Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

1 occurrence of འཚེར་རྩུབ་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས།
  
  
  


1 occurrence of འཚེར་རྩུབ་
[Clear Hits]

 
previousགནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས།next

གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས།


CMR039_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས་བཞུགས་སོ།


CMR039_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་ཁོལ་ཕྱུང་དུ་བྱེད་ན། བདག་བསྐྱེད་ཡི་དམ་གང་རུང་སྔོན་དུ་བཏང་ཡང་ཆོག་ལ། འདིར་བདག་བསྐྱེད་བསྡུས་པ་ཡོད་པས་ཟུར་དུ་མེད་ཀྱང་ཆོག །མདོས་གདན་གཡང་གཞིའི་སྟེང་ཟངས་ལྕགས་ཀྱི་སྣོད་དུ་ཀོང་བུ་ཟུར་གསུམ་ནང་དུ་དམར་གཏོར་བཞག་ལ་དབུས་སུ་ཆེ་བ་གཅིག་ལ་ཆུང་བ་བཞིས་བསྐོར། རྩང་གསུམ་རེ་བསྣོལ་མར་གཟུགས། འཛོམ་ན་ཚེ་དང་ཡུངས་ཀར་གོང་བུས་བརྒྱན། ཤ་ཁྲག་བླུག །སྨན་རཀ་གཏོར་གསུམ་དང་ཉེར་སྤྱོད་དངོས་སུ་བཤམས་པའམ་ཡིད་སྤྲུལ་གྱིས་ཀྱང་འཐུས། གོང་ལྟར་བཅའ་གཞི་གྲུབ་ནས་སློབ་མ་མདུན་དུ་འཁོད། སེམས་བསྐྱེད་གསལ་གདབ། བཀའ་གཏད་ཞུ་བའི་ཡོན་དུ་མཎྜལ་འབུལ་གཞུག །སློབ་དཔོན་གྱིས་སྒོམ་


CMR039_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་བྱས་ཏེ། ན་མོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔ འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔ ཀ་དག་ཀློང་ནས་སྤྲུལ་པ་ཡི༔ གནམ་ས་གང་བའི་མཆོད་པའི་སྤྲིན༔ སྨན་གཏོར་རཀྟ་ལྷ་མོར་བཅས༔ ཟད་མེད་གྱུར་ཅིག་པཱུ་ཛ་ཧོཿ ཡེ་ནས་དམ་ཚིག་དང་ཡེ་ཤེས་དབྱེར་མེད་པའི་རང་བཞིན༔ རང་ཉིད་མཁའ་འགྲོ་མ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་གྲི་གུག་ཐོད་ཁྲག་འཛིན་པ་ཞབས་གར་ཐབས་མཛད་པ༔ ཐུགས་ཀར་ཉི་སྟེང་སྔགས་ཕྲེང་གཡོན་དུ་


CMR039_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བ༔ དེའི་མདུན་དུ་མ་མོ་མཁའ་འགྲོ་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་སྤྲིན་ལྟར་འཁྲིགས་ནས་ལས་བསྒྲུབ་པར་གྱུར༔ ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ བརྒྱ་རྩ་ཙམ་བཟླ་བ་ནི་བསྙེན་པའོ༔ སྐད་ཅིག་གིས་རང་ཉིད་གནས་འགྱུར༔ བདག་དང་མདུན་བསྐྱེད་ཟོར་དང་རྩང་རྣམས་སོ་སོར༔ མཁའ་འགྲོ་བྱད་ཟློག་མ་སྐུ་མདོག་ལྕགས་སྲེག་ལྟ་བུ༔ གནས་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ༔ ཁྲོ་མོའི་ཆས་ཐམས་ཅད་རྫོགས་པ་ཕྱག་གཉིས་ཟངས་གྲི་དང་ཐོད་ཁྲག་འཛིན་པ༔ སྐུ་སྨད་ལྕགས་སྲེག་གི་ཕུར་པས་བན་བོན་ཉམས་པའི་སྙིང་གར་ཚོགཟིར་བ༔ དེའི་ཤར་དུ་དཀར་མོ་སེང་གདོང་༔ ལྷོར་སེར་མོ་སྟག་གདོང་༔ ནུབ་ཏུ་དམར་མོ་དྲེད་གདོང་༔ བྱང་དུ་ནག་མོ་དོམ་གདོང་༔ ཐམས་ཅད་ཀྱང་གཙོ་མོ་ལྟ་བུ་རང་རྟགས་ཀྱིས་མཚན་པའི་ཟངས་གྲི་དང་ཐོད་ཁྲག་འཛིན་པ༔ སེང་གེ་དང་སྟག་དང་དྲེད་དང་དོམ་གྱི་ཤུན་པ་གྱོན་པ་སྐུ་སྨད་ལྕགས་སྲེག་གི་ཕུར་པ་ཅན༔ འཁོར་དབང་མོ་ཉི་ཤུ་རྩ་བརྒྱད་ཀྱིས་བསྐོར་བའོ༔ བདག་མདུན་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས༔ བྷྱོཿ མུ་ལེ་མཚོ་དང་ཡོངས་འདུའི་ཤིང་། །དུར་ཁྲོད་བརྒྱད་སོགས་བཞུགས་


CMR039_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

གནས་ནས། །བྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་མོ་ཉེར་བརྒྱད་སྤྱན་འདྲེན་ནོ། །སྡང་དགྲའི་སྟེང་དུ་དགྱེས་པར་བཞུགས། །ཨོཾ་པཉྩ་ཊཱཀི་བྷྱོ་ས་ཡ་སི་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ དངོས་འབྱོར་ཡིད་ཀྱིས་སྤྲུལ་པ་ཡི། །མེ་ཏོག་བདུག་སྤོས་མར་མེ་དྲི། །བཤོས་བུ་གཟུགས་སྒྲ་དྲི་རོ་དང་། །རེག་བྱ་སྨན་གཏོར་རཀྟ་ཚོགས། །ཁྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་མོ་འཁོར་དང་བཅས་ལ་འབུལ། །འཁོར་བཅས་མཉེས་ཤིང་ཚིམ་གྱུར་ཅིག །ཨོཾ་པཉྩ་ཌཱ་ཀི་བྷྱོ་ས་ཡ་སི་ཨ་མྲྀ་ཏ་བ་ལིཾ་ཏ་རཀྟ་ཁཱ་ཧི་ཁཱ་ཧི། ཨརྒྷཾ་པཉྩེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནི་བི་དྱ་ཤབྡ་ཨཱཿཧཱུྃ། བློ། ཆོས་སྐུ་སྐྱེ་མེད་ངང་ཉིད་ལས། །འགྲོ་བའི་དོན་དུ་སྐུར་སྤྲུལ་ནས། །འཇིག་རྟེན་འདས་ཀྱང་འཁོར་བའི་ཚུལ། །མ་དང་སྲིང་ལྟར་སྒྲུབ་ལ་བརྩེ། །བྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་མོ་ཉེར་བརྒྱད་ལ་བསྟོད་དོ། །དམ་རྫས་མཆོད་གཏོར་ཐུགས་དམ་བསྐང་། །ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱི། །ཡམས་ནད་རིམས་ནད་ཞི་བ་དང་། །འབྲུ་དང་རྐང་འགྲོས་འཕེལ་རྒྱས་མཛོད། །འདོད་དགུ་ཐམས་ཅད་


CMR039_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་སྡུས། །གནོད་ཅིང་འཚེ་བའི་དགྲ་བགེགས་སྒྲོལ། །མ་གཡེལ་མྱུར་དུ་ལས་མཛོད་ཅིག །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །ལྷ་མོ་ལྔ་ཡི་ཐུགས་ཀ་རུ། །ཧཱུྃ་ཨཱཙྪཱཧཱིཙནིསཡིས་མཚན། །གཙོ་འཁོར་ཀུན་གྱིས་སྔགས་ཀྱི་སྒྲ། །འབྲུག་སྟོང་ལྡིར་བ་ལྟར་དུ་བཟླས། །རི་རབ་འགུལ་ཞིང་རྒྱ་མཚོ་འཁྱམས། །ལྷ་སྲིན་སྡེ་བརྒྱད་སྔངས་ཤིང་འདར། །བྱད་མས་བྱས་པའི་བསམ་སྦྱོར་ཀུན། །ཁོ་རང་ཐོག་ཏུ་ལོག་སྟེ་སོང་། །སྐུ་ལས་གནས་ལྕགས་དྲག་པོའི་ཐོག །ཚྭ་ཚྭའི་ཚུལ་དུ་དཔག་མེད་འཕྲོས། །གནོད་བྱེད་ཐམས་ཅད་གཞོབ་ཏུ་བསྲེག །སྐུ་སྨད་ལྕགས་སྲེག་ཕུར་པ་ནི། །གནོད་བྱེད་རྣམས་ཀྱི་སྙིང་ལ་གཟེར། །སྒོ་གསུམ་ནུས་པ་བཅོམ་པར་གྱུར། སྦྱོ། ཧཱུྃཏྲི་མ་ནུ་ཁྲོ་བྷྱོ། དུ་དུ་ཙ་ཤ་ནན༔ ཨཀཱ་ལ་ནི་ཁྲོ་བྷྱོཿ ཤད་བུ་གྱེན་བུ་ནན༔ སར་མ་ནི་ཁྲོ་བློ༔ ཏྲ་ནི་ཏྲ་ནི་ནན༔ ནིལི་དྷ་ར་ཁྲོ་བྷུ་ཏྲི་ཕུ་ཏྲི་ཕུ་ནན༔ ཧྲཱིཿཤ་ཏྲ་ཁྲོ་བྷྱོཿ དུན་ཏིང་དུ་ནན༔ ཨ་ཏིཿནི་ས་བྷྱོཿ བྱེད་མ་ལྷ་སྲུང་དང་བཅས་པ་མཱ་ར་ཕཊ༔ སྔགས་དང་ཅི་ལྕོགས་བཟླ་བ་སྒྲུབ་པའོ། །བྷྱོ་ས་ཡ་སི་བྷྱོཿ བརྒྱ་རྩ་ཙམ་བཟླ་ན་ལས་སྦྱོར་རོ། །དེ་ནས་ཟོར་ལྔ་པོ་བྱང་། ནུབ།


CMR039_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ལྷོ། ཤར། དབུས་མ་རིམ་པར་བླངས་ཏེ་སློབ་མའི་ལག་ཏུ་གཏད་ལ། བྷྱོ། བྱད་ཟློག་ལྷ་མོའི་ནུས་མཐུ་ཡིས། །བན་བོན་ཉམས་པ་རྩད་ནས་ཆོད། །ཡེ་ཤེས་མཁའ་འགྲོ་མན་ཆད་ནས། །ལྷ་སྲིན་ཕྲན་བུ་ཡན་ཆད་ཀྱི། །བྱད་ཁ་དྲོད་གཏོང་ཐམས་ཅད་ཟློག །ཉམས་པ་ལྷ་སྲུང་བཅས་པ་ཀུན། །རྡུལ་ཕྲན་བཞིན་དུ་བརླག་པར་མཛོད། །ཅེས་དང་གོང་གི་སྔགས་ཚན་གསུམ་པོ་བརྗོད་ལ་ཕྱོགས་གཙང་སར་འཕེན་ཏུ་བཅུག །བྱད་ཟློག་ལྷ་མོ་མཆེད་ལྔ་དང་། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས། །མ་མོ་མཁའ་འགྲོ་བཞུགས་པའི་གནས། །བྱང་ཤར་ཆོས་ཀྱི་དབྱིངས་སུ་གཤེགས། །སརྦ་ཛྙཱ་ན་ཌཱ་ཀི་ནཱི་ཤྭ་རི་བཛྲ་མུཿ༔ གཏོར་སྣོད་སྦུབ། རྡོ་རྗེ་རྒྱ་གྲམ་དུ་བཞག་ལ། ཨཀསམརཿཙཤདརཿསཐམརཿཡཿཕཊ༔ རང་ཉིད་དྲན་རྫོགས་མཁའ་འགྲོ་སེང་གདོང་མ། །གྲི་ཐོད་ཁ་ཊཾ་འཛིན་ཅིང་གར་ཐབས་མཛོད། །གནོད་བྱེད་གདོན་བགེགས་དམ་སྲི་ཐམས་ཅད་རྣམས། །རྒྱ་ཁབ་སོ་འབོལ་ནང་དུ་བཏབ་པ་ལྟར། །རིམ་དགུ་ས་ཡི་འོག་ཏུ་ཏལ་ལེ་སོང་། །གཏོར་གཞོང་རི་རབ་གླིང་བཞིས་སྟེང་ནས་མནན། །བྱམས་མགོན་མ་བྱོན་བར་དུ་མ་ལྡངས་ཤིག །ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་མྦྷ་ཡ་ནན།


CMR039_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་གཞོང་གཟེད་ལ་འབྲུ་འཐོར། ཡེ་དྷར་དང་ཤིས་བརྗོད་ཇི་ལྟར་རིགས་པ་བྱ། དེས་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་ཐོབ་པ་ཡིན་པས་གཏང་རག་ཏུ་མཎྜལ་ཕུལ། ཅེས་པ་ཙམ་གྱིས་འགྲུབ་བོ། །ཞེས་པའང་རྩིས་གཏོ་བཅའ་མཁན་སོགས་ལ་ཉེ་བར་མཁོ་བའི་ཕྱིར་དུ་བརྒྱུད་པའི་ཕྱག་བཞེས་ལྟར་པདྨ་གར་དབང་རྩེལ་གྱིས་ཆགས་མེད་གསུང་ལས་ཁོལ་དུ་ཕྱུང་བ་དགེ་ལེགས་འཕེལ། འདི་ལ་ཕྱག་ལེན་རྒྱས་པའི་ཕྱོགས་བྱས་ན། ཐོག་མར་བཀའ་གཏད་ཀྱི་ཆེས་ཀྱང་བཤམ། སྒོམ་བཟླས་གྲུབ་པ་དང་ཆོས་སྐྱོང་སྤྱིའི་བཀའ་གཏད་ལྟར་བྱ། མཐར་ཟོར་གཏད་པ་མན་ཆད་འདི་ལྟར་སྦྱར་བ་ཡིན་ནོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousགནམ་ཆོས་མི་འགྱུར་རྡོ་རྗེའི་དགོངས་གཏེར་དབང་ཕྱུག་ཟོར་མདོས་ཀྱི་བཀའ་གཏད་བྱ་ཐབས།next