའི་ལྷ་འདྲེ་དང་། །མཚན་ངན་གྲུལ་པོས་གླུད་འདི་ལོངས། །ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི། །གནམ་ཐེལ་དང་ནི་རྒྱལ་པོ་དང། །མོ་གདོན་གྲི་བོ་གྲི་མོ་དང་། །ས་གཉན་ཤིང་གཉན་གནས་པའི་འདྲེ། །བསེ་རག་ལྟོག་འགོང་དབུལ་སྲི་རྣམས། །ཐམས་ཅད་བཟློག་ཅིང་བསྒྱུར་དུ་གསོལ། །ནེའུ་ཝཱསིང་སྔོ་དུས་རྩུབ་པ་སྒྱུར། །གླང་ལོ་པ་ཡི་རང་སྐག་སྒྱུར། །མཚམས་བཞི་ལོ་པའི་ན་སྐག་སྒྱུར། །བྱ་སྤྲེལ་ལོ་པའི་དུར་སྐག་སྒྱུར། །ལུག་ལོ་པ་ཡི་བདུན་ཟུར་སྒྱུར། །བསྒྱུར་ཞིང་ཟློག་པའི་ཕྲིན་ལས་མཛོད། །ཨོཾ་གི་རི་ཧཱུྃ། རིའི་གནོད་པ་བཟློག་ཅིག །བདུན་ཡན་བརྒྱ་སོགས་གལ་དང་བསྟུན། ༼ཟིན་༽ ཟིན་ཤར་གྱི་ཕྱོགས་ནས་འདིར་གཤེགས་ལ། །ཟིན་གྱི་གཏོར་མ་བཞེས་པར་མཛོད། །ཤིང་གི་ལོ་དགྲ་བཟློག་པར་མཛོད། །ཀྱཻ། ཟིན་ཞེས་བུ་མོ་ལྗང་གུ་ཁྱོད། །གླུད་དང་གཏོར་མ་འདི་ཁྱེར་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ལ། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་ལྷད་ལྷད་ཟིན་སྭཱ་ཧཱ།། ཟ་ཟི་ཕཊ། །


CMR039_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ཨི་དཾ་བྷ་ལིཾ་ཏ་ཁ་ཁ་ཁཱ་ཧི། བདུན། ཀྱཻ། ཉི་མ་ཤར་ཕྱོགས་ཕ་ཀི་ན། །རུས་སྦལ་རྩིབ་ལོགས་གཡས་པ་ན། །དཔག་བསམ་ཤིང་གི་ནགས་ཚལ་དབུས། །འབྱུང་བ་ཤིང་གི་མཁར་ནང་ནས། །བྱོན་པའི་ཟིན་མ་ལྗང་མོ་ནི། །སྲིད་པའི་བུ་མོ་འབྲིང་བ་སྟེ། །དར་ལྗང་ན་བཟའ་གསེར་གཡུས་བརྒྱན། །ཆིབས་སུ་བོང་བུ་ལྗང་སྔོན་ཆིབས། །ཕྱག་གཉིས་བཅུས་ཏེ་ཤིང་ལོ་འཛིན། །ཤིང་གི་གནོད་པ་ཟློག་པར་བྱེད། །ཤིང་ལ་གནས་པའི་ལྷ་འདྲེས་བསྐོར། །ཁྱེད་ལ་མཆོད་པ་འབུལ་བ་ནི། །བཤོས་བུ་ཟླུམ་པོ་རྐེ་རིང་ཚེལ། །ལྟོ་བ་ཁ་ཤྭའི་ཁ་འདྲ་བྲིས། །མར་རྒྱན་གྲུ་བཞི་གཉིས་བསྒྲིགས་སྟེང་། །ནོར་བུའི་ཏོག་འདྲ་བཞག་པ་དང་། །ཤིང་རྩི་སྐེ་རགས་དུམ་བུ་དང་། །དར་ལྗང་པུ་ཤུན་དུམ་བུ་དང་། །འབྲུ་སྣ་ལ་སོགས་མཐུན་རྫས་འབུལ། །ཁྱེད་ཅག་མཉེས་ཤིང་ཚིམ་གྱུར་ཅིག །ཡོན་བདག་མ་ཤེས་འཁྲུལ་དབང་གིས། །བོང་བུ་གཅན་གཟན་ལྤགས་པ་ཉོས། །ཤིང་གཉན་བཅད་དམ་བཅད་སར་སོང་། །བག་སྣར་བསྡད་དང་ཤིང་སྤྱད་བླངས། །ཤིང་བཟོའི་ལག་ཆ་ཤིང་ཆ་ཉོས། །མནའ་གཉན་སྐྱེལ་ལེན་བྱས་པ་དང་། །རྨོངས་པོས་


CMR039_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

སྟོན་མོ་བྱེད་སར་སོང་། །སྤྲེའུ་ཟླ་བའི་ཚེས་གཅིག་ནས། །བདུན་གྱི་བར་དུ་ནུབ་ཏུ་སོང་། །རི་བོང་བསད་དང་རི་ཤ་ཟོས། །དེ་སོགས་ཐུགས་དང་འགལ་བའི་ལས། །གང་བགྱིས་དེ་དག་ཐམས་ཅད་མཐོལ་ལོ་བཤགས། །མི་ཤེས་འཁྲུལ་པའི་དབང་གིས་བྱུང་། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ཁྱེད་ཀྱི་གདུག་རྩུབ་ལས་བྱུང་བའི། །ནད་དང་གནོད་པ་བསྒྱུར་དུ་གསོལ། །གཟེར་ཐབས་ནད་རྣམས་བསྒྱུར་དུ་གསོལ། །རྩིབ་ལོགས་དང་ནི་ཕོ་བ་ཡི། །གཡས་གཡོན་ཕྱེད་ཕྱེད་ན་བ་སྒྱུར། །འགག་ནད་འགག་གྲི་བསྒྱུར་དུ་གསོལ། །རྩ་རྒྱུས་ནད་རྣམས་བསྒྱུར་དུ་གསོལ། །མཆིན་མཁྲིས་ནད་རྣམས་བསྒྱུར་དུ་གསོལ། །རྨེ་ཕོ་ཟིན་དམར་གཏོ་འདི་ལོངས། །སྟག་མའི་ལོ་མ་ཁ་འབུས་དུས། །རྩུབ་པའི་སྐག་རྣམས་བསྒྱུར་དུ་གསོལ། །ཁྱོད་ཀྱི་འཁོར་དུ་གཏོགས་པ་ཡི། །རྐང་གཅིག་ཤིང་ལ་གནས་པའི་གཉན། །ཀླུ་བདུད་ཀླུ་བཙན་གྲིབ་བཙན་དང། །འགོང་པོ་གྲི་བོ་བསྡོང་བ་ཡི། །གནོད་པ་ཐམས་ཅད་བསྒྱུར་དུ་གསོལ། །སྟག་ཡོས་ལོ་པའི་རང་སྐག་བསྒྱུར། །བྱི་ཕག་ལོ་པའི་འཆི་སྐག་བསྒྱུར། །བྱ་སྤྲེལ་ལོ་པའི་


CMR039_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་ཟུར་དང་། །དྲུག་འགྲམ་སྐག་རྣམས་བསྒྱུར་དུ་གསོལ། །མཚམས་བཞི་ལོ་པའི་འཆི་སྐག་དང་། །འཇིགས་སུ་རུང་བའི་དགྲ་སྐག་བསྒྱུར། །སྲོག་ལུས་དབང་ཐང་ཀླུང་རྟ་ལྟརྣམས། །ས་ཁམས་པ་ཡི་ཡོན་བདག་ལ། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ཤིང་དགྲ་དར་བའི་སྐག་སྒྱུར་ཅིག །ཨོཾ་ཟིན་སྭཱ་ཧཱ། ཤིང་གི་གནོད་པ་བཟློག་ཅིག །བདུན་ཡན་བརྒྱ་སོགས་གལ་དང་བསྟུན། ཟོན༽ ཟོན་རླུང་སྨྱོན་ནང་ན་འདུག་པ་ནི། །ཤར་ལྷོའི་ཕྱོགས་ནས་འདི་རུ་གཤེགས། །ས་ཡི་གནོད་པ་བཟློག་པར་མཛོད། །ཀྱཻ། ས་བདག་བུ་མོ་ཟོན་མ་ཁྱོད། །གླུད་དང་གཏོར་མ་འདི་ཁྱེར་ལ། །བདག་དང་ཡོན་བདག་འཁོར་བཅས་ལ། །ལོ་སྐག་ཟླ་སྐག་ཞག་སྐག་དང་། །ཟ་མའི་སྐག་རྣམས་ཐམས་ཅད་ལས། །ཐར་བའི་ཕྲིན་ལས་ད་མཛོད་ཅིག །ཨོཾ་བེ་ཏ་ལི་བ་ལུང་ཕཊ་སྭཱ་ཧཱ། ཨི་དཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི། བདུན།། ཀྱཻ། ཉི་མ་ཤར་ལྷོ་མཚམས་ཤེད་ན། །རུས་སྦལ་ལག་པ་གཡས་པ་ན། །རླུང་ནག་འཚུབ་མའི་ནང་ཤེད་ནས། །བྱོན་པའི་བུད་མེད་སེར་མོ་ནི། །སྲིད་པའི་ལྕམ་མོ་ཆེ་བ་སྟེ། །དར་སེར་ན་བཟའ་རིན་ཆེན་བརྒྱན། །ཆིབས་སུ་མཛོ་རྒན་བྲེ་


CMR039_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

སེར་ཞོན། །ལག་ན་རླུང་གི་རྐྱལ་པ་དང་། །རླུང་གི་བུ་ཡུག་འཛིན་མཛད་ནས། །རླུང་གི་གནོད་པ་ཟློག་པར་བྱེད། །ཁྱོད་ལ་མཆོད་པ་འབུལ་བ་ནི། །བཤོས་བུ་ཟུར་གསུམ་རྐེད་པ་ན། །འཕྲེད་དུ་གྲུ་བཞི་གཉིས་བརྩེགས་བྲིས། །རྩེ་ན་མར་གྱི་རླུང་རིས་བརྒྱན། །ལག་གཡས་ཤ་དང་ཕུ་དུང་གཡས། །ཟར་མ་ལ་སོགས་འབྲུ་སྣ་དང། །དར་སེར་དམར་ལྗང་རླུང་རིས་འབུལ། །ཁྱེད་ཅག་མཉེས་ཤིང་ཚིམ་གྱུར་ཅིག །ཡོན་བདག་མ་ཤེས་དབང་གྱུར་ནས། །ལྷབ་ཁ་བ་དང་སྨོན་པ་བོས། །མཛོ་ཤ་ལག་གཡས་ཤ་ཟོས་དང་། །དར་ཟབ་རན་ཐག་ཉོས་པ་དང་། །སྔགས་པ་བག་མའི་ལག་ཟས་ཟོས། །བག་སྣ་སྐྱས་སྣ་བོན་པོ་བསྟེན། །དངུལ་ཆ་མཛོ་དྲེལ་སྒ་ཆ་ཉོས། །མྱ་ངན་ངུ་འབོད་བྱེད་སར་ཕྱིན། །བུད་མེད་དར་མའི་དུར་སློག་དང་། །རྔ་བྲན་རྔ་མ་མཛོ་ཉོས་དང་། །ལྷ་ཁང་རྙིང་པའི་ནང་དུ་ཕྱིན། །མནའ་གཉན་སྐྱེལ་ལེན་བྱས་པ་དང་། །རན་ཐག་བཙུགས་པའི་ས་རུ་ཕྱིན། །གླང་གི་ཟླ་བའི་ཚེས་གཅིག་ནས། །བདུན་གྱི་བར་དུ་བྱང་ཤར་སོང་། །དེ་སོགས་ཐུགས་དང་འགལ་བའི་ལས། །གང་བགྱིས་དེ་དག་མཐོལ་


CMR039_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་བཤགས། །ཁྱེད་ལ་བསྡོ་བ་མ་ཡིན་ཏེ། །མ་ཤེས་འཁྲུལ་པའི་དབང་གིས་བྱུང་། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ཁྱེད་ཀྱི་གདུག་རྩུབ་ལས་བྱུང་བའི། །ནད་གདོན་རྐྱེན་ངན་བསྒྱུར་དུ་གསོལ། །སྨྱོ་འབོག་ལྷབ་ཆོལ་བསྒྱུར་དུ་གསོལ། །བརྒྱལ་ནད་སྙིང་རླུང་བསྒྱུར་དུ་གསོལ། །རླུང་ནད་མགོ་འཁོར་བསྒྱུར་དུ་གསོལ། །ཤེས་པ་འཕྱོ་ཞིང་སྙིང་མི་དགའ། །ལག་པ་གཡས་གཡོན་ན་བ་བསྒྱུར་དུ་གསོལ། །གཡང་ཉམས་ནོར་སྒོ་བྱེ་བ་བསྒྱུར་དུ་གསོལ། །རླུང་ལ་གནས་པའི་ལྷ་འདྲེ་དང་། །སྨྱོན་པ་མཛེ་ཕོས་གླུད་འདི་ལོངས། །སྒྱུར་མ་གནམ་དུ་གཡེང་བའི་དུས། །རྩུབ་པའི་ཀག་རྣམས་བསྒྱུར་དུ་གསོལ། །ཁྱེད་ཀྱི་འཁོར་དུ་གཏོགས་པའི་གདོན། །མ་མོ་ཀླུ་བདུད་རྒྱལ་འགོང་དང་། །བུད་མེད་སྨྱོ་ནས་རིར་ཤི་བའི། །ཡུལ་འདྲེ་གྲི་བོ་གྲི་མོ་དང་། །གནོད་པ་ཐམས་ཅད་བསྒྱུར་ཞིང་ཟློག །འབྲུག་ལོ་པ་ཡི་རང་སྐག་སྒྱུར། །སྟག་ཡོས་ལོ་པའི་ན་སྐག་སྒྱུར། །ཁྱི་ལོ་པ་ཡི་བདུན་ཟུར་སྒྱུར། །མཚམས་བཞི་ལོ་པའི་འཆི་སྐག་སྒྱུར། །བྱི་ཕག་ལོ་པའི་དུར་གྱི་སྐག །བཟློག་པར་དཀའ་བའི་སྟག་ཆེན་སྒྱུར། །ཨོཾ་ཟོན་ཡཾ་ཧཱུྃ་ཕཊ། རླུང་གི་


CMR039_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་པ་བཟློག་ཅིག །བདུན་ནམ་བརྒྱ་སོགས་གལ་དང་བསྟུན། ༈ །དེ་ནས་ལོ་སྐོར་བཅུ་གཉི་ས་སྐག་ཟློག་ནི། །གཏོ་ཆེན་གཏོ་ཕྲན་ཀུན་ལ་སྦྱར་བར་བྱ། ཧཱུྃ། དག་པ་མཛད་པ་བཅུ་གཉིས་ཏེ། །མ་དག་རྟེན་འབྲེལ་བཅུ་གཉིས་ནི། །ལོ་སྐོར་བཅུ་གཉིས་གཟུགས་སུ་ཤར། །ལུས་དང་དབང་ཐང་ཁྱད་པར་གྱི། །དེ་ལ་ལོ་རྒན་དྲུག་ཅུར་ཕྱེད། །ལོ་ཟླ་ཞག་དང་དུས་ཚོད་འཁོར། །ང་རྒྱལ་མི་ཡི་ལུས་པོ་ལ། །གཏི་མུག་དུད་འགྲོའི་མགོ་བོ་ཅན། །བྱི་བ་གླང་སྟག་ཡོས་འབྲུག་སྦྲུལ། །རྟ་ལུག་སྤྲེལ་བྱ་ཁྱི་ཕག་མགོ །འདོད་ཆགས་བྱ་ཡི་གཤོག་པ་གདེངས། །ཞེ་སྡང་སྦྲུལ་འཇུག་སྐེད་ལ་དཀྲིས། །ཕྲག་དོག་ཁྱུང་སྡེར་ཐལ་མོ་སྦྱར། །རང་རང་ལོ་པའི་ལྷ་དང་དཔལ། །བདུན་ཟུར་ལོ་པའི་གཤེད་དང་བདུད། །ལྷ་ཡང་ཡིན་ལ་འདྲེ་ཡང་ཡིན། །ཕན་གནོད་བྱ་བ་ཅི་ཡང་བྱེད། །ས་ཡི་ཕྱོགས་མཚམས་ཀུན་ཏུ་གནས། །དེ་ཕྱིར་ས་བདག་ལྷ་འདྲེའི་རིགས། །ཁྱེད་ལ་མཆོད་པ་འབུལ་བ་ནི། །རིན་ཆེན་འབྲུ་ཡི་བཤོས་བུ་འདི། །བཤོས་བུ་གཉིས་བསྒྲིགས་བྱས་པ་ནི། །ལྷ་འདྲེ་གཉིས་ཀ་ཡིན་པའི་རྟགས། །རྩེ་ཁ་གྱེན་ལ་ཕྱོགས་པ་ནི། །རང་རང་ལོ་


CMR039_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ལྷ་ཡིན་རྟགས། །དེ་ལ་མར་གྱིས་བྱུགས་པ་ནི། །ལྷ་ཞལ་དུང་བས་དཀར་བའི་རྟགས། །རྩེ་གཅིག་ཐུར་དུ་འགུགས་པ་ནི། །བདུན་ཟུར་ལོ་པའི་བདུད་ཡིན་རྟགས། །བར་དུ་རིལ་བུ་བཞག་པ་ནི། །ལྷ་བདུད་གཉིས་ཀ་ཚིམ་པའི་རྟགས། །བཤོས་བུ་རི་རྒྱལ་ལྷུན་པོ་ཙམ། །རོ་བརྒྱ་ནུས་པ་སྟོང་དང་ལྡན། །ལོ་ལྷ་བཅུ་གཉིས་རྣམས་ལ་འབུལ། །མཉེས་ཤིང་རབ་ཏུ་ཚིམས་གྱུར་ནས། །བདག་དང་རྒྱུ་སྦྱོར་ཡོན་བདག་ལ། །རང་རང་ལོ་པའི་ལོ་ལྷ་མཛོད། །ཚེ་བསྲིང་དཔལ་བསྐྱེད་བསོད་ནམས་སྤེལ། །བདུན་ཟུར་ལོ་པའི་མི་ཡོད་ཀྱང་། །གཤེད་དང་བདུད་དུ་མ་འབེབས་པར། །བྱམས་པའི་སེམས་དང་ལྡན་པར་མཛོད། །སྐོར་ཆེན་དྲུག་ཅུ་ཐམ་པ་དང་། །ལོ་ཡི་རྒྱལ་པོ་བཅུ་གཉིས་ལས། །བྱུང་བའི་སྐག་རྣམས་བསྒྱུར་དུ་གསོལ། གཅིག་པ་རང་སྐག་བསྒྱུར་དུ་གསོལ། །གཉིས་པ་ཕྱི་སྐྱེལ་བསྒྱུར་དུ་གསོལ། །གསུམ་པ་གསུམ་ཟུར་བསྒྱུར་དུ་གསོལ། །བཞི་པ་བཞི་གཤེད་བསྒྱུར་དུ་གསོལ། །ལྔ་པ་བྱེ་བྲལ་བསྒྱུར་དུ་གསོལ། །དྲུག་པ་དྲུག་འགྲམ་བསྒྱུར་དུ་གསོལ། །བདུན་པ་བདུན་ཟུར་བསྒྱུར་དུ་གསོལ། །བརྒྱད་པ་དུར་སྒོ་བསྒྱུར་དུ་


CMR039_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །དགུ་པ་དགུ་མིག་བསྒྱུར་དུ་གསོལ། །བརྡ་ཐན་སུམ་ཅུའི་གནོད་པ་སྒྱུར། །ལོ་ཡི་སྐག་རྣམས་ཐམས་ཅད་སྒྱུར། །བྱི་བ་ལོ་དང་བྱི་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ཅི་ཅི་སྭཱ་ཧཱ། གླང་ལོ་དང་གླང་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ཉ་ཅི་སྭཱ་ཧཱ། སྟག་ལོ་དང་སྟག་ལོ་པའི་སྐག་སྒྱུར་ཅིག །ཨོཾ་པ་ཅི་སྭཱ་ཧཱ། ཡོས་ལོ་དང་ཡོས་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ཞ་ཅི་སྭཱ་ཧཱ། འབྲུག་ལོ་དང་འབྲུག་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ང་ཅི་སྭཱ་ཧཱ། སྦྲུལ་ལོ་དང་སྦྲུལ་ལོ་པའི་སྐག་སྒྱུར་ཅིག །ཨོཾ་དུ་ཅི་སྭཱ་ཧཱ། རྟ་ལོ་དང་རྟ་ལོ་པའི་སྐག་སྒྱུར་ཅིག །ཨོཾ་བི་ཏི་སྭཱ་ཧཱ། ལུག་ལོ་དང་ལུག་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ད་ཉ་སྭཱ་ཧཱ། སྤྲེལ་ལོ་དང་སྤྲེལ་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ག་ཉ་སྭཱ་ཧཱ། བྱ་ལོ་དང་བྱ་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ཀུ་ཉ་སྭཱ་ཧཱ། ཁྱི་ལོ་དང་ཁྱི་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ཅི་ཅི་སྭཱ་ཧཱ། ཕག་ལོ་དང་ཕག་ལོ་པའི་སྐག་སྒྱུར་ཅིག །ཨོཾ་ཅི་ཉ་སྭཱ་ཧཱ། ཧཱུྃ། ལོ་ལྷ་ལོ་སྐོར་བཅུ་གཉིས་དེ། །ཟླ་བ་ཞག་དང་དུས་ཚོད་ལ། །འཁོར་ཞིང་སོ་སོའི་དུས་བབ་ཚེ། །ཡོན་བདག་མ་ཤེས་འཁྲུལ་དབང་གིས། །གླིང་གི་ཟླ་བར་གླང་བཤས་དང་།


CMR039_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུག་གི་ཟླ་བར་གྱང་བརྡུངས་སོགས། །ཟླ་བདག་ཐུགས་དང་འགལ་བ་དང་། །བྱི་བའི་ཉི་མར་སྦྲ་ཚེམ་དང་། །སྟག་གི་ཉི་མར་ལྷ་གསོལ་སོགས། །ཞག་བདག་ཐུགས་དང་འགལ་བ་དང་། །ལོ་ལྷའི་ཕྱོགས་སུ་གླུད་འཕང་དང་། །དུས་ཚོད་ཐུགས་དང་གང་འགལ་བཤགས། །ཁྱེད་ཀྱིས་བཟོད་པ་དང་དུ་བཞེས། །ཟླ་བ་དང་ནི་ཞག་དུས་ཀྱི། །རང་སྐག་གནོད་པ་བསྒྱུར་དུ་གསོལ། །བདུན་ཟུར་གནོད་པ་བསྒྱུར་དུ་གསོལ། །དྲུག་འགྲམ་གནོད་པ་བསྒྱུར་དུ་གསོལ། །རྒུད་པ་ན་བ་འཆི་བ་དང་། །དུར་ཞུགས་གནོད་པ་བསྒྱུར་དུ་གསོལ། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །སྲོག་ལུས་དབང་ཐང་ཀླུང་རྟ་ལ། །དགྲ་དང་འཕྲད་པའི་གནོད་པ་སྒྱུར། །རབས་ཆད་ཟླ་བ་ཕུང་ཟླ་དང་། །ཟླ་བ་ནག་པོ་གནོད་པ་སྒྱུར། །ཞག་ནག་དབུལ་ཉི་ཉི་ནག་སོགས། །ཞག་གི་གནོད་པ་བསྒྱུར་དུ་གསོལ། །ཁྲ་ཚ་ཟིན་ཕུང་ལ་སོགས་པ། །དུས་ཚོད་གནོད་པ་བསྒྱུར་དུ་གསོལ། །སྟག་གི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་ཙཱ་སྭཱ་ཧཱ། ཡོས་ཀྱི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་ཡཾ་སྭཱ་ཧཱ། འབྲུག་གི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །


CMR039_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཁཾ་སྭཱ་ཧཱ། སྦྲུལ་གྱི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་སྤམ་སྭཱ་ཧཱ། རྟའི་ཟླ་བ་དང་ཞག་དུས་ཀྱི་སྐག་བསྒྱུར་ཅིག །ཨོཾ་ཏཱཾ་སྭཱ་ཧཱ། ལུག་གི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་ལཾ་སྭཱ་ཧཱ། སྤྲེལ་གྱི་ཟླ་བ་དང་ཞག་དུས་ཀྱི་སྐག་བསྒྱུར་ཅིག །ཨོཾ་པཾ་སྭཱ་ཧཱ། བྱ་ཡི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་བཾ་སྭཱ་ཧཱ། །ཁྱིའི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་ཁཾ་སྭཱ་ཧཱ། ཕག་གི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་ཁཾ་སྭཱ་ཧཱ། བྱི་བའི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་ཧུཾ་སྭཱ་ཧཱ། གླང་གི་ཟླ་བ་དང་ཞག་དུས་ཀྱི་སྐག་སྒྱུར་ཅིག །ཨོཾ་གཾ་སྭཱ་ཧཱ། ཧཱུྃ། འཇིག་རྟེན་སྲིད་པའི་ཞིང་ཁམས་ནས། །བལྟོས་ཏེ་བཞག་པའི་རྟེན་འབྲེལ་གྱི། །ཉིན་མོ་སྲིད་ནས་མཚན་མོ་སྲིད། །དཀར་པོ་སྲིད་ནས་ནག་པོ་སྲིད། །ལྷ་གཅིག་སྲིད་ནས་འདྲེ་གཅིག་སྲིད། །ལོ་ལྷ་ལོ་སྐོར་བཅུ་གཉིས་དང་། །མཉམ་དུ་ལོ་བདུད་བཅུ་གཉིས་སྲིད། །ལོ་བདུད་བཅུ་གཉིས་ལ་སོགས་པའི། །བདག་དང་ཡོན་གྱི་བདག་པོ་ལ། །གནོད་ཅིང་འཚེ་བར་བྱེད་པ་སྟེ། །གདོན་བགེགས་ལོག་འདྲེན་ཐམས་ཅད་


CMR039_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །མི་བས་དགའ་བའི་གླུད་འདི་ལོངས། །མི་ཞེས་བྱ་བ་ངན་པ་ཡིན། །གཅིན་རྟུག་སྣབ་ལུད་ལ་སོགས་པ། །མི་གཙང་རྫས་ཀྱི་རྐྱལ་པ་སྟེ། །ཁྱི་ལུད་དར་གྱིས་བཏུམ་པ་འདྲ། །འབྲུ་བཅུད་ངར་གྱི་མི་བོ་ཆེ། །སྔགས་དང་ཕྱག་རྒྱས་བྱིན་གྱིས་རླབས། །མིག་གཉིས་ལྟ་སྟངས་ཧྲིགས་སེ་ཧྲིག །ལག་པས་གར་སྟབས་ཁྱུགས་སེ་ཁྱུག །རྐང་པས་འགྲོ་མཁས་ལྡེམས་སེ་ལྡེམ། །ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས། །རྐྱེན་ངན་ཟློག་པའི་དཔའ་ངར་ཅན། །རྟེན་འབྲེལ་རྫ་ས་ལས་གྲུབ་པའི་མི། །དེ་ཕྱིར་ངར་མི་ཞེས་སུ་གྲགས། །གཅིག་ལས་བྱེ་བ་དུང་ཕྱུར་འཕྲོ། །ལྷ་འདྲེ་ཐམས་ཅད་གར་འགྲོ་ཡི། །གཡོག་གི་ཚུལ་དུ་ཉི་ལི་ལི། །མགྲོན་རྣམས་ཀུན་གྱི་སྤྱན་ལམ་དུ། །མ་ཡི་སྔོན་ན་བུ་རྒྱུག་འདྲ། །མི་བས་དགའ་བའི་གླད་འདི་ལོངས། །ལོ་བདུད་བཅུ་གཉིས་ལ་སོགས་པའི། །ལན་ཆགས་བདག་པོ་ཐམས་ཅད་ལ། །ཆེ་སྐྱིན་སྲོག་གླུད་འདི་འབུལ་ལོ། །ཐམས་ཅད་མཉེས་ཤིང་ཚིམ་གྱུར་ཅིག །བཅོམ་ལྡན་འདས་ཀྱིས་བྱིན་བརླབས་པའི། །ཡོན་བདག་དྲི་གླུད་ཆངས་བུ་འདི། །ལུས་ལ་དྲུད་པའི་དྲི་མ་


CMR039_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །ལྷན་ཅིག་སྐྱེས་པའི་འདྲེ་བདུད་ཚིམ། །གཤོང་དྲུག་རིགས་དྲུག་མགྲོན་རྣམས་ཚིམ། །འབུར་ལྔ་འདོད་ཡོན་ལྔ་དང་ལྡན། །འབུར་ཆུང་བཅུ་གཉིས་ལྡན་པ་ནི། །ལོ་བདུད་བཅུ་གཉིས་ཚིམ་པར་བྱེད། །འབྲུ་སྣ་ཤེལ་ཚིགས་དཀར་ནག་དང་། །ཤ་དུམ་མཐེབ་སྐྱུ་ལ་སོགས་པ། །ལོ་བདུད་བཅུ་གཉིས་གཙོར་བྱས་པའི། །ལན་ཆགས་བདག་པོ་ཀུན་ལ་འབུལ། །མགུ་ཚིམ་ཡི་རང་ལྡན་གྱུར་ཅིག །བདུད་པོ་རེ་ལྡེ་མགོ་ཉག་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་བྱི་བ་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་ཤན་པ་གྲི་ཐོགས་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་གླང་གི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་ཁ་ལ་འགྲེང་ཡུགས་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་སྟག་གི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་མ་ཤོར་རྩོལ་པོ་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་ཡོས་བུ་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་ཁྲོ་རྒྱལ་ཆེན་པོ་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་འབྲུག་གི་


CMR039_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་གཏུམ་པོ་ལག་རིང་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་སྦྲུལ་གྱི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་འགྲོ་བ་བང་མགྱོགས་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་རྟ་ཡི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་གནམ་ཐོག་རྩོལ་པོ་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་ལུག་གི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་ངམ་རྗེ་རྩོལ་པོ་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་སྤྲེལ་གྱི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་པོ་ལྟ་བའི་མིག་རྣོ་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །།ཡོན་བདག་བྱ་ཡི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་ཉན་པ་རྣ་གསང་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་ཁྱི་ཡི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །བདུད་ཕོ་སྣོམ་པ་དྲི་ཚོར་ལ། །གླུད་དང་ཆངས་བུ་འདི་འབུལ་ལོ། །ཡོན་བདག་ཕག་གི་ལོ་པ་ལ། །ན་འདྲེ་ཤི་རྐྱེན་མ་བྱེད་ཅིག །རྒྱུ་རྐྱེན་རྟེན་འབྲེལ་ཆུད་མ་གསན། །རྟེན་འབྲེལ་བདེན་པའི་


CMR039_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

དོན་མ་བསླུ། །ཆོས་ཉིད་བདེན་པའི་བཀའ་མ་བཅག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཤིང་རིས་ནམ་མཁའ་སོགས་མེད་ན་འདི་མན་མ་བཏོན་ཀྱང་ཆོག །མེད་ཀྱང་ཡིད་ཀྱིས་སྤྲུལ་ནས་བཏོན་ཀྱང་རུང་། ཧཱུྃ། ལོ་ཟླ་ཞག་དུས་བདག་པོ་དང་། །ལོ་བདུད་ལོ་གཤེད་བཅུ་གཉིས་དང་། །ལན་ཆགས་བདག་པོ་ཐམས་ཅད་ལ། །མཐུན་པའི་མདོས་རྫས་འབུལ་བ་ནི། །མདའ་བཀྲ་སྐྱེས་པ་སྟག་ཆས་ཅན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །སྐྱེས་པ་ཕོ་ཡི་གླུད་དུ་འབུལ། །འཕང་བཀྲ་མོ་བཙུན་གསེར་གཡུས་བརྒྱན། །གཅིག་ལས་བརྒྱ་སྟོང་དུ་མ་འཕྲོ། །ཟ་མ་མོ་ཡི་གླུད་དུ་འབུལ། །ཤིང་རིས་འཇའ་ཚོན་འོད་དུ་འབར། །རང་རང་སྤར་ཁའི་ཕྱག་རྒྱ་གསལ། །ཡུལ་དང་མཁར་གྱི་གླུད་དུ་འབུལ། །ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ། །མཁའ་ནི་ནང་གི་སེམས་ཡིན་པས། །གཉིས་མེད་མཚོན་པའི་ནམ་མཁའ་འདི། །སྟོང་པ་སེམས་ཀྱི་གླུད་དུ་འབུལ། །ཤེལ་ཚིགས་ཁྲི་དཀར་སྟོང་ནག་འདི། །རྟ་བརྒྱ་གནག་སྟོང་བེལ་ལུག་ཁྲི། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །རྟ་ཕྱུགས་རྣམས་ཀྱི་གླུད་དུ་འབུལ། །མི་ནད་ནོར་ནད་བསྒྱུར་དུ་


CMR039_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །དེ་ནས་སྤྱི་གཏོ་བཅའ་ན་འདི་ཉིད་འདོན། སྒེར་གྱི་གཏོ་ལ་མི་དགོས་སོ། །ཧཱུྃ། དང་པོ་ཆོས་ཉིད་སྟོང་པ་ལ། །རླུང་མེ་ཆུ་ས་རིམ་བཞིན་སྲིད། །འབྱུང་བ་གཅིག་ལས་གཅིག་འབྱུང་ཕྱིར། །འབྱུང་བ་ཞེས་སུ་གྲགས་པ་ཡིན། །ཕྱི་ལྟར་ས་ཆུ་མེ་རླུང་མཁའ། །ནང་ལྟར་ཤ་ཁྲག་དྲོད་དབུགས་སེམས། །གསང་བ་དུག་ལྔ་ཡེ་ཤེས་ལྔ། །འཁོར་འདས་ཐམས་ཅད་དེ་ལས་གྲུབ། །འབྱུང་བ་དར་རྒུད་འཕེལ་འགྲིབ་ལ། །ཕྱི་ཡི་འཇིག་རྟེན་ཆགས་འཇིག་དང་། །ནང་གི་སེམས་ཉིད་སྐྱེ་འཆི་དང་། །བདེ་སྡུག་སེམས་ཅན་དེ་ལས་བྱུང་། །དེ་ཡི་ལེགས་ཉེས་ཡིན་པའི་ཕྱིར། །རྒྱ་ནག་རི་བོ་རྩེ་ལྔ་རུ། །དཔག་བསམ་འཛམ་བུ་ཉག་ཤད་ཀྱི། །ཝ་བའི་ནང་ནས་༈ འཇམ་དབྱངས་འཁྲུངས། །གསེར་མདོག་བྱིས་པ་ལོ་བརྒྱད་གཟུགས། །མཚན་དཔེ་གཟི་བརྗིད་འོད་དུ་འབར། །ལྷ་དང་འཇིག་རྟེན་སྐྱོང་ཀུན་འདུས། །ལྷ་ཆེན་ཚངས་པས་ཞུས་པའི་ངོར། །མ་ཧཱ་གསེར་གྱི་རུས་སྦལ་སྤྲུལ། །གནམ་ས་བར་སྣང་གབ་རྩེ་ནི། །སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབ། །སྡོང་པོ་ཀུན་འདུས་ཤིང་གི་རྒྱུད། །སྣང་གསལ་སྒྲོན་


CMR039_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

མེ་མེ་ཡི་རྒྱུད། །རིན་ཆེན་ཀུན་འདུས་ས་ཡི་རྒྱུད། །ས་ལ་པ་ཏྲ་ལྕགས་ཀྱི་རྒྱུད། །བདུད་རྩི་བུམ་པ་ཆུ་ཡི་རྒྱུད། །རྒྱུད་ཆེན་ལྔ་ཡི་གཙོར་བྱས་པའི། །རྒྱུད་དང་མན་ངག་དཔག་མེད་གསུངས། །སྐག་རིགས་སུམ་བརྒྱ་དྲུག་ཅུ་ལ། །གཏོ་བཅོས་སུམ་བརྒྱ་དྲུག་ཅུ་མཛད། །དེ་རིང་སྲིད་པའི་གཏོ་བཅོས་ལ། །ལྷ་ཡང་གསོན་ལ་འདྲེ་ཡང་ཉོན། །འཇམ་པའི་དབྱངས་ཀྱི་བཀའ་མ་བཅིག །ཡོན་བདག་རྒྱུ་རྐྱེན་ཆུད་མ་གསན། །རྟེན་འབྲེལ་བདེན་པའི་དོན་མ་བསླུ། །དག་པ་འཕགས་ལམ་ཡན་ལག་བརྒྱད། །མ་དག་ཕྱོགས་མཚམས་འབྱུང་བ་བརྒྱད། །སྤར་ཁ་བརྒྱད་ཀྱི་གཟུགས་སུ་ཤར། །དེ་ལྟར་སྤར་ཁ་བརྒྱད་པོ་ལ། །ཕན་ཞིང་མགོན་པའི་ལྷ་བརྒྱད་དང་། །དཔལ་བརྒྱད་སྨན་བརྒྱད་གཡང་བརྒྱད་ལ། །དཀར་གཏོར་འབྲུ་སྣའི་མཆོད་པ་འབུལ། །ལྷ་ཡི་མགོན་སྐྱབས་མ་གཡེལ་ཅིག །སྤར་ཁ་གནོད་པའི་འདྲེ་བརྒྱད་དང་། །འདྲེ་ལྔ་བརྒྱད་དང་བདུད་གཅོད་བརྒྱད། །ལན་ཆགས་གདོན་བགེགས་ཐམས་ཅད་ལ། །གླུད་དང་གཏོར་མ་ངར་མི་འབུལ། །ལན་ཆགས་བུ་ལོན་བྱང་གྱུར་ཅིག །ཤ་འཁོན་འབྲེལ་ཐག་ཆོད་གྱུར་ཅིག །ཡོན་


CMR039_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

བདག་སྐྱེས་པ་བུད་མེད་དང་། །བུ་ཚ་བུ་མོ་ཉེ་དུ་སོགས། །ཁྱིམ་དུ་བློ་སེམས་གཅིག་རྣམས་ལ། །སྤར་ཁ་རྩུབ་པའི་གནོད་པ་སྒྱུར། །རི་གསུམ་རྩེ་ནས་ཉིལ་བའི་ཀག །སྤར་ཁའི་སྟོད་གསུམ་སྟོང་པ་སྒྱུར། །ཐང་གསུམ་མཐའ་ནས་བསྡུས་པའི་ཀག །སྤར་ཁའི་སྨད་གསུམ་སྟོང་པ་སྒྱུར། །གནམ་ས་གཞུང་གཤགས་རལ་བའི་སྐག །ལི་ཁཾ་གཉིས་པོ་སྟོང་པ་སྒྱུར། །སྐྱིད་ལ་སྐེད་ཆད་བྱུང་བའི་སྐག །ད་ཟིན་གཉིས་པོ་སྟོང་པ་སྒྱུར། །རྩ་བཞི་མཐའ་ནས་འཁུམས་པའི་སྐག །སྤར་ཁའི་མཚམས་བཞི་སྟོང་པ་སྒྱུར། །བདུད་ཀྱི་སྒོ་བཞི་བྱེ་བའི་སྐག །སྤར་ཁའི་ཕྱོགས་བཞི་སྟོང་པ་སྒྱུར། །སྤར་ཁ་ཕྱོགས་ཡོ་བྱུང་བའི་སྐག །གཡས་སམ་གཡོན་ཕྱོགས་སྟོང་པ་སྒྱུར། །སྤྱི་བོ་གང་གི་གནམ་རྡིབ་དང་། ༈ བཙན་གྱི་རྒྱ་ལམ་གཏོད་བའི་སྐག །ལི་བུག་རྟ་གོད་ལངས་པ་སྒྱུར། །རྐང་པ་འོག་གི་ས་རྡིབ་དང་། །མས་ཀྱི་ཆུང་སྲི་ལངས་པ་སྒྱུར། །ཁཾ་བུག་གཞན་རྣམས་གང་བ་དང་། །གནམ་སྒོ་བྱེ་བ་རྒན་པོའི་དུར། །ཐོག་སེར་གཟའ་ནད་འོང་བའི་སྐག །བདུན་གང་ཁེན་པོ་བུག་པ་སྒྱུར། །ས་སྒོ་བྱེ་བ་རྒན་མོའི་དུར། །བདུན་གང་ཁོན་མོ་བུག་པ་སྒྱུར། །


CMR039_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་གི་མཆི་མ་མདུན་གྱི་ངོ། །ལི་ལ་མང་དུ་སྤུངས་པ་སྒྱུར། །དགྲ་ངོ་གྲི་ངོ་རྨེ་ངོའི་སྐག །དྭ་ལ་མང་དུ་སྤུངས་པ་སྒྱུར། །བཟའ་འཐབ་གཉའ་ཤིང་འགག་འདྲེའི་སྐག །ཟིན་ལ་མང་དུ་སྤུངས་པ་སྒྱུར། །ཆུ་ཆེན་འགྲམ་དུ་ངུ་འབོད་དང་། །སྡུག་གི་ཁུ་རུ་ཁུར་བའི་སྐག །ཁཾ་ལ་མང་དུ་སྤུངས་པ་སྒྱུར། །རྒྱལ་འགོང་ཕུགས་སུ་ཞུགས་པའི་སྐག །གིན་ལ་མང་དུ་སྤུངས་པ་སྒྱུར། །སྨྱོ་འབོག་བྱེད་ཀ་ཟུག་པའི་སྐག །ཟོན་ལ་མང་དུ་སྤུངས་པ་སྒྱུར། །འོན་ལོང་གཅོང་ནད་འབྱུང་བའི་སྐག །ཁོན་ལ་མང་དུ་སྤུངས་པ་སྒྱུར། །འགུལ་འཚེར་རྒན་པོ་ལ་ཁར་ཕྱིན། །མི་རྒན་དུར་ས་བསྙགས་པའི་སྐག །ཁེན་ལ་མང་དུ་སྤུངས་བ་སྒྱུར། །གཉེན་འདུན་ཉེ་དག་ཤི་བའི་སྐྱོན། །གཤེད་གདོང་གཤེད་སྒོར་བབ་པ་སྒྱུར། །བསྒྱུར་ཞིང་བཟློག་པའི་ཕྲིན་ལས་མཛོད། །དེ་ནས་ཕོ་མོ་ཟམ་ཐུག་དང་གདན་འཛོམ་མང་ན་འདི་འདོན། གཞན་ལ་མི་དགོས་སོ། །ཧཱུྃ། འཕགས་པ་འཇམ་དཔལ་དབྱངས་ཀྱི་བཀའ། །ཀོང་ཙེ་འཕྲུལ་གྱི་རྒྱལ་པོའི་ལུང་། །གཙུག་ལག་རྩིས་ཀྱི་རྒྱུད་གཞུང་དོན། །ཕོ་རྣམས་ཐམས་ཅད་ལི་ནས་བསྐོར། །མོ་རྣམས་ཐམས་ཅད་ཁཾ་ནས་


CMR039_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར། །བསྐོར་མགོ་མི་གཅིག་སོ་སོར་ཕྱེ། །ཕོ་རྣམས་ཐབས་ཏེ་གཡས་སུ་བསྐོར། །མོ་རྣམས་ཤེས་རབ་གཡོན་དུ་བསྐོར། །བསྐོར་ཕྱོགས་མི་གཅིག་སོ་སོར་ཕྱེ། །ཕོ་རྣམས་ཐམས་ཅད་གནམ་ནས་བསྐོར། །མོ་རྣམས་ཐམས་ཅད་ས་ནས་བསྐོར། །བྱིས་པ་བར་སྣང་ཁམས་ནས་བསྐོར། །བསྐོར་ལམ་མི་གཅིག་སོ་སོར་ཕྱེ། །སྤར་ཁ་གཅིག་ལ་ཟམ་ཐུག་ཀྱང་། །སྟེང་འོག་བར་གསུམ་ལམ་ཕྱེས་པས། །ཟམ་ཐུག་གནོད་པ་ད་སྒྱུར་ཅིག །གདན་གསུམ་གཅིག་ཏུ་འཛོམ་པ་ན། །བར་མ་ཡར་བའི་སྐག་སྒྱུར་ཅིག །རྟེན་འབྲེལ་ངན་པ་བསྒྱུར་དུ་གསོལ། །ཆོས་ཀུན་རྟེན་འབྲེལ་རྒྱུ་ལས་བྱུང་། །རྟེན་འབྲེལ་བཟང་པོ་འགྲུབ་པར་ཤོག །ཤི་གསོན་གདན་ཐུག་བྱུང་ན་འདི་ཉིད་འདོན། དེ་མིན་ལ་མི་དགོས་སོ། །ཧཱུྃ། བཀའ་འདི་བཅོམ་ལྡན་འཇམ་དཔལ་བཀའ། །ལུང་འདི་ཀོང་ཙེ་འཕྲུལ་རྒྱལ་ལུང་། །གཏོ་འདི་སྲིད་པ་འཕྲུལ་གྱི་གཏོ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཉོན། །དགུང་སྔོན་ནམ་མཁའི་གདན་གཅིག་ལ། །ཉི་ཟླ་གཉིས་ཀྱི་གདན་བགོས་བྱས། །ཤར་ནུབ་གཉིས་པོ་སོ་སོར་བགོ །དེ་བཞིན་ཤི་གསོན་གདན་བགོའོ། །ས་གཞི་ལུང་པ་གདན་


CMR039_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ། །གཙང་ཆབ་ཆུ་ཡི་གདན་བགོས་བྱས། །ཉིན་སྲིབ་གཉིས་པོ་སོ་སོར་བགོས། །དེ་བཞིན་ཤི་གསོན་གདན་བགོའོ། །ཆོས་བྱེད་དང་ནི་སྡིག་ཅན་གཉིས། །མི་ཡུལ་གནས་སུ་གདན་གཅིག་ཀྱང་། །རྒྱུ་འབྲས་ལས་ཀྱི་གདན་བགོས་བྱས། །མཐོ་རིས་ངན་སོང་སོ་སོར་ཕྱེས། །དེ་བཞིན་ཤི་གསོན་གདན་བགོའོ། །ཚེ་ལས་འདས་པ་སྒྲེ་དང་། །གསོན་པོ་རྨེ་བྱ་བ་གཉིས། །སྤར་ཁ་གཅིག་ཏུ་གདན་ཐུག་ཀྱང་། །ལྷ་འདྲེ་གཉིས་ཀྱི་གདན་བགོས་བྱས། །ལྷན་སྐྱེས་བདུད་པོ་ནག་པོ་དེས། །གཤིན་པོའི་གདན་ནི་ནག་པོ་དེ། །དུར་ཁྲོད་དུར་སའི་སྟེང་དུ་བཏིང་། །གཤིན་གསོན་གདན་ས་གཅིག་པ་སྒྱུར། །ཤི་མིག་གསོན་ལ་ལྟ་བ་སྒྱུར། །ཤི་ལག་གསོན་ལ་འཐམས་པ་སྒྱུར། །ད་ནི་ཤི་གསོན་གདན་བགོས་ཚར། །ལྷན་སྐྱེས་ཚེ་ལྷ་དཀར་པོ་དེས། །གསོན་པོའི་གདན་དཀར་ཡར་ལ་སྐྱེལ། །མཐོ་རིས་མི་ཡི་གྲལ་དུ་བཏིང་། །སྲ་བརྟན་མི་ཤིག་རྡོ་རྗེའི་གདན། །འགྱུར་བ་མེད་པ་གཡུང་དྲུང་གདན། །དགའ་བ་དཀར་པོ་འཁྱིལ་བའི་སྟེང་། །གསོན་པོ་རྨེ་ཞེས་བྱ་བ། །ལོ་བརྒྱའི་བར་དུ་བརྟན་པར་བཞུགས། །ཨོཾ་ཨཱ་ཡུཿཔུཎྱེ་


CMR039_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ཏིཥྛ་ལྷན། ཞེས་བརྗོད་དེ་སྔོན་ནས་བལ་འདབ་དཀར་ནག་གཉིས་སམ། ཡང་ན་ཕྱིང་བ་དཀར་ནག་གཉིས་མདོས་གཏོར་གྱི་ཞབས་སུ་བཞག་པ་འདིའི་ཚིག་མཚམས་སུ་བལ་འདབ་ནག་པོ་གཏོའི་དབུས་ཀྱི་ངར་མའི་དྲུང་དུ་འཕང་ངོ། །བལ་འདབ་དཀར་པོ་གསོན་པོའི་ཉལ་སའི་གདན་འོག་ཏུ་བཅུག །དེ་ནས་ཕོ་མོ་ཟམ་ཐུག་ཡིན་ན། ཕོ་གཡས་མོ་གཡོན་དུ་ལངས་ནས་འདུག་བཅུག །མཆོད་གཡོག་པ་གཅིག་གིས་གཏོར་མ་གཏོར་མདོས་དེ་དཔུང་པའི་ཐད་ཙམ་དུ་མཐོ་བར་བཀྱགས་ལ། ཕོ་ལ་གཡས་བསྐོར་གསུམ་བྱས། དམའ་བ་དཔུས་མོའི་ཐད་ཙམ་དུ་བཟུང་ལ། མོ་ལ་གཡོན་བསྐོར་གསུམ་བྱ། དེ་ཚེ་རོལ་མོ་དང་བཅས་སྐད་ཆེ་བར་སྤར་ཁ་གང་ཡིན་གྱི་སྔགས་མཇུག་ཏུ། སྤར་ཁ་ཟམ་ཐུག་གི་སྐག་སྒྱུར་ཅིག །ཟློག་ཅིག །ཅེས་མང་དུ་བརྗོད། དེ་ནས་ཁ་ཕྱིར་བསྟན་ལ། ནང་དུ་བཞག་བཅུག་གོ །སྤྱི་རིམ་གྱི་མདོས་བཅས་པ་ཡིན་ན། སྤར་ཁའི་གྲངས་རྩིས་ཚད་ཐམས་ཅད་གྲངས་བཅུག་ལ། བུག་པའམ་སྤུངས་བ་དེའི་ནང་ནས་གང་རྩུབ་ཆེ་བ་དེའི་སྤར་ཁའི་སྔགས་བརྗོད་ཅིང་། སྤར་ཁའི་སྐག་སྒྱུར་ཅིག །ཟློག་ཅིག །ཅེས་དྲག་ཏུ་བརྗོད་ཅིང་གཡས་བསྐོར་གསུམ་གཡོན་བསྐོར་གསུམ་བྱེད་བཅུག །དེ་ནས་ཁ་ཕྱིར་བསྟན་ལ་ཐང་དུ་བཞག །བསྐོར་བ་བྱེད་ཚེ་སྐག་དང་རྐྱེན་ངན་ཐམས་ཅད་རྡོ་ཁབ་ལེན་གྱི་ལྕགས་ཕྱེ་བླངས་པ་བཞིན་བསྡུས་ངར་མི་དེ་ལ་སིབ་སིབ་ཐིམ་པར་བསྒོམ། །མི་མ་ཚང་ན་ཞྭ་གོས་བཞག་པ་དེ་ཡིན་པར་བསྒོམ། །གཏོ་སྐོར་འདི་ཟབ་པར་བརྩི་བ་


CMR039_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། མ་འཕྲོད་ཀྱང་སྐྱོན་ནི་མེད། ༈ །དེ་ནས་རྫོངས་འདེབས་རྒྱུའི་ཡོས་བཀྲ་འབྲུ་སྣ་ཅུང་ཟད་ཀྱང་འཚག་ལ། རྫོངས་སུ་འདེབས་ཟེར་དུས་མཆོད་གཡོག་པས་འདེབས་བཅུག །ཧཱུྃ། ང་ནི་འཇམ་དཔལ་ཁྲོས་པའི་སྐུ། །ཁྲོ་བོའི་ནང་ནས་གཤིན་རྗེའི་གཤེད། །དེ་མཐོང་ནས་ནི་ཁྲོ་བོ་གཞན། །ལག་ཆ་ཤོར་ནས་འདར་གྱུར་ན། །སྣང་སྲིད་ལྷ་འདྲེ་སྨོས་ཅི་དགོས། །ང་ཡི་བཀའ་ལས་མ་འདའ་ཞིག། སྤར་ཁ་བརྒྱད་དང་ལོ་བཅུ་གཉིས། །སྣང་ཞིང་སྲིད་པའི་ལྷ་དང་འདྲེ། །དང་པོ་ལན་གཅིག་མི་འབྱོན་རྒྱུས། །འཇམ་པའི་དབྱངས་ཀྱི་དམ་ཚིག་གཉན། །གླུད་དང་གཏོར་མ་མི་ལེན་རྒྱུའི། །བུ་ལོན་ལན་ཆགས་འཇལ་བ་ཡིན། །ད་ནི་གནས་སུ་མི་གཤེགས་རྒྱུའི། །དུས་ངན་མི་རྣམས་སྤྱོད་པ་རྩིང་། །ཐབ་གཞོབ་གྲིབ་ཀྱི་ཕོག་ཉེན་མཆིས། །དེ་བས་ད་ནི་གནས་སུ་གཤེགས། །སྤྲིན་དང་ཁ་རླངས་འཇའ་ཚོན་གསུམ། །ནམ་མཁའི་ངང་ནས་སྤྲུལ་པ་ཤར། །སླར་ཡང་ནམ་མཁའི་ངང་དུ་ཐིམ། །སྤར་ཁ་ལོ་ཟླའི་ས་བདག་རྣམས། །ཆོས་ཀྱི་དབྱིངས་ནས་སྤྲུལ་པ་བྱུང་། །སླར་ཡང་ཆོས་ཀྱི་དབྱིངས་སུ་གཤེགས། །སྤར་ཁ་རང་རང་ཕྱོགས་སུ་གཤེགས། །ལོ་ལྷ་རང་རང་


CMR039_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་གཤེགས། །འབྲུ་དང་རིན་ཆེན་རྫོངས་སུ་འདེབས། །ཤེལ་ཚིགས་འབྲས་ཡོས་རྫོངས་སུ་འདེབས། །དར་ཚོན་སྣམ་རས་རྫོངས་སུ་འདེབས། །ད་ནི་རང་གི་གནས་སུ་གཤེགས། འཁོར་གྱི་ལོ་བདུད་འདྲེ་སྲིན་ཚོགས། །ཚྭ་ཡོས་རིམ་རུག་རྫོ་ངས་སུ་འདེབས། །དྲི་གླུད་གོས་དུམ་རྫོངས་སུ་འདེབས། །ཤ་ཤུན་སྤང་སྐམ་རྫོངས་སུ་འདེབས། །ཤ་དུམ་རུས་དུམ་རྫོངས་སུ་འདེབས། །ཟོ་ཤེ་རྐྱལ་ཤེ་རྗེ་ངས་སུ་འདེབས། །དེ་ལྟར་གླད་དང་ཡས་སྟགས་འདིས། །གནོད་པར་བྱེད་པ་ཐམས་ཅད་བཀར། །འདྲེ་ལྔ་བདུད་གཅོད་ཐམས་ཅད་བཀར། །ལི་ཡི་རྟ་འདྲེ་ལང་འདྲེ་བཀར། །ཁོན་གྱི་འོན་ལོང་ཞུ་འདྲེ་བཀར། །དྭ་ཡི་གྲི་བོ་བྲག་སྲིན་བཀར། །ཁེན་གྱི་ཁྱི་གྲི་གནམ་ཐེལ་བཀར། །ཁཾ་གྱི་ཆུ་འདྲེ་རྩོག་འདྲེ་བཀར། །གིན་གྱི་ལྟོག་འགོང་བསེ་རག་བཀར། །ཟིན་གྱི་གཉའ་འདྲི་གྲི་མོ་བཀར། །ཟོན་གྱི་སྨྱོ་འདྲེ་མོ་གདོན་བཀར། །འདྲེ་གདོན་རང་རང་གནས་སུ་སོང་། །ལུང་གསུམ་འདུས་པའི་མདོ་ན་སོང་། །ཆུ་གསུམ་འདུས་པའི་གཞུང་དུ་སོང་། །ལམ་གསུམ་འདུས་པའི་ས་ན་སོང་། །ལྷ་ཁང་སྟོང་པའི་ནང་དུ་སོང་། །བྲག་ཕུག་སྟོང་པའི་ནང་


CMR039_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

དུ་སོང་། །ས་ཕུག་སྟོང་པའི་ནང་དུ་སོང་། །དབེན་གནས་སྟོང་པའི་ནང་དུ་སོང་། །རྐང་གཅིག་ཤིང་གི་དྲུང་དུ་སོང་། །དུར་ཁྲོད་ཆེན་པོའི་ནང་དུ་སོང་། །རྒྱ་མཚོ་ཆེན་པོའི་འགྲམ་དུ་སོང་། །དཔག་ཚད་འདས་པའི་རྒྱབ་ཏུ་སོང་། །རྒྱང་གྲགས་གཅིག་ལས་ཚུར་མ་ཉེ། །ཕྱིན་ཆད་གནས་འདིར་མ་འགྲིམ་ཞིག །བཀའ་དང་དམ་ལས་ཁྱོད་མ་འདའ། །གལ་ཏེ་དམ་ལས་འདས་པ་ན། །ཨརྫ་ཀ་ཡི་རྡོག་པོ་བཞིན། །མགོ་བོ་ཚལ་པ་བདུན་དུ་འགས། །དེ་ཡི་རྩིབ་ལོགས་གཡས་པ་ན། །འབྲས་ཆེན་ནད་ཀྱང་ང་བར་འགྱུར། །ལུས་ངན་དཔལ་དང་ལྡན་པ་ཡི། །གནས་ཀྱང་མཐོང་བར་མི་འགྱུར་རོ། །འབྱུང་པོ་མང་པོ་འཚོགས་པ་ན། །སྟན་ཡང་མཐོང་བར་མི་འགྱུར་རོ། །ཁྲག་ག་ནི་དྲོན་མོ་དག །དེ་ཡི་ཁ་ནས་བསྐྱུག་པར་གྱུར། །འཁོར་ལོ་མཚོན་ཆའི་སོ་འདྲ་བས། །དེ་ཡི་སྣ་དང་རྣ་བ་གཅོད། །དམ་ཚིག་ཆད་པས་སྡིགས་པ་ཡི། །སྙིང་ལ་མེ་ལུས་ཚིག་ནས། །ཤི་ནས་མནར་མེད་དམྱལ་བར་ལྟུང་། །དེ་བས་དོན་ཆུང་གལ་མ་བསྡོ། །ད་ལྟ་ཉིད་དུ་ཕྱིར་དེངས་ཤིག །སརྦ་བྷུ་ཏ་གཙཱ་གཙྪ། ཞེས་བརྗོད་ཐུན་ནམ་ནས་


CMR039_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ལྕག་བརྒྱབ། །ནད་པ་ཡིན་ན་ལོ་བདུད་ཕྱོགས། །བདེ་རིམ་ཡིན་ན་ཡས་ལམ་མམ། །ཡང་ན་སྤར་ཁའི་གནས་ཕྱོགས་ཕུལ། །སྤར་ཁ་བུག་ན་བུག་སའི་ཕྱོགས། །ཕྱོགས་ཡོ་རེད་ན་སྟོང་པའི་ཕྱོགས། །ཟམ་ཐུག་རེད་ན་ཕོ་དེ་ཡི། །ལྷལོ་བདུད་ཕྱོགས་ཟུར་ཐོག་ཏུ་ཕུལ། །གདན་འཛོམ་ཡིན་ན་དུར་ཐོག་གམ། །དུར་དེ་ཡོད་པའི་ཕྱོགས་སུ་ཕུལ། །སྒོ་བཞི་ཕྱེའམ་རྩ་བཞི་འཁུམས། །གཏོ་གླུད་དུམ་བུ་བཞིར་བགོས་ལ། །ཕྱོགས་བཞིའམ་ནི་མཚམས་བཞིར་ཕུལ། ༈ ། ཨེ་མ་ཧོ། རྒྱ་ནག་གཏོ་མཛོད་གསང་བ་འབུམ་ཐིག་དང་། །འབྲུ་ཤའི་གཏོ་བཀྲ་རིན་ཆེན་སིལ་མ་དང་། །སྤར་ཁའི་གཏོ་ཆུང་སིལ་མ་ལ་སོགས་པ། །གཏོ་ཡི་རྒྱ་གཞུང་ཁུངས་བཙུན་མང་མཆིས་ཀྱང་། །རྫས་ཀྱང་རྙེད་དཀའ་འདོན་ཆ་མི་གསལ་ཕྱིར། །དེ་དག་ལག་ཏུ་ལེན་མཁན་འགའ་ཡང་མེད། །ཁམས་ཀྱི་ཆུ་གཟིངས་གདན་གཏོ་གདན་བགོས་དང་། །ཆུང་གླུད་འབོ་རེ་མར་མེ་དོང་སྤར་སོགས། །དེང་སང་གྲགས་ཆེ་བྱེད་མཁན་མང་ན་ཡང་། །བྱིས་པའི་དྲི་གླུད་ཁྲུས་ཁུ་མནན་པ་དང་། །མཚོ་གཉན་ནང་དུ་དྲི་གླུད་ཁྲུས་ཁུ་འདེབས། །ཀླུ་བདུད་གནས་པའི་ཆུ་སྟེང་མར་མེ་སྦར། །དེ་འདྲས་ཕན་གནོད་ཅི་འགྱུར་ཆ་མ་འཚལ། །སྤར་ཁའི་གཏོ་བརྒྱད་རྒྱས་འབྲིང་བསྡུས་གསུམ་སོགས། །ཀུན་ལ་གྲགས་ཆེ་དེང་སང་བྱེད་ན་ཡང་། །མཛད་བྱང་མི་འདུག་སྔར་ནས་ལུང་རྒྱུན་ཆད། །བྱིན་རླབས་བསྔོ་བྱང་ལུང་གཞན་ཆ་ཚང་མེད། །ཚིག་རིས་རྣམས་ཀྱང་མ་དག་དོན་མེད་མང་། །དེ་ཕྱིར་མ་འོངས་འགྲོ་ལ་ཕན་པའི་ཕྱིར། །རིག་འཛིན་ཆེན་པོ་མི་


CMR039_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་རྡོ་རྗེ་ལ། །འཇམ་པའི་དབྱངས་ཀྱིས་དངོས་སུ་གསུངས་ངེས་པའི། །གནམ་ཆོས་སྐག་ཟློག་ཚན་པ་གཉིས་པོ་དང་། །དགོངས་གཏེར་སྐག་ཟློག་རྣམས་ཀྱི་དོན་བསྡུས་ནས། །འདོན་ཆ་གཏེར་བློན་རཱ་ག་ཨ་སྱས་སྦྱར། །རྩིས་ཀྱི་ཕྱོགས་མགོ་མི་མཁྱེན་པས་གཟིགས་ན། །བན་རྒན་དྲུག་ཅུ་རེ་བཞིའི་ལོ་མཇུག་གི། གཅོས་གཏམ་ཉོབ་ཆེ་ཐུགས་ལ་འཆར་སྲིད་ཀྱང་། །རྩིས་ཀྱི་ཧ་ཁོག་གོ་བས་འདི་གཟིགས་ན། །གཏོ་དཔེ་རྩིས་དཔེ་གཉིས་ཀའི་གོ་ཆོད་པ། །སྔགས་ཆུང་གསར་བུ་རྣམས་ལ་གསེར་བས་འཕོངས། །རྩིས་གཞུང་ཚད་ལྡན་ཀུན་གྱི་དོན་བསྡུས་ཡིན། །ཁོ་བོ་སྔར་དུས་ཉམས་དང་རྨི་ལམ་མཚམས། །ནམ་མཁའ་བར་སྣང་ཐམས་ཅད་གང་བ་ཡི། །ལོ་རྒན་དྲུག་ཅུ་འཇའ་ལྟར་ཤར་བ་མཐོང་། །དེ་དུས་དེ་དོན་གང་ཡིན་མ་ཤེས་ཏེ། །དེ་ཕྱིར་རྩིས་དཔེ་གཏོ་དཔེ་མང་དུ་བརྩམ། །དེ་ཡི་རྟེན་འབྲེལ་ཡིན་པར་ཕྱིས་ནས་གོ །ཁོ་བོ་ཆུང་ནས་རྩིས་ལ་གོམས་པ་དང་། །རྩིས་ཀྱི་རྒྱུད་གཞུང་མཐའ་ཡས་མཐོང་བའི་ཕྱིར། །ཅི་དྲན་སྨྲས་པ་མ་ཡིན་གནད་ཆེན་ཡོད། །དེ་ཕྱིར་ཕྱིན་ཆད་སྣོན་འཕྲི་མ་བྱེད་ཅིག །སྤར་ཁ་ལོ་ཟླ་ཞག་དུས་ས་བདག་ལ། །བཀའ་འདི་གཏད་དོ་མི་ནུབ་འཕེལ་རྒྱས་མཛོད། །ཡིག་མཁན་དགེ་སློང་ཧྭ་ཤང་འདྲ་བས་བྲིས། །ཉེས་འགལ་མཆིས་ན་འབྱུང་བའི་ལྷ་ལ་བཤགས། །དགེ་བས་འགྲོ་བའི་བར་ཆད་ཀུན་ཞི་ནས། །མིའུ་རིན་ཆེན་ཚེ་མཐར་ཕྱིན་པར་ཤོག། །། ༧ བཟོ་རིག་གནས་མདོ་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགནམ་ཆོས་དང་དགོངས་གཏེར་ལས་བྱུང་བའི་སྤར་ཁའི་སྐག་བསྒྱུར་གྱི་ཕྱག་ལེན་གཏན་ལ་ཕབ་པ།next